8639

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:15, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ཤེས་རབ་རྣམ་པར་གཞག་པའི་དྲི་བ་དགུ་དང་།ལན་དགུ།
Tibetan Alternate
Tibetan Definition དེ་ཡང་། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་འཕགས་པ་གནས་བརྟན་པས་ཤེས་རབ་རྣམ་པར་གཞག་པ་ལས།

1. ཤེས་རབ་ནི། ཡིད་ཀྱིས་ཅི་ལྟ་བ་བཞིན་དུ་དམིགས་པ་མཐོང་བ་འདི་ནི་ཤེས་རབ་ཅེས་བརྗོད་དོ། ། ཡང་ན་ཕན་པ་དང་མི་ཕན་པ་ཡིད་ལ་བྱེད་པས་ཡིད་ཀྱི་རྒྱུ་རྣམ་པ་མང་དུ་བྱེད་པ་འདི་ནི་ཤེས་རབ་ཅེས་བརྗོད་དོ། ། དེ་ལྟར་ཡང་ཆོས་མངོན་པ་ལས་གསུང་བ་ནི་ཤེས་རབ་ཉི་ཤུ་རྩ་དགུ་གསུངས་པ་འདི་ལྟ་སྟེ། (1)གང་ཤེས་རབ་བོ། (2)རབ་ཏུ་ཤེས་པ། (3)རྣམ་པར་འབྱེད་པ། (4)རབ་ཏུ་རྣམ་པར་འབྱེད་པ། (5)ཆོས་རྣམ་པར་འབྱེད་པ། (6)ཡང་དག་པར་མཚོན་པ། (7)ཉེ་བར་མཚོན་པ། (8)སོ་སོར་ཡང་དག་ཉེ་བར་མཚོན་པ། (9)རིག་པ། (10)མཁས་པ། (11)མཐར་ཕྱིན་པ། (12)རྣམ་པར་འབྲེལ་པ། (13)སེམས་ཉེ་བར་ཡོངས་སུ་རྟོགས་པ། (14)ཆེན་པོ། (15)ཡིད་གཞུངས་པ། (16)ཡོངས་སུ་འདྲེན་བྱེད། (17)རྣམ་པར་མཐོང་བ། (18)ཡང་དག་པར་ཤེས་པ། (19)ཤེས་རབ་ལྕག (20)ཤེས་རབ་དབང་པོ། (21)ཤེས་རབ་སྟོབས། (22)ཤེས་རབ་མཚོན་ཆ། (23)ཤེས་རབ་གསལ་བ། (24)ཤེས་རབ་སྣང་བ། (25)ཤེས་རབ་སྒྲོན་མ། (26)ཤེས་རབ་དེ་ཁོ་ན་ཉིད། (27)མ་རྨོངས་པ། (28)ཆོས་རབ་ཏུ་རྣམ་པར་འབྱེད་པ། (29)ཡང་དག་པའི་ལྟ་བ་འདི་ནི་ཤེས་རབ་ཅེས་བརྗོད་པའོ། ། 2. ཤེས་རབ་ཀྱི་མཚན་ཉིད་ནི། རིགས་པས་མངོན་དུ་བྱེད་པའི་ཤེས་རབ་བོ། ། 3. རབ་ཏུ་ཤེས་པ་ནི། རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་བོ། ། 4. ཉེ་བར་གནས་པ་ནི། ཀུན་ནས་མ་རྨོངས་པ་ཉེ་བར་གནས་པ་ནི་ཤེས་རབ་བོ། ། 5. ཤེས་རབ་འདིའི་གོ་འཕང་གི་གནས་ནི། སོ་སོ་ཡང་དག་པར་རིག་པ་བཞིའོ། ། 6. ཤེས་རབ་ཀྱི་ཕན་ཡོན་ནི། ཤེས་རབ་ཀྱིས་ནི་ཚུལ་ཁྲིམས་སྦྱོང་བྱེད་བསམ་གཏན་ལ་འཇོག་བྱེད་ལ་སོགས་པ་མང་ངོ་། ། 7. ཤེས་རབ་ཅེས་པའི་དོན་ནི། རབ་ཏུ་ཤེས་པ་འདི་ནི་ཤེས་རབ་བམ། ཉེས་པ་ཐམས་ཅད་རབ་ཏུ་སྤོང་བས་འདི་ནི་ཤེས་རབ་བོ། ། 