9310
Tibetan | བྱང་ཆུབ་སེམས་དཔའ་ཟླ་བ་དང་འདྲ་བའི་ཆོས་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ།
1. སེམས་ཅན་ཐམས་ཅད་ཀྱི་ལུས་རབ་ཏུ་སིམ་པར་བྱེད་པ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ལུས་རབ་ཏུ་སིམ་པར་བྱེད་པ་གང་ཡིན་ཞེ་ན། ཟླ་བ་ཤར་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ལུས་བསིལ་བ་དང་། ཡིད་དུ་འོང་བས་རབ་ཏུ་སིམ་པར་བྱེད་དོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བ་ཤར་ནའང་འདི་ལྟ་སྟེ། ཉོན་མོངས་པའི་གདུང་བ་ཐམས་ཅད་དང་བྲལ་བ་དང་། དགའ་བ་དང་། དད་པ་དང་། རངས་དང་། ཡིད་དུ་འོང་བས་སེམས་ཅན་ཐམས་ཅད་ཀྱི་ལུས་རབ་ཏུ་སིམ་པར་བྱེད་དོ། ། 2. མཐོང་ན་དགའ་བ་རྣམས་ཡིན། ཟླ་བ་ཤར་ན་འདི་ལྟ་སྟེ། ཞི་བ་དང་། དང་བ་དང་། སེམས་ཤིན་ཏུ་དགའ་བར་བྱེད་པས་སེམས་ཅན་ཐམས་ཅད་མཐོང་ན་དགའ་བ་ཡིན་ནོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བ་ཤར་ནའང་འདི་ལྟ་སྟེ། དབང་པོ་རྣམ་པར་གསལ་བ། སེམས་ཀྱི་རྒྱུད་དང་བ། སྤྱོད་པ་དང་། སྤྱོད་ལམ་དང་། ཡོན་ཏན་ཕུན་སུམ་ཚོགས་པས་སེམས་ཅན་ཐམས་ཅད་མཐོང་ན་དགའ་ཞིང་ཡིད་དུ་འོང་བ་ཡིན་ནོ། ། 3. ཆོས་དཀར་པོ་རྣམས་སྐྱེ་བར་བྱེད་པ། ཟླ་བ་ཡར་གྱི་ངོ་ལ་ཟླ་བ་ཉ་སྟེ། རྣམས་པ་ཐམས་ཅད་དུ་རྒྱས་ཀྱི་བར་དུ་ཉི་མ་རེ་རེ་ཞིང་འཕེལ་ལོ། ། ཡོངས་སུ་རྫོགས་པར་འགྱུར་རོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བའང་ཐོག་མ་སེམས་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཉི་མ་རེ་རེ་ཞིང་ཆོས་དཀར་པོ་རྣམས་འཕེལ་ཞིང་ཡོངས་སུ་རྫོགས་པར་འགྱུར་ཏེ། ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དེ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་ཡིན་ནོ། ། 4. ཆོས་ནག་པོ་རྣམས་བྲི་བར་བྱེད་པ། ཟླ་བ་མར་གྱི་ངོ་ལ་དཀྱིལ་འཁོར་ཁ་དོག་དང་། སྣང་བ་དང་། ཆུ་ཞིང་ཡང་ཡོངས་སུ་འབྲི་སྟེ། བཅོ་ལྔ་ལ་ཇི་ལྟར་རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་མངོན་པ་དེ་ལྟར་འབྲིའོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བའང་ནམ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པར་གྱུར་པ་དེ་ན་དེའི་མི་དགེ་བའི་ཆོས་རྣམས་ཐམས་ཅད་དུ་ཐམས་ཅད་མི་མངོན་པ་དེ་ལྟར་འབྲིའོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བའང་ནམ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པར་གྱུར་པ་དེ་ན་དེའི་མི་དགེ་བའི་ཆོས་རྣམས་ཐམས་ཅད་དུ་ཐམས་ཅད་རབ་ཏུ་འབྲི་སྟེ། ཇི་ལྟར་བྱང་ཆུབ་ཀྱི་སྙིང་པོ་ལ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་བ་དེ་ལྟར་རབ་ཏུ་འབྲིའོ། ། 