9466

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:18, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ཚུལ་ཁྲིམས་ཀྱི་ཕ་རོལ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གཅིག་ཚན་ནས་བཅུ་ཚན་བར་ཚན་པ་བཅུ།
Tibetan Alternate
Tibetan Definition དེ་ཡང་། དཀོན་བརྩེགས་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་བྱུང་བ་སྟེ།

1. གཅིག་ཚན་ནི། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་གཅིག་ནི། བྱང་ཆུབ་ཀྱི་སེམས། མཉམ་པ་མེད་པའི་སེམས། ཐུན་མོང་མ་ཡིན་པའི་སེམས། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་མཆོག་ཏུ་བྱེ་བྲག་ཏུ་འཕགས་པའི་སེམས། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་པའི་སེམས། བདུད་ཐམས་ཅད་འདུལ་བའི་སེམས། ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཡོངས་སུ་ཟད་པར་བྱེད་པའི་སེམས། སེམས་ཅན་ཐམས་ཅད་སྒྲོལ་བའི་སེམས། ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པ་ཐམས་ཅད་ཀྱི་སེམས་དེ་ཉིད་མི་འདོར་ཞིང་བསྲུང་བ་དང་། སྦེད་པ་དང་། མི་བརྗེད་པ་སྟེ་། འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གཅིག་གོ ། 2. ཉིས་ཚན་ནི། (1)སེམས་ཅན་ཐམས་ཅད་ལ་འོད་ཟེར་ཐོགས་པ་མེད་པ། (2)སེམས་ཅན་དེ་དག་ཀྱང་བྱང་ཆུབ་ཀྱི་སེམས་ལ་འཛུད་པའོ། ། 3. སུམ་ཚན་ནི། (1)ལུས་ཀྱི་གནོད་པ་ཐམས་ཅད་བསལ་ནས་ལུས་ཡོངས་སུ་དག་པ། (2)ཁ་གསག་དང་། གཞོག་སློང་དང་། ངག་གི་སྐྱོན་ཐམས་ཅད་བསལ་བས་ངག་ཡོངས་སུ་དག་པ། (3)འདོད་པ་དང་། གནོད་སེམས་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་བསལ་བས་སེམས་ཡོངས་སུ་དག་པའོ། ། 4. བཞི་ཚན་ནི། (1)བསླབ་པ་ཡང་དག་པར་འཛིན་པ། (2)བསླབ་པ་ཡང་དག་པར་བཟུང་བ་མ་ཉམས་པ། (3)སེམས་ཅན་ཚུལ་ཁྲིམས་འཆལ་བ་ཡོངས་སུ་སྨིན་པར་བྱེད་པ། (4)ཚུལ་ཁྲིམས་དང་ལྡན་པ་སྟོན་པ་བཞིན་དུ་ལུས་པར་བྱེད་པའོ། ། 5. ལྔ་ཚན་ནི། (1)བདག་ལ་མི་བསྟོད་པ། (2)གཞན་ལ་མི་སྨོད་པ། (3)མ་བསླབས་པ་ལ་མི་བརྙེས་པ། (4)ཉན་ཐོས་ཀྱི་སེམས་ལ་མི་རེ་བ། (5)རང་སངས་རྒྱས་ཀྱི་ཐེག་པ་མི་འདོད་པའོ། ། 6. དྲུག་ཚན་ནི། (1)བསླབ་པ་ལས་མི་འདའ་བས་སངས་རྒྱས་རྗེས་སུ་དྲན་པ། (2)ཚུལ་ཁྲིམས་ལ་འགྱོད་པ་མེད་པས་ཆོས་རྗེས་སུ་དྲན་པ། (3)སངས་རྒྱས་ཀྱི་བསླབ་པ་ལ་ལྟ་བས་དགེ་འདུན་རྗེས་སུ་དྲན་པ། (4)ཉོན་མོངས་པ་ཐམས་ཅད་ཡོངས་སུ་སྤོང་བས་གཏོང་བ་རྗེས་སུ་དྲན་པ། (5)སྐྱེ་བ་ཐམས་ཅད་ལ་མི་གནས་པས་ཚུལ་ཁྲིམས་རྗེས་སུ་དྲན་པ། (6)དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ལྷ་རྗེས་སུ་དྲན་པའོ། ། 7. བདུན་ཚན་ནི། (1)སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་དད་པ། (2)བདག་ཉིད་དབང་དུ་བྱས་ཏེ་ངོ་ཚ་ཤེས་པ། (3)སངས་རྒྱས་ཐམས་ཅད་མངོན་སུམ་དུ་བྱས་ཏེ་ཁྲེལ་ཡོད་པ། (4)ང་རྒྱལ་མེད་པས་གུས་པ། (5)བདག་དང་གཞན་ལ་གདུང་བ་མེད་པས་དེས་པ། (6)འཇིག་རྟེན་ཕ་རོལ་ཏུ་ཁ་ན་མ་ཐོ་བ་ལ་འཇིགས་པར་ལྟ་བས་རྣམ་པར་འཚེ་བ་མེད་པ། (7)སེམས་ཀྱི་ཡོངས་སུ་གདུང་བ་ཉེ་བར་ཞི་བས་ཁོན་དུ་མི་འཛིན་པའོ། ། 8. བརྒྱད་ཚན་ནི། (1)ཟང་ཟིང་མེད་པའི་སེམས་ཀྱིས་ཚུལ་མི་འཆོས་པ། (2)ཡོངས་སུ་འཛིན་པ་ཐམས་ཅད་འདོར་བས་ཁ་གསག་མེད་པ། (3)རང་བཞིན་གྱིས་ཆོག་ཤེས་པས་ཐོབ་ཀྱིས་འཇལ་བ་མི་བྱེད་པ། (4)སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པས་འཕགས་པའི་རིགས་ཡང་དག་པར་འཛིན་པ་ཡོངས་སུ་རྫོགས་པ། (5)དགོན་པ་ལ་གནས་པ་རྗེས་སུ་མི་གཏོང་བས་ལུས་ལ་མི་ལྟ་བ། (6)དམ་པའི་ཆོས་ཡོངས་སུ་འཛིན་པས་སྲོག་ལ་མི་ལྟ་བ། (7)འདུ་འཛི་སྤོང་བས་གཅིག་པུ་ན་དགའ་བ། (8)ཁམས་གསུམ་ཐམས་ཅད་ཀྱིས་འཇིགས་པས་ཆོས་ཀྱི་དགའ་བ་ལ་མོས་པའོ། ། 9. དགུ་ཚན་ནི། (1)ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་པོ་རྣམས་འདུལ་བ། (2)སེམས་ཅན་གྱི་གནས་དགུ་པོ་དག་ལས་ཤིན་ཏུ་འདའ་བ། (3)མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་རྣམས་ཀྱི་རྩ་བ་ཡོངས་སུ་སྤྱོད་པ། (4)ཡོངས་སུ་གདུང་བ་མེད་པས་སེམས་ཞི་བ། (5)སེམས་ལས་སུ་རུང་བས་ཞི་གནས་ཀྱི་ཚོགས་ཀུན་ཏུ་ཚོལ་བ། (6)ཆོ་ག་དང་། ཚུལ་ཁྲིམས་དང་། ལྟ་བ་ཉམས་པ་ལས་ཤིན་ཏུ་འདས་པས་མི་ལྷོད་པ། (7)ཐེག་པ་ཆེན་པོ་ཡོངས་སུ་རྫོགས་པས་སེམས་ཅན་ཐམས་ཅད་ལ་མི་སླུ་བ། (8)ཚུལ་ཁྲིམས་ལ་སྐྱོན་མེད་པས་ཤིན་ཏུ་མཐར་ཐུག་པ། (9)ཡོངས་སུ་བསྔོ་བ་ལ་མཁས་པས་སེམས་ཕྱེད་པའོ། ། 10 .བཅུ་ཚན་ནི། (1)ལུས་ཀྱི་ལས་རྣམ་པ་གསུམ་ཡོངས་སུ་དག་པ། (2)ངག་གི་ལས་རྣམ་པ་བཞི་ཡོངས་སུ་དག་པ། (3)ཡིད་ཀྱི་ལས་རྣམ་པ་གསུམ་ཡོངས་སུ་དག་པ། (4)གཡོ་སྒྱུ་དང་བྲལ་ཏེ་དྲང་ཞིང་ཚུལ་འཆོས་པ་མེད་པའི་བསམ་པ་དང་ལྡན་པ། (5)བསླབ་པ་ཐམས་ཅད་དང་མི་འགལ་བ་དང་ཕན་པར་སྦྱོར་བའི་དངོས་པོའི་སྔོན་དུ་འགྲོ་བས་རྗེས་སུ་སྟོན་པ། (6)དུལ་ཞིང་ཅང་ཤེས་ཀྱི་སའི་ཕྱིར་སེམས་དམུ་རྒོད་མ་ཡིན་པ། (7)བདག་ཉིད་བྱེད་པས་སེམས་ཅན་ཐམས་ཅད་ཀྱི་སློབ་མར་གྱུར་པ། (8)ང་རྒྱལ་མེད་པས་སྦྱིན་པའི་གནས་རྣམས་ལ་འདུད་ཅིང་ཕྱག་འཚལ་བ། (9)སྲོག་གི་དབང་པོར་ཆོས་མདུན་དུ་བྱེད་པ། (10)འཇིག་རྟེན་ཟང་ཟིང་གི་མདུན་དུ་མི་བྱེད་པའོ། །

Tibetan Source 《དཀོན་བརྩེགས་ཆ་པ་》ཤ་359ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number