8. ཤེས་རབ་ཐོབ་པའི་རྟེན་དུ་ནི། ཉེ་བའི་རྟེན་བཅུ་གཅིག་སྟེ། (1)མདོའི་དོན་ཚོལ་བ་ཉིད། (2)ཡང་དག་པ་མང་དུ་གཏམས་པ་ཉིད། (3)བཏེགས་གནས་སུ་གནས་པ་ཉིད། (4)བདེན་པ་ལ་རྟོག་པ། (5)དངོས་པོ་ལ་གནས་པའི་ཚུལ་ཁྲིམས་ཉིད། (6)རྣམ་པར་དྲང་བའི་བྱ་བ་ལ་གནས་པའི་ཚུལ་ཁྲིམས་ཉིད། (7)བསམ་གཏན་རྗེས་སུ་སྦྱོར་བ། (8)སྒྲིབ་པ་རྣམ་པར་བྲལ་བའི་སེམས་ཉིད། (9)ཤེས་རབ་འཆལ་པའི་གང་ཟག་ཡོངས་སུ་སྤངས་པ། (10)ཤེས་རབ་ཅན་གྱི་གང་ཟག་བསྟེན་པ། (11)ཤེས་རབ་ཅན་གྱི་གང་ཟག་ལ་ལྷག་པར་མོས་པའོ། ། 9. ཤེས་རབ་ཀྱི་དབྱེ་བ་དུ་ནི། ཤེས་རབ་རྣམ་པ་གཉིས་ཏེ། (1)འཇིག་རྟེན་པའི་ཤེས་རབ་ནི། འཕགས་པའི་ལམ་དང་འབྲས་བུ་མི་ལྡན་པ། ཟག་པ་དང་བཅས་པ། ཀུན་ཏུ་སྦྱོར་བར་བྱ་བ། འདུད་པར་བྱ་བ། ཀླུང་དུ་འབབ་པར་བྱ་བ། སྒྲིབ་པར་བྱ་བ། མཆོག་ཏུ་བཟུང་བ། ཉེ་བར་བསླང་བ་མ་ཡིན་པ། ཉོན་མོངས་པ་ཅན་ལ་འབྱུང་བའོ། ། ཡང་ཤེས་རབ་རྣམ་པ་གསུམ་སྟེ། ཁག་དང་པོ། [1]དེ་ལ་བསམ་པའི་རང་བཞིན་གྱི་ཤེས་རབ་ནི། གཞན་ལས་མ་ཐོས་པར་རང་གི་ལས་ལས་ཤེས་པའམ་བདེན་པ་དང་རྗེས་སུ་མཐུན་པའི་ཤེས་པ་སོ་སོར་ཐོབ་པའམ། བཟོའི་སྐྱེ་མཆེད་རིག་པའི་གནས་ལ་ཤེས་རབ་སོ་སོར་ཐོབ་པ་འདི་ནི་བསམ་པའི་རང་བཞིན་གྱི་ཤེས་རབ་བོ། ། [2]ཐོས་པའི་རང་བཞིན་གྱི་ཤེས་རབ་ནི། གཞན་ལས་ཐོས་ནས་ཤེས་རབ་སོ་སོར་ཐོབ་པའོ། ། [3]སྒོམ་པའི་རང་བཞིན་གྱི་ཤེས་རབ་ནི། སྙོམས་པར་འཇུག་པ་ཐམས་ཅད་ཀྱི་ཤེས་རབ་བོ། ། ཁག་གཉིས་པ། [1]སྐྱེ་བ་ལ་མཁས་པ་ནི། འདི་ཡིད་ལ་བྱས་པས་མི་དགེ་བའི་ཆོས་ཡོངས་སུ་སྤོང་བ་དང་། དགེ་བའི་ཆོས་ཡོངས་སུ་འཕེལ་བའོ་ཞེས་པའི་ཤེས་རབ་གང་ཡིན་པའོ། ། [2]མི་འབྱུང་བ་ལ་མཁས་པ་ནི། ཆོས་འདི་ཡིད་ལ་བྱས་པས་མི་དགེ་བའི་ཆོས་མངོན་པར་འཕེལ་ཞིང་དགེ་བའི་ཆོས་ཡོངས་སུ་ཉམས་པའོ་ཞེས་པའི་ཤེས་རབ་གང་ཡིན་པའོ། ། [3]ཐབས་ལ་མཁས་པ་ནི། ཆོས་དེ་རྣམས་ཉེ་བར་བཟུང་སྟེ་ཆོས་ཐམས་ཅད་ཀྱང་བཟུང་བ་དེ་ནི་ཐབས་ལ་མཁས་པའོ། ། (2)འཇིག་རྟེན་ལས་འདས་པའི་ཤེས་རབ་ནི། ལམ་དང་འབྲས་བུ་ལྡན་པ། དེ་ནི་ཟག་པ་མེད་པ། སྦྱོར་བར་བྱ་བ་མ་ཡིན་པ། འདུད་པར་བྱ་བ་མ་ཡིན་པ། ཀླུང་དུ་འབབ་པར་བྱ་བ་མ་ཡིན་པ། སྒྲིབ་པར་བྱ་བ་མ་ཡིན་པ། མཆོག་ཏུ་བཟུང་བར་བྱ་བ་མ་ཡིན་པ། ཉེ་བར་བླང་བར་མ་ཡིན་པ། ཉོན་མོངས་པ་ཅན་ལ་བྱུང་བ་མ་ཡིན་པའོ། །

Tibetan Source 《བསྟན་འགྱུར་དབུ་མ་ཧ་པ་》ཤ་244བ་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number