5. རབ་ཏུ་བསྔགས་པ་རྣམས་ཡིན། ཟླ་བ་ཤར་ན་བྲམ་ཟེ་དང་། རྒྱལ་རིགས་དང་། གྲོང་པ་དང་། ཡུལ་གྱི་མི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་ཀྱིས་རབ་ཏུ་བསྔགས་པར་བྱ་བ་ཡིན་ནོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བ་ཤར་ནའང་ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་གྱིས་རབ་ཏུ་བསྔགས་པར་བྱ་བ་ཡིན་ནོ། ། 6. ལུས་ཡོངས་སུ་དག་བ་རྣམས་ཡིན། ལྷའི་བུ་ཟླ་བའི་ལུས་འདི་ལྟར་རང་གི་བསོད་ནམས་ཀྱི་ལས་རྣམ་པར་སྨིན་པས་གྲུབ་པ་ནི། ཡོངས་སུ་དག་སྟེ། སྙོག་པ་མེད་ཅིང་དང་བ་དང་། གསལ་བ་ཡིན་ནོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བའི་ལུས་ཀྱང་འདི་ལྟ་སྟེ། ཆོས་ཉིད་ཀྱིས་མངོན་པར་གྲུབ་པ། རྫུས་ཏེ་སྐྱེས་པ། ཕ་མའི་བཙོག་པ་དང་། མེར་མེར་པོ་ལས་བྱུང་བ་མ་ཡིན་ཏེ། ཡོངས་སུ་དག་ལ་རྙོག་པ་མེད་ཅིང་དང་བ་དང་། གསལ་བ་ཡིན་ནོ། ། 7. བཞོན་པ་མཆོག་ལ་ཞོན་པ་རྣམས་ཡིན། ལྷའི་བུ་ཟླ་བ་ནི། བཞོན་པ་མཆོག་ལ་ཞོན་ཏེ་གླིང་བཞིར་སྣང་བར་བྱེད་དོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བའང་བྱང་ཆུབ་སེམས་དཔའི་ཐེག་པ་མཆོག་ལ་ཞོན་ཏེ། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་སྣང་བར་བྱེད་དོ། ། 8. རྟག་ཏུ་རྒྱན་པ་རྣམས་ཡིན། ལྷའི་བུ་ཟླ་བ་ནི། རྟག་ཏུ་བརྒྱན་ཅིང་རྒྱན་མ་རྙིངས་པ་ཡིན་ནོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བའང་འདི་ལྟར་ཡོན་ཏན་གྱི་རྒྱན་རྣམས་ཀྱིས་རྟག་ཏུ་བརྒྱན་པ་ཡིན་ནོ། ། 9. ཆོས་ཀྱི་དགའ་བ་ལ་མོས་ཤིངའདུན་པ་རྣམས་ཡིན། ལྷའི་བུ་ཟླ་བ་ནི། རྟག་རུ་རྒྱུན་མི་ཆད་པར་ལྷའི་འདོད་པའི་དགའ་བ་ལ་མོས་པ་ཡིན་ནོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བའང་རྟག་ཏུ་རྒྱུན་མི་ཆད་པར་ཆོས་ཀྱི་དགའ་བ་ལ་མོས་ཤིང་འདུན་པ་ཡིན་གྱི། འདོད་པས་དགའ་བ་ལ་དགའ་བ་མ་ཡིན་ནོ། ། 10 .འཕྲུལ་ཆེ་ཞིང་མཐུ་ཆེ་བ་རྣམས་ཡིན། ལྷའི་བུ་ཟླ་བ་ནི། འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ནོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བའང་འདི་ལྟ་སྟེ། བསོད་ནམས་ཆེན་པོ་དང་། ཡེ་ཤེས་ཆེན་པོས་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ལུས་རབ་ཏུ་སིམ་པར་བྱེད་པ་ནས་འཕྲུལ་ཆེ་ཞིང་མཐུ་ཆེ་བའི་བར་དུ་ཡིན་ནོ། ། |
Tibetan Source | 《མདོ་ཚ་པ་》ཤ་85བ་5ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |