Semantic search

Jump to navigation Jump to search
ExpressionPart of SpeechDefinitionExample
གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་མིང་ཚིགམདོ། ཕར་ཕྱིན། ཡེ་ཤེས་གཅིག་ཉིད་ཀྱིས་སྤྲོས་པ་ཐམས་ཅད་ཅིག་ཅར་དུ་བཀག་ནུས་ལ། དེའི་ཚེ་བདེན་བཞིའི་སྟེང་དུ་གཟུང་བའི་དོན་དུ་སྤྲོས་པ་བཀག་པའི་ཆ་ནས་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་སུ་འཇོག་གོ ། ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། པཎ་ཆེན་ངག་ཆོས་ཀྱིས། ཐེག་ཆེན་འཕགས་པའི་ཡེ་ཤེས་གཅིག་ཉིད་ཀྱིས་སྤྲོས་པ་ཐམས་ཅད་གཅིག་ཆར་དུ་བཀག་ནུས་ལ། དེའི་ཚེ་བདེན་བཞིའི་སྟེང་དུ་གཟུང་བ་ཕྱི་རོལ་གྱི་དོན་དུ་ཞེན་པའི་སྤྲོས་པ་བཀག་སྟེ། གཞི་གཟུང་བ་ཆོས་ཀྱི་(བདག་གི་)སྐྱེ་མེད་དུ་རྟོགས་པའི་ལྡོག་ཆ་ནི། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་སོ། །ཞེས་ཤེར་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། །
སྤོང་བའི་ལམ་གྱི་རིགས་འདྲ་ཕྱི་མ་བཞི་མིང་ཚིགམདོ། ཕར་ཕྱིན། སྤོང་བའི་ལམ་བཞི་ཡོད་དེ། ཆོས་བཟོད་བར་ཆད་མེད་ལམ་གྱི་རྣམ་པ་ཡུལ་བདེན་བཞིས་བསྡུས་པའི་ཡུལ་ཅན་ཀུན་ནས་ཉོན་མོངས་དང་མི་ལྡན་པའི་མཚན་ཉིད་བཞི་ཡོད་པའི་ཕྱིར།
སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་མིང་ཚིགསྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་ཞེས་པ་ནི། རང་མཚན་དེ་རང་འཛིན་རྟོག་པ་ལ་སྣང་བའི་སྣང་བ་སྤྱི་མཚན་དེ་དང་རང་འཛིན་རྟོག་པ་ལ་སྣང་བའི་རང་མཚན་གཉིས་གཅིག་ཏུ་འཁྲུལ་བའི་རྒོལ་བ་ལ། སྣང་བ་སྤྱི་མཚན་དེ་དངོས་མེད་དུ་སྒྲུབ་པའི་རིགས་པ་ཞིག་སྟེ། དངོས་དང་ཞར་བྱུང་གི་རིགས་པ་བརྒྱད་དུ་ཕྱེ་ནས་རྣམ་འགྲེལ་རྩ་བ་དང་སྦྱར་དུ་ཡོད། དེ་ལྟར་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་རྒྱ་ཆེར་བཤད་པ་རིགས་པའི་རྒྱ་མཚོ་ལས། སྤྱི་མཚན་ཡིན་ན་དངོས་པོ་མིན་པའི་སྒྲུབ་བྱེད་བཤད་པ་ནི། གལ་ཏེ་སྤྱི་མཚན་གང་ཡིན་ཐམས་ཅད་རང་འཛིན་ཤེས་པ་བསྐྱེད་པ་ཙམ་གྱི་དོན་བྱེད་པས་ཀྱང་སྟོང་པའི་དངོས་མེད་དུ་སྨྲས་ན། དེ་ལ་རིགས་པ་ཅི་ཞིག་ཡོད་ཅེ་ན། དེའི་ལན་ལ་རིགས་པ་རྒྱས་པར་བསྟན་པ་དང་། དེ་གྲུབ་པའི་དོན་བསྡུ་བ་གཉིས། ཞེས་དང། རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བརྒྱད་འདོད་པ་དག་ཀྱང་། སློབ་དཔོན་ལྷ་དབང་བློའི་འགྲེལ་བ་ལ་སྦྱར་དུ་རུང་བ་ཙམ་སྣང་ངོ་། །ཞེས་གསུངས།
སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་གཉིས་པ་མིང་ཚིགསྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་གཉིས་པ་ནི། རྟོག་པའི་གཟུང་ཡུལ་དང་བརྗོད་བྱེད་ཀྱི་སྒྲ་དེའི་དངོས་ཀྱི་བརྗོད་བྱ་དོན་སྤྱི་དེ་དོན་དམ་པར་རང་བཞིན་གྱིས་གྲུབ་པ་དགག་པའི་རིགས་པ་ཞིག་སྟེ། རིགས་སུ་བཏགས་པའི་རྟོག་པའི་བཟུང་ཡུལ་ལམ་དོན་སྤྱི་དེ་ཆོས་ཅན། ཁྱོད་ལ་རང་མཚན་གྱི་ངོ་བོ་ཅུང་ཟད་ཀྱང་མེད་དེ། རང་གི་གསལ་བ་དང་རྫས་གཅིག་དང་ཐ་དད་གང་དུ་ཡང་མེད་པའི་ཕྱིར་ཞེས་པ་ལྟ་བུའི་རིགས་པ་སྟེ། དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། སྤྱི་དེ་ཆོས་ཅན། གསལ་བ་དང་འབྲེལ་མེད་དུ་ཐལ། དེ་ལ་བལྟོས་མེད་གྱི་རྫས་གཞན་ཉིད་ཡིན་པའི་ཕྱིར། དེ་ཆོས་ཅན། རང་བཞིན་མེད་པར་གྲུབ་སྟེ། གསལ་བ་རང་མཚན་དང་རྫས་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པ་དེའི་ཕྱིར། ཞེས་གསུངས།
སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་གསུམ་པ་མིང་ཚིགསྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་གསུམ་པ་ནི། ཁ་ཅིག་སྤྱི་མཚན་དངོས་པོ་ཡིན་པར་འདོད་པ་དེ་ཡུལ་ཅན་གྱི་ངོས་ནས་བརྟགས་ལ་དགག་པའི་རིགས་པ་ཞིག་སྟེ། རིགས་པ་ནི། ཡུལ་ད་ལྟ་བ་བུམ་པ་རྟོགས་པའི་བློ་ཆོས་ཅན། རང་མཚན་བུམ་པ་བཟུང་དོན་དུ་བྱས་ནས་རང་ཡུལ་འཛིན་པ་མ་ཡིན་པར་ཐལ། སྒྲའི་བདག་རྐྱེན་བྱས་པ་ལས་ཞིག་པ་སྟེ་འདས་པའི་ཡུལ་ལ་རྟོག་པ་ཇི་ལྟ་བ་བཞིན་དུ་རང་ཡུལ་མི་གསལ་བར་དོན་སྤྱི་དང་འདྲེས་ནས་སྣང་བའི་བློ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའི་རིགས་པ་སྟེ། དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། གཉིས་པ་ལ། སྤྱི་མཚན་དངོས་པོ་ཡིན་པ་ཡུལ་ཅན་གྱི་ངོས་ནས་བརྟགས་ལ་དགག་པ་དང། ཡུལ་གྱི་ངོས་ནས་བརྟགས་ལ་དགག་པ་གཉིས། དང་པོ་ནི། མ་ཞིག་པ་ད་ལྟ་བའི་བུམ་པ་ལ་རྟོག་པའི་བློ་ཆོས་ཅན། དངོས་པོ་རང་མཚན་བཟུང་དོན་དུ་བྱས་ནས་འཛིན་པ་མ་ཡིན་པར་ཐལ། སྒྲའི་བདག་རྐྱེན་ལས་ཞིག་པ་ལ་རྟོག་པའི་བློ་ལ་ཅི་འདྲ་སྣང་བ་དེ་དང་འདྲ་བར་མི་གསལ་བར་སྣང་བའི་ཕྱིར། ཁྱབ་པར་ཐལ། རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་རང་མཚན་བཟུང་དོན་དུ་ཡོད་པ་ཅན་ལ་འདས་པ་ལ་རྟོག་པ་དང་སྣང་ཚུལ་མཚུངས་པ་དེ་དག་མེད་པའི་ཕྱིར། ཞེས་གསུངས།
སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་དང་པོ་མིང་ཚིགསྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་དང་པོ་ནི། དངོས་པོ་དོན་དམ་པར་བརྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་ཡིན་པ་འགོག་པའི་རིགས་པ་ཞིག་སྟེ། དེ་ཡང་ཐལ་ངག་གི་དབང་དུ་བྱས་ན། གཟུགས་སོགས་ཆོས་ཅན། ཕྱི་རོལ་གྱི་དངོས་པོའི་ངོ་བོ་མིན་པར་ཐལ། དོན་དམ་པར་སྒྲའི་བརྗོད་བྱ་ཉིད་དུ་གྲུབ་པའི་ཕྱིར་རོ། །ཐལ་བ་དེས་འཕངས་པའི་རྟགས་སྦྱོར་ནི། ཤེས་བྱ་ཆོས་ཅན། དོན་དམ་པར་སྒྲའི་བརྗོད་བྱ་མེད་དེ། གཟུགས་སོགས་ཕྱི་རོལ་གྱི་དངོས་པོ་མཐོང་བའི་དབང་ཤེས་སྲིད་པའི་ཕྱིར་རོ། །ཞེས་འགོད་པར་བྱའོ། རིགས་པའི་གནད་ནི། གཟུགས་སོགས་དོན་དམ་པར་སྒྲའི་བརྗོད་བྱར་སོང་ན། སྒྲ་བརྗོད་པ་ཙམ་གྱིས་དབང་བོའི་མངོན་སུམ་བཞིན་དུ་གཟུགས་སོགས་གསལ་བར་སྣང་བར་འགྱུར་ལ། དེ་ལྟར་ན་དབང་བློ་སྟེ་དབང་བོའི་མངོན་སུམ་དོན་མེད་པར་འགྱུར་རོ་ཞེས་པ་ལྟ་བུའི་རིགས་པ་སྟེ། དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། གཟུགས་དེ་ཆོས་ཅན། ཕྱི་རོལ་གྱི་དངོས་པོའི་ངོ་བོ་མིན་པར་ཐལ། དོན་དམ་པར་སྒྲའི་བརྗོད་བྱ་ཉིད་ཡིན་པའི་ཕྱིར། ཐལ་བ་དེས་འཕངས་པ་ནི། དོན་དམ་པར་སྒྲའི་བརྗོད་བྱ་མེད་དེ། གཟུགས་སོགས་ཕྱི་རོལ་གྱི་དངོས་པོ་མཐོང་བའི་དབང་བློ་ཡོད་པའི་ཕྱིར། ཅེས་པ་སྟེ་གཟུགས་སོགས་དོན་དམ་པར་སྒྲའི་བརྗོད་བྱ་ཡིན་ན་སྒྲ་བརྗོད་ཙམ་གྱིས་ཕྱི་རོལ་གསལ་བར་སྣང་བར་འགྱུར་ལ། དེ་ལྟ་ན་དབང་ཤེས་དོན་མེད་དུ་ཐལ་བར་འགྱུར་རོ། །ཞེས་གསུངས།
སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་དྲུག་པ་མིང་ཚིགསྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་དྲུག་པ་ནི། རང་ཡུལ་སྣང་བ་བརྡ་ལ་ལྟོས་པའི་རྟགས་ཀྱིས་རང་ཡུལ་གྱི་དོན་སྤྱི་དང་འདྲེས་ནས་སྣང་བའི་བློ་དེའི་སྣང་བ་རྫས་སུ་གྲུབ་པ་དགག་པའི་རིགས་པ་ཞིག་སྟེ། རིགས་པ་ནི། སྤྱི་བློ་ཆོས་ཅན། ཁྱོད་ལ་རང་ཡུལ་སྣང་བ་རྫས་སུ་མ་གྲུབ་སྟེ། ཁྱོད་ཀྱི་ཡུལ་བརྡ་ལ་ལྟོས་པ་མེད་པར་སྣང་བ་དེ་འདྲ་མ་ཡིན་པར་བརྡ་ལ་བལྟོས་ནས་སྣང་བ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའི་རིགས་པ་སྟེ། དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། སྤྱི་ཡི་བློ་ཆོས་ཅན། ཁྱོད་ལ་རང་ཡུལ་སྣང་བ་རྫས་སུ་གྲུབ་པ་མ་ཡིན་ཏེ། ཁྱོད་ཀྱི་ཡུལ་བརྡ་ལ་བལྟོས་པ་མེད་པ་དེ་ལྟར་སྣང་བ་མེད་པར་བརྡ་ལ་བལྟོས་པའི་ཕྱིར། ཁྱབ་པར་ཐལ། བཟུང་དོན་གྱི་དངོས་པོའི་སྟོབས་ཀྱི་སྐྱེས་པའི་ཤེས་པ་གང་ཡིན་པ་དེ་སྐྱེ་བ་རང་གི་ཡུལ་གྱི་བརྡ་དྲན་པ་དག་ལ་བལྟོས་པ་མ་ཡིན་པའི་ཕྱིར། ཞེས་གསུངས།
སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བདུན་པ་མིང་ཚིགསྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བདུན་པ་ནི། རང་འཛིན་ཤེས་པ་ལ་གསལ་བ་ལས་ཡན་གར་བར་མི་སྣང་བའི་རྟགས་ཀྱིས་གསལ་བ་ལས་དོན་གཞན་པའི་སྤྱི་ཡོད་པ་དགག་པའི་རིགས་པ་ཞིག་སྟེ། རིགས་པ་ནི། ཤེས་བྱ་ཆོས་ཅན། གསལ་བ་ལས་དོན་གཞན་པའི་སྤྱི་མེད་དེ། ཡོད་ན་རང་འཛིན་ཤེས་པ་ལ་ལྟོས་མེད་ཡན་གར་བར་སྣང་དགོས་པ་ལ། རྣམ་པ་འགའི་སྒོ་ནས་ཀྱང་རང་འཛིན་རྣམ་ཤེས་ལ་དེ་འདྲའི་ངོ་བོར་སྣང་བ་མེད་པའི་ཕྱིར་ཞེས་པ་ལྟ་བུའི་རིགས་པ་སྟེ། དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། སྤྱི་དོན་གཞན་མེད་དེ། ཡོད་ན་རང་འཛིན་ཤེས་པ་ལ་ལྟོས་མེད་ཡན་གར་བར་སྣང་དགོས་པ་ལ། རྣམ་པ་འགའི་སྒོ་ནས་ཀྱང། རང་འཛིན་རྣམ་ཤེས་ལ་དེ་འདྲའི་དངོས་བོར་སྣང་བ་མེད་པའི་ཕྱིར། ཞེས་གསུངས།
སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བཞི་པ་མིང་ཚིགསྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བཞི་པ་ནི། ཁ་ཅིག་སྤྱི་མཚན་དངོས་པོ་ཡིན་པར་འདོད་པ་དེ་ཡུལ་གྱི་ངོས་ནས་སྤྱི་དེ་གསལ་བ་དང་རྫས་གཅིག་དང་ཐ་དད་བརྟགས་ནས་དགག་པའི་རིགས་པ་ཞིག་སྟེ། རིགས་པ་ནི། གསལ་བ་རྣམས་དང་མཚུངས་པ་ཉིད་ཀྱི་སྤྱི་འདི་ཆོས་ཅན། དངོས་པོ་མེད་པའི་མཚན་ཉིད་ཅན་ཡིན་ཏེ། གསལ་བ་རང་མཚན་དང་རྫས་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པའི་ཕྱིར་ཞེས་པ་ལྟ་བུའི་རིགས་པ་སྟེ། དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། གསལ་བ་རྣམས་མཚུངས་པ་ཉིད་ཀྱི་སྤྱི་འདི་ཆོས་ཅན། དངོས་པོ་མེད་པའི་མཚན་ཉིད་ཅན་ཡིན་ཏེ། རང་མཚན་དང་རྫས་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པ་དེའི་ཕྱིར། ཞེས་གསུངས།
སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བརྒྱད་པ་མིང་ཚིགསྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བརྒྱད་པ་ནི། སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་སྔ་མ་རྣམས་ཀྱི་དོན་བསྡུས་ཏེ་སྤྱི་མཚན་དངོས་པོ་ཡིན་པ་དགག་པའི་རིགས་པ་ཞིག་སྟེ། རིགས་པ་ནི། སྤྱི་མཚན་དེ་ཉིད་ཆོས་ཅན། རང་འཛིན་ཤེས་པ་བསྐྱེད་པ་ཙམ་གྱི་དོན་བྱེད་པ་རུང་བ་མ་ཡིན་པར་ཐལ། དོན་དེ་ལྟར་སྔར་གྱི་རིགས་པ་དེ་དག་གི་གྲུབ་པའི་ཕྱིར་ཞེས་པ་ལྟ་བུའི་རིགས་པ་སྟེ། དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། སྤྱི་མཚན་དེ་ནི་ཆོས་ཅན། རང་འཛིན་ཤེས་པ་བསྐྱེད་པ་ཙམ་གྱི་དོན་བྱེད་པར་རུང་བ་མ་ཡིན་པར་ཐལ། དེ་ལྟར་གོང་དུ་བསྒྲུབ་པ་དེའི་ཕྱིར། འདོད་ན། དངོས་པོའི་རང་བཞིན་དུ་མེད་པར་ཐལ། དེ་ལྟར་མི་རུང་བ་དེའི་ཕྱིར། ཁྱབ་པར་ཐལ། དོན་བྱེད་ནུས་སྟོང་དེ་ནི་དངོས་མེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ཞེས་གསུངས།
སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་ལྔ་པ་མིང་ཚིགསྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་ལྔ་པ་ནི། སྤྱི་དེ་གསལ་བའི་འབྲས་བུ་ཡིན་མིན་བརྟགས་ནས་དེ་ཡིན་པ་དགག་པའི་རིགས་པ་ཞིག་སྟེ། རིགས་པ་ནི། སྤྱི་དེ་ཆོས་ཅན། གསལ་བའི་འབྲས་བུ་ཡིན་པར་ཐལ། གསལ་བ་དང་འབྲེལ་བ་གང་ཞིག། རྫས་ཐ་དད་ཡིན་པའི་ཕྱིར་རོ། །འདོད་ན་འཇིག་པའི་རང་བཞིན་ཅན་དུ་ཐལ་ལོ། །འདོད་མི་ནུས་ཏེ། ཁ་ཅིག་ཁྱོད་ཀྱི་དེ་རྟག་པ་ཉིད་དང་གཅིག་པུར་འདོད་པའི་ཕྱིར་ཞེས་པ་ལྟ་བུའི་རིགས་པ་སྟེ། དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། གཉིས་པ་ནི། སྤྱི་དེ་གསལ་བའི་འབྲས་བུ་ཡིན་ནམ་མིན། འབྲས་བུའོ་ཞེ་ན། སྐད་ཅིག་སྔ་ཕྱི་དུ་མ་ཅན་དང་འཇིག་པའི་ངོ་བོར་ཐལ་ན། དེ་ཡང་འདོད་པ་མ་ཡིན་ཏེ། རྟག་པ་དང་གཅིག་པུར་འདོད་པའི་ཕྱིར། དེ་ཆོས་ཅན། རྟག་པ་ཉིད་མིན་པར་ཐལ། དངོས་པོ་ཡིན་པོ་ཡིན་པའི་ཕྱིར། ཁྱབ་པར་ཐལ། འཇིག་པ་དངོས་པོ་ཡོད་ཙམ་དང་རང་ཆས་སུ་རྗེས་སུ་འབྲེལ་བའི་ཕྱིར། རིགས་རྣམས་དངོས་པོ་ཡིན་ཡང་གསལ་བའི་འབྲས་བུ་མིན་པའི་ཕྱིར་དུ་མ་སོགས་སུ་མི་འགྱུར་རོ་ཞེ་ན། དེས་ན་གསལ་བ་དང་མ་འབྲེལ་བར་ཐལ། དེ་དང་རྫས་ཐ་དད་རྒྱུ་འབྲས་མིན་པའི་ཕྱིར། དངོས་མེད་དུ་འགྱུར་བར་ཐལ། གསལ་བའི་འབྲས་བུ་མིན་པ་གང་ཞིག རྒྱུ་གཞན་ལས་ཀྱང་མ་སྐྱེས་པའི་ཕྱིར། ཞེས་གསུངས།
སྤྱོད་རྒྱུད་རིགས་གསུམ་མིང་ཚིགསྤྱོད་པའི་རྒྱུད་ལ་དབྱེ་ན། རིགས་གསུམ་སྟེ། སྐུ་དང༌། གསུང་དང༌། ཐུགས་ཀྱི་རིགས་གསུམ་མོ། །
ཀླུ་རིགས་བཞི་མནན་པའི་ཆོ་ག་མིང་ཚིགནམ་གྲུའི་རིགས་ལས་བྱུང་བའི་སློབ་དཔོན་ཛཱ་བ་རི་པས་མཛད། བསྟན་འགྱུར་རྒྱུད་ཚི་པར་བཞུགས།
ཀླུ་རིགས་བཞིའི་སྒྲུབ་ཐབས་མིང་ཚིགསློབ་དཔོན་ཛཱ་བ་རི་པས་མཛད་པའི་ཀླུ་རིགས་བཞིའི་སྒྲུབ་ཐབས། བལ་པོའི་པཎྜི་ཏ་དེ་བ་པཱུརྞ་མ་ཏི་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར། བསྟན་འགྱུར་རྒྱུད་ཚི་པར་བཞུགས།
སྤྲུལ་སྐུ་རིགས་ལྔ་མིང་ཚིགརྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ། མི་བསྐྱོད་པའོ། །
སྤྲོད་ཁོངས་ཡིག་རིགས་མིང་ཚིགདཀར་ཆག་ནང་བཀོད་དེ་རྩིས་ལེན་རྩིས་སྤྲོད་བྱེད་དགོས་པའི་ཡིག་ཆའི་རིགས།
སྤྲོས་པ་ཐམས་ཅད་འགོག་པའི་རིགས་པ་མིང་ཚིགམདོ། དབུ་མ། ལུང་ལས། ཡོད་པ་མེད་པའི་ཟླས་དྲངས་ཏེ། །མེད་པའང་ཡོད་པའི་ཟླས་དྲངས་ཏེ། །ཞེས་དང་། སློབ་དཔོན་གྱིས། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ ། ཞེས་དང། བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་སོགས་ཀྱི་དབུ་མའི་གཞུང་ལུགས་རྣམས་ལས་ཡོད་མེད་གང་རུང་གཅིག་དགག་བྱར་བྱེད་པའི་ཚེ་ན། ཅིག་ཤོས་ཡང་དགག་བྱར་བྱེད་དགོས་པར་གསུངས་པས་མཐར་ཡོད་མེད་སོགས་སྤྲོས་པའི་མཐའ་གང་དུའང་གཟུང་དུ་མེད་པར་གྲུབ་བོ། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མའི་སྤྱི་དོན་ལས་གསུངས་སོ། །
སྨན་ཆུ་རིགས་ལྔ་མིང་ཚིགསྐྱུར་ཞིང་ལན་ཚས་བད་རླུང་སེལ། སྐྱུར་མངར་ལྡན་པས་བད་རླུང་སེལ། སྐྱུར་ཚས་བད་ཀན་རྐྱང་པ་སེལ། སྐྱུར་ཁས་བད་ཀན་ཁྲག་ནད་སེལ། སྐྱུར་བསྐས་བད་སྨུག་སེལ་བའོ། །
སྨན་ཆུ་རིགས་ལྔ་མིང་ཚིགརླུང་སེལ་བ་སྔོ་ལ་མངར་བ། མཁྲིས་པ་སེལ་བ་སེར་ལ་ཁ་བ། བད་ཀན་སེལ་བ་སྐྱ་ལ་སྐྱུར་བ། ཁྲག་སེལ་བ་དམར་སྐམ་པ། ཆུ་སེར་སེལ་བ་སྨུག་ལ་ཚ་བའོ། །
སྨན་རིགས་མིང་ཚིགསྨན་གྱི་བྱེ་བྲག་ཡོངས་རྫོགས།སྨན་ཁང་ནང་དུ་སྨན་རིགས་མང་པོ་ཡོད་ལྟ་བུ།
སྨུག་པོའི་ནད་ཀྱི་རིགས་ལ་དབྱེ་བ་བརྒྱད་མིང་ཚིགསྨུག་པོ་བྱེར་བ་ལ་ཕྱི་བྱེར་དང་ནང་བྱེར་གཉིས། སྨུག་པོ་རྒྱས་པ་ལ་རྡོལ་བ་དང་མ་རྡོལ་བ་གཉིས། སྨུག་པོ་འགྱིངས་པ་ལ་གབ་པ་དང་མ་གབ་པ་གཉིས། སྨུག་པོ་འདྲིལ་བ་ལ་གསར་པ་དང་རྙིང་པ་གཉིས་སོ། །བད་ཀན་སྨུག་པོའི་ནད་ཀྱི་རྒྱུ་ནི་བད་ཀན་དང་། ཁྲག་མཁྲིས་པ། རླུང་བཅས་བཞི་དང་། དེ་བཞིན་ཆུ་སེར་སོགས་ནད་ཀུན་འདུས་ཤིང་རྣམ་གྲངས་མང་བ་དང་། འཁྲུལ་སོ་ཆེ་བས་བརྟག་པར་དཀའ་བ་དང་། ནད་གཞི་ལྕི་ལ་ཡུན་དུ་མནར་བར་འགྱུར་བས་བཅོས་ཐབས་ཀྱང་ཤིན་ཏུ་དཀའ་བ་ཡིན་ནོ། །
སྲིན་རིགས་མིང་ཚིགལུས་ལ་ལྷན་སྐྱེས་སུ་མཆིས་པའི་སྲིན་བུའི་རིགས་བཅུ་གཅིག་སྟེ། ཕྱི་སྲིན་ལ་ཤིག་སྲོ་དང༌། ནང་གནས་ལ་ཕོ་བའི་བད་སྲིན། མཁྲིས་སྲིན་ལ་སོ་སྲིན་མིག་སྲིན། པགས་སྲིན། གཞང་སྲིན། རྒྱུ་སྲིན། མཚན་མའི་སྲིན། ཁྲག་སྲིན། ཀླད་སྲིན་ཡ་མ་དཀར་ནག་གཉིས། རླུང་སྲིན་ལོང་ལ་གནས་པ་བཅས་སོ། །
སྲིའུ་རིགས་དྲུག་མིང་ཚིགགཤིན་པོའི་རོའི་རིགས་ཀྱི་བྱེ་བྲག་གསང་བ་ཡང་ཁོལ་ནས་གསུངས་པའི་སྲིའུ་ཞེས་པ་བུས་པའི་རོ་རིགས་དྲུག་སྟེ། ཟླ་རྡིབ་ཅེས་པ་མའི་ཁོག་ནས་ཤི་བའི་རོ་ཤང་དཀར་དང་། ལྟེ་བ་བཅད་ནས་སྐད་ཐོན་ཙམ་ལ་ཤི་བའི་རོ་གྲགས་པ། སྐད་ཐོན་ནས་ཞག་ཤས་རིང་སོས་རྗེས་ཤི་བའི་རོ་གྲགས་རྒྱལ། ལག་པས་མའི་ནུ་མ་སྐྱོར་ནུས་ཙམ་ལ་ཤི་བའི་རོ་འབུན་ཟན། གོམ་པ་སྤོ་འགོ་ཚུགས་ནས་ཤི་བའི་རོ་བྱིན་ཤ། རྩེད་མོ་རྩེ་ནུས་དུས་ཤི་བའི་རོ་མོན་ལུག་བཅས་ཡིན།
སྲོལ་གོང་གི་རིགས་མིང་ཚིགརྫ་རི་མཐོ་སར་སྐྱེ་བའི་རྩྭ་ལྡུམ་ཞིག་སྟེ། གཞུང་རྟ་སྦོམ་པོ་ཆིག་རྐྱང་ཁོག་སྟོང་ཡིན། མེ་ཏོག་འདབ་མ་སེར་བོ་ཅན། འདི་ལ་སྲོལ་གོང་སེར་བོའམ་ཡུ་མོ་སྲོལ་གོང་ཡང་ཟེར་ལ། འདི་ལ་རིགས་མང་པོ་ཡོད།
སློང་བ་རིགས་པ་སློང་བའི་སྤང་ལྟུང་མིང་ཚིགམདོ། འདུལ་བ། ཁྱིམ་པ་ཆོས་དྲུག་ལྡན་ལ་དགེ་སློང་རང་ཉིད་ཆོས་གོས་མེད་པར་སློང་རིགས་ཀྱང་ཆོས་གོས་ཟུང་གཅིག་ལས་ལྷག་པ་བསླངས་ཏེ་ཐོབ་པ་ལས་གྱུར་པའི་ལྟུང་བ་ཞིག་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གིས་ཁྱིམ་པ་ཉེ་དུ་མིན་པ་ལ་གོས་བསླངས་པས་རབ་བྱུང་གི་ཆོས་གོས་ཟུང་གཅིག་ལས་ལྷག་པ་ཐོབ་པ་ན་སྤང་ལྟུང་དུ་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་བསམ་གཏན་པ་བཞི་བཅུས་སྦྱིན་བདག་སྒོ་རེ་རེ་ནས་གོས་ཟུང་གཅིག་གི་ཚད་ལས་ལྷག་པར་བླངས་པ་ལས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་གྱི་ལོངས་སྤྱོད་ལ་གནོད་པའོ། །ཞེས་གསུངས།
སློང་བར་རིགས་པའི་སྤང་བ་མིང་ཚིགའདུལ་བ་གཞུང་དམ་པའི་སྡེ་ཚན་ཞིག བཀའ་འགྱུར་འདུལ་བ་ན་པར་བཞུགས།
སློང་བར་རིགས་པའི་སྤང་བ་བསྟན་པ་མིང་ཚིགའདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཆ་པར་བཞུགས།
སློང་བར་རིགས་པའི་སྤང་བའི་ལྟུང་བྱེད་མིང་ཚིགའདུལ་བ་གཞུང་བླ་མའི་སྡེ་ཚན་ཞིག བཀའ་འགྱུར་འདུལ་བ་ན་པར་བཞུགས།
སློང་བར་རིགས་པའི་སྤང་ལྟུང་མིང་ཚིགམདོ། འདུལ་བ། སློང་བར་རིགས་པ་ནི་རང་ཉིད་ལ་ཡོ་བྱད་ཐམས་ཅད་སློང་བར་རིགས་ལ། དེ་བཞིན་དུ་སྣམ་སྦྱར་ལྟ་བུ་གང་མེད་པ་དེ་དང་དེ་སློང་བར་རིགས་སོ། །ཚད་ནི་ནོར་བདག་གཅིག་ལ་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་སམ་རབ་ཏུ་བྱུང་བའི་སྟོད་གཡོགས་སྨད་གཡོགས་ཀྱང་རུང་སྟེ་ཟུང་གཅིག་སློང་བར་བྱའོ། །ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་ཆུང་ཚད་ཐོབ་ན་འབྲིང་ཚད་དུ་ཁ་བསྐང་བ་དང་། འབྲིང་ཚད་ཐོབ་ན་ཆེ་ཚད་དུ་ཁ་བསྐང་སློང་བར་མི་བྱ་ཞིང་། ལྷག་པོ་ཐོབ་ན་ཡང་སྦྱིན་མི་དགོས་སོ། །རབ་ཏུ་བྱུང་བའི་ཆུང་ཚད་ཐོབ་ན་འབྲིང་ཚད་དུ་ཁ་བསྐང་བ་དང་། འབྲིང་ཚད་ཐོབ་ན་ཆེ་ཚད་དུ་ཁ་བསྐང་བ་བླང་བར་བྱ་ཞིང་། ཆེ་ཚད་ལས་ལྷག་པ་ཐོབ་ན་ཡང་སྦྱིན་པར་བྱའོ། །དེ་ལྟར་ན་འདི་ལ་ལྟུང་བ་འབྱུང་བའི་སྒོ་གསུམ་ཡོད་དེ། བདག་པོ་གཅིག་ལ་ཟུང་གཅིག་ལས་ལྷག་པ་བླངས་ན་ཉེས་བྱས། ཐོབ་ན་དངོས་གཞི། ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་ཆུང་ཚད་འབྲིང་ཚད་ཐོབ་པ་ལས་ཁ་བསྐང་བ་བླངས་ན་ཉེས་བྱས། ཐོབ་ན་དངོས་གཞི། རབ་ཏུ་བྱུང་བའི་ཆེ་ཚད་ལས་ལྷག་པ་ཐོབ་པ་མི་སྦྱིན་པར་སེམས་ན་ཉེས་བྱས། ཐག་བཅད་ན་དངོས་གཞིའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། ། མདོ་ལས་སྟོད་གཡོགས་སྨད་གཡོགས་བཅས་ཞེས་པས་བསྟན། མཚན་གཞི་ནི། ཆོས་གོས་རྣམ་གསུམ་མེད་པའི་དགེ་སློང་གིས་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་སྟོད་གཡོགས་དང་སྨད་གཡོགས་ཟུང་གཅིག་ལས་ལྷག་པའི་གོས་བསླངས་ཏེ་ལག་ཏུ་ཐོབ་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། བྱིན་གྱིས་བརླབས་པར་བྱ་བ་ཐམས་ཅད་མེད་ན་སློང་བར་རིགས་པ་ཉིད་དོ། །ཞེས་པ་ནས་བཟུང་སླང་བར་བྱ་བ་ཉིད་དོ། །གང་ཡང་རུང་བའོ། །ཚད་དེ་ལས་ལྷག་པ་ནི་སླང་བར་བྱ་བ་ཉིད་མ་ཡིན་ནོ། །ཞེས་དང། ཆོས་གོས་ཕྲོགས་པ་ལ་སོགས་ཀྱི། །མང་པོ་རྙེད་པར་གྱུར་ན་ཡང། །དྲན་པས་སྟོད་གཡོགས་སྨད་གཡོགས་ལས། །ལྷག་པར་སླང་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར། འདི་ནི་ཉེར་དགས་གྲོང་ཁྱེར་ཕྲེང་བ་ཅན་གྱི་དགེ་སློང་བཞི་བཅུ་ཆོམ་རྐུན་པས་བཅོམ་པ་སྦྱིན་བདག་ལ་གོས་སློང་དུ་གནང་བའི་གྲོགས་ལྡན་ལ་ཕྱིན་པས། གོས་གྲངས་མང་དུ་རྙེད་པར་དགེ་སློང་སོ་སོ་ལ་སྟོད་གཡོགས་སྨད་གཡོགས་ཙམ་རེ་སྦྱིན་ནས་གཞན་དག་ཉེར་དགའ་རང་གིས་བྱས་པ་ལ་བརྟེན་ནས་བཅས་སོ། །ཞེས་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལས་སོ། །
སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས་དྲུག་མིང་ཚིགརྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག། རྩོད་ཟློག། རིན་ཆེན་ཕྲེང་བ།
སློབ་དཔོན་ཕྱྭ་པའི་སློབ་མ་རིགས་པའི་སེང་ཆེན་བརྒྱད་མིང་ཚིགགཙང་ནག་པ་བརྩོན་འགྲུས་སེང་གེ། དན་འབག་པ་སྨྲ་བའི་སེང་གེ། བྲུ་ཤ་བསོད་ནམས་སེང་གེ། རྨ་བྱ་རྩོད་པའི་སེང་གེ། རྩགས་དབང་ཕྱུག་སེང་གེ། མྱང་བྲན་ཆོས་ཀྱི་སེང་གེ། ལྡན་མ་དཀོན་མཆོག་སེང་གེ། གཉལ་བ་ཡོན་ཏན་སེང་གེ།
གཡུ་འབྲུག་བརྒྱད་པ་ངག་དབང་ལུང་རིགས་སྨྲ་བའི་ཉི་མ་མིང་ཚིགསྐུ་ཕྲེང་བརྒྱད་པ་ངག་དབང་ལུང་རིགས་སྨྲ་བའི་ཉི་མའམ་ཚོགས་གཉིས་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་དྲུག་པའི་མེ་ལུག་ལོར་ཕྱི་ལོ་ ༡༩༦༧ ལ་མདོ་སྨད་ཁམས་ཀྱི་ཡུལ་གྲུ་བཀྲ་ཤིས་ལུང་པ་ཞེས་པའི་གྲོང་ཞིག་ཏུ་ཡབ་ཀརྨ་དང་། ཡུམ་ཆོས་མཚོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐྱབས་མཆོག་སི་ཏུ་རིན་པོ་ཆེའི་ཡེ་ཤེས་ཀྱི་གཟིགས་པ་དྲི་མ་མེད་པར་ཇི་ལྟར་ཤར་བ་བཞིན་རྡོ་རྗེའི་ལུང་གིས་སྐབས་ཕྱེ་སྟེ་ངོས་འཛིན་ཐག་གཅོད་གནང་བ་ལྟར། ཁྲུས་གསོལ་དང་ན་བཟའ་འབུལ་བཞེས་སྔོན་སོང་གིས་གདན་ས་གཡུ་འབྲུག་དགོན་བྱང་ཆུབ་ཆོས་གླིང་དུ་མི་འཇིགས་སེང་གེས་བཏེགས་པའི་གསེར་གྱི་ཁྲིར་མངོན་པར་འཁོད་ཅིང་། རིས་མེད་འགྲོ་བ་རྣམས་ལ་དམིགས་པ་མེད་པའི་ཐུགས་རྗེ་ཉེ་བར་དགོངས་ཏེ། བསམ་འཕེལ་དབང་གི་རྒྱལ་པོ་ལྟར་མཆོག་གི་སྤྲུལ་སྐུའི་ཟླ་གཞོན་གསར་དུ་འཆར་བ་གང་ཉིད་ཀྱིས། དུས་གསུམ་རྒྱལ་བའི་སྐུ་དང་ཡེ་ཤེས་ཀྱི་རོལ་པ་གཅིག་ཏུ་བསྡུས་ཤིང་རྒྱལ་བ་ཡོངས་ཀྱི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་མངའ་དབང་བསྒྱུར་བ་མ་ཟད། དེང་སྐབས་རང་དགོན་བཤད་སྒྲུབ་ལས་གསུམ་གྱི་བྱ་བའི་མཛད་པ་སྐྱོང་བཞིན་པས། སྲིད་གསུམ་ཁོར་ཡུག་དང་བཅས་པའི་ས་ཡི་ཁྱོན་ཀུན་ཏུ་བཀྲ་ཤིས་རབ་ཏུ་དགེ་བའི་སྣང་བ་དཀར་པོས་ཁྱབ་པར་བྱེད་བཞིན་པ་ལགས།
ཨ་ཀྲོང་རིགས་གསུམ་མིང་ཚིགརྩྭ་ཨ་ཀྲོང། འཁན་པ་ཨ་ཀྲོང། ཤིང་ཨ་ཀྲོང་སྟེ་གསུམ་མོ། །
ཨ་མྲའི་འབྲས་བུ་རིགས་བཞི་མིང་ཚིགཕྱི་སྨིན་ལ་ནང་མ་སྨིན་པ། ནང་སྨིན་ལ་ཕྱི་མ་སྨིན་པ། ཕྱི་ནང་གཉིས་ཀ་སྨིན་པ། ཕྱི་ནང་གཉིས་ཀ་མ་སྨིན་པའོ། །
ཨ་རིགས་ཚང་མིང་ཚིགནགས་ཤོད་འབྲི་རུ་ཡུལ་སོགས་ན་ཡོད་པའི་རུས་མིང་ཞིག
ཨ་རུ་རིགས་ལྔ་མིང་ཚིགཨ་རུ་རྣམ་རྒྱལ་དང༌། ཨ་རུ་འཇིགས་མེད། ཨ་རུ་ཤ་ཆེན་ནམ་ཨ་རུ་བདུད་རྩི། ཨུ་རུ་འཕེལ་བྱེད། ཨ་རུ་སྐེམ་པོ་སུལ་མང་བཅས་ལྔ།
ཨོ་ཌི་ཡཱ་ན་ནས་བྱུང་བའི་རིགས་བྱེད་མའི་སྒྲུབ་ཐབས་མིང་ཚིགཨོ་ཌི་ཡཱ་ན་ནས་བྱུང་བའི་རིགས་བྱེད་མའི་སྒྲུབ་ཐབས། བསྟན་འགྱུར་རྒྱུད་མུ་པར་བཞུགས།
གྲངས་གནས་རིགས་གསུམ་མིང་ཚིགགྲངས་གནས་འདྲེན་སྟངས་མི་འདྲ་བ་རིགས་གསུམ་སྟེ། རྐྱང་བའི་གྲངས་དང་། ཁུག་པའི་གྲངས་དང་། ཐ་མའི་གྲངས་མེད་ཀྱི་གྲངས་དང་གསུམ་མོ། །རྩིས་གཞུང་ཉིན་བྱེད་སྣང་བ་ལས། དགུ་པོ་རྐྱང་པའི་གྲངས་སུ་བརྗོད། །ཅེས་དང་། ལྔ་བཅུ་ཁུག་པའི་གྲངས་ཡིན་ཏེ། །གྲངས་མེད་པ་ནི་ཐ་མའོ། །ཞེས་བྱུང་།
གྲངས་ཉུང་མི་རིགས་མིང་ཚིགམི་རིགས་མང་པོ་ཡོད་པའི་རྒྱལ་ཁབ་ནང་གི་མི་གྲངས་མང་ཤོས་ཀྱི་མི་རིགས་ཕུད་པའི་མི་རིགས་གཞན་རྣམས་ལ་ཟེར།
གྲྭ་རིགས་མིང་ཚིགརབ་ཏུ་བྱུང་བའི་རིགས་སམ་གྲྭ་པའི་གྲས།
གྲུབ་རིགས་མིང་ཚིགགསང་སྔགས་ཟབ་མོའི་ཆོས་ཉམས་ལེན་བྱེད་ནུས་པའི་རྟགས་དང་མཚན་མ།
གླང་པོ་ཆེའི་རིགས་བཅུ་མིང་ཚིགའདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། གླང་པོ་ཆེ་ནག་པོ། གླང་པོ་ཆེ་དམར་སེར། གླང་པོ་ཆེ་དམར་སྐྱ། ཟངས་ཀྱི་གླང་པོ་ཆེ། གླང་པོ་ཆེ་སེར་སྐྱའི་རིགས། སྤོས་ཀྱི་གླང་པོའི་རིགས། གླང་པོ་ཆེ་བཀྲ་ཤིས་ཀྱི་རིགས། གླང་པོ་ཆེ་གསེར་གྱི་རིགས། གླང་པོ་ཆེ་གསོ་སྦྱོང་འཕགས་ཀྱི་རིགས། གླང་པོ་ཆེ་མཆེ་བ་དྲུག་ལྡན་གྱི་རིགས་སོ། །
གསང་ཆེན་རིགས་གཅིག་ཏུ་སྒྲུབ་པ་མིང་ཚིགསྔགས། མ་ཧཱ་ཡོ་ག རྙིང་མ། གསང་ཆེན་རིགས་གཅིག་ཏུ་སྒྲུབ་པ་ནི། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པའི་ཡ་གྱལ། མན་ངག་གི་སྐོར་ལ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་གསུམ་དུ་ཕྱེ་བའི་གཉིས་པ་ལའང་། ཞི་བ་དང་ཁྲོ་བོའི་སྒྲུབ་ཐབས་གཉིས་སུ་བཤད་པའི་དང་པོ། ཞི་བའི་སྒྲུབ་ལུགས་ལྔའི་ཡ་གྱལ་ཞིག་སྟེ། བཀའ་བརྒྱད་རྣམ་བཤད་ལས། ནང་སྒྲུབ་ཐབས་གསལ་བར་བྱེད་པའི་མན་ངག་ལ། ཞི་བ་དང་ཁྲོ་བོའི་སྒྲུབ་ཐབས་གཉིས་ལས། དང་པོ་ལ་སྒྲུབ་ལུགས་ལྔ་སྟེ། དམ་པ་རིགས་བརྒྱར་སྒྲུབ་པ། ཞི་བ་བཞི་བཅུ་རྩ་གཉིས་སུ་སྒྲུབ་པ། དེ་ཁོ་ན་ཉིད་རིགས་ལྔར་སྒྲུབ་པ། གསང་ཆེན་རིགས་གཅིག་ཏུ་སྒྲུབ་པ། ཞི་བ་ཕྱག་རྒྱ་རྐྱང་པའི་སྒྲུབ་པ་དང་ལྔའོ། །ཞེས་དང་། ཞི་བ་ཕྱག་རྒྱ་རྐྱང་པ་དང་། གསང་ཆེན་རིགས་གཅིག་ལའང་སྒྲུབ་ཐབས་ལྔ་སྟེ། གནད་ལྔ་བཅུ་རྩ་ལྔ་ལ་བརྟེན་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་གཏན་ལ་ཕབ་སྟེ་སྒྲུབ་པ་དང་། ཆོས་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་འདུས་པ་ལ་བརྟེན་ནས་ཡི་དམ་རྒྱུན་དུ་ནར་མར་སྒྲུབ་པ་དང་། ཕྲིན་ལས་ཁ་ཚར་ལ་བརྟེན་ནས་ཆོས་སྤྱོད་ལམ་རིམ་དུ་སྒྲུབ་པ་དང་། ཤེས་པ་དགུ་ལ་བརྟེན་ནས་གསང་སྔགས་གཞུང་ཚུལ་དུ་སྒྲུབ་པ་དང་། བསྐྱེད་རྫོགས་གཞུང་འབྲེལ་དུ་བརྟེན་ནས་རྒྱུན་གྱི་ཡི་དམ་ནར་མར་སྒྲུབ་པ། ཞེས་གསུངས།
གསང་འདུས་ལྟར་གྱི་དམ་པ་རིགས་བརྒྱ་མིང་ཚིགརྒྱལ་བའི་ཕུང་པོ་ལྔ། བདེ་གཤེགས་ཁམས་བཞི། ཡུམ་སྐྱེ་མཆེད་དྲུག།སེམས་དཔའ་ཡལ་ལྔ། རྡོ་རྗེ་མ་སྟེ་ཉི་ཤུ་པོ་རིགས་ལྔར་ཕྱེ་བས་བརྒྱའོ། །
གསང་སྔགས་མཐའ་དག་གི་རིགས་ཆེན་མིང་ཚིགསྔགས། རྣལ་འབྱོར་བླ་མེད་རྒྱུད། གཞན་སྟོང་དབུ་མ་བདེ་གཤེགས་སྙིང་བོའི་མཚན་གྱི་རྣམ་གྲངས་ཤིག་སྟེ། དོན་དམ་གྱི་མཚན་བརྗོད་ཀྱི་སྔགས་ཀྱི་རིགས་དྲུག་ལ་གཟིགས་པའི་སྐབས་སུ་གསུངས་པའི་མཚན་གྱི་རྣམ་གྲངས་བརྒྱད་གསུངས་པའི་ཡ་གྱལ་ཞིག་ཡིན་ལ། དེ་ཡང་སྟོང་གཞི་དོན་དམ་གཞན་སྟོང་ཉིད་དེའི་མཚན་གཞི་ཡིན་པར་ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱིས་རི་ཆོས་ངེས་དོན་རྒྱ་མཚོར་གསང་སྔགས་མཐའ་དག་གི་རིགས་ཆེན་མཁའ་ཁྱབ་དང༌། ཞེས་གསུངས།
ངན་སོང་སྦྱོང་བ་འགྲོ་བ་རིགས་དྲུག་གི་ཆོ་ག་མིང་ཚིགསློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་ངན་སོང་སྦྱོང་བ་འགྲོ་བ་རིགས་དྲུག་གི་ཆོ་ག རྒྱ་གར་གྱི་མཁན་པོ་སུ་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཆོས་ཚན་ ༡༤༤༨ པ་ནས་ ༡༤༨༥ པའི་བར་གྱི་ཆོས་ཚན་སོ་བརྒྱད་པོ་གཞུང་དངོས་ལ་མཛད་འགྱུར་ཡོད་མེད་ཅི་རིགས་འཁོད་ཀྱང་། བུ་སྟོན་དང་པེ་ཅིང་པར་མ་དང་། སྣར་ཐང་པར་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་དེ་དག་གི་མཛད་པ་པོ་“སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་། སྒྱུར་པ་པོ་པཎྜི་ཏ་སུ་བཛྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་གུ་རུ་བ་ཆོས་ཀྱི་ཤེས་རབ་”འཁོད། ཡང་དཀར་ཆག་དེ་དག་ཏུ་འདིའི་ལ་ལ་རྒྱ་གཞུང་ཡིན་མིན་ཐེ་ཚོམ་ཟ་བར་འདུག་ནའང་། བླ་མ་གོང་མ་རྣམས་རྒྱ་གཞུང་དུ་བཞེད་ཅིང་། སྔར་གྱི་རྣམས་ལའང་བྲིས་འདུག་པས་བཞུགས་སུ་བཅུག་པ་ཡིན། ཞེས་འཁོད། བསྟན་འགྱུར་རྒྱུད་ངུ་པར་བཞུགས།
ངེས་པའི་རིགས་མིང་ཚིགམདོ། ཕར་ཕྱིན། རང་གི་བྱང་ཆུབ་མངོན་དུ་མ་བྱས་བར་རྐྱེན་ལ་ལྟོས་ནས་ཐེག་པ་གཞན་གྱི་ཡོན་ཏན་དུ་བསྒྱུར་དུ་མི་རུང་བའི་རིགས་སུ་གནས་པའི་རིགས། དེ་ལ་དབྱེ་ན། ཉན་ཐོས་ཀྱི་རིགས། རང་རྒྱལ་གྱི་རིགས། ཐེག་ཆེན་གྱི་རིགས་དང་གསུམ་ཡོད། སོ་སོའི་ངོ་བོ་ནི། ཉན་ཐོས་ཀྱི་བྱང་ཆུབ་མངོན་དུ་མ་བྱས་བར་རྐྱེན་ལ་བལྟོས་ནས་ཐེག་ཆེན་གྱི་ཡོན་ཏན་དང་རང་རྒྱལ་གྱི་ཡོན་ཏན་གང་རུང་དུ་བསྒྱུར་དུ་མི་རུང་བའི་རིགས་སུ་གནས་པའི་ཉན་ཐོས་ཀྱི་རིགས་དེ། ཉན་ཐོས་ཀྱི་ངེས་པའི་རིགས་ཀྱི་མཚན་ཉིད་ཡིན། རང་རྒྱལ་གྱི་བྱང་ཆུབ་མངོན་དུ་མ་བྱས་པར་རྐྱེན་ལ་ལྟོས་ནས་ཐེག་ཆེན་གྱི་ཡོན་ཏན་དང་ཉན་ཐོས་ཀྱི་ཡོན་ཏན་གང་རུང་དུ་བསྒྱུར་དུ་མི་རུང་བའི་རིགས་སུ་གནས་པའི་རང་རྒྱལ་གྱི་རིགས་དེ། རང་རྒྱལ་གྱི་ངེས་པའི་རིགས་ཀྱི་མཚན་ཉིད། རྐྱེན་ལ་ལྟོས་ནས་ཐེག་དམན་གྱི་ཡོན་ཏན་དུ་བསྒྱུར་དུ་མི་རུང་བའི་རིགས་སུ་གནས་པ། ཐེག་ཆེན་གྱི་ངེས་པའི་རིགས་ཀྱི་མཚན་ཉིད་ཡིན་ཏེ། མདོ་སྡེ་རྒྱན་ལས། མ་ངེས་པའི་རིགས་ལ་རྐྱེན་གྱིས་འཕྲོག་པའི་རིགས་དང༌། ངེས་པའི་རིགས་ལ་རྐྱེན་གྱིས་མི་འཕྲོག་པའི་རིགས་ཞེས་ཐ་སྙད་མཛད་དོ། །
ངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པ་མིང་ཚིགངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པའི་མཚན་ཉིད། མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་གང་ཞིག འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་བདུན་བླངས་ནས་མྱང་འདས་མངོན་དུ་བྱེད་པར་ངེས་པའོ། །དེ་ཡང་ལྷའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ན་ལྷར་ལན་དྲུག། མིར་ལན་བདུན། མཐར་ལྷའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །མིའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ན་མིར་ལན་དྲུག། ལྷར་ལན་བདུན། མཐར་མིའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །
ངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པ་མིང་ཚིགམདོ་སྡེ་པའི་ལུགས་ལ་ངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པའི་མཚན་ཉིད། མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་གང་ཞིག། འདོད་པར་སྐྱེ་སྲིད་བདུན་བླངས་ནས་སྐྱེ་སྲིད་བདུན་པའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་ངེས་པའོ། །འདིའི་ལུགས་ལ་སྐྱེ་བ་ལེན་ཚུལ་ནི། ལྷའི་རྟེན་ཅན་དེས་དང་པོར་ལྷར་གསུམ། དེ་ནས་མིར་གསུམ། མཐར་ལྷའི་རྟེན་ལ་མྱ་ངན་ལས་འདའ། མིའི་རྟེན་ཡང་དེས་འགྲེའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྐྱེས་བུ་མཆོག་གི་གསལ་བྱེད་ལས་སོ། །
ངེས་མ་ངེས་ཀྱི་རིགས་རྣམ་པ་ལྔ་མིང་ཚིགའཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། ཉན་ཐོས་ཀྱི་རིགས། རང་སངས་རྒྱས་ཀྱི་རིགས། ཐེག་པ་ཆེན་པོའི་རིགས། རིགས་མ་ངེས་པ། རིགས་མེད་པའོ། །
ཅི་རིགས་པ་ཚབ་ཚིགམི་སུ་ཡང་རུང་བ་ཞིགཚོགས་པའི་ཚབ་མཚོན་ཅི་རིགས་པ་ཞིག་ཤོག་ལྟ་བུ།
ཅི་རིགས་པ་ཚབ་ཚིགདངོས་པོ་གང་ཡང་རུང་བ་ཞིགཅ་ལག་ཅི་རིགས་པ་ཞིག་ཉོས། དངོས་པོ་ཅི་རིགས་པ་ཞིག་ཁྱེར་ལྟ་བུ།
ཅོང་ཞི་རིགས་ལྔ་མིང་ཚིགཕོ་ཅོང་དང༌། མོ་ཅོང༌། བུ་ཅོང༌། བུ་མོ་ཅོང༌། མ་ནིང་ཅོང་ཞི་དང་ལྔ།
ཆགས་སེམས་ཀྱིས་བཅིངས་པར་རིགས་བཞི་མིང་ཚིགདགེ་སྦྱོང་བརྩོན་འགྲུས་རྩོམ་པ། ཆོམ་རྐུན་པའི་ངག་རྒོད། སྐྱེས་པ་བུད་མེད་ལ་ཆགས་སེམས་ཀྱིས་བཅིངས་པ། བུད་མེད་སྐྱེས་པ་ལ་ཆགས་སེམས་ཀྱིས་བཅིངས་པའོ། །
ཆང་རིགས་བཞི་མིང་ཚིགམངོན་བརྗོད་རྣ་རྒྱན་ལས་བསྟན་པའི་ཆང་རིགས་ཏེ། ཤིན་པའི་ཆང་ནི་ཤིང་ཤུན་ཆུ། །སྡོང་བུ་ལྡན་པ་སྡོང་བུའི་བཅུད། །བུར་ཆང་བུ་རམ་ལས་བྱུང་བ། །སྦྲང་ཆང་སྦྲང་རྩི་ལས་བྱུང་བ།
ཆུ་ཚན་རིགས་ལྔ་མིང་ཚིགརྡོ་སོལ་དང་ཅོང་ཞི་འདྲེས་ཆུ་དང༌། རྡོ་སོལ་དང་མུ་ཟི་འདྲེས་ཆུ། རྡོ་སོལ་དང་བྲག་ཞུན་འདྲེས་ཆུ། རྡོ་སོལ་དང་ཅོང་ཞི་མུ་ཟི་བྲག་ཞུན་གསུམ་འདྲེས་ཆུ། རྡོ་སོལ་དང་ཅོང་ཞི་མུ་ཟི་བྲག་ཞུན་ལྡོང་རོས་བཞི་འདྲེས་ཆུ་བཅས་ལྔ་ཡིན།
ཆུ་རིགས་བདུན་མིང་ཚིགབཏུང་ཆུ་རིགས་མི་འདྲ་བ་བདུན་ཏེ། ཆར་ཆུ། གངས་ཆུ། ཀླུང་ཆུ། ཆུ་མིག་གི་ཆུ། ཁྲོན་པའི་ཆུ། བ་ཚྭ་ཅན་གྱི་ཆུ། ཤིང་གི་ཆུ་བཅས་ཡིན།
ཆུ་ལོའི་རིགས་མིང་ཚིགཆུ་རྩའི་ལོ་མ་ཞེས་ཐ་མག་གི་ཚབ་ཏུ་གཏོང་སྲོལ་ཡོད་པ་དེ་རིགས་ཤིག
ཆོ་རིགས་མིང་ཚིགཕའི་ཕྱོགས་ཀྱི་ཁྱིམ་རྒྱུད་ཀྱི་གཉེན་ཚན།
ཆོས་ཉིད་ཀྱི་རིགས་པ་མིང་ཚིགརིགས་པ་བཞིའི་ཡ་གྱལ་ཞིག་སྟེ། ཆུ་ཐུར་དུ་འབབ་པ་དང་མེ་གྱེན་དུ་འབར་བ་ལྟ་བུ་ཆོས་ཉིད་ཀྱིས་གྲུབ་པའི་བདེན་དོན་སྟོན་བྱེད་ཀྱི་རིག་པ།
ཆོས་འཛིན་རིགས་ཀྱི་གྲུབ་གནས་མིང་ཚིགརི་བོ་མ་ལ་ཡའི་རྩེ་མོར་གསང་བདག་ཕྱག་ན་རྡོ་རྗེས་དམ་པའི་རིགས་ཅན་ལྔ་ལ་མདོ་དགོངས་པ་འདུས་པ་སོགས་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་གསུང་སའི་གནས་ཁྱད་པར་བ་སྟེ། གསང་སྔགས་ཀྱི་ཆོས་འཛིན་ཞིང་རིགས་ཀྱི་གྲུབ་པ་བརྙེས་པའི་ཆོས་ཀྱི་གནས་དམ་པ་ཡིན་པས་མིང་དེ་ལྟར་གྲགས། བདེ་མཆོག་རྡོ་རྗེའི་མདོ་འགྲེལ་གྱིས་ཟ་ཧོར་གྱི་ཡུལ་དང་ཉེ་བར་བསྟན་ཅིང་། མདོ་དགོངས་པ་འདུས་པའི་ལེའུ་ལྔ་པར། མི་ཡི་གནས་ཀྱི་འཇིག་རྟེན་ཁམས། །གླིང་བཞི་པ་ལས་འཛམ་གླིང་གི ། དྲག་ཤུལ་ཅན་ཞེས་བྱ་བའི་རི། །གནོད་སྦྱིན་འདུ་བའི་ས་ཡིན་ཏེ། །ཆོས་འཛིན་རིགས་ཀྱི་གྲུབ་གནས་སུ། །ཐུགས་རྗེའི་ས་ལ་མངོན་སྤྲུལ་གཤེགས། །ཞེས་པ་ལྟར། མདོ་དགོངས་པ་འདུས་པའི་ལུང་བསྟན་བརྒྱུད་པའི་གླེང་གཞིའི་སྐབས་ཀྱི་གནས་ཕུན་ཚོགས་སུ་གསུངས།
ཆོས་རྣམ་པ་ལྔ་ལྡན་པའི་དགེ་སློང་ནི་དགེ་བསྙེན་མ་རྣམས་ཀྱིས་མ་དད་པར་ཚོར་བར་བྱ་བར་རིགས་པ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ཁྱིམ་པ་རྣམས་ལ་ཁ་ཟེར་བ། ཁྱིམ་པ་རྣམས་ལ་མི་སྙན་པར་སྨྲ་བ། ཁྱིམ་པ་རྣམས་ཀྱི་སྐྱོན་ནས་བརྗོད་པ། ཁྱིམ་པ་རྣམས་ལ་དོན་མ་ཡིན་པ། མི་ཕན་པའི་རྙེད་པ་ལ་ཞུགས་པའོ། །
ཆོས་སྨྲ་བའི་རིགས་པ་བཞི་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། ལྟོས་པའི་རིགས་པ། བྱ་བ་བྱེད་པའི་རིགས་པ། གཏན་ཚིགས་ཀྱིས་བསྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པའོ། །
ཉ་ཀྱཱ་ཞབས་དྲུང་ལུང་རིགས་ནོར་བུ་རྒྱ་མཚོ་མིང་ཚིགསྐུ་འབུམ་མཆོད་གཞིས་ཅི་ཀྱཱ་སྟག་མཚེར་སྡེ་བར་འཁྲུངས། འཁྲུངས་ལོ་གསལ། ཉ་ཀྱཱ་ལྷ་རམས་པ་སློབ་དཔོན་དུ་བསྟེན། དཔལ་ལྡན་བཤད་སྒྲུབ་གླིང་དང་། དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཆོས་ཞུགས། མདོ་སྔགས་དགོངས་འགྲེལ་དང་བཅས་པར་བྱན་ཆུད་པར་སྦྱངས། བླ་མ་དབུ་མཛད་དང་། དུས་འཁོར་དཔོན་སློབ་ཀྱི་ཁྲིར་བཞུགས། རབ་བྱུང་བཅུ་བཞི་པའི་ཆུ་ཕག་ཕྱི་ལོ་ ༡༨༦༣ ལོར་རྒྱུད་པའི་མཁན་ཁྲིར་བཞུགས། འཆད་ཉན་གྱི་འགན་ཁུར། ཁྲི་ཟུར་ནས་སྨད་ཕྱོགས་ཨོར་ཏུ་སུ་ཕྱོགས་སུ་ཕེབས། སྐུ་འབུམ་འདི་ཁང་དུ་རྗེ་བཙུན་བྱམས་པའི་ཤིང་སྐུ་ཁྲི་རྒྱབ་ཡོལ་དྲུག་འགྱོག་ཅན་དང་། ཟི་ནའི་མགོན་ཁང་དུ་གསེར་ཟངས་གྲུབ་པའི་རྗེ་བླ་མའི་སྐུ་ཆེ་བ་བཅས་སྤྱི་འཇོག་མཛད། བྱམས་པའི་ཤིང་སྐུ་རྒྱུད་པ་གྲྭ་ཚང་ལ་རྟེན་སྐལ་དུ་གནང། འདས་ལོ་མི་གསལ། དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་དགུ་པ་དང་། རྒྱུད་པའི་མཁན་ཁྲི་ང་ལྔ་བ་ཡིན།
ཉན་ཐོས་ཀྱི་རིགས་མིང་ཚིགམདོ། ཉན་ཐོས་ཀྱི་བྱང་ཆུབ་ཏུ་འགྱུར་རུང་གི་རིགས་དང༌། ཉན་ཐོས་དགྲ་བཅོམ་དུ་འགྱུར་རུང་གང་རུང་གིས་བསྡུས་པའི་རིགས།
ཉན་ཐོས་ཀྱི་རིགས་ཅན་མིང་ཚིགརིགས་ཅན་གསུམ་གྱི་ནང་གསེས། ཉན་ཐོས་ཀྱི་རིགས་སད་པའི་གང་ཟག
ཉན་ཐོས་ཀྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་མིང་ཚིགམདོ། ཕར་ཕྱིན། ཉན་ཐོས་སློབ་པའི་རྒྱུད་ཀྱི་རང་བཞིན་གནས་རིགས་གང་ཞིག ། ཉན་ཐོས་ཀྱི་སྒྲུབ་པའི་དངོས་ཀྱི་རྟེན་གཞི་བྱེད་པ། ཉན་ཐོས་ཀྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཀྱི་མཚན་ཉིད། འདིའི་ས་མཚམས། ཉན་ཐོས་ཀྱི་ཚོགས་ལམ་ནས་ཉན་ཐོས་ཀྱི་སྒོམ་ལམ་སྐད་ཅིག་ཐ་མའི་བར་ན་ཡོད།
ཉན་ཐོས་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་མིང་ཚིགམདོ། ཕར་ཕྱིན། ཉན་ཐོས་སློབ་པའི་རྒྱུད་ཀྱི་རང་བཞིན་གནས་རིགས་གང་ཞིག ། ཉན་ཐོས་ཀྱི་སྒྲུབ་པའི་དངོས་ཀྱི་རྟེན་གཞི་བྱེད་པ། ཉན་ཐོས་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཀྱི་མཚན་ཉིད། འདིའི་ས་མཚམས། ཉན་ཐོས་ཀྱི་ཚོགས་ལམ་ནས་ཉན་ཐོས་ཀྱི་སྒོམ་ལམ་སྐད་ཅིག་ཐ་མའི་བར་ན་ཡོད།
ཉན་ཐོས་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་མིང་ཚིགརང་གི་སྟོང་གཞི་ཆོས་ཅན་དུ་གྱུར་པའི་ཉན་ཐོས་ཀྱི་སྒྲུབ་པ་དང་ལྡན་པའི་ཆོས་ཉིད་གང་ཞིག ངོ་བོ་ཉིད་སྐུར་འགྱུར་རུང་།
ཉན་ན་རིགས་པ་དྲུག་གི་གདམས་ངག་མིང་ཚིགཅུང་ཟད་བྱ་བ་ཆག་པའི་སྡུག་བསྔལ་ལྟོས། །དགེ་སྦྱོར་ཆག་ལ་སྡུག་བསྔལ་བྱ་བར་རིགས། །དངོས་པོའི་བདེ་འགྱུར་ཆགས་པའི་སྡུག་བསྔལ་ལྟོས། །ཉམས་མྱོང་འཕེལ་ཆག་སྡུག་བསྔལ་བྱ་བ་རིགས། །ཞག་གཅིག་ཟས་སྐོམ་ཆག་པའི་སྡུག་བསྔལ་ལྟོས། །ཐུན་བཞིའི་དགེ་སྦྱོར་ཆག་ལ་སྡུག་བསྔལ་རིགས། །ཚེ་འདིའི་དགྲ་མགོ་མ་ཐུལ་སྡུག་བསྔལ་ལྟོས། །ཉོན་མོངས་དགྲ་མགོ་ཤོར་ལ་སྡུག་བསྔལ་རིགས། །འཁྲུལ་བའི་བཟའ་ཚོ་ཤི་བའི་སྡུག་བསྔལ་ལྟོས། །གཏན་གྲོགས་ཆོས་དང་བྲལ་ལ་སྡུག་བསྔལ་རིགས། །བྱ་བྱེད་ཅུང་ཟད་ཆག་པའི་སྡུག་བསྔལ་ལྟོས། །དལ་འབྱོར་ཆོས་སྤྱོད་ཆག་ལ་སྡུག་བསྔལ་རིགས། །རིགས་པའི་དོན་ལ་བསམས་ན་ཤིན་ཏུ་དགེ ། ཞེས་སོ། །
ཉན་རང་གི་ཉམས་ལེན་གྱི་རིགས་ཐེག་ཆེན་གྱི་ལམ་གྱི་མཚམས་གང་ནས་རྫོགས་པ་མིང་ཚིགམདོ། ཕར་ཕྱིན། དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་གྱི་སྡུག་བསྔལ་ཆོས་བཟོད་ནས་ཉན་རང་གི་ཉམས་ལེན་གྱི་རིགས་རྫོགས་པ་ཡིན།
ཉི་མའི་རིགས་མིང་ཚིགསངས་རྒྱས་ཤཱཀྱ་ཐུབ་པའི་རིགས་རུས་སམ་སྐུ་རྒྱུད་དེ། ཉི་མའི་རིགས་རྒྱུད་ཡིན་པས་ནའོ། །
ཉི་མའི་རིགས་འཁྲུངས་མིང་ཚིགསངས་རྒྱས་ཤཱཀྱ་ཐུབ་པ་སྟེ། ཁོང་གི་གདུང་རུས་ཀྱི་རྒྱུད་པའི་ཆ་ནས་མཚན་དུ་ཆགས་པ་ཡིན།
ཉི་མའི་རིགས་སྐྱེས་མིང་ཚིགགཟའ་ཕུར་བུའི་མངོན་བརྗོད་དུ་བཤད།
ཉེ་བར་མཁོ་བའི་རྫས་སྣ་ཚོགས་ཀྱི་སྦྱར་ཐབས་ལག་ལེན་ཅི་རིགས་བསྟན་པ་ཤེལ་གྱི་ཕྲེང་བ་མིང་ཚིགཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་རྫས་སྣ་སྦྱར་ཐབས་ལག་ལེན་ཤེལ་གྱི་ཕྲེང་བ་དང་དོན་གཅིག་པ་ཡིན།
ཉེ་རིགས་མིང་ཚིགབར་ཐག་ཉེ་བའི་རིགས་སུ་གཏོགས་པའི་དོན།
ཉེ་རིགས་མིང་ཚིགཉེ་དུ་གཉེན་འབྲེལ་གྱི་ཕྱོགས་སམ་གྲས་ཀྱི་དོན།
ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་མིང་ཚིགམཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ།
ཐ་སྙད་དཔྱོད་བྱེད་ཀྱི་རིགས་པའི་དགག་བྱ་མིང་ཚིགམདོ། ཐལ་འགྱུར་པ། ཐ་སྙད་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གི་དགག་བྱ་སྟེ།བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་ལ། སྒྲ་རྟག་པ་ལྟ་བུ། (སྐབས་འདིའི་ཐ་སྙད་ནི་ཐ་སྙད་བདེན་པའམ་ཀུན་རྫོབ་བདེན་པ་ལ་གོ་དགོས། ) དོན་གཅིག་ལ། ཐ་སྙད་དཔྱོད་བྱེད་ཀྱི་རྟགས་ཡང་དག་གི་དགག་བྱ། ཀུན་རྫོབ་དཔྱོད་བྱེད་ཀྱི་རྟགས་ཡང་དག་གི་དགག་བྱ། ཐ་སྙད་དཔྱོད་བྱེད་ཀྱི་རིགས་པའི་དགག་བྱ་རྣམས་སོ། །
ཐམས་ཅད་མཁྱེན་པའི་སེམས་ཀྱི་རིགས་པ་གང་གིས་རིགས་པ་མ་ཡིན་པར་མི་ལྟུང་བའི་རིགས་པ་ལྔ་མིང་ཚིགའཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས་བྱུང་བ་སྟེ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པའི་རིགས་པ། རྟེན་ཅིང་འབྲེལ་བར་འབྱུང་བ་དང་མི་འགལ་བའི་རིགས་པ། དུས་དང་དུས་མ་ཡིན་པ་ལ་སོ་སོར་རྟོག་པའི་རིགས་པ། ཡང་དག་པར་སྦྱོར་བའི་རིགས་པ། དགེ་བའི་ཆོས་ཐམས་ཅད་སྒྲུབ་པའི་རིགས་པའོ། །
ཐམས་ཅད་ལ་ཆོས་ཉིད་ཀྱི་རྒྱུ་ཡོད་པ་དང་རིགས་རྒྱུད་ཆད་པ་དང་རིགས་བརྒྱད་སོ་སོར་དབྱེ་བའི་མདོར་བཤད་པའི་ལེའུ་མིང་ཚིགབཀའ་འགྱུར་རྙིང་རྒྱུད་ཁ་པར་བཞུགས།
ཐེག་ཆེན་གྱི་རིགས་མིང་ཚིགམདོ། ཐེག་ཆེན། སྙིང་རྗེ་པོ་སོགས་ཐེག་པ་ཆེན་པོའི་རྒྱ་ཆེ་བའི་ཆོས་ལ་མོས་པ་བརྟན་པ།
ཐེག་ཆེན་གྱི་རིགས་མིང་ཚིགཐེག་ཆེན་གྱི་རིགས་ཅན་གྱི་སྐྱེས་བུའི་རྒྱུད་ཀྱི་བསྡུས་པའི་སྒོ་ནས་ཐེག་ཆེན་གྱི་བྱང་ཆུབ་ཏུ་འགྱུར་རུང་གི་རིགས།
ཐེག་ཆེན་གྱི་རིགས་ཅན་མིང་ཚིགརིགས་ཅན་གསུམ་གྱི་ཡ་གྱལ་ཞིག་སྟེ། གནས་ལུགས་ཟབ་མོའི་དོན་ལ་མི་སྐྲག་ཅིང༌། སྙིང་རྗེ་ཆེན་པོས་གཞན་དོན་ལྷུར་ལེན་པར་སྤྲོ་བའི་རིགས་ཅན།
ཐེག་ཆེན་གྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་མིང་ཚིགམདོ། ཕར་ཕྱིན། ཐེག་ཆེན་སློབ་པའི་རྒྱུད་ཀྱིས་བསྡུས་པའི་རང་བཞིན་གནས་རིགས་གང་ཞིག ། ཐེག་ཆེན་གྱི་སྒྲུབ་པའི་རྟེན་གཞི་བྱེད་པ། ཐེག་ཆེན་གྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཀྱི་མཚན་ཉིད། འདིའི་ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད།
ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་མིང་ཚིགབཀྲས་ལྷུན་ཤར་རྩེའི་ཡིག་ཆར། རང་གི་སྟོང་གཞི་ཆོས་ཅན་དུ་གྱུར་པའི་ཐེག་ཆེན་སྒྲུབ་པ་དང་ལྡན་པའི་ཆོས་ཉིད་གང་ཞིག ངོ་བོ་ཉིད་སྐུར་འགྱུར་རུང་།
ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་མིང་ཚིགམདོ། ཕར་ཕྱིན། བཀྲས་ལྷུན་ཐོས་གླིང་ཡིག་ཆར། ཐེག་ཆེན་སློབ་པའི་རྒྱུད་ཀྱིས་བསྡུས་པའི་རང་བཞིན་གནས་རིགས་གང་ཞིག ཐེག་ཆེན་གྱི་སྒྲུབ་པའི་རྟེན་གཞི་བྱེད་པ། འདིའི་ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད། བྱང་སེམས་ཀྱི་སྦྱོར་ལམ་ཐོབ་ཟིན་པའི་སེམས་དཔའི་རྒྱུད་ཀྱི་ཆོས་ཀྱི་དབྱིངས་གང་ཞིག ། ཐེག་ཆེན་གྱི་སྒྲུབ་པའི་རྟེན་གཞི་བྱེད་པ་དེ། འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཀྱི་མཚན་ཉིད། དབྱེ་ན། ཐེག་ཆེན་གྱི་རྟོགས་པའི་ཆོས་དྲུག ། གཉེན་པོའི་སྒྲུབ་པ། སྤོང་བའི་སྒྲུབ་པ། དེ་དག་ཡོངས་སུ་གཏུགས་པའི་སྒྲུབ་པ། ཤེས་རབ་སྙིང་རྗེར་བཅས་པའི་སྒྲུབ་པ། སློབ་མ་ཉན་རང་སོགས་དང་ཐུན་མོངས་མ་ཡིན་པའི་སྒྲུབ་པ། གཞན་དོན་གོ་རིམས་སུ་བྱེད་པའི་སྒྲུབ་པ། ཡེ་ཤེས་རྩོལ་པ་མི་མངའ་བར་འཇུག་པའི་རྟེན་རང་བཞིན་གནས་རིགས་རྣམས་ཏེ་བཅུ་གསུམ་ཡོད་པའི་ཕྱིར། འདིའི་མཚམས། བྱང་སེམས་ཀྱི་སྦྱོར་ལམ་དྲོད་ནས་འཇོག་གོ །
ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་མིང་ཚིགབཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ངོ་བོ་ཉིད་སྐུར་འགྱུར་རུང་གི་ཆོས་ཉིད་ཀྱང་ཡིན། ཐེག་ཆེན་སྒྲུབ་པའི་དངོས་ཀྱི་རྟེན་གཞི་བྱེད་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཀྱི་མཚན་ཉིད། དེ་དང་བྱང་སེམས་ཀྱི་རྒྱུད་ཀྱི་ངོ་བོ་ཉིད་སྐུར་འགྱུར་རུང་གི་ཆོས་ཉིད་དོན་གཅིག དབྱེ་ན་སྐབས་འདིར་དངོས་སུ་བསྟན་པ་བཅུ་གསུམ། སྤྱིར་རང་བཞིན་གནས་རིགས་ལ་བཅུ་གསུམ་པོ་དེའི་སྟེང་དུ་ཐེག་ཆེན་གྱི་ཚོགས་ལམ་གྱི་རྟེན་དུ་གྱུར་པའི་རང་བཞིན་གནས་རིགས་དང་བཅུ་བཞིར་ཡོད་ཅིང། སྒྲུབ་པ་བཅུ་གསུམ་ཡང་ཡོད་དེ། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་བཞི་དང། མཐོང་སྒོམ་གྱི་ལམ་གཉིས་ཏེ་རྟོགས་པའི་ཆོས་དྲུག། གཉེན་པོའི་སྒྲུབ་པ། སྤོང་བའི་སྒྲུབ་པ། དེ་དག་ཡོངས་སུ་གཏུགས་པའི་སྒྲུབ་པ། ཤེས་རབ་སྙིང་བརྩེར་བཅས་པའི་སྒྲུབ་པ། སློབ་མ་ཐུན་མོང་མིན་པའི་སྒྲུབ་པ། གཞན་དོན་གོ་རིམ་དུ་བྱེད་པའི་སྒྲུབ་པ་དང་། ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་སྒྲུབ་པ་རྣམས་སུ་ཡོད་པའི་ཕྱིར། རྟོག་པ་ཡི་ནི་ཆོས་དྲུག་དང། །གཉེན་པོ་དང་ནི་སྤོང་བ་དང། །དེ་དག་ཡོངས་སུ་གཏུགས་པ་དང། །ཤེས་རབ་སྙིང་རྩེར་བཅས་པ་དང། །སློབ་མ་ཐུན་མོང་མིན་ཉིད་དང། །གཞན་གྱི་དོན་གྱི་གོ་རིམ་དང། །ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཞེས་བྱ། །ཞེས་གསུངས་པའི་ཕྱིར།
ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་མིང་ཚིགཐེག་ཆེན་སྒྲུབ་པའི་རྟེན་གཞི་བྱེད་པའི་བྱང་སེམས་ཀྱི་ཤེས་པའི་ཆོས་ཉིད་ཞིག་ལ་བྱའོ། །མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། རང་གི་རྟེན་ཆོས་སུ་གྱུར་པའི་བྱང་སེམས་ཀྱི་ཤེས་པའི་ཆོས་ཉིད་གང་ཞིག ཐེག་ཆེན་སྒྲུབ་པའི་རྟེན་གཞི་བྱེད་པ་དེ་དེའི་འཇོག་བྱེད། དབྱེ་བ་ནི། པཎ་ཆེན་ཕར་ཕྱིིན་རྩ་ཊཱིཀ་ལས། འདིར་བཤད་པའི་ཐེག་ཆེན་སྒྲུབ་པའི་རྟེན་རིགས་དེ་ལ་བཅུ་གསུམ་དུ་ཡོད་དེ། རྟོགས་པ་ཡི་ནི་ཆོས་དྲུག་གི་སྒྲུབ་པ། གཉེན་པོའི་སྒྲུབ་པ། སྤོང་བའི་སྒྲུབ་པ། སྤང་བྱ་དེ་དག་ཡོངས་སུ་གཏུགས་པའི་རྣམ་གྲོལ་ལམ་གྱི་སྒྲུབ་པ། ཤེས་རབ་སྙིང་བརྩེར་བཅས་པའི་སྒྲུབ་པ། སློབ་མ་ཉན་ཐོས་སོགས་དང་ཐུན་མོང་མ་ཡིན་པའི་སྒྲུབ་པ། གཞན་དོན་གོ་རིམ་གྱི་སྒྲུབ་པ། ཤེས་བྱ་ཇི་ལྟ་ཇི་སྙེད་གཉིས་ལ་ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་སྒྲུབ་པ་སྟེ་བཅུ་གསུམ་དུ་ཡོད་པའི་ཕྱིར། ཞེས་གསུངས།
ཐེག་པ་ཆེན་པོའི་རིགས་ཀྱི་མཚན་ཉིད་རྣམ་པ་བཞི་མིང་ཚིགམདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས་བྱུང་བ་སྟེ། རང་བཞིན་ལ་གནས་པ། ཡང་དག་པར་བསྒྲུབས་པ། གནས་ཀྱི་རང་བཞིན། གནས་པའི་རང་བཞིན་ནོ། །
ཐེག་པ་ཆེན་པོའི་རིགས་ཅན་གྱི་འཁྲིད་ལུགས་གསུམ་མིང་ཚིགམདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་གཉིས་པ་ཆོས་འཆད་ཉན་ལས་བྱུང་བ་སྟེ། བྱ་ཁྱུང་ལྟར་ཡས་འབུབས་སུ་རྩོལ་བ་མེད་པའི་ལམ། སྤྲེའུ་ལྟར་མས་འཛེག་པ་མཚན་བཅས་རིམ་པའི་ལམ། བློ་ཚོད་གསེབ་ལམ་ནས་འཁྲིད་པའོ། །
ཐོད་སྐམ་རིགས་རྒྱན་མིང་ཚིགཐོད་པ་སྐམ་པོ་མང་པོ་སྟར་ནས་བཟོས་པའི་དབུ་རྒྱན་གྱི་མིང་།
དཀའ་བཞི་རིགས་པའི་སེང་གེ་མིང་ཚིགརབ་བྱུང་ལྔ་པའི་མེ་ཕག་ཕྱི་ལོ་ ༡༢༨༧ ལོར་མི་ཉག་རབ་སྒང་གི་སྦས་ཡུལ་དོ་ནང་ཕུག་སྦས་རྨུག་ཆར་ཡབ་སྒང་རིང་དང་། ཡུམ་རྩོམ་ཟ་དགེ་སྨོན་གཉིས་ཀྱི་སྲས་སུ་འཁྲུངས། དབྱར་ཁར་སྦྲུལ་གྱིས་ཞབས་ལ་བཟུང་བས་ལོང་བུ་མན་ཆད་ནས་ཤིང་གི་རྐང་མཐིལ་བཏགས་སྟབས་ཕྱིས་སུ་སྟོན་པ་ཤིང་རྐང་ཅན་དུ་གྲགས། ཡི་གེའི་འབྲི་ཀློག་བསླབས། མཁས་པར་གྱུར། གསེར་འབུམ་ལ་སོགས་ཕྱག་བྲིས་མཛད། དབུས་གཙང་དུ་ཕེབས། སློབ་དཔོན་བྱང་དཔལ་གྱི་དྲུང་ནས་ཚད་མ་རྣམ་འགྲེལ་སྦྱངས། ས་སྐྱར་ཕེབས། སློབ་དཔོན་བྱམས་པ་མགོན་ལས་ཚད་མ་རིགས་གཏེར་སྦྱངས། དཀའ་བཞི་པའི་མཚན་བཏགས་བླངས། ཐར་ལོའི་དྲུང་ནས་སྦྱོར་དྲུག་དང་། འདུལ་བ། མངོན་པ་མཛོད་བཅས་གསན་ནས་བསྙེན་པར་རྫོགས། ཞེ་ལྔ་པར་རང་ཡུལ་དུ་ཕེབས། ཚད་མ་རིགས་གཏེར་དང་། རྣམ་འགྲེལ། བསྡུས་གྲྭ ཤེར་ཕྱིན། སྤྱོད་འཇུག་སོགས་འཆད་མཉན་གྱི་འགོ་བཙུགས། བསོད་སྙོམས་སྐབས་ལས་སློབ་ཁྲིད་མཛད། རབ་བྱུང་དྲུག་པའི་ཤིང་ཡོས་ཕྱི་ལོ་ ༡༣༧༥ ལོར་སྐུ་གཤེགས། བཀའ་པོད་ལྔ་ལ་མཁས་པའི་སློབ་མ་ལྔ་བཅུ་དང་། སྤྱོད་འཇུག་དང་འདུལ་བར་མཁས་པའི་བཙུན་མ་ཤིན་ཏུ་མང་། མི་ཉག་མཁས་དབང་མི་ལྔའི་ནང་གི་གཅིག་ཡིན།
དཀར་རིགས་མིང་ཚིགམར་ཕྱུར་འོ་ཞོ་སོགས་ཤ་ཁྲག་དང་མ་འདྲེས་པའི་ཟས་རིགས།
དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་དཀྱིལ་འཁོར་རིགས་བཞི་བཅུ་རྩ་གཉིས་མིང་ཚིག༡ གསང་འདུས་འཇམ་དཔལ་རྡོ་རྗེ་ལྷ་དགུ། ༢ གསང་འདུས་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས། ༣ རྣམ་སྣང་འཇམ་པའི་རྡོ་རྗེ་ལྷ་ཞེ་གསུམ། ༤ གཤིན་རྗེ་གཤེད་དགྲ་ནག་ལྷ་བཅུ་གསུམ། ༥ སྙིང་པོ་ཀྱཻ་རྡོ་རྗེ་ལྷ་དགུ། ༦ ཐུགས་ཀྱཻ་རྡོ་རྗེ་ལྷ་དགུ། ༧ གསུང་ཀྱཻ་རྡོ་རྗེ་ལྷ་དགུ། ༨ སྐུ་ཀྱཻ་རྡོ་རྗེ་ལྷ་དགུ། ༩ མཁའ་འགྲོ་རིགས་བསྡུས་ལྷ་ང་གསུམ། ༡༠ བདག་མེད་ལྷ་མོ་ལྷ་ཉེར་གསུམ། ༡༡ བདག་མེད་ལྷ་མོ་བཅོ་ལྔ། ༡༢ ཀུ་རུ་ཀུ་ལེ་ལྷ་བཅོ་ལྔ་མ། ༡༣ སྒྲོལ་མ་ལྷ་བཅུ་གཅིག་མ། ༡༤ སྙིང་པོ་ཀྱཻ་རྡོ་རྗེ་ལྷ་བཅུ་བདུན། ༡༥ ཐུགས་ཀྱཻ་རྡོ་རྗེ་ལྷ་བཅུ་བདུན་མ། ༡༦ བདེ་མཆོག་རྡོ་རྗེ་སེམས་དཔའ་ཞི་བ་ལྷ་སོ་བདུན། ༡༧ སྐུ་ཀྱཻ་རྡོ་རྗེ་ལྷ་བཅུ་བདུན། ༡༨ བདེ་མཆོག་རྡོ་རྗེ་སེམས་དཔའ་ཞི་བ་སོ་བདུན། ༡༩ འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས། ༢༠ འཁོར་ལོ་སྡོམ་པ་ཞལ་གཅིག་ཕྱག་གཉིས་པ་ལྷ་དྲུག་ཅུ་རྩ་གཉིས། ༢༡ འཁོར་ལོ་སྡོམ་པ་སེར་པོ་ཞལ་གཅིག་ཕྱག་གཉིས་པ་ལྷ་དྲུག་ཅུ་རྩ་གཉིས་པ། ༢༢ ཕག་མོ་དམར་མོ་ལྷ་སོ་བདུན། ༢༣ ཕག་མོ་སྔོན་མོ་ལྷ་སོ་བདུན། ༢༤ ཕག་མོ་སེར་མོ་ལྷ་སོ་བདུན། ༢༥ ཧཱུཾ་མཛད་ལྷ་བཅུ་གཅིག་པ། ༢༦ བདེ་མཆོག་འཁོར་ལོ་སྒྱུར་དྲུག ༢༧ རྡོ་རྗེ་བདུད་རྩི་ལྷ་ཉེར་གཅིག ༢༨ རྡོ་རྗེ་ཧཱུཾ་མཛད་ལྷ་ཉེར་དགུ། ༢༩ རྡོ་རྗེ་ཁྲག་འཐུང་ལྷ་ཉེར་གཅིག ༣༠ བདུད་རྩི་འཁྱིལ་བ་ལྷ་བཅུ་གསུམ། ༣༡ སངས་རྒྱས་ཐོད་པ་ལྷ་ཉེར་ལྔ། ༣༢ སངས་རྒྱས་ཐོད་པ་ལྷ་དགུ། ༣༣ སྒྱུ་མ་ཆེན་མོ་ལྷ་ལྔ། ༣༤ རྣལ་འབྱོར་ནམ་མཁའ་ལྷ་ང་བརྒྱད། ༣༥ ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ། ༣༦ དུས་ཀྱི་འཁོར་ལོ་ལྷ་དྲུག་བརྒྱ་སོ་བཞི། ༣༧ རྡོར་དབྱིངས་ལྷ་ང་གསུམ། ༣༨ གཙུག་དགུ་ལྷ་སོ་བདུན། ༣༩ ཆོས་དབྱིངས་གསུང་དབང་ལྷ་ཉིས་བརྒྱ་དང་ཉེར་གཅིག ༤༠ ཕྱག་རྡོར་འབྱུང་པོ་འདུལ་བྱེད་ལྷ་སོ་གསུམ། ༤༡ འོད་ཟེར་ཅན་མ་ལྷ་ལྔ། ༤༢ གྲ་ལྔ་ལྷ་བཅུ་གསུམ་བཅས་སོ། །
དགག་ལྡོག་རིགས་གཅིག་པ་མིང་ཚིགལྡོག་པ་རིགས་གཅིག་པའི་ནང་གསེས། དགག་པར་གྱུར་པའི་ལྡོག་པ་རིགས་གཅིག་པ་ནི། དགག་བྱ་བཀག་ཙམ་གྱི་ཆ་མེད་དགག་རིགས་གཅིག་པ་གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་ལྟ་བུ་བདག་དགག་པའི་ལྡོག་པ་རིགས་མཚུངས་པའོ། །
དགེ་འདུན་འདུ་འཁོར་རིགས་བྱེད་མའི་སྔགས་ལ་སྦྱར་བ་མིང་ཚིགཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་དགེ་འདུན་འདུ་འཁོར་དང་དོན་གཅིག་ཡིན།
དགེ་སྦྱོང་དང་རིགས་ཀྱི་བུ་སོགས་གཙོ་བོར་འཛིན་པ་ཐོབ་པའི་ཆོས་ལྔ་མིང་ཚིགའཕགས་པ་སྤོབས་པའི་བློ་གྲོས་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། བདག་ཉིད་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་གཞན་དག་ཀྱང་གསུམ་ལ་སྐྱབས་སུ་འགྲོ་བ་སྒྲུབ་པ་ལ་རྣམ་པར་འཇོག་པར་བྱེད་པ། རྣམ་པ་ཐམས་ཅད་ཀུན་ཏུ་རྫོགས་ཤིང་རྒྱས་ལ་རྒྱ་ཆེན་པོ་ལེགས་པར་བྱས་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པ། མཁན་པོ་དང་སློབ་དཔོན་ཤེས་ཤིང་གུས་པ་དང་བཅས་པ། བཀའ་བློ་བདེ་བ་དང་མཐུན་པར་འཛིན་པར་སྒྲུབ་པ། ཀུན་ཏུ་ཐོགས་མེད་པའི་འོད་ཟེར་རྣམས་ཀྱིས་སེམས་ཅན་ཐམས་ཅད་བདག་དང་འདྲ་ཞིང་བུ་གཅིག་པའི་བྱིས་པ་དང་འདྲ་བར་མཐོང་བ་དང་། ཇི་ལྟར་བརྩམས་པའི་མདོ་སྒྲུབ་པ་དང་། བཀླག་པ་དང། ཁ་ཏོན་དང་། ལུང་མནོས་པ་དང་། བཤད་པ་རྣམས་ཡིད་ལ་བྱེད་པ་ཡངས་ཤིང་རྣམ་པ་སྣ་ཚོགས་པ་དག་གིས་བར་ཆད་མེད་པར་སྒོམ་པ་ལ་མངོན་པར་ཞེན་ཅིང་སྒྲུབ་པར་བྱེད་པའོ། །
དགྲ་བཅོམ་རིགས་དྲུག་མིང་ཚིགཡོངས་སུ་ཉམས་པའི་ཆོས་ཅན། འཆི་བར་སེམས་པའི་ཆོས་ཅན། རྗེས་སུ་བསྲུང་བའི་ཆོས་ཅན། གནས་པ་ལས་མི་བསྐྱོད་པ། རྟོགས་པའི་སྐལ་པ་ཅན། མི་གཡོ་བའི་ཆོས་ཅན་ནོ། །འདི་དག་དེའི་རིགས་ཅན་ཙམ་ལ་འཇོག་ན་ཁམས་གསུམ་ཆར་ན་ཡང་དགྲ་བཅོམ་པ་དྲུག་ཆར་ཡོད་ལ། ངེས་པའི་དབང་དུ་བྱས་ན་འདོད་པའི་ཁམས་ན་དྲུག་ཀ་ཡོད་ཅིང་། ཁམས་གོང་མ་གཉིས་ན་གནས་པ་ལས་མི་བསྐྱོད་པ་དང་། མི་གཡོ་བའི་ཆོས་ཅན་གཉིས་ཡོད་ཀྱི་གཞན་བཞི་པོ་མེད་པར་བཤད་དོ། །མཐོང་ཆོས་ལ་བདེར་གནས་ལས་ཉམས་མི་ཉམས་ཀྱི་སྒོ་ནས་འཇོག་པ་འདི་ནི་མདོ་སྡེ་པའི་ལུགས་ཡིན་གྱི་བྱེ་བྲག་ཏུ་སྨྲ་བས་ནི་འབྲས་བུ་ལས་ཉམས་མི་ཉམས་ཀྱི་སྒོ་ནས་འཇོག་པར་འདོད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྐྱེས་བུ་མཆོག་གི་གསལ་བྱེད་ལས་སོ། །
དངོས་རིགས་མིང་ཚིགཅ་ལག་གམ་ཅ་དངོས་རིགས་ལ་ཟེར།དངོས་རིགས་ནང་ཁང་པའི་ནང་བཞག་ཅེས་པ་ལྟ་བུ།
དཔག་པའི་མི་རིགས་བཞི་མིང་ཚིགབོན། འཁོར་ལོ་དབང་སྒྱུར་གྱི་མི། གྲུམ་ཤིང་བཅུད་འཐུང་གི་མི། གཡུང་དྲུང་ཁྱིམ་བདུན་གྱི་མི། མེ་ཏོག་སྦུབ་གནས་ཀྱི་མི་དང་བཞིའོ། །
དཔལ་རིགས་གསུམ་གྱི་བཀྲ་ཤིས་མིང་ཚིགབཀའ་འགྱུར་རྒྱུད་འབུམ་ཝ་པར་བཞུགས།
དཔལ་རྣལ་འབྱོར་གྱི་རྒྱུད་ཀྱི་དཀྱིལ་འཁོར་གྱི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་མིང་ཚིགབཀའ་འགྱུར་རྒྱུད་འབུམ་ཝ་པར་བཞུགས།
དཔལ་ལྡན་འཕགས་མ་རིགས་བྱེད་མའི་སྒྲུབ་ཐབས་མིང་ཚིགདཔལ་ལྡན་འཕགས་མ་རིགས་བྱེད་མའི་སྒྲུབ་ཐབས། བསྟན་འགྱུར་རྒྱུད་མུ་པར་བཞུགས།
དཔལ་སྤུངས་ཀུན་རིགས་སྒྲུབ་སྡེ་མིང་ཚིགའཇམ་དབྱངས་མཁྱེན་བརྩེ་དབང་པོའི་གསུང་གི་སྤྲུལ་པ་ཧོར་བེ་རི་རྒྱལ་པོའི་སྲས་སུ་འཁྲུངས་པའི་བེ་རི་འཇམ་དབྱངས་མཁྱེན་བརྩེའམ་མཚན་གཞན་ཀརྨ་འཇམ་དབྱངས་མཁྱེན་བརྩེའི་འོད་ཟེར་ཞེས་ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ་དེ་ཉིད་དགུང་གྲངས་ཞེ་བདུན་ཕེབས་སྐབས། བོད་རབ་བྱུང་བཅུ་དྲུག་པའི་མེ་བྱི་ལོ་སྟེ་ཕྱི་ལོ་ ༡༩༣༧ལོར་བྱམས་མགོན་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་བཀའ་དགོངས་དང་འབྲེལ་གདན་ས་དཔལ་སྤུངས་སུ་ཀུན་རིག་སྒྲུབ་ཁང་གི་རྟེན་དང་བརྟེན་པར་བཅས་གསར་བཞེངས་མཛད། སྒྲུབ་ཁང་འདི་ནི་ནཱ་རོ་དང་ནི་གུ་སྒྲུབ་སྡེ་གཉིས་ནས་ལོ་གསུམ་ཕྱོགས་གསུམ་ཐོན་རྗེས་དུས་ཡུན་ལོ་གཅིག་གི་རིང་ཀུན་རིག་དང་མི་འཁྲུགས་པ་རྡོར་སེམས་སོགས་རྒྱུད་སྡེ་འོག་མ་ཁག་བསྙེན་སྒྲུབ་བྱ་རྒྱུའི་སྒྲུབ་པའི་རྒྱུན་བཙུགས་མཛད། བོད་ཀྱི་དུས་འགྱུར་སྐབས་འཐོར་ཞིག་ཏུ་གྱུར་ཀྱང་། སླར་ཡང་ཕྱི་ལོ་ ༡༩༨༦ ལོར་དགོན་སྡེ་ཐུན་མོང་གིས་ཐུགས་ཁུར་བཟང་པོའི་འོག་བསྐྱར་བཞེངས་ལེགས་པར་གྲུབ་པ་ནས་བཟུང་ད་ལྟའི་བར་དུ་དར་ཞིང་རྒྱས་བཞིན་པ་བཅས་སོ། །
དབང་ལྡན་གྱི་རིགས་ཀུན་ཏུ་འོང་བའི་རིག་པའི་རྒྱལ་པོ་ཆེན་པོ་མིང་ཚིགབཀའ་འགྱུར་རྒྱུད་འབུམ་ཚ་པར་བཞུགས།
དབུ་མ་པའི་ལུགས་ཀྱི་རང་བཞིན་གནས་རིགས་མིང་ཚིགམདོ། ཕར་ཕྱིན། དྲི་མས་རྣམ་པར་དག་པ་ན་ངོ་བོ་ཉིད་སྐུར་འགྱུར་རུང་གི་དྲི་མ་ལས་མ་གྲོལ་བའི་ཆོས་དབྱིངས་སོ། ། རང་བཞིན་གནས་རིགས་ཀྱི་རྣམ་གྲངས་ལ་བདེ་བར་གཤེགས་པའི་སྙིང་པོ་དང། ཆོས་དབྱིངས་དང་། སངས་རྒྱས་ཀྱི་རིགས་དང། སངས་རྒྱས་ཀྱི་ཁམས་རྣམས་ཏེ། ཁྱབ་མཉམ་ཉིད་དུ་འཁྲུལ་བར་མི་བྱའོ། །འོ་ན་ཇི་ལྟར་ཞེ་ན། བདེ་གཤེགས་སྙིང་པོ་དང་ཆོས་དབྱིངས་ནི་འབྲས་བུའི་དུས་ན་ཡང་ཡོད་པས་དེ་ལ་རང་བཞིན་གནས་རིགས་ཀྱིས་མ་ཁྱབ་ཀྱང་རང་བཞིན་གནས་རིགས་ལ་ནི་དེ་གཉིས་ཀྱིས་ཁྱབ་སྟེ། རང་བཞིན་གནས་རིགས་དེ་བདེ་གཤེགས་སྙིང་པོའི་བྱེ་བྲག་ཡིན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས།
དབུ་མ་རིགས་ཚོགས་དྲུག་མིང་ཚིགརྩ་བ་ཤེས་རབ། རྩོད་བཟློག། སྟོང་ཉིད་བདུན་ཅུ། རིགས་པ་དྲུག་ཅུ། ཞིབ་མོ་རྣམ་འཐག། རིན་ཆེན་ཕྲེང་བའོ། །
དབུ་མ་རིགས་ཚོགས་ལྔ་མིང་ཚིགསྔར་རྒྱ་གར་གྱི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་དང་། རྩོད་བཟློག སྟོང་ཉིད་བདུན་ཅུ། རིགས་པ་དྲུག་ཅུ། ཞིབ་མོ་རྣམ་འཐག་བཅས་ལྔའོ། །
དབུ་མའི་རིགས་པ་མིང་ཚིགམདོོ། དབུ་མ། དབུ་མ་སྟེ་གནས་ལུགས་མཐར་ཐུག་གི་དོན་ལ་དཔྱོད་པའི་རིགས་པ་ཡང་དག་གམ། དབུ་མ་པས་སྟོང་ཉིད་གཏན་ལ་འབེབ་པའི་རིགས་པ་ཡང་དག་གོ།
དབུ་མའི་རིགས་པས་དཔྱད་བཟོད་མིང་ཚིགམདོ། དབུ་མ། དབུ་མ་པས་སྟོང་ཉིད་གཏན་ལ་འབེབ་པའི་རིགས་པ་ཡང་དག་དེས་བརྟགས་དོན་ལ་དཔྱད་ནས་རྙེད་པའམ། དབུ་མ་གནས་ལུགས་མཐར་ཐུག་གི་དོན་ལ་དཔྱོད་པའི་རིགས་པ་ཡང་དག་དེས་བརྟགས་དོན་ལ་དཔྱད་ནས་རྙེད་པ་སྟེ། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱིས་དཔྱད་བཟོད་ལ་གཟིགས།
དབུ་མའི་ལུགས་ཀྱི་རིགས་ངེས་པ་མིང་ཚིགམདོ། ཕར་ཕྱིན། ངེས་པའི་རིགས་ཀྱི་མཚན་ཉིད་ནི། ཐེག་པ་གསུམ་པོ་གང་རུང་གི་རིགས་གང་ཞིག རྐྱེན་དབང་གིས་གནས་སྐབས་ཐེག་པ་གཞན་དུ་སྒྱུར་དུ་མི་རུང་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་རྒྱན་འགྲེལ་དགོངས་དོན་རབ་གསལ་ལས་སོ། །
དབུ་མའི་ལུགས་ཀྱི་རིགས་མ་ངེས་པ་མིང་ཚིགམདོ། ཕར་ཕྱིན། མཚན་ཉིད་ནི། རིགས་གང་ཞིག གནས་སྐབས་ཐེག་པ་གསུམ་པོ་གང་རུང་གི་རིགས་སུ་མ་ངེས་པའོ། །དབྱེ་ན། ལམ་མ་ཞུགས་ཀྱི་གནས་སྐབས་ཀྱི་མ་ངེས་པའི་རིགས་དང། ལམ་ཞུགས་ཀྱི་གནས་སྐབས་ཀྱི་མ་ངེས་པའི་རིགས་གཉིས། དང་པོ་ནི། ལམ་མ་ཞུགས་ཀྱི་སེམས་ཅན་དམྱལ་བ་ལ་སོགས་པའི་རྒྱུད་ཀྱི་རང་བཞིན་གནས་རིགས་སོ། །གཉིས་པ་ནི། རང་རྒྱལ་དུ་འགྱུར་ངེས་ཀྱི་གཅིག་ཅར་བའི་རྒྱུན་ཞུགས་ཀྱི་རང་བཞིན་གནས་རིགས་དང། ཐེག་ཆེན་ལམ་དུ་འཇུག་ཁ་མའི་རང་རྒྱལ་གྱི་རིགས་ཅན་སློབ་པའི་རྒྱུད་ཀྱི་རང་བཞིན་གནས་རིགས་དང། ཐེག་དམན་དུ་ལྷུང་ངེས་ཀྱི་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་རང་བཞིན་གནས་རིགས་རྣམས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་རྒྱན་འགྲེལ་དགོངས་དོན་རབ་གསལ་ལས་སོ། །
དམ་པ་རིགས་བརྒྱ་མིང་ཚིགརྒྱལ་བའི་ཕུང་པོ་ལྔ་བདེ་གཤེགས་དང༌། ཁམས་བཞི་ཡུམ། སྐྱེ་མཆེད་དྲུག་སེམས་དཔའ། ཡུལ་ལྔ་རྡོ་རྗེ་མ་སྟེ་ཉི་ཤུ་པོ་རིགས་ལྔ་ལྔར་ཕྱེ་བའི་གསང་འདུས་ཀྱི་ལྷ་བརྒྱ།
དམ་པ་རིགས་བརྒྱ་མིང་ཚིགཞི་བ་བཞི་བཅུ་རྩ་གཉིས་དང་། ཁྲོ་བོ་ལྔ་བཅུ་རྩ་བརྒྱད་དེ་སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས།
དམ་པ་རིགས་བརྒྱ་མིང་ཚིགརྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ལས། །ཀུན་རྫོབ་ཇི་ལྟར་སྣང་བ་འདི། །ཐབས་ལ་མཁས་པའི་ཁྱད་པར་གྱིས། །སྦྱང་གཞི་སྦྱོང་བྱེད་ངོ་སྤྲོད་པ། །དེ་ཚེ་དམ་པ་རིགས་བརྒྱ་ལ། །སོགས་པའི་དབྱེ་བ་རྒྱལ་བས་གསུངས། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། རིགས་རེ་རེ་ལ་ཡང་བརྒྱ་བརྒྱ་འབྱེད་ཚུལ། འབྱུང་བ་ལྔ་ལ་ཉོན་མོངས་པ་ལྔ་ལྔ། དེ་རེ་རེ་ཤ་ཆེན་ཁྱབ་བྱེད་དུ་བྱས་ནས་བདུད་རྩི་བཞིས་ཕྱེ་བས་རྒྱུད་དང་དྲི་མའི་རིགས་བརྒྱ། རིགས་ལྔ་པོ་རེ་རེ་ལ་མངོན་བྱང་ལྔ་ལྔ་སྦྱར་བས་ཉི་ཤུ་རྩ་ལྔ། དེ་རེ་རེེ་ལ་ཡུམ་བཞི་སྦྱར་བས་སྦྱོང་བྱེད་ཀྱི་བསྐྱེད་རིམ་རིགས་བརྒྱ། ཡང་རྫོགས་རིམ་གྱི་རྟེན་ཁམས་གཅིག་འབྱུང་བ་ལྔ། དེ་བདག་ཉིད་བཞིས་ཕྱེ་བས་ཉི་ཤུ། དེ་དཔེའི་ཡེ་ཤེས་ལྔས་ཕྱེ་བས་བརྒྱ། འབྲས་བུ་སྤྲུལ་སྐུ་རིགས་ལྔ། དེ་རེ་རེ་ཡེ་ཤེས་ལྔས་ཕྱེ་བས་ཉི་ཤུ་རྩ་ལྔ། དེ་ལྷ་མོ་བཞིས་ཕྱེ་བས་བརྒྱ། རྩ་བའི་རིགས་དེ་རྣམས་རེ་རེ་ལའང་གྲངས་མེད་པར་འགྱུར་ཞེས་རྗེེ་བཙུན་གོང་མ་རྣམས་བཞེད་དོ། ། ཡང་རིགས་ལྔ་རེ་རེ་ཡང་ལྔ་ལྔ་རུ་ཕྱེ་ནས་ཉི་ཤུ་རྩ་ལྔ་དང། དེ་རེ་རེ་ལའང་གསང་སྔགས་དང་རིགས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་བཞི་བཞིར་ཕྱེ་སྟེ་དམ་པ་རིགས་བརྒྱ་བྱེད་པ་དང། དེ་རྣམས་ལའང་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷར་བསྒོམས་པས་ཉམས་སུ་ལེན་པ་ཡིན་ནོ། །ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། ། དམ་པ་རིགས་བརྒྱ་ལ་ཀྱེ་རྡོ་རྗེའི་དགོངས་པ་ནི། སྦྱང་གཞི་འབྱུང་བ་ལྔ་པོ་རེ་རེ་ལ་སྦྱང་བྱ་ཉོན་མོངས་པ་ལྔ་ལྔ་གནས་པས་ཉེར་ལྔ། དེ་རེེ་རེ་ཡང་ནང་གསེས་ཀྱིས་ཕྱེ་ན་ཤ་ཆེན་སྤྱི་ཁྱབ་ཏུ་བཏང་བའི་བདུད་རྩི་བཞི་བཞི་སྟེ་བརྒྱའོ། ། སྦྱོང་བྱེད་ལམ་ལ་སྦྱར་ན་བསྐྱེད་རིམ་གྱི་རིགས་བརྒྱ་ནི། རིགས་ལྔ་པོ་རེ་རེ་ལ་མངོན་བྱང་ཡེ་ཤེས་ལྔ་ལྔས་ཕྱེ་བས་ཉེར་ལྔ། དེ་ལ་འཁོར་ཡུམ་བཞི་བཞི་དང་ལྡན་པས་བརྒྱའོ། ། རྫོགས་རིམ་གྱི་རིགས་བརྒྱ་ནི། འདིར་ཐིག་ལེ་ལ་སྦྱར་ན་ཐིག་ལེ་ཕྲ་མོ་གཅིག་ཀྱང་འབྱུང་བ་ལྔ་དང་ལྡན་པ། དེ་རེ་རེ་ཡང་བདུད་རྩི་བཞི་བཞིས་ཕྱེ་བས་ཉི་ཤུ། རྟེན་ཐིག་ལེ་གཅིག་ལ་ཡང་མཚོན་བྱེད་དཔེའི་ཡེ་ཤེས་ལྔ་ལྔ་དང་ལྡན་པས་བརྒྱའོ། ། འབྲས་བུའི་དམ་པ་རིགས་བརྒྱ་ནི། སྤྲུལ་པའི་རིགས་ལྔ་པོ་རེ་རེ་ལ་ཡེ་ཤེས་ལྔ་ལྔས་ཕྱེ་བས་ཉེར་ལྔ། དེ་ཚད་མེད་པའམ་ལྷ་མོ་བཞི་བཞི་དང་ལྡན་པས་བརྒྱའོ། ། གསང་འདུས་ཀྱི་དགོངས་པ་ནི། སྤྱོད་བསྡུས་ལས། དེ་བཞིན་གཤེགས་པའི་རིགས་ལྔའམ་ཡུམ་བཞི། ས་སྙིང། ཕྱག་རྡོར། ནམ་སྙིང། འཇིག་རྟེན་དབང་ཕྱུག སྒྲིབ་པ་རྣམ་སེལ་ཏེ་ལྔ། གཟུགས་རྡོ་རྗེ་མ་སོགས་ལྷ་མོ་ལྔ་སྟེ། བཅུ་དགུ་པོ་རེ་རེ་ལ་རིགས་ལྔ་ལྔར་ཕྱེ་བས་དགུ་བཅུ་རྩ་ལྔ་དང། ཡེ་ཤེས་ལྔ་སྟེ་བརྒྱ་ལ་བཤད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །
དམ་པ་རིགས་བརྒྱར་སྒྲུབ་པ་མིང་ཚིགསྔགས། མ་ཧཱ་ཡོ་ག རྙིང་མ། དམ་པ་རིགས་བརྒྱར་སྒྲུབ་པ་ནི། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པའི་ཡ་གྱལ། མན་ངག་གི་སྐོར་ལ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་གསུམ་དུ་ཕྱེ་བའི་གཉིས་པ་ལའང་། ཞི་བ་དང་ཁྲོ་བོའི་སྒྲུབ་ཐབས་གཉིས་སུ་བཤད་པའི་དང་པོ། ཞི་བའི་སྒྲུབ་ལུགས་ལྔའི་ཡ་གྱལ་ཞིག་སྟེ། བཀའ་བརྒྱད་རྣམ་བཤད་ལས། ནང་སྒྲུབ་ཐབས་གསལ་བར་བྱེད་པའི་མན་ངག་ལ། ཞི་བ་དང་ཁྲོ་བོའི་སྒྲུབ་ཐབས་གཉིས་ལས། དང་པོ་ལ་སྒྲུབ་ལུགས་ལྔ་སྟེ། དམ་པ་རིགས་བརྒྱར་སྒྲུབ་པ། ཞི་བ་བཞི་བཅུ་རྩ་གཉིས་སུ་སྒྲུབ་པ། དེ་ཁོ་ན་ཉིད་རིགས་ལྔར་སྒྲུབ་པ། གསང་ཆེན་རིགས་གཅིག་ཏུ་སྒྲུབ་པ། ཞི་བ་ཕྱག་རྒྱ་རྐྱང་པའི་སྒྲུབ་པ་དང་ལྔའོ། །ཞེས་གསུངས། འདི་ལའང་ནང་གསེས་སུ། ལས་ཆེན་ལྔ་དང་། ལས་ཆུང་ལྔ་སྟེ། ཆོས་ཚན་བཅུར་བཞུགས།
དམ་པའི་རིགས་ཅན་དྲ་མ་ལྔ་མིང་ཚིགབཅོམ་ལྡན་འདས་མྱ་ངན་ལས་འདའ་ཁར་ལུང་བསྟན་པ་ལྟར་སྟོན་པ་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་སོང་པ་ན་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར་ཆོས་འཛིན་རིགས་ཀྱི་གྲུབ་གནས་སུ་རིགས་ཅན་དྲ་མ་ལྔ་པོས་གདུང་ཚིག་ཉེར་གསུམ་གྱིས་བསྐུལ་བས། གསང་བདག་ཕྱག་ན་རྡོ་རྗེས་མདོ་དགོངས་པ་འདུས་པ་སོགས་གསང་བའི་རྒྱུད་མང་དུ་གསུངས་པའི་གདུལ་བྱ་ལྷ་ཀླུ་མི་དང་གནོད་སྦྱིན་སྲིན་པོའི་རིག་འཛིན་སེམས་དཔའ་ལྔ་སྟེ། ལངྐའི་ཡུལ་གྱི་སྲིན་པོ་བློ་གྲོས་ཐབས་ལྡན། ཀླུ་རྒྱལ་འཇོག་པོ་བློ་གྲོས་རྒྱ་མཚོ། ལྷ་ཚངས་པ་དུང་གི་གཙུག་ཕུད་ཅན་བློ་གྲོས་མཐའ་ཡས། གནོད་སྦྱིན་སྐར་མདའ་དོང་བློ་གྲོས་དད་སེལ། མི་ལི་ཙྪ་བི་དགེ་བསྙེན་དྲི་མ་མེད་པར་གྲགས་པ་བློ་གྲོས་རབ་ཞི་བཅས་ལྔའོ། །དེ་དག་ལ་རིགས་ཅན་ལྔ་དང་། རིགས་ཅན་དྲ་མ་ལྔ་ཞེས་ཀྱང་བརྗོད།
དམ་པའི་རིགས་ཅན་ལྔ་མིང་ཚིགསྲིན་པོ་བློ་གྲོས་ཐབས་ལྡན། ལྷ་གྲགས་ལྡན་ཆོས་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། མི་ལི་ཙྪ་བྱི་དྲི་མ་མེད་པའོ། །
དམག་དཔུང་རིགས་གསུམ་མིང་ཚིགདྲག་པོའི་སྟོབས་ཤུགས་ཀྱིས་རྒྱལ་ཁབ་སྲུང་སྐྱོབ་བྱེད་མཁན་གྱི་མཁའ་དམག མཚོ་དམག རྐང་དམག་སྟེ་གསུམ།
དམག་རིགས་མིང་ཚིགགནམ་མཚོ་སྐམ་གསུམ་གྱི་དམག་རིགས་སྤྱིའི་དོན།དམག་ལ་གནམ་མཚོ་སྐམ་གསུམ་གྱི་དམག་རིགས་ཡོད། དམག་རིགས་ཀྱི་དབྱེ་བ་ལྟ་བུ།
དམངས་རིགས་མིང་ཚིགསྔར་རྒྱ་གར་གྱི་རིགས་དབྱེ་ཚུལ་བཞིའི་[རྒྱལ་རིགས། རྗེ་རིགས། བྲམ་ཟེའི་རིགས། དམངས་རིགས། ]ནང་གསེས་ཤིག་སྟེ། ཕྱུགས་འཚོ་སྐྱོང་དང་ཞིང་འདེབས་ལས་བྱེད་པའི་རིགས་བཞིའི་དམན་པ་ཞིག་ཡིན་པར་བཤད།
དམངས་རིགས་མ་མིང་ཚིགགོ་གནས་སོགས་དམིགས་བསལ་མེད་པའི་སྤྱིར་བཏང་གི་བུད་མེད་དཀྱུས་མའི་དོན།
དམངས་རིགས་མ་མིང་ཚིགསྔར་རྒྱ་གར་གྱི་རིགས་དབྱེ་ཚུལ་བཞིའི་ནང་གསེས་དམངས་རིགས་ཀྱི་བུད་མེད་ཀྱི་དོན།
དུད་འགྲོ་རིགས་གཉིས་མིང་ཚིགམི་ཕམ་མཁས་འཇུག་སྡོམ་བྱང་ལས་བྱུང་བ་སྟེ། བྱིངས་ན་གནས་པའི་དུད་འགྲོའི་རིགས། ཁ་འཐོར་ན་གནས་པའི་དུད་འགྲོའི་རིགས་དང་གཉིས་སོ། །
དུད་འགྲོའི་རིགས་ཀྱི་གཟུགས་བཞི་མིང་ཚིགརྐང་པ་མེད་པ། རྐང་གཉིས་པ། རྐང་བཞི་པ། རྐང་མང་ངོ་། །
དུད་འགྲོའི་རིགས་ཀྱི་ཟས་བཞི་མིང་ཚིགཁམ་གྱི་ཟས། རེག་པའི་ཟས། ཡིད་ལ་བྱེད་པའི་ཟས། རྣམ་པར་ཤེས་པའི་ཟས་ཅན་ནོ། །
དུད་འགྲོའི་རིགས་ཀྱི་སྐྱེ་གནས་བཞི་མིང་ཚིགམདོ་ཀུན་ལས་བཏུས་པའི་བཤད་པ་རིན་པོ་ཆེའི་སྣང་བའི་རྒྱན་ལས་བྱུང་བ་སྟེ། རྫུས་ཏེ་སྐྱེ་བ། མངལ་ནས་སྐྱེ་བ། སྒོ་ང་ལས་སྐྱེ་བ། དྲོད་གཤེར་ལས་སྐྱེ་བའོ། །
དུས་ངན་ནད་རིགས་ཀུན་འཇོམས་སྔགས་འབུམ་རྡོ་རྗེ་མེ་འབར་མིང་ཚིགཀུན་མཁྱེན་མི་ཕམ་རྒྱ་མཚོས་ས་ཁྱི་ཕྱི་ལོ་ ༡༨༩༨ ལོའི་བོད་ཟླ་ལྔ་པའི་ཚེས་ལྔ་ལ་མཛད་པའི་ནད་སྔགས་སྐོར། སློབ་དཔོན་ཆེན་པོ་སོགས་རིག་འཛིན་གོང་མ་རྣམས་ཀྱིས་གནང་བའི་ནད་འཇོམས་དྲག་སྔགས་ཅི་རིགས་འདུས་པའི་གཞུང་ལུགས་ཤིག།
དེ་ཁོ་ན་ཉིད་རིགས་ལྔར་སྒྲུབ་པ་མིང་ཚིགསྔགས། མ་ཧཱ་ཡོ་ག རྙིང་མ། དེ་ཁོ་ན་ཉིད་རིགས་ལྔར་སྒྲུབ་པ་ནི། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པའི་ཡ་གྱལ། མན་ངག་གི་སྐོར་ལ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་གསུམ་དུ་ཕྱེ་བའི་གཉིས་པ་ལའང་། ཞི་བ་དང་ཁྲོ་བོའི་སྒྲུབ་ཐབས་གཉིས་སུ་བཤད་པའི་དང་པོ། ཞི་བའི་སྒྲུབ་ལུགས་ལྔའི་ཡ་གྱལ་ཞིག་སྟེ། བཀའ་བརྒྱད་རྣམ་བཤད་ལས། ནང་སྒྲུབ་ཐབས་གསལ་བར་བྱེད་པའི་མན་ངག་ལ། ཞི་བ་དང་ཁྲོ་བོའི་སྒྲུབ་ཐབས་གཉིས་ལས། དང་པོ་ལ་སྒྲུབ་ལུགས་ལྔ་སྟེ། དམ་པ་རིགས་བརྒྱར་སྒྲུབ་པ། ཞི་བ་བཞི་བཅུ་རྩ་གཉིས་སུ་སྒྲུབ་པ། དེ་ཁོ་ན་ཉིད་རིགས་ལྔར་སྒྲུབ་པ། གསང་ཆེན་རིགས་གཅིག་ཏུ་སྒྲུབ་པ། ཞི་བ་ཕྱག་རྒྱ་རྐྱང་པའི་སྒྲུབ་པ་དང་ལྔའོ། །ཞེས་དང་། དེ་ཉིད་རིགས་ལྔར་སྒྲུབ་པ་ལའང་སྒྲུབ་ལུགས་ལྔར་བཀོད་དེ། ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྒྲུབ་པ། ནང་ཕུང་པོའི་དཀྱིལ་འཁོར་དུ་སྒྲུབ་པ། གསང་བ་དུག་ལྔའི་དཀྱིལ་འཁོར་དུ་སྒྲུབ་པ། དེ་ཁོ་ན་ཉིད་ཡེ་ཤེས་ལྔར་སྒྲུབ་པ། ཡོངས་སུ་རྫོགས་པ་སྐུ་ལྔར་སྒྲུབ་དང་ལྔའོ། །ཞེས་དང་། སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ་བབས་ལས། དེ་ཁོ་ན་ཉིད་རིགས་ལྔ་ལ་ཡང་སྒྲུབ་ལུགས་ལྔ་བཀོད་དེ༔ ཕྱི་རྡུལ་ཚོན་གྱི་དལ་དུ་སྒྲུབ་པ༔ ནང་ཕུང་པོའི་དལ་དུ་སྒྲུབ་པ༔ གསང་བ་དུག་ལྔའི་དལ་དུ་སྒྲུབ་པ༔ དེ་ཁོ་ན་ཉིད་ཡེ་ཤེས་ལ་སྒྲུབ་པ༔ ཡོངས་སུ་རྫོགས་པ་སྐུ་ལྔར་སྒྲུབ་པ་དང་ལྔའོ༔ ཞེས་གསུངས།
དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པ་མིང་ཚིགམདོ། དབུ་མ། དེ་ཁོ་ན་ཉིད་གནས་ལུགས་མཐར་ཐུག་གི་དོན་ལ་དཔྱོད་པའི་རིགས་པ་ཡང་དག་གོ།
དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་མི་གནོད་པ་མིང་ཚིགམདོ། ཐལ་འགྱུར་པ། ཐ་སྙད་དུ་ཡོད་པར་འཇོག་པའི་རྒྱུ་མཚན་གསུམ་གྱི་ནང་གསེས་ཤིག་སྟེ། རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ་ལས། རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པས་གནོད་པ་མི་འབབ་པ་ནི། ཐ་སྙད་དུ་འཇོག་པའི་དོན་རྣམས་ཐ་སྙད་པའི་ཚད་མས་གྲུབ་དགོས་ཀྱང། རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པའི་ཤེས་པས་ནི་རྣམ་པ་ཐམས་ཅད་དུ་མི་གནོད་པ་ངེས་པར་དགོས་ཀྱི། རིགས་པ་དེས་ཡོད་པར་གྲུབ་ན་ནི་རང་གི་ངོ་བོས་ཡོད་པར་གྲུབ་པ་ཡིན་པས་ཐ་སྙད་པའི་དོན་ཡིན་པར་འགལ་བ་ཡིན་ནོ། །དེའི་ཕྱིར་རིགས་ཤེས་ཀྱིས་མི་གནོད་པ་དང་དེས་གྲུབ་པ་གཉིས་གཅིག་ཏུ་བཟུང་ནས། ཐ་སྙད་དུ་དགེ་སྡིག་ལས་བདེ་སྡུག་འབྱུང་བ་དང༌། དབང་ཕྱུག་དང་གཙོ་བོ་ལས་བདེ་སྡུག་འབྱུང་བ་གཉིས་ཡིན་ན་ཡིན་མཉམ་དང་མིན་ན་མིན་མཉམ་དུ་འཛིན་པའི་ལོག་རྟོག་གི་གནས་མེད་དེ། དབང་ཕྱུག་དང་གཙོ་བོས་བདེ་སྡུག་བསྐྱེད་པ་དང་དགེ་མི་དགེས་བདེ་སྡུག་བསྐྱེད་པ་གཉིས་རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པས་མི་འགྲུབ་པར་མཚུངས་ཀྱང༌། རིགས་པས་གནོད་མི་གནོད་རྣམ་པ་ཐམས་ཅད་དུ་མི་མཚུངས་པའི་ཕྱིར་རོ། །ཞེས་གསུངས།
དེ་ཉིད་རིགས་ལྔར་སྒྲུབ་པ་མིང་ཚིགསྔགས། མ་ཧཱ་ཡོ་ག རྙིང་མ། དེ་ཉིད་རིགས་ལྔར་སྒྲུབ་པ་ནི། དེ་ཁོ་ན་ཉིད་རིགས་ལྔར་སྒྲུབ་པ་དང་གཅིག་པ་ཡིན།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བ་ཡེ་ཤེས་དོན་གྱི་སྙིང་པོ་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་མདོ་རྣལ་འབྱོར་གྲུབ་པའི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་མིང་ཚིགབཀའ་འགྱུར་རྙིང་རྒྱུད་ཁ་པར་བཞུགས།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་མིང་ཚིགདཔལ་ལྡན་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཇ་པར་བཞུགས།
དེ་བཞིན་གཤེགས་པ་རིགས་ལྔ་མིང་ཚིགདཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། ཟག་པ་དང་བཅས་པའི་ཕུང་པོ་ལ་སོགས་པ་གནས་སུ་དག་པ་ནི་དེ་བཞིན་གཤེགས་པ་རིགས་ལྔར་གྱུར་ཏོ། །ཞེས་དང་། ཕྱོགས་བཅུའི་མུན་སེལ་དུ། སྤྱིར་དེ་བཞིན་ཉིད་དུ་མངོན་པར་བྱང་ཆུབ་པ་འབྲས་བུའི་སྐབས་སུ་དབྱེ་ན་རིགས་ལྔ་སྟེ། དེ་བཞིན་གཤེགས་པའི་རིགས། རྡོ་རྗེའི། རིན་པོ་ཆེའི། པདྨའི། ལས་ཀྱི་རིགས་ལྔའོ། །ཞེས་གསུངས།
དེ་བཞིན་གཤེགས་པ་རིགས་ལྔ་མིང་ཚིགརྣམ་སྣང་། མི་བསྐྱོད་པ། འོད་དཔག་མེད། རིན་འབྱུང་། དོན་གྲུབ་བོ། །
དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་གསུམ་མིང་ཚིགའཕགས་པ་ལངྐར་གཤེགས་པའི་མདོ་ལས་བྱུང་བ་སྟེ། རང་བཞིན་གྱི་རང་བཞིན་མེད་པའི་ཆོས་མངོན་པར་རྟོགས་པར་འགྱུར་བའི་རིགས། ཁོང་དུ་ཆུད་པ་བདག་གི་སོ་སོ་རང་གི་མངོན་པར་རྟོགས་པར་འགྱུར་བའི་རིགས། སངས་རྒྱས་ཀྱི་ཞིང་ཕྱི་རོལ་ཡངས་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་སོ། །
དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་བཞི་མིང་ཚིགའཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བྱུང་བ་སྟེ། རང་བཞིན་གྱི་ཆོས་མངོན་པར་རྟོགས་པར་འགྱུར་བའི་རིགས། རང་བཞིན་མེད་པའི་ཆོས་མངོན་པར་རྟོགས་པར་འགྱུར་བའི་རིགས། སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་མངོན་པར་རྟོགས་པར་འགྱུར་བའི་རིགས། སངས་རྒྱས་ཀྱི་ཞིང་ཕྱི་རོལ་ཁྱད་པར་ཅན་མངོན་པར་རྟོགས་པར་འགྱུར་བའི་རིགས་སོ། །
དེ་བཞིན་གཤེགས་པའི་དངོས་གྲུབ་རིགས་བཞི་མིང་ཚིགརིགས་ཐམས་ཅད་ཀྱི་ཐུན་མོང་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་ཞེས་བྱ་བ་ལས་བྱུང་བ་སྟེ། ནོར་འགྲུབ་པའི་དངོས་གྲུབ། རྫུ་འཕྲུལ་གྱི་དངོས་གྲུབ། རིག་འཛིན་ཉིད་དུ་འགྲུབ་པའི་དངོས་གྲུབ། དངོས་གྲུབ་ཆེན་པོའོ། །
དེ་བཞིན་གཤེགས་པའི་རིགས་མིང་ཚིགརིགས་གསུམ་གྱི་ནང་གསེས་ཐེག་པ་ཆེན་པོའི་རིགས་ཏེ་ས་དང་ཕ་རོལ་ཏུ་ཕྱིན་པ་མཉན་ཞིང་བསྒོམ་པའི་བག་ཆགས་ཡོད་པ།
དེ་བཞིན་གཤེགས་པའི་རིགས་མིང་ཚིགསྔགས་ལུགས་ཀྱི་རིགས་གསུམ་གྱི་ནང་གསེས་ཤིག
དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ་མིང་ཚིགདཔལ་མཆོག་དང་པོའི་སྔགས་ཀྱི་རྟོག་པའི་དུམ་བུ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཏ་པར་བཞུགས།
དེ་བཞིན་གཤེགས་པའི་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་མིང་ཚིགདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཉ་པར་བཞུགས།
དེ་བཞིན་གཤེགས་པའི་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་མིང་ཚིགདཔལ་ལྡན་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཇ་པར་བཞུགས།
དེ་བཞིན་གཤེགས་པའི་རིགས་ཀྱི་རྫས་བསྒྲུབ་པའི་དཀྱིལ་འཁོར་གྱི་ཆོ་ག་རིམ་པར་ཕྱེ་བ་མིང་ཚིགབཀའ་འགྱུར་རྒྱུད་འབུམ་ཝ་པར་བཞུགས།
དེ་བཞིན་གཤེགས་པའི་རིགས་ཀྱི་ལེའུ་མིང་ཚིགའཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་ཞིག བཀའ་འགྱུར་མདོ་སྡེ་མ་པར་བཞུགས།
དེ་བཞིན་གཤེགས་པའི་རིགས་ཞེས་བྱ་བའི་རྣམ་པར་བཤད་པ་སྟེ་ལེའུ་གཉིས་པ་མིང་ཚིགགསང་བ་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་རྩེ་མོའི་སྡེ་ཚན་ཞིག བཀའ་འགྱུར་མདོ་སྡེ་མ་པར་བཞུགས།
དེ་བཞིན་གཤེགས་པའི་རིགས་ལ་སྡེ་ཚན་བརྒྱད་མིང་ཚིགརིགས་ཀྱི་གཙོ་བོ། རིགས་ཀྱི་བདག་པོ། རིགས་ཀྱི་ཡུམ། རིགས་ཀྱི་གཙུག་ཏོར། རིགས་ཀྱི་ཁྲོ་བོ་ཁྲོ་མོ། རིགས་ཀྱི་ཕོ་ཉ་ཕོ་མོ། རང་རིགས་སུ་གཏོགས་པའི་བྱང་སེམས། རང་རིགས་སུ་གཏོགས་པའི་ལྷ་དང་ཀླུ་དང་གནོད་སྦྱིན་སོགས་སྡེ་ཚན་ནོ། །
དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་དགག་བྱ་མིང་ཚིགམདོ། དབུ་མ། དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གམ་དོན་དམ་དཔྱོད་བྱེད་ཀྱི་རྟགས་ཡང་དག་གམ་གནས་ལུགས་དཔྱོད་བྱེད་ཀྱི་རྟགས་ཡང་དག་གི་དགག་བྱ་སྟེ།རྟེན་འབྲེལ་རྟགས་ཀྱིས་སྒྲ་རང་བཞིན་གྱིས་མེད་པར་བསྒྲུབ་པ་ལ། སྒྲ་རང་བཞིན་གྱིས་གྲུབ་པར་འཛིན་པའི་བདེན་འཛིན་དང་། དེའི་ཞེན་ཡུལ་སྒྲ་རང་བཞིན་གྱིས་གྲུབ་པ་ལྟ་བུའོ། ། དེ་ལ་དབྱེ་ན། དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་དགག་བྱ་ཙམ་དང་། དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་དགག་བྱ་མཐར་ཐུག་གཉིས། དེ་ཡང་། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། ཁ་ཅིག ། དོན་དམ་ལ་དཔྱོད་པའི་རྟགས་ཡང་དག་གི་དགག་བྱ་ཡིན་ན་མེད་པས་ཁྱབ་ཟེར་ན། མི་འཐད་དེ། ལམ་རིམ་ཆེན་མོ། སྐལ་བཟང་མིག་འབྱེད་གཉིས་ལས། རྩོད་ཟློག་རང་འགྲེལ་ལས། སྐྱེས་བུ་ཁ་ཅིག་སྤྲུལ་པའི་བུད་མེད་རང་བཞིན་གྱིས་སྟོང་པ་ཡིན་པ་ལ་དོན་དམ་པར་བུད་མེད་ཡོད་དོ་སྙམ་དུ་ལོག་པར་འཛིན་པར་འགྱུར་རོ། དེ་ལོག་པར་འཛིན་པ་དེས་འདོད་ཆགས་སྐྱེས་པ་ལ་དེ་བཞིན་གཤེགས་པའམ་དེའི་ཉན་ཐོས་ཀྱི་སྤྲུལ་པ་ཞིག་སྤྲུལ་ཏེ་དེས་དེའི་ལོག་པར་འཛིན་པ་དེ་ལོག་པར་བྱེད་དོ། །དེ་བཞིན་དུ་ངའི་ཚིག་སྟོང་པ་སྤྲུལ་པ་ལྟ་བུས་དངོས་པོ་ཐམས་ཅད་ལ་རང་བཞིན་མེད་པ་དང་རང་བཞིན་ཡོད་པར་འཛིན་པ་དེ་ཟློག་པར་བྱེད་དོ། །ཞེས་པ་དྲངས་ནས་བདག་འཛིན་གཉིས་དོན་དམ་ལ་དཔྱོད་པའི་རྟགས་ཡང་དག་གི་དགག་བྱར་གསུངས་པའི་ཕྱིར་དང༌། རིགས་པས་ཀྱང་གྲུབ་སྟེ། གཅིག་དུ་བྲལ་སོགས་ཀྱི་རིགས་པས་བདག་འཛིན་གཉིས་ཀྱི་ཞེན་ཡུལ་འགོག་པ་དེ་ཡང་དེ་གཉིས་འགོག་པའི་ཆེད་དུ་ཡིན་པའི་ཕྱིར་ཏེ། དེ་གཉིས་སྤོང་བའི་ཆེད་དུ་ཡིན་པའི་ཕྱིར། དེར་ཐལ། སྟོང་ཉིད་སྒོམ་པ་དེ་གཉིས་སྤོང་བའི་ཕྱིར་དུ་ཡིན་པའི་ཕྱིར། དེར་ཐལ། འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་གསུངས་པའི་ཕྱིར། ཞེས་གསུངས། དོན་གཅིག་ལ། དོན་དམ་ལ་དཔྱོད་པའི་རིགས་པའི་དགག་བྱ། དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་དགག་བྱ། དོན་དམ་ལ་དཔྱོད་པའི་རྟགས་ཡང་དག་གི་དགག་བྱ། དོན་དམ་དཔྱོད་བྱེད་ཀྱི་རྟགས་ཡང་དག་གི་དགག་བྱ་རྣམས་སོ། །
དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་དགག་བྱ་མཐར་ཐུག་མིང་ཚིགམདོ། དབུ་མ། དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གམ་དོན་དམ་དཔྱོད་བྱེད་ཀྱི་རྟགས་ཡང་དག་གམ་གནས་ལུགས་དཔྱོད་བྱེད་ཀྱི་རྟགས་ཡང་དག་གི་དགག་བྱ་མཐར་ཐུག་པ་སྟེ།རྟེན་འབྲེལ་རྟགས་ཀྱིས་སྒྲ་རང་བཞིན་གྱིས་མེད་པར་བསྒྲུབ་པ་ལ། སྒྲ་རང་བཞིན་གྱིས་གྲུབ་པ་ལྟ་བུའོ། ། དེ་ལ་བརྟགས་པ་མཐའ་བཟུང་གིས་དབྱེན། གང་ཟག་གི་བདག་དང་། ཆོས་ཀྱི་བདག་གཉིས་སོ། །
དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་དགག་བྱ་ཙམ་མིང་ཚིགམདོ། དབུ་མ། དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གམ་དོན་དམ་དཔྱོད་བྱེད་ཀྱི་རྟགས་ཡང་དག་གམ་གནས་ལུགས་དཔྱོད་བྱེད་ཀྱི་རྟགས་ཡང་དག་གི་དགག་བྱ་ཡིན་ཀྱང་དེའི་དགག་བྱ་མཐར་ཐུག་མིན་པ་སྟེ།རྟེན་འབྲེལ་རྟགས་ཀྱིས་སྒྲ་རང་བཞིན་གྱིས་མེད་པར་བསྒྲུབ་པ་ལ། སྒྲ་རང་བཞིན་གྱིས་གྲུབ་པར་འཛིན་པའི་བདེན་འཛིན་ལྟ་བུའོ། །
དྲག་རིགས་མིང་ཚིགདཔོན་པོ་མཐོ་གྲས་ཀྱི་རིགས་སམ་གཞུང་གི་མགོ་འཛིན་ཆེ་གྲས་ཀྱི་དོན་ཏེ།དེ་རིང་འདིར་རྒྱལ་ཁབ་ཀྱི་དྲག་རིགས་ཆེ་རྒུ་ཚང་མ་འཛོམས་ཡོད་ལྟ་བུ།
དྲག་རིགས་མིང་ཚིགཁྲོ་གཏུམ་དྲག་ཤུལ་ཅན་གྱི་རིགས་ཀྱི་དོན།
དྲག་རིགས་མིང་ཚིགམ་རབས་ཐ་ཤལ་གྱི་རིགས་མིན་པར་རིགས་མཐོ་ལ་ཡ་རབས་ཚུལ་ལྡན་གྱི་རིགས།
དྲི་མེད་རིགས་པ་མིང་ཚིགགནས་ལུགས་རྒྱུ་མཚན་ལ་ཁུངས་གཏུགས་ཤིང་གཏན་ཚིགས་ཀྱི་ལམ་ནས་དྲངས་པའི་རིགས་པ་ཡང་དག་གི་མིང་སྟེ།དྲི་མེད་རིགས་པའི་ལམ་ནས་ཉེར་དྲངས་པའི། །ཁྱོད་གསུངས་བདུད་རྩིའི་ཆབ་རྒྱུན་མ་ཆད་རོགས། །ཞེས་པ་ལྟ་བུ།
དྲི་ཟའི་རིགས་ཀྱི་ལྷའི་བུ་བཞི་མིང་ཚིགདམ་ཆོས་པད་དཀར་གྱི་མདོ་ལས་བྱུང་བ་སྟེ། ༡ དྲི་ཟ་ཡིད་དུ་འོང་བ། ༢ ཡིད་འོང་དབྱངས། ༣ འཇམ་སྙན། ༤ དྲི་ཟ་དབྱངས་སྙན་ནོ། །
དྲིའི་རིགས་གསུམ་མིང་ཚིགཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བའི་མཛོད་གནས་གསུམ་པ་ལས་བྱུང་བ་སྟེ། རྩ་བའི་དྲི། སྡོང་བུའི་དྲི། མེ་ཏོག་གི་དྲིའོ། །
དྲེགས་པ་ཅན་གྱི་སྡེ་རིགས་དབྱེ་བ་བསྟན་པའི་ལེའུ་མིང་ཚིགབཀའ་འགྱུར་རྙིང་རྒྱུད་ག་པར་བཞུགས།
ནང་གི་རིགས་བཞི་མིང་ཚིགབོད་ཀྱི་ཐོག་མའི་རིགས་རུས་མཆེད་གཞི་ནི་སེ་སྡེ། རྨུ་སྡེ། ལྡོང་སྡེ། སྟོང་སྡེ་བཞིའོ། །བོད་མི་བུ་རིགས་བཞིའང་ཟེར།
ནང་དུ་འཁོར་ལོས་སྒྱུར་བ་དང་ཀླ་ཀློའི་འཁྲུག་པ་དང་དུས་ཀྱི་འཁོར་ལོའི་རིགས་ཀྱི་རྒྱུད་དང་རྩའི་རིགས་འབྱུང་བའི་མདོར་བསྡུས་ཆེན་པོ་མིང་ཚིགབཀའ་འགྱུར་དྲི་མེད་འོད། ཤྲཱི་ལ་བཞུགས།
ནང་དུ་འཁོར་ལོས་སྒྱུར་བ་དང་ཀླ་ཀློའི་འཁྲུག་པ་དང་དུས་ཀྱི་འཁོར་ལོའི་རིགས་ཀྱི་རྒྱུད་དང་རྩའིའི་རིགས་འབྱུང་བའི་མདོར་བསྡུས་ཆེན་པོ་མིང་ཚིགབཀའ་འགྱུར་དྲི་མེད་འོད་ཤྲཱི་པར་བཞུགས།
ནད་པའི་གཡོག་ཏུ་བཅུག་པ་མི་རིགས་པ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ཚིག་མི་སྲུན་པར་གྱུར་པའི་ཆོས་རྣམས་དང་ལྡན་པ། ནད་པ་ལ་ལུང་བསྟན་པ་བཞིན་མི་བྱེད་པ། ནད་པ་ལ་ཕན་པ་དང་མི་ཕན་པར་མི་ཤེས་པ། ནད་པའི་སྨན་སྦྱོར་མི་ནུས་པ། ནད་པ་ལ་ཁ་ཟས་ཀྱི་ཕྱིར་ནད་གཡོག་བྱེད་ཀྱི། ཆོས་ཀྱི་ཕྱིར་མ་ཡིན་ཞིང་། སྨོད་པ་ཅན་ཡིན་ཏེ། ནད་པ་ལ་རབ་ཏུ་སྨད་ནས་ནད་པའི་བཤང་གཅི་དང་། མཆིལ་མ་དང་། སྐྱུག་པ་དང་། ཚད་པ་འདོར་དུ་མི་བཏུབ་ཅིང་སྨོད་པའོ། །
ནད་རིགས་ཀུན་ཐུབ་སྔགས་རྒོད་ཆེན་མོ་མིང་ཚིགཀུན་མཁྱེན་མི་ཕམ་རྒྱ་མཚོས་ཤིང་འབྲུག་ཕྱི་ལོ་ ༡༩༠༤ ལོའི་བོད་ཟླ་གཉིས་པའི་ཚེས་གཅིག་ལ་མཛད། ནད་བརྒྱ་སྔགས་གཅིག་སྐོར་ལས། ནད་སྔགས་དུམ་བུ་ཞིག་ཡིན།
ནད་རིགས་བཞི་བརྒྱ་རྩ་བཞི་མིང་ཚིགབརྒྱ་རྩ་གཅིག་ནི་ཀུན་བརྟགས་གདོན་གྱི་ནད། བརྒྱ་རྩ་གཅིག་ནི་འཕྲལ་བྱུང་རྐྱེན་གྱི་ནད། བརྒྱ་རྩ་གཅིག་ནི་འབྱུང་འདུས་གཞིའི་ནད། བརྒྱ་རྩ་གཅིག་ནི་སྔོན་བྱུང་རང་བཞིན་སྔོན་གྱི་ནད་བཅས་སོ། །
ནད་རིགས་བཞི་བརྒྱ་རྩ་བཞི་མིང་ཚིགཀུན་བརྟགས་གདོན་གྱི་ནད་བརྒྱ་རྩ་གཅིག། འཕྲལ་བྱུང་རྐྱེན་གྱི་ནད་བརྒྱ་རྩ་གཅིག། འབྱུུང་འདུས་གཞི་ཡི་ནད་བརྒྱ་རྩ་གཅིག། རང་བཞིན་སྔོན་གྱི་ལས་ཀྱི་ནད་བརྒྱ་རྩ་གཅིག་བཅས་སོ། །
ནད་རིགས་བཞི་བརྒྱ་རྩ་བཞི་མིང་ཚིགཞེ་སྡང་ལས་མེ། མེ་ལས་མཁྲིས་པ། མཁྲིས་པ་ལས་འབྱུང་བ་བརྒྱ་རྩ་གཅིག། གཏི་མུག་ལས་ས། ས་ལས་བད་ཀན། བད་ཀན་ལས་གྱུར་པ་བརྒྱ་རྩ་གཅིག། ཕྲག་དོག་ལས་རླུང༌། རླུང་ལས་གྱུར་པ་བརྒྱ་རྩ་གཅིག། འདོད་ཆགས་ལས་ཆུ། ཆུ་ལས་འདུས་པ། འདུས་པ་ལས་གྱུར་པ་བརྒྱ་རྩ་གཅིག་བཅས་ནད་རིགས་བརྒྱ་རྩ་བཞི་པོ་དེས་འབྱུང་བ་ཆ་མ་སྙོམས་པས་ན་བར་བྱེད་དོ། །
ནད་རིགས་བཞི་བརྒྱ་རྩ་བཞི་མིང་ཚིགརླུང་གི་ནད་རིགས་བརྒྱ་དང་གཅིག། མཁྲིས་པའི་ནད་རིགས་བརྒྱ་དང་གཅིག། བད་ཀན་གྱི་ནད་རིགས་བརྒྱ་དང་གཅིག། ལྡན་འདུས་ནད་རིགས་བརྒྱ་དང་གཅིག་བཅས་སོ། །
ནད་རིགས་བཞི་བརྒྱ་རྩ་བཞི་ཚན་པ་བཞིར་འདུས་པའི་ཚན་པ་བཞི་མིང་ཚིགདཀོན་བརྩེགས་ལེའུ་བཅུ་གསུམ་པ་མངལ་དུ་འཇུག་པ་བསྟན་པའི་ལེའུ་ལས་བྱུང་བ་སྟེ། ༡ མཁྲིས་པའི་ནད་བརྒྱ་རྩ་གཅིག ༢ རླུང་ནད་བརྒྱ་རྩ་གཅིག ༣ བད་ཀན་གྱི་ནད་བརྒྱ་རྩ་གཅིག ༤ རླུང་དང་། མཁྲིས་པ་དང་། བད་ཀན་འདུས་པ་ལས་བྱུང་བའི་ནད་བརྒྱ་རྩ་གཅིག་གོ །
ནོར་བུའི་རིགས་ཀྱི་ཉེ་བར་སྦྱོར་བའི་ཆོ་ག་རྒྱས་པ་མིང་ཚིགདཔལ་ལྡན་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཇ་པར་བཞུགས།
ནོར་བུའི་རིགས་ཀྱི་ཉེ་བར་སྦྱོར་བའི་ཆོ་ག་རྒྱས་པ་མིང་ཚིགབཀའ་འགྱུར་རྒྱུད་འབུམ་ཉ་པར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་ཞིག
ནོར་བུའི་རིགས་ཀྱི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ་མིང་ཚིགདཔལ་མཆོག་དང་པོའི་སྔགས་ཀྱི་རྟོག་པའི་དུམ་བུ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཏ་པར་བཞུགས།
ནོར་བུའི་རིགས་ཆེན་པའི་ཞེས་བྱ་བ་མིང་ཚིགགསང་བ་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་རྩེ་མོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཉ་པར་བཞུགས།
པ་རིགྲ་ཧ་མིང་ཚིགཡོངས་སུ་འཛིན་པ།
པགས་རིགས་མིང་ཚིགར་ལུག་སོགས་སྲོག་ཆགས་སྣ་ཚོགས་ཀྱི་པགས་པའིི་སྤྱི་མིང།པགས་རིགས་ཀྱིས་བཟོས་པའི་གྱོན་པ་ལྟ་བུ།
པཎ་ཆེན་ལུང་རིགས་རྒྱ་མཚོ་མིང་ཚིགརབ་བྱུང་བདུན་པའི་ས་ཁྱི་ཕྱི་ལོ ༡༤༡༨ ལོར་ལ་སྟོད་བྱང་དུ་འཁྲུངས། རྒྱལ་བ་དགེ་འདུན་གྲུབ་པ་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན། རྗེ་བཙུན་བཟང་པོ་བཀྲ་ཤིས་སོགས་བླ་མ་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་མཐར་ཕྱིན་པར་མཛད། དྲུག་ཅུ་པ་རབ་བྱུང་བརྒྱད་པའི་ས་ཁྱི་ཕྱི་ལོ ༡༤༧༨ལོར་བཀྲ་ཤིས་ལྷུན་པོའི་གདན་སར་ཕེབས། རེ་གཉིས་པ་ལྕགས་བྱི་ཕྱི་ལོ ༡༤༨༠ ལ་བླ་བྲང་གི་སྟེང་དུ་དགའ་ལྡན་ལྷ་ཁང་སོགས་ལྷ་ཁང་མང་པོ་བཞེངས། བཀྲ་ཤིས་ལྷུན་པོ་ལོ་བཅུར་བསྐྱངས། གདན་ས་པཎ་ཆེན་ཡེ་ཤེས་རྩེ་མོར་གཏད། འདས་ལོ་མི་གསལ། བཀྲ་ཤིས་ལྷུན་པོའི་ཁྲི་རབས་གསུམ་པ་ཡིན།
པད་མའི་རིགས་མིང་ཚིགརིགས་གསུམ་གྱི་ནང་གསེས་ཤིག་སྟེ། དེ་བཞིན་གཤེགས་པའི་རིགས། རྡོ་རྗེའི་རིགས། པད་མའི་རིགས་ཏེ་སྔགས་ལུགས་ཀྱི་རིགས་གསུམ་གྱི་ཕྱི་མའོ། །
པདྨ་རིགས་ཀྱི་ཡུམ་གྱི་ལེའུ་མིང་ཚིགབཀའ་འགྱུར་རྒྱུད་འབུམ་ཚ་པར་བཞུགས།
པདྨ་རིགས་ཀྱི་རྫས་སྒྲུབ་པའི་དཀྱིལ་འཁོར་གྱི་ཆོ་ག་རིམ་པར་ཕྱེ་བ་མིང་ཚིགབཀའ་འགྱུར་རྒྱུད་འབུམ་ཝ་པར་བཞུགས།
པདྨའི་རིགས་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་མིང་ཚིགདཔལ་མཆོག་དང་པོའི་སྔགས་ཀྱི་རྟོག་པའི་དུམ་བུ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཏ་པར་བཞུགས།
པདྨའི་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་མིང་ཚིགདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཉ་པར་བཞུགས།
པདྨའི་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་མིང་ཚིགདཔལ་ལྡན་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཇ་པར་བཞུགས།
པདྨའི་རིགས་ཆེན་པོ་ཞེས་བྱ་བ་མིང་ཚིགགསང་བ་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་རྩེ་མོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཉ་པར་བཞུགས།
ཁམས་གསུམ་གྱི་གནས་རིགས་ཞེ་གཅིག་མིང་ཚིགསྔགས། མ་ཧཱ་ཡོ་ག རྙིང་མ། གནས་རིགས་བཞི་བཅུ་ཞེ་གཅིག་དང་དོན་གཅིག་གོ །
ཕུང་པོ་ལྔ་ནི་རིགས་ལྔའི་སངས་རྒྱས་ལྔ་མིང་ཚིགསློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་མན་ངག་ལྟ་བའི་ཕྲེང་བའི་མཆན་འགྲེལ་ནོར་བུའི་བང་མཛོད་ལས་བྱུང་བ་སྟེ། རྣམ་ཤེས་མི་བསྐྱོད་པ། ཚོར་བ་རིན་འབྱུང་། འདུ་ཤེས་སྣང་མཐའ། འདུ་བྱེད་དོན་གྲུབ། གཟུགས་རྣམ་སྣང་ངོ་། །
ཕོ་རིགས་མིང་ཚིགཕོའི་མཚན་མ་དང་ལྡན་མཁན།ཕོ་རིགས་ཀྱི་སེམས་ཅན་ལྟ་བུ།
ཕྱག་རྒྱ་ཆེན་པོའི་རིགས་མཆོག་མིང་ཚིགསྔགས། རྣལ་འབྱོར་བླ་མེད་རྒྱུད། ཇོ་ནང་། དབུ་མ་གཞན་སྟོང་པ། གཞན་སྟོང་དབུ་མ་བདེ་གཤེགས་སྙིང་བོའི་མཚན་གྱི་རྣམ་གྲངས་ཤིག་སྟེ། དོན་དམ་གྱི་མཚན་བརྗོད་ཀྱི་སྔགས་ཀྱི་རིགས་དྲུག་ལ་གཟིགས་པས་སྐབས་སུ་གསུངས་པའི་མཚན་གྱི་རྣམ་གྲངས་བརྒྱད་གསུངས་པའི་ཡ་གྱལ་ཞིག་ཡིན་ལ། དེ་ཡང་སྟོང་གཞི་དོན་དམ་གཞན་སྟོང་ཉིད་དེའི་མཚན་གཞི་ཡིན་པར་ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱིས་རི་ཆོས་ངེས་དོན་རྒྱ་མཚོར་ཕྱག་རྒྱ་ཆེན་པོའི་རིགས་མཆོག་མཁའ་ཁྱབ་དང༌། ཞེས་གསུངས།
ཕྱི་རོལ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་བཞིའི་རྟོག་པ་མིང་ཚིགདཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྟོག་པའི་རྒྱལ་པོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཏ་པར་བཞུགས།
བཀྲ་རིགས་ལྔ་མིང་ཚིགརོའི་རིགས་ཀྱི་ནང་གསེས་བཀྲ་ཞེས་པ་རྒས་ནས་ཤི་བའི་རིགས་ལྔ་སྟེ། རྙིང་མའི་བཀྲ་དཔྱད་གཞུང་བཞིའི་ཡ་གྱལ་དབྱིག་རིན་ཆེན་བང་མཛོད་ནས་གསུངས་པའི་བཀྲ་རྒྱལ་དང་། བཀྲ་མུན། བཀྲ་སྲིན། བཀྲ་ནས་ཆེན་མོ། ཟུར་བཀྲ་བཅས་ལྔའམ། ཡང་ན་དེ་བཞིའི་ཡ་གྱལ་གསལ་བའི་སྒྲོན་མེ་ལས་གསུངས་པའི་བཀྲ་རྒྱལ་དང་། བཀྲུ་མུན། བཀྲ་ཕྱེད། བཀྲ་ཡུགས། བཀྲ་ཤིས་བཅས་ལྔ་ཡིན། གཞན་ཡང་དེ་བཞིའི་ཡ་གྱལ་བཀྲ་དཔྱད་ཁྲ་མེན་དགུ་སྐོར་རུ་ཕོ་བཀྲ་དགུ་དང་མོ་བཀྲ་དགུ་བཅས་བཀྲ་རིགས་བཅོ་བརྒྱད་དང་། ཨ་མི་གདོང་གི་བཀྲ་དཔྱད་དུ་བཀྲ་མུན་དང་། བཀྲ་རྒྱལ། བཀྲ་བཟང་། བཀྲ་ཟུར་ནག བཀྲ་བྱེ་མ། བཀྲ་ཆུ་རྟེན། ཕན་ངོན་བཀྲ་བཅས་བཀྲ་རིགས་བདུན་གསུངས་ཡོད། བཀྲའི་སོ་མཚམས་ནི་སྔོན་དུས་སྐྱེས་པ་ཡིན་ན་ཕོ་ལོ་བདུན་ཅུ་དང་། བུད་མེད་ཡིན་ན་མི་ལོ་དྲུག་ཅུ་བྱེད་ཀྱང་། ཚེ་ལོ་དྲུག་ཅུ་ཁ་རལ་དུས་འདིར་ཕོ་ལོ་དྲུག་ཅུ་དང་། མོ་ལོ་ལྔ་བཅུ་བཀྲའི་སོ་མཚམས་ལ་བརྩི་བས། སོ་མཚམས་འདི་ནས་ཡར་བརྒལ་ཏེ་ཤི་བའི་གཤིན་པོ་དག་གི་རོ་བཀྲ་རིགས་སུ་གཏོགས་ཅིང་། འདི་ལ་བཀྲ་ཟེར་དོན་ན་སོ་རྒས་ནས་འཇིག་རྟེན་གྱི་ཆོས་ཉིད་ལྟར་ཤི་བའི་རོ་ཡིན་པས་ཡིན།
བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་མིང་ཚིག༡ ཞེ་སྡང་ལས་གྱུར་པའི་ཕོ་གདོན་སྟོང་ཕྲག་ཉི་ཤུ་རྩ་གཅིག། ༢ གཏི་མུག་ལས་གྱུར་པའི་ཀླུ་གདོན་སྟོང་ཕྲག་ཉི་ཤུ་རྩ་གཅིག། ༣ འདོད་ཆགས་ལས་གྱུར་པའི་མོ་གདོན་སྟོང་ཕྲག་ཉི་ཤུ་རྩ་གཅིག། ༤ དུག་གསུམ་སུམ་ཆར་ལས་གྱུར་པའི་གདོན་འདྲེས་སྟོང་ཕྲག་ཉི་ཤུ་རྩ་གཅིག་བཅས་སོ། །
བཅོམ་ལྡན་རིགས་པའི་རལ་གྲི་མིང་ཚིགདུས་རབས་བཅུ་གཉིས་པའི་སྟོད་དུ་ལྷོ་ཁ་ཕུ་ཐང་དུ་འཁྲུངས། ཆུང་དུས་ནས་ཆོས་སྒོར་ཞུགས། རབ་ཏུ་བྱུང་། བསམ་ཡས་མཆོད་རྟེན་དཀར་པོའི་བཙུན་པ་མཛད། སྐྱིད་ཤོད་དགའ་གདོང་དུ་བྱོན། སློབ་དཔོན་ཉི་མ་བརྩོན་འགྲུས་ལས་ཕར་ཕྱིན་སོགས་སྦྱངས། མཛེ་ནད་ཀྱིས་བཟུང་བས་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱི་སྐུ་མདུན་དུ་བཅར། སྣར་ཐང་དུ་ཕེབས་དུས་དབུ་ལ་ཉི་མ་ཤར་བ་དང་། ཚོགས་དུང་འབོད་པ་རྣམས་དུས་གཅིག་ཏུ་འཁེལ་ཏེ་རྟེན་འབྲེལ་ལེགས་པ་འགྲིགས། སྐྱོ་སྟོན་གྱི་བཀའ་ལྟར་ཚད་མ་རྣམ་ངེས་ཚར་སྟོང་བཏོན་པས་མཛེ་ནད་ཀྱང་སངས། སྣར་ཐར་དགོན་པའི་ཆོས་གྲྭར་ཞུགས། མདོ་སྔགས་རིག་གནས་ཀུན་ལ་སློབ་གཉེར་མཛད། བཤེས་གཉེན་ཆེན་པོར་གྱུར། གསུང་རྩོམ་ནི་སྐྱེས་རབས་རྒྱན་གྱི་མེ་ཏོག་དང་། བཀའ་འགྱུར་དང་། བསྟན་འགྱུར་ཀྱི་དཀར་ཆག་བསྟན་པ་རྒྱས་པ། དེ་ལས་བསྡུས་པ་བཀའ་འགྱུར་གྱི་དཀར་ཆག་ཉི་མའི་འོད་ཟེར། གསོ་དཔྱད་རྒྱན་གྱི་མེ་ཏོག ཚད་མ་རིག་པའི་འགྲེལ་བ་བཅས་པོད་བཅུ་དྲུག་ཙམ་བཞུགས་ཞེས་དེབ་སྔོན་དུ་གསུངས།
བད་ཀན་ནད་རིགས་ཀྱི་དབྱེ་བ་དྲུག་མིང་ཚིགབད་ཀན་ལྷེན། བད་ཀན་ལྕགས་དྲེག། བད་ཀན་མེ་དྲོ་ཉམས་པ། བད་ཀན་མགུལ་འགགས། བད་ཀན་གྲུམ་བུ་དཀར་པོ། བད་ཀན་འཇུ་སྐེམ་མོ། །
བད་ཀན་རིགས་དྲུག་མིང་ཚིགརིགས་ཀྱི་སྒོ་ནས་དབྱེ་བའི་བད་ཀན་གྱི་ནད་དྲུག་སྟེ། ལྷེན་དང༌། ལྕགས་དྲེག མེ་ཉམས། མགུལ་འགགས། གྲུམ་བུ་དཀར་པོ། འཇུ་སྐེམ་བཅས་སོ། །
བདག་ཕུང་གཅིག་ཏུ་འདོད་པ་འགོག་པའི་རིགས་པ་མིང་ཚིགམདོ། དབུ་མ། རིགས་པ་བདུན་ཡོད་པའི་དང་པོ་ནི། གང་ཟག་གཅིག་གི་བདག་དུ་མར་ཐལ། ཕུང་པོ་དུ་མ་ཡིན་པའི་ཕྱིར། སེམས་ཁོ་ན་བདག་ཏུ་འདོད་པ་ལའང། མིག་གི་རྣམ་ཤེས་སོགས་སམ། སྐད་ཅིག་སྔ་ཕྱིའི་དབྱེ་བས་དུ་མ་ཡོད་པའི་ཕྱིར། འདོད་ན། འཇིག་རྟེན་སྐྱེས་ན་གང་ཟག་ཉག་ཅིག་སྐྱེའོ་ཞེས་བྱ་བའི་ལུང་ལས་ནི་བདག་མང་པོ་དག་ཏུ་འདོད་པའང་མ་ཡིན་ནོ། །གཉིས་པ་ནི། བདག་རྫས་སུ་འགྱུར་ཏེ། ཕུང་པོ་རྫས་སུ་འདོད་པའི་ཕྱིར་ཏེ། འདོད་ན། དགེ་སློང་དག་ལྔ་པོ་འདི་དག་མིང་ཙམ་ཐ་སྙད་ཙམ་བཏགས་པ་ཙམ་སྟེ་གང་འདི་ལྟ་སྟེ། འདས་པའི་དུས་དང། མ་འོངས་པའི་དུས་དང། ནམ་མཁའ་དང། མྱ་ངན་ལས་འདས་པ་དང་གང་ཟག་གོ ། ཞེས་བྱ་བའི་ལུང་དང་འགལ་ལོ། །གསུམ་པ་ནི་འཇིག་ཚོགས་ལ་ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་བར་ཐལ། སྔོ་སེར་ལ་སོགས་པའི་ཤེས་པ་ལྟར་རྫས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར། །འདོད་ན་དེ་སྤང་བར་མི་འགྱུར་བའམ། དེ་ལ་དམིགས་པའི་འདུན་པའི་འདོད་ཆགས་སྤངས་པ་ཁོ་ནས་སྤོང་བར་འགྱུར་རོ། །བཞི་པ་ནི། ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་ཚེ་བདག་ཆད་པར་ཐལ། དེར་ཕུང་པོ་རྒྱུན་ཆད་པའི་ཕྱིར། འདོད་ན། ཆད་པའི་མཐར་འཛིན་པས་མཐར་འཛིན་པར་ལྟ་བར་ཐལ་བར་འགྱུར་རོ། །ལྔ་པ་ནི་མྱ་ངན་ལས་འདས་པའི་སྔ་རོལ་དུ་བདག་སྐད་ཅིག་གིས་སྐྱེ་འཇིག་བྱེད་པར་ཐལ། དེར་ཕུང་པོ་སྐད་ཅིག་གིས་སྐྱེ་འཇིག་བྱེད་པའི་ཕྱིར། འདོད་ན། དེའི་ཚེ་དེའི་དུས་ན་ང་རྒྱལ་པོ་ང་ལས་ནུ་ཞེས་བྱ་བར་གྱུར་ཏོ། །ཞེས་བྱ་བ་འདིའང་གསུངས་པར་མི་འགྱུར་ཏེ། དེའི་ཚེ་བདག་ཀྱང་ལུས་ལྟར་ཞིག་པའི་ཕྱིར་དང། འདིར་གཞན་ཉིད་སྐྱེ་བར་འགྱུར་བའི་ཕྱིར་རོ། །དྲུག་པ་ནི་འཇིག་རྟེན་མཐའ་དང་ལྡན་པ་དང། མི་ལྡན་པ་དང། གཉིས་ཀ་དང། གཉིས་ཀ་མ་ཡིན་པ་སྟེ་མུ་བཞི་དང། འཇིག་རྟེན་རྟག་སོགས་མུ་བཞི་དང་། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་མི་འབྱུང་མི་བཞི་པོ་རྣམས་ལ་ནི་ལུང་དུ་མ་བསྟན་པའི་དངོས་པོར་གཞག་པ་མི་འཐད་པར་ཐལ། བདག་ཕུང་གཅིག་ཡིན་ན་སྐབས་འདིའི་འཇིག་རྟེན་གྱི་སྒྲས་ཕུང་པོ་འཛིན་དགོས་པས་འཇིག་རྟེན་མཐའ་དང་ལྡན་པ་དང། མི་རྟག་པ་དང། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་མི་འབྱུང་བར་ཁས་ལེན་དགོས་པའི་ཕྱིར། །བདུན་པ་ནི་རྣལ་འབྱོར་མངོན་སུམ་གྱིས་བདག་མེད་པར་མཐོང་བའི་ཚེ་ཕུང་པོ་མེད་པར་མཐོང་བར་འགྱུར་ཏེ། །བདག་ཕུང་གཅིག་ཡིན་པའི་ཕྱིར། གལ་ཏེ་ལས་དང་འབྲས་བུ་འབྲེལ་བའི་དུས་སུ་བདག་གི་སྒྲ་ཕུང་པོ་ལ་འཇུག་ལ། རྣལ་འབྱོར་པས་བདག་མེད་མཐོང་བའི་ཚེ་གཞན་གྱིས་ཀུན་བརྟགས་པའི་ནང་གི་བྱེད་པའི་སྐྱེས་བུ་ལ་འཇུག་པས་དེ་མེད་པར་མཐོང་བའི་ཕྱིར་སྐྱོན་མེད་དོ་སྙམ་ན། དེའང་མི་འཐད་དེ་ཕུང་པོ་རྣམས་བདག་ཡིན་ན་ཆོས་ཐམས་ཅད་བདག་མེད་ཅེས་པའི་ཚེའང་ཕུང་པོ་བདག་ཏུ་འདོད་དགོས་པའི་ཕྱིར་ཏེ། གཞན་དུ་ན་འདོད་དགུར་སྤྱོད་པར་འགྱུར་བའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མའི་སྤྱི་དོན་ལས་གསུངས་སོ། །
བདག་ཕུང་གཞན་དུ་འདོད་པ་འགོག་པའི་རིགས་པ་མིང་ཚིགམདོ། དབུ་མ། མུ་སྟེགས་རང་ལ་གྲགས་པའི་གཏན་ཚིགས་ནི། བདག་ནི་དོན་དམ་དུ་ཡོད་པ་དང་། ངར་འཛིན་ལྷན་སྐྱེས་ཀྱི་རྟེན་ཡིན་པ་དང། ཀུན་རྫོབ་ཏུ་ཡོད་པ་གསུམ་ཆར་ཡང་མི་འཐད་དེ་མ་སྐྱེས་པའི་ཕྱིར་དཔེར་ན་མོ་གཤམ་གྱི་བུ་བཞིན། ཞེས་པའི་རང་ལ་གྲགས་ཀྱི་གཏན་ཚིགས་ཀྱིས་གནོད་ཅིང། དེ་བཞིན་དུ། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག། །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས། །ཞེས་པའི་ཁྱད་པར་ཀུན་ལའང་གཏན་ཚིགས་དེ་ཉིད་ཀྱིས་གནོད་པའོ། །འགལ་འབྲེལ་ལ་བརྟེན་པའི་རིགས་པས་དགག་པ་ནི། ཕུང་པོ་ལས་དོན་གཞན་དུ་མེད་དེ། སྣང་རུང་མ་དམིགས་པའི་ཕྱིར་ཞེས་པའི་གཏན་ཚིགས་དང་། ངར་འཛིན་ལྷན་སྐྱེས་ཀྱི་བློའི་རྟེན་དུ་མི་འཐད་དེ། དེ་ལྟ་བུའི་ཁྱད་པར་རིག་པ་མེད་པར་ཡང་ངར་འཛིན་ལྷན་སྐྱེས་སྐྱེ་བ་ཡོད་པའི་ཕྱིར། ཞེས་པའི་གཏན་ཚིགས་གཉིས་ཀྱིས་གནོད་པའོ། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མའི་སྤྱི་དོན་ལས་གསུངས་སོ། །
བདག་སྐྱེ་འགོག་པའི་ཟླ་གྲགས་ཀྱི་རིགས་པ་མིང་ཚིགམདོ། དབུ་མ། ཟླ་བས་འཐད་པར་སྦྱར་བའི་ཚུལ་ལ་གཉིས་ལས། དང་པོ་སྐྱེ་བ་དོན་མེད་པར་ནི། རྒྱུའི་བདག་ཉིད་དུ་ཡོད་པའི་འབྲས་བུ་དེ་སྐྱེ་བ་དོན་མེད་པར་འགྱུར་ཏེ། རང་གི་བདག་ཉིད་དུ་ཡོད་པའི་ཕྱིར། མངོན་གསལ་གྱི་བུམ་པ་བཞིན་ནོ། །གཉིས་པ་རིགས་པ་དང་འགལ་བ་ལ་བཞི་ལས། དང་པོ་མ་གྲགས་པའི་དོན་ཐོབ་པ་ནི། འབྲས་བུ་མྱུ་གུ་སྔོན་པོར་བདག་ཉིད་ལས་བདག་ཉིད་དུ་འབྱུང་བ་ལྟར་རྒྱུ་ས་བོན་སྐྱ་བོའང་བདག་ཉིད་ལས་བདག་ཉིད་དུ་སྐྱེ་བར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེ་ལྟར་ན་རྟག་ཏུ་ས་བོན་གྱི་ངོ་བོར་སྐྱེ་བར་འགྱུར་བས་མ་གྲགས་པའི་དོན་ཐོབ་པའོ། །གཉིས་པ་གྲགས་པའི་དོན་མི་རུང་བ་ནི། རྒྱུ་མཚན་དེ་ཉིད་ཀྱིས་ས་བོན་སྐྱ་བོའི་གནས་སྐབས་འགག་པར་མི་འཐད་པས་མྱུ་གུ་སྔོན་པོའི་གནས་སྐབས་འབྱུང་བར་མི་འཐད་དེ། འབྲས་བུ་འབྱུང་བ་ལ་རྒྱུ་འགགས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །གལ་ཏེ་རྐྱེན་ཆུ་ལུད་ལ་སོགས་པས་ཕན་བཏགས་པའི་སྒོ་ནས་ས་བོན་གྱིས་མྱུ་གུ་བསྐྱེད་པར་བྱེད་ལ་མྱུ་གུས་དེ་ཉིད་ཀྱི་ཚེ་ས་བོན་འགག་པར་བྱེད་པས་སྐྱོན་གང་ཡང་མེད་དོ་ཞེ་ན་མ་ཡིན་ཏེ། དེ་གཉིས་བདག་ཉིད་གཅིག་ཡིན་པས་རང་ལ་རང་གི་བྱ་བ་འགལ་བའི་ཕྱིར་རོ། །གསུམ་པ་རྒྱུ་འབྲས་ངོ་བོ་འཆོལ་བར་འགྱུར་བ་ནི། ས་བོན་གྱི་ཆོས་ལྔ་མྱུ་གུ་ལ་དམིགས་ཤིང་མྱུ་གུའི་ཆོས་ལྔ་ས་བོན་ལ་དམིགས་པར་འགྱུར་ཏེ། དེ་གཉིས་བདག་ཉིད་གཅིག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ས་བོན་གྱི་དབྱིབས་ཟླུམ་པོ་དང་ཁ་དོག་སྐྱ་བོ་དང་། རོ་མངར་བ་དང་། ནུས་པ་མྱུ་གུ་བསྐྱེད་པ་དང་། སྨིན་པ་ཁ་བར་འགྱུར་བར་དམིགས་ཤིང་། མྱུ་གུ་ནི་དབྱིབས་རིང་པོ་དང་། ཁ་དོག་སྔོན་པོ་དང། རོ་ཁ་བ་དང་། ནུས་པ་གྲིབ་མ་བསྐྱེད་པ་དང་། སྨིན་པ་མངར་བར་འགྱུར་བར་དམིགས་པའི་ཕྱིར་རོ། །བཞི་པ་རྒྱུ་འབྲས་རྟོགས་པ་མཚུངས་པར་འགྱུར་པ་ནི། མྱུ་གུ་དམིགས་པའི་ཚེ་མྱུ་གུ་ལྟར་དེ་དང་བདག་ཉིད་གཅིག་པའི་ས་བོན་ཡང་དམིགས་པར་འགྱུར་ཞིང་། ཡང་ན་ས་བོན་མི་དམིགས་པ་ལྟར་དེ་དང་བདག་ཉིད་གཅིག་པའི་མྱུ་གུ་ཉིད་ཀྱང་མི་དམིགས་པར་འགྱུར་རོ། །དེ་བཞིན་དུ་ས་བོན་དམིགས་པའི་ཚེ་ས་བོན་ལྟར་དེ་དང་བདག་ཉིད་གཅིག་པའི་མྱུ་གུའང་དམིགས་པར་འགྱུར་ཞིང་། ཡང་ན་མྱུ་གུ་མི་དམིགས་པ་ལྟར་དེ་དང་བདག་ཉིད་གཅིག་པའི་ས་བོན་ཉིད་ཀྱང་མི་དམིགས་པར་འགྱུར་ཏེ། དེ་དང་བདག་ཉིད་གཅིག་ཡིན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མའི་སྤྱི་དོན་ལས་གསུངས་སོ། །
བདག་སྐྱེ་འགོག་པའི་རང་རྒྱུད་ཀྱི་རྟགས་མི་རིགས་པ་མིང་ཚིགམདོ། དབུ་མ། དབུ་མ་པ་ཡིན་ན་ནི་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པ་བྱ་བ་རིགས་པ་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་ཏེ། འདིའི་དོན་དབུ་མ་པ་ཡིན་ན་ནི། ཞེས་པ། བདག་སྐྱེ་བཀག་པ་ལྟ་བུ་དོན་དམ་ལ་དཔྱོད་པའི་སྐབས་སུ་ཞེས་པའི་དོན་ནོ། །དེའི་ཚེ་དངོས་པོ་བདག་ལས་མི་སྐྱེ་བར་སྒྲུབ་པའི་རང་རྒྱུད་ཀྱི་རྗེས་སུ་དཔག་པ་བྱ་བར་མི་རིགས་ཏེ། རང་རྒྱུད་ཡིན་ན། ཆོས་ཅན་མངོན་སུམ་ལ་སོགས་པའི་ཐ་སྙད་པའི་ཚད་མ་བཞི་པོ་གང་རུང་གིས་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་སྟེང་དུ་གཞན་ཕྱོགས་བདག་སྐྱེ་བཀག་ནས་རང་ཕྱོགས་བདག་སྐྱེ་མེད་པ་བསྒྲུབ་དགོས་པ་ལས་ཆོས་ཅན་དེ་ལྟར་མ་གྲུབ་པས་གཞན་ཕྱོགས་ལས་ཕྱོགས་གཞན་བདག་སྐྱེ་མེད་པ་ཉིད་ཀྱང་རང་རྒྱུད་དུ་ཁས་མ་བླངས་པའི་ཕྱིར་ཞེས་པ་སྟེ། འདིའི་ཤེས་བྱེད་དུ་འཕགས་པ་ལྷས། ཡོད་དང་མེད་དང་ཡོད་མེད་ཅེས། །ཞེས་སོགས་ཚིགས་བཅད་གཅིག་དང་། རྩོད་ཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །ཅེས་ཚིགས་བཅད་གཉིས་དྲངས་ཏེ། ཆོས་ཅན་ཐ་སྙད་པའི་ཚད་མས་གྲུབ་པ་ཁས་མ་བླངས་པ་ལ་ཐུག་པར་སྣང་ངོ་། །ཤུགས་ལ་ཐ་སྙད་རྣམ་འཇོག་གི་ཚེ་ཆོས་ཅན་ཐ་སྙད་ཚད་མས་གྲུབ་པ་ཡོད་པས་རང་རྒྱུད་ཡོད་པར་བསྟན་ནོ། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མའི་སྤྱི་དོན་ལས་གསུངས་སོ། །
བདག་སྐྱེ་འགོག་པའི་སངས་རྒྱས་བསྐྱངས་ཀྱི་རིགས་པ་མིང་ཚིགམདོ། དབུ་མ། སངས་རྒྱས་བསྐྱངས་ཀྱིས་འཐད་པ་སྦྱར་བའི་ཚུལ་ནི། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ནི་ཡང་སྐྱེ་བ་ལ་དགོས་པ་མེད་དོ་ཅི་སྟེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས་སོ། །འདིའི་དོན་ཕ་རོལ་པོའི་བློ་ངོོར་མཐའ་གཅིག་ཏུ་ངེས་པའི་དམ་བཅའ་བསྒྲུུབ་པ་གཞན་ལ་གྲགས་པའི་རྗེས་དཔག་ཏུ་བཤད་པ་དང་། བཟློག་པ་དང་འབྲེལ་བའི་དམ་བཅའ་འཕེན་པ་འགལ་བར་བརྗོད་པའི་ཐལ་འགྱུར་དུ་བཤད་པ་གཉིས་ལས། དང་པོ་ནི། རྒྱུའི་བདག་ཉིད་དུ་ཡོད་པའི་འབྲས་བུ་བུམ་པ་ལ་སོགས་པའི་དངོས་པོ་རྣམས་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་དུ་ཡོད་པའི་ཕྱིར། བུམ་པ་བཞིན་ཞེས་པ་སྟེ། གཏན་ཚིགས་དེ་ནི་དཔེ་ལ་ཁྱབ་པ་བསྟན་པའི་ཤུགས་ལ་ཁྱབ་བྱ་རྩོད་གཞི་ལ་ཉེ་བར་སྦྱར་བ་ཐོབ་པས་ཤུགས་ལ་བསྟན་པ་ཡིན་ཏེ། འདི་ལྟར་དེ་དག་གི་ཞེས་པ་ལ་སོགས་པ་ནི་རང་གི་བདག་ཉིད་དུ་ཡོད་པ་སྐྱེ་ན་དོན་མེད་དང་ཐུག་མེད་དུ་འགྱུར་ཏེ། མངོན་གསལ་གྱི་བུམ་པ་བཞིན། ཞེས་བསྟན་ལ་དེ་སྐད་དུ་བསྟན་པས་ཀྱང་རང་གི་བདག་ཉིད་དུ་ཡོད་པ་ལ་བདག་ལས་སྐྱེ་བ་མེད་པས་ཁྱབ་པར་བསྟན་པའི་ཕྱིར་རོ། །གཉིས་པ་ལྟར་ན་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། ཞེས་པ་ནི་རྣལ་མ་ཡིན་ལ། དེ་ལྟ་མ་ཡིན་ན་གྲངས་ཅན་དེ་དག་གི་སྐྱེ་བ་དོན་མེད་པ་དང་། ཐུག་པ་མེད་པར་འགྱུར་ཏེ། ཡོད་པ་སྐྱེ་བའི་ཕྱིར་ཞེས་པའོ། །དངོས་པོ་ཞེས་པ་ལ་སོགས་པས་ནི་དེའི་ཁྱབ་པ་སྟོན་པ་ཡིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མའི་སྤྱི་དོན་ལས་གསུངས་སོ། །
བདུད་འདུལ་གཏེར་བྱོན་འཇམ་དབྱངས་རིགས་ལྔ་དང་དབྱངས་ཅན་མ་དམར་མོ་བཅས་ཀྱི་སྒྲུབ་ཐབས་མིང་ཚིགརིག་འཛིན་བདུད་འདུལ་རྡོ་རྗེའི་ཟབ་གཏེར་ལས། འཇམ་དབྱངས་རིགས་ལྔ་དང་དབྱངས་ཅན་མ་དམར་མོ་བཅས་ཀྱི་སྒྲུབ་ཐབས་ཀྱི་ཆོས་ཚན། རིག་འཛིན་བདུད་འདུལ་རྡོ་རྗེས་མཛད་པའི་གཏེར་ཆོས་ཤིག
བདེ་བ་ཆེན་པོ་པདྨའི་རིགས་ཀྱི་ཆོ་ག་རྒྱས་པ་མིང་ཚིགདཔལ་མཆོག་དང་པོའི་སྔགས་ཀྱི་རྟོག་པའི་དུམ་བུ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཏ་པར་བཞུགས།
བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་ནོར་བུའི་རིགས་ཀྱི་ཆོ་ག་རྒྱས་པ་མིང་ཚིགདཔལ་མཆོག་དང་པོའི་སྔགས་ཀྱི་རྟོག་པའི་དུམ་བུ་ཞེས་བྱ་བའི་སྡེ་ཚན། བཀའ་འགྱུར་རྒྱུད་འབུམ་ཏ་པར་བཞུགས།
བཟློག་པ་རང་རིགས་འཕེན་པའི་ཐལ་འགྱུར་མིང་ཚིགསྒྲུབ་བྱེད་འཕེན་པའི་རང་རིགས་ནི། གྲང་རེག་ཡོད་པས་མེ་ཡོད་པར་ཐལ་བས་མེ་ཡོད་པས་གྲང་རེག་མེད་ཅེས་རང་བཞིན་འགལ་དམིགས་ཉིད་དང་། བ་རེག་ཡོད་པས་ཙན་དན་གྱི་མེ་མེད་དུ་ཐལ། ཙན་དན་གྱི་མེ་ཡོད་པའི་ཕྱིར་བ་རེག་མེད་ཅེས་ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པ་དང་། སྤུ་ལོང་ཡོད་པའི་ཕྱིར་དུ་བ་མེད་པར་ཐལ་བས་དུ་བ་ཡོད་པས་སྤུ་ལོང་མེད་ཅེས་འགལ་འབྲས་དམིགས་པ་དང་། སྤུ་ལོང་གི་བྱེ་བྲག་ཡོད་པའི་ཕྱིར། དུ་བའི་བྱེ་བྲག་མེད་པར་ཐལ་བས་དུ་བའི་བྱེ་བྲག་ཡོད་པས་སྤུ་ལོང་གི་བྱེ་བྲག་མེད་ཅེས་རྒྱུ་དང་འགལ་བའི་འབྲས་བུའི་ཁྱབ་བྱ་དམིགས་པ་ཉིད་འཕེན་པ་དང་བཞི་སྟེ། འདི་དག་གི་དགག་བྱའི་ཆོས་ཀྱི་ཁྱད་པར་སྔར་བཤད་པ་ལྟར་སྦྱར་རོ། །ཡང་ལྟོས་བཅས་ཡིན་པའི་ཕྱིར། མ་ངེས་པར་ཐལ་བས་ངེས་པ་ཡིན་པས་ལྟོས་མེད་ཡིན་ཞེས་ཁྱབ་བྱེད་འགལ་དམིགས་འཕེན་ཏེ། ཟློག་པས་རང་རིགས་འཕེན་པ་ལྔའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས་སོ། །ལྡོག་པ་རང་རིགས་འཕེན་པ་བཞི་ནི། མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞི་ཆོས་ཅན། མེ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་ཐལ། གྲང་རེག་ཡོད་པའི་ཕྱིར་ཞེས་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་གྱིས་དེ་ཆོས་ཅན། གྲང་རེག་མེད་དེ། མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར་ཞེས་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན་པ་དང་། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། བ་མོའི་རེག་པ་ཡོད་པའི་ཕྱིར། ཞེས་ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་དེ་ཉིད་ཀྱི་རང་རྒྱུད་འཕེན་པ་དང། དུ་བ་དྲག་ཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། དུ་བ་དྲག་ཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། གྲང་འབྲས་སྤུ་ལོང་བྱེད་ཡོད་པའི་ཕྱིར་ཞེས་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་དེ་ཉིད་ཀྱི་རང་རྒྱུད་འཕེན་པ་དང་། བུམ་པ་ཆོས་ཅན། འཇིག་ངེས་མ་ཡིན་པར་ཐལ། རང་གི་འཇིག་པ་རང་རྒྱུ་ལས་ཕྱིས་བྱུང་བའི་འཇིག་རྒྱུ་གཞན་ལ་ལྟོས་པའི་ཕྱིར་ཞེས་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་དེ་ཉིད་ཀྱི་རང་རྒྱུད་འཕེན་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
བཤང་པ་ལ་རྒྱུ་བའི་སྲིན་བུའི་རིགས་བཅུ་མིང་ཚིགལུས་དྲན་པ་ཉེ་བར་བཞག་པ་ལས་བྱུང་བ་སྟེ། དྭངས་མ་བ། ཁབ་ཀྱི་ཁ། པི་སྦི་སྐྱེས་པ། རྐང་པ་མེད་པ། བཤང་བ་རྣམ་པར་འཐོར་བྱེད། སྐོམ་པས་གདུངས་པ། བཤང་བ་འབྱེད་པ། རྣམ་པར་རེངས་བྱེད། མདོག་བཟང་། གཞན་སྨིན་བྱེད་དོ། །
བསམ་བྱུང་རིགས་པ་མིང་ཚིགཐོས་པའི་དོན་ལ་སེམས་ཤིང་དཔྱད་ནས་ཚད་མས་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་ཅིང་ངེས་པ་རྙེད་པའི་རིགས་ལམ།
བསིལ་རིགས་མིང་ཚིགལུས་ལ་གྲང་བ་བསྐྱེད་པའམ། ལུས་ཀྱི་ཚ་བ་སེལ་བའི་སྨན་དཔྱད་དང་། ཟས་སྤྱོད་སྤྱི་ལ་གོ་བ་ཡིན།ཆམ་པ་བརྒྱབས་ན་བསིལ་རིགས་འཛེམ་ལྟ་བུ།
ཁྲག་ལས་སྐྱེས་པའི་སྲིན་བུའི་རིགས་བཅུ་མིང་ཚིགལུས་དྲན་པ་ཉེ་བར་བཞག་པ་ལས་བྱུང་བ་སྟེ། སྤུ་ཟ་བ། སོ་སུ་ར། ཛནྟུ་མཱནྡ་ར། ཨུ་དུམ་ཝ་ར། ཀུན་ཏུ་འཛིན་པ། སྤུའི་གླིང༌། ཁྲག་ལ་རབ་ཏུ་ཁྲོ་བ། ཁྲག་ཟ་བ། རབ་རབ་བྱེད་པ། སྐྱུར་པོ་དང་རྣམས་ཏེ། རྐང་པ་མེད་པ་དང༌། ཐུང་ངུ་དང༌། འཕེལ་བའི་དབྱིབས་ཅན་དང༌། ཁྲག་ལས་སྐྱེས་པའི་སྲིན་དུ་གྱུར་པ་མིག་མེད་པ་དང༌། གཡན་པའི་མཚན་ཉིད་དང༌། འབིགས་བྱེད་ཀྱི་མཚན་ཉིད་དང་ལྡན་པ་རྣམས་སོ། །
ཁྲལ་རིགས་མིང་ཚིགཁྲལ་དང་འུ་ལག་རྒྱུག་རྒྱུར་རིགས་མ་འདྲ་བ་མང་པོ་ཡོད་པའི་དོན་ཏེ།ཁྲལ་རིགས་མང་སྟབས་དཀའ་སླའི་ཁྱད་པར་ཡོད་ལྟ་བུ།
ཁྲལ་རིགས་སྒྲུབ་ཁུངས་མིང་ཚིགཁྲལ་རིགས་སྒྲུབ་འཇལ་བྱ་ཡུལ་གྱི་བདག་པོ་སུ་ཡིན་སྟོན་པའམ་ཁྲལ་རིགས་སུ་ལ་སྤྲོད་ཀྱི་ཡོད་མེད་ཀྱི་ཁུངས་སྟོན་པ་སྟེ།ཁྱིམ་ཚང་བཅུ་གཉིས་ཀྱི་ཁྲལ་རིགས་སྒྲུབ་ཁུངས་ཕྱུག་བདག་གོང་མ་ཚང་ཡིན་ལྟ་བུ།
བོད་ཀྱི་མི་བུ་རིགས་བཞི་མིང་ཚིགབསེ། རྨུ། ལྡོང་། སྟོང་ངོ་། །
བོད་རིགས་མིང་ཚིགགཙོ་ཆེར་བོད་མིའུ་གདོང་དྲུག་ལས་མཆེད་ཅིང་བོད་ཀྱི་ཡུལ་གོམས་རིག་གནས་ཀྱིས་འཚོ་བའི་མི་རིགས་ཀྱི་མིིང་།ང་བོད་རིགས་ཡིན། ང་ཚོ་བོད་རིགས་ལ་རིག་གནས་ཕུན་སུམ་ཚོགས་པ་ཡོད་ལྟ་བུ།
བྱ་བ་བྱེད་པའི་རིགས་པ་མིང་ཚིགནས་ཀྱི་ས་བོན་གྱིས་ནས་ཉིད་སྐྱེད་ཀྱི། བྲ་སྲན་ལྟ་བུ་གཞན་མི་སྐྱེད་པ།
བྱ་རྒྱུད་ཀྱི་རིགས་ཀྱི་བདག་པའི་རྒྱུད་དགུ་མིང་ཚིགསྔགས། བྱ་རྒྱུད། རིག་པ་མཆོག་གི་རྒྱུད། རྡོ་རྗེ་ས་འོག་གི་རྒྱུད། ལག་ན་རྡོ་རྗེའི་གཟུངས། ལག་ན་རྡོ་རྗེའི་མཚན་བརྒྱ་རྩ་བརྒྱད། ལག་ན་རྡོ་རྗེ་བཅུའི་སྙིང་པོ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས། རྡོ་རྗེ་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས། རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པའི་གཟུངས། ལག་ན་རྡོ་རྗེ་རྨི་ལམ་མཐོང་བའི་གཟུངས་སོ། །
བྱ་རྒྱུད་ཀྱི་རིགས་དྲུག་གམ་སྒོ་དྲུག་མིང་ཚིགདེ་དག་གི་མཚན་གཞི་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བ་དམ་ཚིག་གསུམ་བཀོད་སོགས་སངས་རྒྱས་རྣམས། པདྨའི་རིགས་ནི་གཙོ་སྤྱན་རས་གཟིགས། རྡོ་རྗེའི་རིགས་ནི་གཙོ་ཕྱག་རྡོར་ཏེ་དེ་དག་རེ་རེ་ལ་རིགས་ཀྱི་གཙོ་བོ། བདག་པོ། ཡུམ། གཙུག་ཏོར། ཁྲོ་བོ། ཁྲོ་མོ། ཕོ་ཉ། ཕོ་ཉ་མོ། བཀའ་ཉན་དང་བཀའ་ཉན་མ་རྣམས་སུ་དབྱེར་ཡོད་པ། ནོར་བུའི་རིགས་ནི། ནོར་ཅན་གྱི་རིགས་ནི་གནོད་སྦྱིན་ནོར་བུ་བཟང་པོ། ལྔས་རྩེན་གྱི་རིགས་ནི། གནོད་སྦྱིན་ལྔས་རྩེན། འཇིག་རྟེན་ཕལ་པའི་རིགས་ནི། ཚངས་དབང་ཁྱབ་འཇུག་མཁའ་ལྡིང་ཉི་ཟླ་སོགས་མཐའ་ཡས་པ་རྣམས་སོ། །
བྱ་རྒྱུད་པད་མའི་རིགས་མིང་ཚིགསྔགས། བྱ་རྒྱུད། རིགས་ཀྱི་བདག་པོ། པདྨའི་དྲ་བ་སོགས་ཀྱི་རྒྱུད། རིགས་ཀྱི་གཙོ་བོ། ཚེ་དཔག་མེད་ཀྱི་གཟུངས་སོགས། རིགས་ཀྱི་ཡུམ། སྒྲོལ་མ་སྣ་ཚོགས་འབྱུང་བའི་རྒྱུད། རིགས་ཀྱི་ཁྲོ་བོ་ཁྲོ་མོ། རྟ་མགྲིན་གྱི་རྒྱུད་སོགས། རིགས་ཀྱི་ཕྱག་བརྙན་ཕོ་མོ། ཕྱིར་བཟློག་སྟོབས་ཆེན་སོགས། རིགས་ཀྱི་བཀའ་ཉན་ཕོ་མོ། རིགས་ཀྱི་བྱང་སེམས། བྱང་སེམས་ཀྱི་མཚན་བརྒྱ། གནས་གཙང་གི་ལྷ། འདུས་པ་ཆེན་པོ་སོགས།
བྱ་རྒྱུད་རིགས་གསུམ་མིང་ཚིགསྔགས། བྱ་རྒྱུད། དེ་བཞིན་གཤེགས་པའི་རིགས། རིགས་ཀྱི་ཐ་མ་རྡོ་རྗེའི་རིགས། པད་མའི་རིགས་སོ། །མཚན་གཞི་རིམ་བཞིན་རྣམ་སྣང་། འོད་དཔག་མེད། ཕྱག་ན་རྡོ་རྗེ་བཅས་སོ། །
བྱ་རྒྱུད་རིགས་དྲུག་མིང་ཚིགསྔགས། བྱ་རྒྱུད། དེ་བཞིན་གཤེགས་པའི་རིགས། པད་མའི་རིགས། རྡོ་རྗེའི་རིགས། ནོར་བུའི་རིགས། ལྷས་རྩེན་གྱི་རིགས། འཇིག་རྟེན་པའི་རིགས་རྣམས་སོ། །
བྱ་རྒྱུད་རིགས་དྲུག་གི་དཀྱིལ་འཁོར་མིང་ཚིགསྔགས། བྱ་རྒྱུད། བཀའ་བརྒྱད་རྣམ་བཤད་ལས། བྱ་རྒྱུད་པ་ནི་གཞུང་ཀྲི་ཡ་སྡེ་དྲུག་ཏུ་གྲགས་པ་ལ་སོགས་པའི་དགོངས་པ་གཙོ་བོར་བཟུང་ནས་དངོས་གྲུབ་བསྒྲུབ་པ་སྟེ། དེ་ལ་ཀྲི་ཡ་སྡེ་དྲུག་ནི། དབུའི་གཙུག་ཏོར་ནས་གཙུག་གཏོར་འཁོར་ལོས་སྒྱུར་བའི་རྒྱུད། ལྗགས་ལས་ཁྲོ་བོ་པདྨ་འཁྱིལ་བའི་རྒྱུད། ཐུགས་ཀ་ནས་རིག་པ་མཆོག་གི་རྒྱུད། དཔུང་པ་ནས་རྡོ་རྗེ་དཔུང་བཟང་གི་རྒྱུད། ལྟེ་བ་ནས་ལེགས་གྲུབ་ཀྱི་རྒྱུད། ཕྱག་ལས་དཔལ་མཆོག་དང་པོ། ཞབས་འོག་ནས་བསམ་གཏན་ཕྱི་མ་དང་གཤིན་རྗེ་ནག་པོའི་རྒྱུད་དེ་བདུན་བྱུང་བ་དང་། རྒྱུད་ལས་བྱུང་བའི་སྒྲུབ་ཐབས་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་ཡོད་ལ། དེ་དག་འཇིག་རྟེན་ལས་འདས་པ་ཐམས་ཅད་དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་གསུམ་གྱིས་བསྡུས་ལ། དེ་རེ་རེ་ལའང་རིགས་ཀྱི་བདག་པོའི་གཙུག་ཏོར་སྟེ་རྣམ་སྣང་ལ་སོགས་པའི་རིགས་དེའི་སངས་རྒྱས་དང་། དེའི་ཡུམ་སྤྱན་མ་སོགས་ཀྱི་དཀྱིལ་འཁོར། འཇམ་དཔལ་ལ་སོགས་པ་རིགས་ཀྱི་སེམས་དཔའ་དང་སེམས་མ། གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་ཁྲོ་མོ་དང་དེ་དག་གི་བཀའ་ཉན་ཕོ་མོའི་སྒྲུབ་ཐབས་རྣམས་སུ་ཡོད་ཅིང་། འཇིག་རྟེན་པའི་རིགས་ལ་ནོར་ཅན་དང་། ལྔས་རྩེན་དང་། འཇིག་རྟེན་པའི་རིགས་གསུམ་སྟེ། བྱ་རྒྱུད་རིགས་དྲུག་གི་དཀྱིལ་འཁོར་ཞེས་བཤད་དོ། །ཞེས་གསུངས།
བྱ་རྒྱུད་རྡོ་རྗེའི་རིགས་མིང་ཚིགསྔགས། བྱ་རྒྱུད། རིགས་ཀྱི་གཙོ་བོ་མི་འཁྲུགས་པའི་གཟུངས་སོགས། རིགས་ཀྱི་བདག་པོ་ཕྱག་རྡོར་རིག་པ་མཆོག་གི་རྒྱུད། རིགས་ཀྱི་ཡུམ་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་འབར་མ་སོགས། རིགས་ཀྱི་ཁྲོ་བོ་ཁྲོ་མོ། ཁྲོ་བོ་བདུད་རྩི་ཐབས་སྦྱོར་སོགས། རིགས་ཀྱི་ཕྱག་བརྙན་ཕོ་མོ་སྟོབས་པོ་ཆེ་སོགས།
བྱང་ཆུབ་ཀྱི་རིགས་ཅན་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པའི་ལེའུ་དང་པོ་ལས་འཁོར་ལྔ་ཕྲག་བཅུ་གསུམ་དུ་དྲངས་པའི་ནང་གསེས་ཤིག་སྟེ། དེ་ནི་ལམ་ལྔ་ལས་ཚོགས་ལམ་འདུན་པ་སེམས་པའི་རྣལ་འབྱོར་ལ་གནས་པ་ཡིན། མདོ་འགྲེལ་མུན་པའི་གོ་ཆ་ལས། འདུན་པ་བྱེད་པས་བརྒྱུད་ནས་འཁོར་བ་ལས་ངེས་པར་འབྱུང་བ་པའི་བློ་དང་ལྡན་པའི་ཕྱིར་ཚོགས་དང༌། ཞེས་དང་། ཡང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། འདུན་པར་བྱེད་པས་བརྒྱུད་ནས་ངེས་པར་འབྱུང་བ་དང་ལྡན་པས་བྱང་ཆུབ་ཀྱི་རིགས་ཅན་དག་གོ །འདི་རྣམས་ཚོགས་ལམ་འདུན་པ་སེམས་པའི་རྣལ་འབྱོར་ལ་གནས་པའོ། །ཞེས་གསུངས།
བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གསུམ་དང་ལྡན་ན་རྒྱལ་རིགས་དང་བསྐལ་བ་མཉམ་པར་འགྱུར་བ་གསུམ་མིང་ཚིགདཀོན་བརྩེགས་སྡོམ་གསུམ་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ བྱང་ཆུབ་སེམས་དཔའི་ཁྱིམ་པས་སྔོན་མ་མཐོང་བའི་དགེ་སྦྱོང་དང་བྲམ་ཟེ་དག་མཐོང་ན། འདི་དག་ནི་སྦྱིན་གནས་སོ། །འདི་དག་ནི་མཆོད་པར་འོས་སོ། །འདི་དག་ནི་ཕྱག་བྱ་བར་འོས་སོ། །འདི་དག་ནི་བསོད་ནམས་ཀྱི་ཞིང་ངོ་ཞེས་དགའ་བ་བསྐྱེད་དེ་དེ་དགའ་བར་གྱུར་པའི་སེམས་ཀྱིས་གོས་དང། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་མགྲོན་དུ་གཉེར་ཏེ། ཆོས་དང་པོ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་བསྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། ། ༢ གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཡི་དམ་སྙིང་པོ་ཅན་ལ་གནས་པ་ཡིན་ཏེ། དེ་ཡི་དམ་སྙིང་པོ་ཅན་ལ་གནས་པས། ཇི་སྐད་སྨྲས་པ་བཞིན་བྱེད་ཅིང་། བརྫུན་དུ་མི་སྨྲ་བ་ཡིན་ཏེ། ཆོས་གཉིས་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་བསྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། ། ༣ གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་སྦྱོང་དང་བྲམ་ཟེའི་ཚུལ་ཁྲིམས་དང་ལྡན་པ་དེ་དག་ལ་བསྙེན་བཀུར་བྱས་ནས་སྙིང་པོ་ལེན་ཏེ། ཆོས་གསུམ་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་བསྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །
བྱང་ཆུབ་སེམས་དཔའི་ཏིང་འཛིན་རིགས་བཞི་མིང་ཚིགདཀོན་བརྩེགས་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ཞེས་བྱ་བ་ལས་བྱུང་བ་སྟེ། འདུ་འཛི་མེད་པ། རབ་ཏུ་དབེན་པ། སེམས་ཀྱི་རྙོག་པ་མེད་པ། དགེ་བའི་རྩ་བ་ཉེ་བར་སྟོན་པའོ། །
བྱང་ཆུབ་སེམས་དཔའི་རིགས་ཀྱི་རྟགས་རྣམ་པ་བཞི་མིང་ཚིགམདོ་སྡེ་རྒྱན་གྱི་བཤད་པ་ལས་བྱུང་བ་སྟེ། སྦྱོར་བའི་སྔོན་རོལ་ཉིད་ནས་སེམས་ཅན་རྣམས་ལ་སྙིང་རྗེ་བ། ཐེག་པ་ཆེན་པོའི་ཆོས་ལ་མོས་པ། དཀའ་བ་སྤྱད་པ་དག་ལ་ཇི་མི་སྙམ་པའི་དོན་གྱིས་བཟོད་པ། ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་དགེ་བ་ལ་ཡང་དག་པར་སྤྱོད་པའོ། །
བྱང་ཆུབ་སེམས་དཔའི་རིགས་རྣམ་པ་བཞི་མིང་ཚིགམདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས་བྱུང་བ་སྟེ། རིགས་ངེས་པ། མ་ངེས་པ། རྐྱེན་གྱིས་འཕྲོགས་པ། རྐྱེན་གྱིས་མི་འཕྲོགས་པའོ། །
བྱང་ཆུབ་སེམས་དཔའི་རིགས་ལ་ཕན་ཡོན་རྣམ་པ་བཞི་མིང་ཚིགམདོ་སྡེའི་རྒྱན་གྱི་བཤད་པ་ལས་བྱུང་བ་སྟེ། རིང་མོ་ཞིག་ན་ངན་སོང་དུ་འགྲོ་བ། དེ་དག་ནས་མྱུར་དུ་ཐར་པ། དེ་དག་ཏུ་སྐྱེས་ན་ཡང་སྡུག་བསྔལ་ཆུང་ངུ་མྱོང་བ། སེམས་སྐྱོ་ཞིང་དེར་སྐྱེས་པའི་སེམས་ཅན་རྣམས་སྙིང་རྗེས་ཡོངས་སུ་སྨིན་པར་བྱེད་པའོ། །
བྱེ་བྲག་སྨྲ་བའི་ལུགས་ཀྱི་རིགས་མིང་ཚིགསེམས་བྱུང་མ་ཆགས་པའི་རང་བཞིན་འདོད་པ་ཆུང་ཞིང་ཆོག་ཤེས་པ་ཞིག་ལ་རིགས་སུ་འདོད་ཅིང་དེ་ལ་འཕགས་པའི་རིགས་ཞེས་དང། ཟག་མེད་ཀྱི་རིགས་ཞེས་བྱ་སྟེ། དེ་ལས་འཕགས་པའི་ཟག་མེད་ཀྱི་ལམ་སྐྱེ་བའི་ཕྱིར་རོ། །དབྱེ་ན། ཆོས་གོས་དང་། བསོད་སྙོམས་དང། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་གསུམ་དང། སྤོང་བ་དང་སྒོམ་པ་ལ་དགའ་བ་སྟེ་བཞི་ཡོད་དོ། །དེ་ལས་འཕགས་པའི་ཟག་མེད་སྐྱེ་བའི་ཚུལ་ནི། འདོད་པ་ཆུང་ཞིང་ཆོག་ཤེས་པ་ལ་ལུས་འདུ་འཛི་ལས་བསྲིང་པ་དང་། སེམས་རྣམ་རྟོག་ལས་བསྲིང་བ་སྟེ། བསྲིང་བ་གཉིས་དང་ལྡན་པ་དེ་འབྱུང་ཞིང་། བསྲིང་བ་ཉིས་ལྡན་གྱིས་སྒོམ་པ་ལ་རབ་ཏུ་བརྩོན་པར་བྱེད་པའི་ཕྱིར་རོ། །འདོད་པ་ཆུང་ཞིང་ཆོག་ཤེས་པའི་སེམས་བྱུང་དེ་ལ་རང་བཞིན་གནས་རིགས་སུ་ནི་མི་འཇོག་སྟེ། རང་བཞིན་གྱི་དོན་མ་ཚང་བའི་ཕྱིར་ཏེ། རྐྱེན་དབང་གིས་བྱུང་བའི་ཕྱིར་དང། ལུགས་འདི་ལ་རང་བཞིན་གནས་རིགས་ཀྱི་ཐ་སྙད་མེད་པའི་ཕྱིར་རོ། །སངས་རྒྱས་ཀྱི་རིགས་སུ་ཡང་འཇོག་པར་མ་ངེས་ཏེ། ཉན་ཐོས་ཀྱི་འཕགས་ལམ་དང། རང་རྒྱལ་གྱི་འཕགས་ལམ་བསྐྱེད་པར་ངེས་པ་དེ་ལ་སངས་རྒྱས་ཀྱི་རིགས་སུ་འཇོག་ཏུ་མི་རུང་བའི་ཕྱིར་ཏེ། དེ་ཐོབ་ནས་སངས་རྒྱས་སུ་འགྱུར་བ་མི་སྲིད་པའི་ཕྱིར་རོ། །རིགས་ངེས་པ་དང། རིགས་ཆད་པའི་རྣམ་གཞག་མེད་པ་ཆོས་བཤེས་ཀྱིས་བཤད་ཀྱང། རིགས་ཆད་པ་ལུགས་འདི་ལ་ཡང་འདོད་དགོས་པ་འདྲ་སྟེ། ལོག་སྲེད་ཅན་སེམས་བྱུང་མ་ཆགས་པའི་རང་བཞིན་སྐྱེ་མི་རུང་བ་ཅིག་ཁས་ལེན་དགོས་པའི་ཕྱིར་རོ། །རིགས་ཀྱི་སྟོབས་ཀྱིས་རིགས་ངེས་པ་ནི་མེད་དེ། སེམས་བྱུང་མ་ཆགས་པའི་རང་བཞིན་དེ་ཉན་ཐོས་ཀྱི་སྦྱོར་ལམ་བཟོད་པ་དང། རང་རྒྱལ་དང། བྱང་སེམས་ཀྱི་དྲོད་མ་ཐོབ་ཀྱི་བར་དུ་རྐྱེན་དབང་གིས་ཐེག་པ་གཞན་དུ་བསྒྱུར་དུ་རུང་བའི་ཕྱིར་རོ། །དེ་ཐོབ་ནས་བསྒྱུར་དུ་མི་རུང་བ་ནི་རྟོགས་པའི་སྟོབས་ཀྱིས་ཡིན་གྱི་རིགས་ཀྱི་སྟོབས་ཀྱིས་མ་ཡིན་ནོ། །མདོར་ན་རྟེན་གྱི་གང་ཟག་གི་སྒོ་ནས་དབྱེ་ན། རིགས་ཡོད་པ་དང་མེད་པ་གཉིས་ཡོད་པ་ལ་ཡང་ཉན་ཐོས་ཀྱི། རང་རྒྱལ་གྱི། ཐེག་ཆེན་གྱི་རིགས་ཡོད་པ་དང་གསུམ། དེ་རེ་རེ་ལ་ཡང་རྟོགས་པའི་སྟོབས་ཀྱིས་རིགས་ངེས་པ་དང། མ་ངེས་པ་གཉིས་སུ་ཡོད་ཅིང་དེ་རྣམས་ཀྱི་ནང་ནས་ཐེག་ཆེན་གྱི་རིགས་དེ་ཁོ་ན་སངས་རྒྱས་ཀྱི་རིགས་ཡིན་པར་འདོད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །
བྲག་ཞུན་རིགས་ལྔ་མིང་ཚིགགསེར་ཞུན་དང༌། དངུལ་ཞུན། ཟངས་ཞུན། ལྕགས་ཞུན། ཚོན་མོ་སྟེའམ་ཞ་ཉེའི་ཞུན་བཅས་རྡོ་རིགས་ཀྱི་ཁྱད་པར་ལས་འབྱུང་ཁུངས་མི་འདྲ་བ་ལྔའི་བསྡུས་མིང་ངོ༌། །
བྲག་ཤུན་རིགས་ལྔ་མིང་ཚིགགསེར་བྲག་ལས་གསེར་ཞུན་སེར་པོ། དེ་བཞིན་དུ་དངུལ་ལས་དཀར་པོ། ཟངས་ལས་དམར་ལྗང་། ལྕགས་ལས་ནག་པོ། ཚོན་མོ་ཏེང་ངམ་ཞ་ཉེ་ལས་སྔོ་ནག་འཛག་པའོ། །
བྲན་རིགས་མིང་ཚིགཕ་མེས་རྣམས་ནས་བྲན་གཡོག་ཡིན་པའི་རིགས་རྒྱུད་དེ།བྲན་རིགས་རྣམས་ཀྱིས་དཀའ་སྡུག་མྱངས་ལྟ་བུ།
བྲན་རིགས་མིང་ཚིགགཡོག་པོའི་རིགས་སམ་གྲས་ཏེ།བྲན་རིགས་ཕོ་མོ་དབྱེར་མེད་ཀྱིས་གོས་མདོག་གཅིག་པ་གོན་དགོས་ལྟ་བུ།
བྲམ་ཟེའི་རིགས་མིང་ཚིགརྒྱ་གར་གྱི་མིའི་རིགས་རིམ་པ་བཞི་ཡོད་པའི་ནང་གི་ཡ་གྱལ་ཞིག
བྲམ་ཟེའི་རིགས་རྣམ་པ་བདུན་མིང་ཚིགསྟག་རྣའི་རྟོགས་པ་བརྗོད་པ་ལས་བྱུང་བ་སྟེ། གཽ་ཏ་མ། པད་ས་ལ། ཀོད་ས་ཀ ཀཽ་ཤི་ཀ འོད་སྲུང༌། རྒྱས་པ། སྙིང་པོའི་རིགས།
བྲེ་མོ་རྟ་རི་མའི་རིགས་མིང་ཚིགསྔགས། མ་ཧཱ་ཡོ་ག རྙིང་མ། བྲེ་མོ་རྟ་རི་མའི་རིགས་ནི། རྟེན་ཕྱག་རྒྱའི་ཡུམ་དྲུག་ལས་ཡུམ་གླང་པོ་ཅན་མ་ལ་རབ་འབྲིང་ཐ་གསུམ་དུ་ཕྱེ་བའི་ཡ་གྱལ་དུ་གྱུར་པའི་ཐ་མ་སྟེ། རྣལ་འབྱོར་པས་བསྟེན་བྱར་མི་རུང་བའི་བུད་མེད་དོ། །དེ་ཡང་ཕྱོགས་བཅུའི་མུན་སེལ་ལས། ཐ་མ་ནི་རྣམ་འགྱུར་དང་གཏམ་མང་བ། རྫུན་ཆེ་ལ་ཁྲོ་འདོད་པ། དགའ་མི་དགའ་གཉིས་ཀ་སླ་བ། འདོད་ཆེ་ཞིང་སྟེར་ལ་མི་དགའ་བ་སྟེ། བྲེ་མོ་རྟ་རི་མའི་རིགས་ཞེས་བྱ་བ་ཡིན་པས་མི་བསྟེན་ནོ། །ཞེས་གསུངས།
བློ་བཟང་ལུང་རིགས་མིང་ཚིགརྒྱུད་སྟོད་མཁན་ཐོག་ ༤༨ པ་རྣམ་ཐར་མ་རྙེད།
བློ་རིགས་མིང་ཚིགཚད་མའི་རིགས་ལམ་གྱི་ནང་ནས་ཚད་མ་དང་། ཚད་མིན་གྱི་བློའི་རྣམ་གཞག་སྟོན་པའི་གཞུང་ཞིག
བློ་རིགས་བཞི་མིང་ཚིགམ་རྟོགས་པའི་བློ། ལོག་པར་རྟོགས་པའི་བློ། ཐེ་ཚོམ་གྱི་བློ། ཡང་དག་པར་རྟོགས་པའི་བློའོ། །
མ་ངེས་པའི་རིགས་མིང་ཚིགམདོ། ཕར་ཕྱིན། རང་གི་བྱང་ཆུབ་མངོན་དུ་མ་བྱས་པར་རྐྱེན་ལ་ལྟོས་ནས་དེ་གང་རུང་དུ་བསྒྱུར་དུ་རུང་བའི་རིགས་སུ་གནས་པའི་རིགས། དབྱེ་ན ཉན་ཐོས་ཀྱི་མ་ངེས་པའི་རིགས། རང་རྒྱལ་གྱི་མ་ངེས་པའི་རིགས། ཐེག་ཆེན་གྱི་མ་ངེས་པའི་རིགས་དང་གསུམ་ཡོད། ཉན་ཐོས་ཀྱི་བྱང་ཆུབ་མངོན་དུ་མ་བྱས་པར་རྐྱེན་ལ་ལྟོས་ནས་དེ་གང་རུང་དུ་བསྒྱུར་དུ་རུང་བའི་རིགས་སུ་གནས་པའི་ཉན་ཐོས་ཀྱི་རིགས་དེ། ཉན་ཐོས་ཀྱི་མ་ངེས་པའི་རིགས་ཀྱི་མཚན་ཉིད་ཡིན།
མ་ངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པ་མིང་ཚིགམ་ངེས་པའི་རིགས་ཅན་གྱི་རྒྱུན་ཞུགས་སྲིད་པ་ལན་བདུན་པའི་མཚན་ཉིད། རྒྱུན་ཞུགས་སྲིད་པ་ལན་བདུན་པ་གང་ཞིག འདོད་པའི་སྐྱེ་སྲིད་བཅུ་གསུམ་པ་ཚུན་ཆད་དུ་མྱང་འདས་མངོན་དུ་བྱེད་པའོ། ། མདོ་སྡེ་པས། མ་ངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པའི་མཚན་ཉིད། རྒྱུན་ཞུགས་སྲིད་པ་ལན་བདུན་པ་གང་ཞིག འདོད་པའི་སྐྱེ་སྲིད་དྲུག་པ་ཚུན་ཆད་དུ་མྱང་འདས་མངོན་དུ་བྱེད་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྐྱེས་བུ་མཆོག་གི་གསལ་བྱེད་ལས་སོ། །
མ་ནུའམ་མིའི་རིགས་བཅུ་བཞི་མིང་ཚིགསྔར་རྒྱ་གར་དུ་མིའི་རིམ་པ་མི་འདྲ་བ་བཞིར་ཕྱེ་བ་ལས། ༡ རྒྱལ་རིགས་ལ་རྐང་ཐང༌། ༢ རྟ་པ། ༣ གླང་ཆེན། ༤ ཤིང་རྟ་པ་དང་བཞི། ༥ བྲམ་ཟེའི་རིགས་ལ་ནགས་གནས། ༦ ཁྱིམ་གནས། ༧ དཀའ་ཐུབ་པ་དང་གསུམ། ༨ རྗེ་རིགས་ལ་ཡིག་མཁན། ༩ ཚོང་པ། ༡༠ སྨན་པ་དང་གསུམ། ༡༡ དམངས་རིགས་ལ་ས་གཞི་རྨོ་བ། ༡༢ བ་གླང་སྐྱོང་བ། ༡༣ འཇིམ་ལས་པ། ༡༤ ཁྱིམ་གནས་པ་བཞི་བཅས་སོ། །
མཁན་ཆེན་ལུང་རིགས་རྒྱ་མཚོ་མིང་ཚིགཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་དངོས་སློབ་མཁན་ཆེན་ལུང་རིགས་རྒྱ་མཚོ་མཆོག་ནི། ཉིང་སྟོད་དུ་སྡེ་པ་གཙང་ཁང་པའི་སྐུ་རུས་སུ་སྐུ་འཁྲུངས། གསེར་མདོག་ཅན་དུ་མདོ་སྔགས་ལ་གསན་སྦྱང་རྒྱ་ཆེར་མཛད། ཁྱད་པར་རྗེ་ཀུན་དགའ་གྲོལ་མཆོག་ལ་དུས་འཁོར་གྱི་དབང་རྒྱུད་མན་ངག་མཐའ་དག་གསན། མ་འོངས་ལུང་བསྟན་ཡང་སྲིད་ངོས་འཛིན་སོགས་ཀྱི་ཞལ་བཀོད་དང༌། རྒྱལ་རྩེའི་མཁན་པོར་མངའ་གསོལ། གཞན་སྤོང་ཁང་ཚོགས་པ་སོགས་ཀྱི་མཁན་པོ་ཡུན་རིང་བཞུགས། རྗེ་དམ་པའི་ཡང་སྤྲུལ་ཁྲི་འདོན་མཛད་ནས་བཀའ་ཆོས་ཐམས་ཅད་ཕུལ་གྲུབ་སྟེ་ཐུགས་དགོངས་རྫོགས་ནས་འདས་ཚུལ་བསྟན་ནོ། །
མཁའ་འགྲོ་མ་རིགས་གསུམ་མིང་ཚིག༡ སངས་རྒྱས་ཟིན་པའི་མཁའ་འགྲོ་མ་ནི་ལྷན་སྐྱེས་ཀྱི་མཁའ་འགྲོ་མ། ༢ གསང་སྔགས་ཀྱི་ལམ་ལ་ཞུགས་ནས་རྟོགས་པའི་གནས་ཚད་མཐོན་པོར་ཕེབས་པའི་མཁའ་འགྲོ་མ་ནི་སྔགས་སྐྱེས་ཀྱི་མཁའ་འགྲོ་མ། ༣ སྤྱིར་བཏང་བུད་མེད་ཕལ་པའི་རིགས་ཀྱི་ནང་ནས་མཚན་རྟགས་དང་ལྡན་པའི་མཁའ་འགྲོ་མ་ནི་ཞིང་སྐྱེས་ཀྱི་མཁའ་འགྲོ་མ་ཡིན་པའོ། །
མཁའ་འགྲོ་མ་རིགས་བཞི་མིང་ཚིགབདེ་ཆེན་དཀར་མོ། སེར་མོ་དོན་གྲུབ། དམར་མོ་སྣ་ཚོགས། སྣ་ཚོགས་མཐར་ཕྱིན་མ།
མཁའ་འགྲོ་རིགས་ལྔ་མིང་ཚིགརྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ། སངས་རྒྱས་མཁའ་འགྲོའོ། །
མཁྲིས་པ་ལ་གནས་པའི་སྲིན་བུའི་རིགས་བཅུ་མིང་ཚིགལུས་དྲན་པ་ཉེ་བར་བཞག་པ་ལས་བྱུང་བ་སྟེ། ཙུ་བ་ཐ། སྒུལ་བྱེད། རྫས་ཀྱིས་རྒྱས་པ། ཆེན་པོའི་རིགས། ནག་པ་བ། ཟས་ཆེན་པོ། དྲོ་བ་ལ་རྒྱུ་བ། རྣམ་པར་སྲེག་བྱེད། མེ་དྲོད་ཉམས་བྱེད། མེ་ཆེན་པོའོ། །
མཁྲིས་པའི་རིགས་ཀྱི་དབྱེ་བ་བཞི་མིང་ཚིགནད་གཞིའི་མཁྲིས་པ་ཐང་ལ་ལྷགས་པ། མེ་དྲོད་མཁྲིས་པ་གཞན་གྱི་གནས་གྱུར་པ། སྣོད་ཀྱི་མཁྲིས་པ་ཁ་ལུད་ཁ་ཤོར། ཐུན་མོང་མཁྲིས་པ་རྩ་རུ་རྒྱུ་བའོ། །
མགོན་པོ་རིགས་ལྔ་མིང་ཚིགསྐུའི་མགོན་པོ་དང༌། གསུང་གི་མགོན་པོ། ཐུགས་ཀྱི་མགོན་པོ། ཡོན་ཏན་གྱི་མགོན་པོ། ཕྲིན་ལས་ཀྱི་མགོན་པོ་སྟེ་ལྔའོ། །
མངོན་པར་རྟོགས་པར་འགྱུར་བ་རིགས་ལྔ་མིང་ཚིགའཕགས་པ་ལངྐར་གཤེགས་པའི་མདོ་ལས་བྱུང་བ་སྟེ། ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས། རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས། དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས། གང་དུའང་མ་ངེས་པའི་རིགས། རིགས་མེད་པའོ། །
མཆོད་ཆེན་རིགས་དྲུག་དང་སྦྱར་བ་མིང་ཚིགསྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། རྡོ་རྗེ་སེམས་དཔའ་ཡེ་ཤེས་རྣམ་སྣང། སེམས་དཔའ་ཆེན་པོ་གསུང་རིན་འབྱུང་། བྱང་ཆུབ་སེམས་དཔའ་ཐུགས་དོན་གྲུབ། དམ་ཚིག་སེམས་དཔའ་སྐུ་འོད་དཔག་མེད་རྡོ་རྗེ་རྣམ་པ་བཞི་དང་། རྡོ་རྗེའི་རྣལ་འབྱོར་མི་བསྐྱོད་པ་དང་། དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་གཉིས། སྤངས་རྟོགས་གཉིས་སམ་ཡོན་ཏན་དང་འཕྲིན་ལས་ཀྱི་དོན་ལ་སྦྱར་ཏེ་སྤྱི་ཁྱབ་ཏུ་བཏང་ངོ་། །
མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་མིང་ཚིགམདོ། དབུ་མ། གནས་ལུགས་མཐར་ཐུག་གི་དོན་ལ་དཔྱོད་པའི་རིགས་པ་ཡང་དག་དེས་དཔྱད་ཅིང་བཙལ་བ་ན་རྙེད་པ་སྟེ་དེ་ལ་ནི་བདེན་པར་གྲུབ་དགོས་སོ། །འོན་ཀྱང་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དང་མཐར་ཐུག་དཔྱོད་པའི་རིགས་པས་གྲུབ་པ་གཉིས་མི་མཚུངས་སྟེ། རྗེ་ཙོང་ཁ་པའི་རྩ་ཤེས་ཊཱིཀ་ཆེན་ལས། འདིར་མྱུ་གུ་ལ་སོགས་པ་རང་བཞིན་མེད་པ་དེ་རིགས་ཤེས་ཀྱིས་གྲུབ་ན་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་འགྱུར་བར་མཐོང་ནས་ཁ་ཅིག་བདེན་དངོས་མེད་པ་བདེན་པར་གྲུབ་ཅེས་སྨྲ་ལ། གཞན་དག་རིགས་ཤེས་དང་རྗེས་དཔག་ཚད་མའི་ལྡོག་པ་སོ་སོར་ཕྱེ་ནས་དང་པོ་ལ་ཡུལ་མེད་ལ་ཕྱི་མ་ལ་ཡུལ་ཡོད་ཅེས་སྨྲའོ། །དེ་གཉིས་ཀ་ཡང་མི་འཐད་དེ། འདི་ལྟར་མྱུ་གུ་ལ་སོགས་པ་བདེན་པར་ཡོད་མེད་དཔྱོད་པ་ནི་སྔར་ལྷན་སྐྱེས་ཀྱིས་བདེན་པར་ཡོད་པར་འཛིན་ཚུལ་བཤད་པ་ལྟར་དུ་ཡོད་མེད་དཔྱོད་པ་ཡིན་གྱི་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་ཡོད་མེད་དང༌། རིགས་ཤེས་ཀྱིས་གྲུབ་མ་གྲུབ་ཏུ་དཔྱོད་པ་མིན་པས། རིགས་ཤེས་ཀྱིས་གྲུབ་པ་ཙམ་ཞིག་ཁས་བླངས་པ་ལ་བདེན་པར་གྲུབ་པའི་དོན་ཁས་བླངས་ཞེས་སྨྲ་བའི་དོན་མེད་དོ། །གལ་ཏེ་བདེན་པའི་དོན་ཁས་མ་བླངས་ཀྱང་རིགས་ཤེས་ཀྱིས་གྲུབ་ན་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་གྲུབ་དགོས་ཏེ། རིགས་ཤེས་ཀྱིས་དཔྱད་མི་བཟོད་ན་དེས་གྲུབ་པར་འགལ་བའི་ཕྱིར་རོ། །རིགས་ཤེས་ཀྱིས་དཔྱད་བཟོད་དུ་ཡོད་ན་ནི་བདེན་པར་འགྱུར་རོ་སྙམ་ན། འདི་ཡང་རིགས་ཤེས་ཀྱིས་དཔྱད་བཟོད་དང་དེས་གྲུབ་པ་གཉིས་དོན་གཅིག་ཏུ་འདོད་པ་ཡིན་པས་རིགས་ཤེས་ཀྱིས་གྲུབ་པ་ཉིད་བདེན་པའི་དོན་དུ་འདོད་པར་སོང་བས། ཅི་ཙམ་ཞིག་ནས་བདེན་གྲུབ་ཏུ་འགྲོ་བའི་ས་མཚམས་མ་རྟོགས་པ་ཡིན་པས། འདི་ལ་སྔར་བཤད་པ་ལྟར་བདེན་འཛིན་གྱི་ཚད་བསྟན་པ་ཉིད་ཀྱིས་མི་འཐད་པ་རྟོགས་པར་སླའོ། །སྔར་མྱུ་གུ་ལ་སོགས་པ་བདེན་པར་ཡོད་དམ་མེད་བཙལ་བའི་འོག་ཏུ་བདེན་མེད་རིགས་ཤེས་ཀྱིས་རྙེད་པས་སླར་བདེན་མེད་བདེན་པར་ཡོད་དམ་མེད་བཙལ་བའི་ཚེ་བདེན་མེད་མི་རྙེད་ཀྱང་དེ་མ་རྙེད་པར་མི་འགྱུར་ལ། སྔར་མྱུ་གུ་ལ་སོགས་པ་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་ཡོད་མེད་བཙལ་བའི་ཚེ་ཡང་དཔྱད་བཟོད་མ་རྙེད་ལ། སླར་དཔྱད་བཟོད་དུ་མེད་པ་དེ་ཉིད་དཔྱད་བཟོད་དུ་ཡོད་མེད་བཙལ་བའི་ཚེ་ཡང་དེ་ཉིད་མི་རྙེད་པས་རིགས་ཤེས་ཀྱིས་རྙེད་པ་དང་དེས་དཔྱད་བཟོད་གཉིས་ཀྱང་མི་མཚུངས་སོ། །དེས་ན་ཅི་ཙམ་ཞིག་ཏུ་གྲུབ་ན་བདེན་གྲུབ་ཏུ་འགྲོ་བའི་མ་མཐའི་ས་ཚིགས་རྟོགས་པ་ལ་བསྒྲུབ་བྱ་དང་གཞལ་བྱ་མེད་དགག་ཡིན་པར་བསྟན་ནས་དོགས་པ་འདི་བཟློག་དགོས་ལ། རིགས་ཤེས་ཀྱིས་རང་བཞིན་མེད་པ་ཡོད་པར་གྲུབ་བོ་སྙམ་པ་མ་བཟློག་བར་དུ་གཞལ་བྱ་མེད་དགག་ཡིན་པར་ཡང་སྒྲུབ་མི་ནུས་སོ། །ཞེས་གསུངས།
མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱིས་དཔྱད་བཟོད་མིང་ཚིགམདོ། དབུ་མ། གནས་ལུགས་མཐར་ཐུག་གི་དོན་ལ་དཔྱོད་པའི་རིགས་ཤེས་ཚད་མ་དེས་དཔྱད་ཅིང་བཙལ་བ་ན་རྙེད་པ་སྟེ། དེ་དང་གནས་ལུགས་མཐར་ཐུག་གི་དོན་ལ་དཔྱོད་པའི་རིགས་ཤེས་ཚད་མ་དེས་སྟོང་ཉིད་རྙེད་པ་གཉིས་མི་མཚུངས་སྟེ། རྗེ་ཙོང་ཁ་པའི་རྩ་ཤེས་ཊཱིཀ་ཆེན་ལས། འདིར་མྱུ་གུ་ལ་སོགས་པ་རང་བཞིན་མེད་པ་དེ་རིགས་ཤེས་ཀྱིས་གྲུབ་ན་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་འགྱུར་བར་མཐོང་ནས་ཁ་ཅིག་བདེན་དངོས་མེད་པ་བདེན་པར་གྲུབ་ཅེས་སྨྲ་ལ། གཞན་དག་རིགས་ཤེས་དང་རྗེས་དཔག་ཚད་མའི་ལྡོག་པ་སོ་སོར་ཕྱེ་ནས་དང་པོ་ལ་ཡུལ་མེད་ལ་ཕྱི་མ་ལ་ཡུལ་ཡོད་ཅེས་སྨྲའོ། །དེ་གཉིས་ཀ་ཡང་མི་འཐད་དེ། འདི་ལྟར་མྱུ་གུ་ལ་སོགས་པ་བདེན་པར་ཡོད་མེད་དཔྱོད་པ་ནི་སྔར་ལྷན་སྐྱེས་ཀྱིས་བདེན་པར་ཡོད་པར་འཛིན་ཚུལ་བཤད་པ་ལྟར་དུ་ཡོད་མེད་དཔྱོད་པ་ཡིན་གྱི་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་ཡོད་མེད་དང༌། རིགས་ཤེས་ཀྱིས་གྲུབ་མ་གྲུབ་ཏུ་དཔྱོད་པ་མིན་པས། རིགས་ཤེས་ཀྱིས་གྲུབ་པ་ཙམ་ཞིག་ཁས་བླངས་པ་ལ་བདེན་པར་གྲུབ་པའི་དོན་ཁས་བླངས་ཞེས་སྨྲ་བའི་དོན་མེད་དོ། །གལ་ཏེ་བདེན་པའི་དོན་ཁས་མ་བླངས་ཀྱང་རིགས་ཤེས་ཀྱིས་གྲུབ་ན་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་གྲུབ་དགོས་ཏེ། རིགས་ཤེས་ཀྱིས་དཔྱད་མི་བཟོད་ན་དེས་གྲུབ་པར་འགལ་བའི་ཕྱིར་རོ། །རིགས་ཤེས་ཀྱིས་དཔྱད་བཟོད་དུ་ཡོད་ན་ནི་བདེན་པར་འགྱུར་རོ་སྙམ་ན། འདི་ཡང་རིགས་ཤེས་ཀྱིས་དཔྱད་བཟོད་དང་དེས་གྲུབ་པ་གཉིས་དོན་གཅིག་ཏུ་འདོད་པ་ཡིན་པས་རིགས་ཤེས་ཀྱིས་གྲུབ་པ་ཉིད་བདེན་པའི་དོན་དུ་འདོད་པར་སོང་བས། ཅི་ཙམ་ཞིག་ནས་བདེན་གྲུབ་ཏུ་འགྲོ་བའི་ས་མཚམས་མ་རྟོགས་པ་ཡིན་པས། འདི་ལ་སྔར་བཤད་པ་ལྟར་བདེན་འཛིན་གྱི་ཚད་བསྟན་པ་ཉིད་ཀྱིས་མི་འཐད་པ་རྟོགས་པར་སླའོ། །སྔར་མྱུ་གུ་ལ་སོགས་པ་བདེན་པར་ཡོད་དམ་མེད་བཙལ་བའི་འོག་ཏུ་བདེན་མེད་རིགས་ཤེས་ཀྱིས་རྙེད་པས་སླར་བདེན་མེད་བདེན་པར་ཡོད་དམ་མེད་བཙལ་བའི་ཚེ་བདེན་མེད་མི་རྙེད་ཀྱང་དེ་མ་རྙེད་པར་མི་འགྱུར་ལ། སྔར་མྱུ་གུ་ལ་སོགས་པ་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་ཡོད་མེད་བཙལ་བའི་ཚེ་ཡང་དཔྱད་བཟོད་མ་རྙེད་ལ། སླར་དཔྱད་བཟོད་དུ་མེད་པ་དེ་ཉིད་དཔྱད་བཟོད་དུ་ཡོད་མེད་བཙལ་བའི་ཚེ་ཡང་དེ་ཉིད་མི་རྙེད་པས་རིགས་ཤེས་ཀྱིས་རྙེད་པ་དང་དེས་དཔྱད་བཟོད་གཉིས་ཀྱང་མི་མཚུངས་སོ། །དེས་ན་ཅི་ཙམ་ཞིག་ཏུ་གྲུབ་ན་བདེན་གྲུབ་ཏུ་འགྲོ་བའི་མ་མཐའི་ས་ཚིགས་རྟོགས་པ་ལ་བསྒྲུབ་བྱ་དང་གཞལ་བྱ་མེད་དགག་ཡིན་པར་བསྟན་ནས་དོགས་པ་འདི་བཟློག་དགོས་ལ། རིགས་ཤེས་ཀྱིས་རང་བཞིན་མེད་པ་ཡོད་པར་གྲུབ་བོ་སྙམ་པ་མ་བཟློག་བར་དུ་གཞལ་བྱ་མེད་དགག་ཡིན་པར་ཡང་སྒྲུབ་མི་ནུས་སོ། །ཞེས་གསུངས།
མཐར་ཐུག་དཔྱོད་བྱེད་ཀྱི་རིགས་པ་མིང་ཚིགམདོ། དབུ་མ། དབུ་མའི་རིགས་པ་ལ་གཟིགས།
མདོ་ལུགས་ཀྱི་རིགས་གསུམ་མིང་ཚིགཉན་ཐོས་ཀྱི་རིགས། རང་རྒྱལ་གྱི་རིགས། ཐེག་ཆེན་གྱི་རིགས་སོ། །
མདོ་སྡེ་པའི་འདོད་པའི་རིགས་མིང་ཚིགམདོ། ཕར་ཕྱིན། ཟག་མེད་ཀྱི་སེམས་ཀྱི་ས་བོན་འབྲས་བུ་འབྱུང་རུང་གི་ནུས་པ་ལ་འདོད་དེ། རྒྱལ་པོའི་སྲས་ཀྱིས། མདོ་སྡེ་པ་དག་གི་རིགས་ཞེས་བྱ་བ་ནི་སེམས་ཀྱི་ས་བོན་ནུས་པ་ཡིན་ཏེ། སོ་སོའི་སྐྱེ་བོ་དང་། སློབ་པའི་གནས་སྐབས་ནའང་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ས་བོན་ལ་རིགས་ཞེས་བྱའོ། །ཞེས་འབྱུང་བ་ལྟར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །ཀུན་མཁྱེན་གོ་རམས་པས། ཟག་མེད་ཀྱི་སེམས་ཀྱི་ས་བོན་འབྲས་བུ་འབྱུང་རུང་གི་ནུས་པའོ། །འོ་ན་རྣམ་རིག་པ་དང་ཁྱད་པར་མེད་པར་འགྱུར་རོ་སྙམ་ན། སོ་སོའི་སྐྱེ་བོ་དང། ཞེས་སོགས་སྨོས་ཏེ་རྣམ་རིག་པའི་ལུགས་ཀྱི་རིགས་དེ་ནི་རྐྱེན་དབང་གིས་གསར་དུ་བཞག་པ་མ་ཡིན་པར་ཐོག་མ་མེད་པ་ནས་ཡོད་པར་འདོད་ལ། འདི་ནི་སོ་སོ་སྐྱེ་བོའི་གནས་སྐབས་ན་སྔར་ཐོས་པ་ལ་སོགས་པའི་རྐྱེན་གྱིས་ཟག་མེད་ཀྱི་ས་བོན་བཞག་པ་དང་། སློབ་པའི་གནས་སྐབས་ན་ཕྱིར་འོང་དང་། ཕྱིར་མི་འོང་བའི་འབྲས་བུ་ལས་ཉམས་པ་ན་ཡང་དེའི་ས་བོན་ཡོད་པ་རིགས་སུ་འདོད་པས་ཁྱད་པར་ཤིན་ཏུ་ཆེའོ། །འདི་ལ་ཡང་རྟེན་གྱི་སྒོ་ནས་དབྱེ་བ་སྔར་བཞིན་དུ་རུང་ཞིང་ཐམས་ཅད་རང་བཞིན་གནས་རིགས་དང། སངས་རྒྱས་ཀྱི་རིགས་སུ་མི་འདོད་པ་ཡང་སྔར་དང་འདྲའོ། །འོན་ཀྱང་འདི་ལ་རིགས་ཀྱི་སྟོབས་ཀྱིས་རིགས་ངེས་པ་ཡང་བཞག་ཏུ་རུང་སྟེ། ཟག་མེད་ཀྱི་ས་བོན་དེ་ཉན་ཐོས་ཀྱི་འཕགས་ལམ་བསྐྱེད་པའི་ཐོས་སོགས་དང། རང་རྒྱལ་གྱི་འཕགས་ལམ་བསྐྱེད་པའི་ཐོས་སོགས་དང་། ཐེག་ཆེན་གྱི་འཕགས་ལམ་བསྐྱེད་པའི་ཐོས་སོགས་ཀྱིས་བཞག་པ་རྣམས་ནི་དེ་དང་དེའི་རིགས་ཀྱི་སྟོབས་ཀྱིས་རིགས་ངེས་པ་ཡང་ཡིན་ལ། འཕགས་ལམ་གང་ཡང་རུང་བ་བསྐྱེད་དུ་རུང་བའི་ཐོས་སོགས་ཀྱིས་བཞག་པ་ནི་རིགས་མ་ངེས་པ་ཡིན་པའི་ཕྱིར་རོ། །ཞེས་སྦས་དོན་ཟབ་མོ་ལས་གསུངས་སོ། །
མནོལ་རིགས་མིང་ཚིགརིགས་རྒྱུད་བཙོག་པ་སྟེ། མགར་བ་དང་བཤན་པ་སོགས་ལ་ངོས་འཛིན་པ་ཡིན་ལ། དེ་ནི་སྔ་དུས་ས་ཆ་ཁ་ཤས་ལ་མགར་བ་དང་བཤན་པའི་ལས་ཀ་རྣམས་ལས་རིགས་ངན་པར་རྩི་བས་ཡིན།སྔོན་ཆད་མགར་བ་དང་བཤན་པ་ལ་རྣམས་མནོལ་རིགས་རེད་ཟེར་ནས་མཐོང་ཆུང་བྱས་ལྟ་བུ།
མནོལ་རིགས་མིང་ཚིགམི་གཙང་བའི་རིགས།
མཚོན་རྨ་གསོ་བའི་གློ་བུར་རྐྱེན་གྱི་རྨའི་རིགས་ཀྱི་དབྱེ་བ་བརྒྱད་མིང་ཚིགཔགས་པ་ཙམ་བཤུས་ཏེ་ཆུ་སེར་དང་ཁྲག་ཅུང་ཟད་ཙམ་འཛག་པ། མཚོན་ཆ་ཁ་ཞེང་ཆེ་བས་ཤ་གང་དག་གྱེན་ཐུར་དུ་གཤགས་པ། ཤ་གང་ཡང་འཕྲེད་ལ་བཅད་པ། རུས་པ་ཐུག་པའི་བར་དུ་རྣམ་པར་བཅད་པ། ཤ་དང་རུས་པ་སོགས་བཅད་པས་ཐུར་དུ་ལྷབ་ལྷེབ་ཏུ་འཕྱང་ཞིང་ཤ་ཁམ་ཙམ་ལུས་པས་ལྷུང་དུ་མ་བཅུག་པ། ཤ་རུས་གཉིས་ཀ་རྦད་ཀྱིས་བཅད་ནས་ས་ལ་ལྷུང་བ། རུས་པ་རྐང་དང་བཅས་པ་རྒྱ་ཆེར་བསྣད་པས་ཁྲག་དང་རྐང་སོགས་འདྲེས་པའི་གྲུགས་པ། མཚོན་གྱིས་རྩེ་མོས་ཐད་ཀར་སྐར་ཁུང་ལྟར་ཕུག་པའོ། །
མཛེ་རིགས་བཅོ་བརྒྱད་མིང་ཚིགརླུང་མཛེ་ཐོག་འདྲ་མཁྲིས་མཛེ་ཨུ་དུམ་ཝར། །བད་ཀན་ལས་གྱུར་ཟླུམ་པོ་གླང་ཤུ་གཉིས། །རླུང་དང་མཁྲིས་པར་ལྡན་པ་རི་ཤིའི་ལྕེ། །བད་རླུང་ལས་གྱུར་ཝ་ལྤགས་མཛེ་གཅིག་པ། །འབྲུམ་ཕྲན་ཤ་བཀྲ་འབྲས་ཁྱེར་སེར་ཁ་དྲུག །བད་མཁྲིས་ལས་གྱུར་ཤུ་བ་རྨ་ཁ་བརྒྱད། །བད་ཀན་འབྲས་བུ་གཡན་པ་ལྤགས་མྱག་དྲུག །འདུས་པ་ལས་གྱུར་འོལ་མོ་སེ་འདྲའོ། །
མི་བུ་རིགས་དྲུག་མིང་ཚིགསེ། རྨུ། ལྡོང༌། སྟོང༌། དབྲ། འབྲུའོ། །
མི་བུ་རིགས་བཞི་མིང་ཚིགསེ། རྨུ། ལྡོང་། སྟོང་ངོ་། །
མི་རིགས་མིང་ཚིགགཟུགས་པོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞིར་བཟུང་གིས་དབྱེ་བགོས་བྱས་པའི་མིའི་ཚོགས་ཁག་ཅིག་སྟེ། དེ་ལ་སྐད་རིགས་ཐུན་མོང་བ་དང་། གནས་སའི་ཁོར་ཡུག་ཐུན་མོང་བ། དཔལ་འབྱོར་གྱི་འཚོ་བ་ཐུན་མོང་བ། རིག་གནས་ཐུན་མོང་བས་མཚོན་པའི་སེམས་ཁམས་ཀྱི་གཤིས་ལུགས་ཐུན་མོང་བ་ལྡན་པའི་མི་རྣམས།
མི་རིགས་པ་མིང་ཚིགམི་འོས་པའམ་མི་རུང་བའི་དོན།གཉོམ་ཆུང་ལ་ཐུབ་ཚོད་བྱེད་པ་ནི་ཤིན་ཏུ་མི་རིགས་པ་ཞིག་རེད་ལྟ་བུ།
མི་རིགས་པའི་གནས་དགུ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། དགྲ་བཅོམ་པ་ཟག་པ་ཟད་པ་ཤེས་བཞིན་དུ་སྲོག་ཆགས་འཚོ་བ་དང་འབྲལ་བར་བྱེད་པ་མི་རིགས་པ། མ་བྱིན་པར་ལེན་པ། མི་ཚངས་པར་སྤྱོད་ཅིང་འཁྲིག་པའི་ཆོས་ལ་བརྟེན་པ། ཤེས་བཞིན་དུ་རྫུན་སྨྲ་བ། སྤགས་པ་ལ་ཀུན་ཏུ་སྤྱོད་པར་འདོད་ཅིང་ཟ་བ། ཤེས་བཞིན་དུ་བསླབ་པ་ལས་འདའ་བར་བྱེད་པ། བསླབ་པ་ཕུལ་ཞིང་འབབ་པར་བྱེད་པ། འདི་ལས་ཕྱི་རོལ་གཞན་དུ་སྟོན་པ་ཚོལ་བ། མོ་དང་ལྟས་ཀྱིས་རྣམ་པར་འདག་པར་ཡིད་ཆེས་ཀྱི། ལས་ཀྱི་མ་ཡིན་པ་རྣམས་སུ་མི་རིགས་པའོ། །
མི་རིགས་བཞི་མིང་ཚིགརྒྱ་གར་གྱི་མི་རིགས་ཀྱི་དབྱེ་བ་ཕྱེ་སྟངས་ཤིག་སྟེ། བྲམ་ཟེའི་རིགས་དང༌། རྒྱལ་རིགས། རྗེ་རིགས། དམངས་རིགས་བཅས་སོ། །
མི་རིགས་བྱ་བ་སྤང་བའི་ཆོས་དྲུག་མིང་ཚིགཕ་མེས་བླ་འཚོང་ཆོས་དཔག་ཁྲོམ་མ་བྱེད། །སྤུན་གྲོགས་དམེ་ཤོར་མཆེད་གྲོགས་རྩོད་མ་བྱེད། །སྤྱི་ཡུལ་ཁྲིམས་འཇིགས་ཆོས་མིན་ལས་མ་བྱེད། །ངན་སྐྱུགས་དུག་འཐོར་གཞན་གྱི་རྔན་མ་འདྲེན། །ཚོད་མེད་ཞལ་བཙེ་གང་ཟག་ཆོས་མ་གཤེ །མ་བཅོལ་གཉེར་པའི་མི་ཆོས་འདུན་མ་ཞོག །བཅོལ་ཞིང་དབང་བ་ཆོས་ཀྱིས་སངས་རྒྱས་བསྒྲུབ། །
མི་རིགས་ལྔ་མིང་ཚིགརྒྱལ་རིགས། རྗེ་རིགས། བྲམ་ཟེའི་རིགས། དམངས་རིགས། གདོལ་པའི་རིགས་སོ། །
ཁོང་ནད་སོགས་ནད་རིགས་བརྒྱ་རྩ་གཅིག་མིང་ཚིགཁོང་ནད་བཞི་བཅུ་རྩ་བརྒྱད། རྨ་ཡི་དབྱེ་བ་བཅོ་ལྔ། ཚ་བའི་ནད་རིགས་བཅུ་དགུ། ཐོར་བུའི་ནད་རིགས་བཅུ་དགུ་དང་བརྒྱ་དང་རྩ་གཅིག་གོ །
མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་མིང་ཚིགམདོ། ཕར་ཕྱིན། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ཡན་ལག་བཞི་པ་གང་ཞིག སྐྱེ་སྲིད་ལ་གནས་པའི་གང་ཟག་གི་རྒྱུད་ཀྱི་ཟག་བཅས་ཉེར་ལེན་གྱི་ཕུང་པོར་དམིགས་པ། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་བཞི་པ་མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་གྱི་མཚན་ཉིད། དེ་ལ་དབྱེ་ན། དེར་གྱུར་པའི་གཟུགས་ཀྱི་རྟེན་འབྲེལ་དང་། དེར་གྱུར་པའི་མིང་གི་རྟེན་འབྲེལ་གཉིས་ལས། སྐྱེ་སྲིད་ལ་གནས་པའི་གང་ཟག་གི་རྒྱུད་ཀྱི་རྣམ་སྨིན་གྱི་གཟུགས་རྣམས་དང་པོ། དེའི་རྒྱུད་ཀྱིས་ཟག་བཅས་ཀྱི་ཚོར་བའི་ཕུང་པོ་སོགས་ཟག་བཅས་ཀྱི་ཕུང་པོ་ལྷག་མ་བཞི་པོ་གཉིས་པའི་མཚན་གཞི་ཡིན། དེ་གཉིས་ཡན་ལག་གཅིག་ཏུ་འདྲེན་པའི་རྒྱུ་མཚན་གང་ཞེ་ན། དེ་ཡོད་དེ། ལས་ཉོན་གྱི་གཟུགས་མེད་དུ་སྐྱེ་བ་ལེན་པའི་ཚེ་ལན་ལག་ཏུ་གྱུར་པའི་ཀུན་ནས་ཉོན་མོངས་ཞེས་སོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚང་བར་བཞག་དགོས་པའི་རྒྱུ་མཚན་གྱིས་སོ། །གནས་སྐབས་གང་དུ་གྲུབ་དཔྱད་པ། མངལ་སྐྱེས་ཀྱི་དབང་དུ་བྱས་ན། མེར་མེར་པོ་ལ་སོགས་པ་སྐྱེ་གནས་ལྔའི་གནས་སྐབས་གྲུབ་པ་ཡིན། སྐྱེ་གནས་ལྔ་ནི། མེར་མེར་པོ། གོར་གོར་པོ། ལྟར་ལྟར་པོ། འཕྲང་བསྒྱུར། ཡན་ལག་རྒྱུད་རྣམས་ལ་བྱེད། སྐྱེ་བ་སྤྱིའི་དབང་དུ་བྱས་ན། བཞི་པ་མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་གྲུབ་པ་དང། སྐྱེ་སྲིད་སྐད་ཅིག་དང་པོ་གྲུབ་པ་དུས་མཉམ་པ་ཡིན། བཞི་པ་དེར་གྱུར་པའི་དགེ་མི་དགེ་གང་རུང་དང། སྒྲིབ་ལུང་མ་བསྟན་མེད་དེ། དེ་ཡིན་ན། མ་སྒྲིབ་ལུང་མ་བསྟན་ཡིན་དགོས་པའི་ཕྱིར། དགེ་སོགས་གང་ཡིན་དཔྱད་པ། དེར་གྱུར་པའི་དགེ་མི་དགེ་གང་རུང་དང། སྒྲིག་ལུང་མ་བསྟན་མེད་དེ། དེ་ཡིན་ན་མ་སྒྲིབ་ལུང་མ་བསྟན་ཡིན་དགོས་པའི་ཕྱིར། བཞི་པ་གཟུགས་ཀྱི་རྟེན་འབྲེལ་དུ་གྱུར་པའི་མཐོང་སྤངས་དང། སྒོམ་སྤངས་གང་རུང་མེད་དེ། གཟུགས་ཡིན་ན། དེ་གང་རུང་མ་ཡིན་དགོས་པའི་ཕྱིར། བཞི་པ་མིང་གི་རྟེན་འབྲེལ་ཡིན་པའམ། དེར་གྱུར་པའི་དེ་གཉིས་གང་རུང་མེད་དེ། དེར་གྱུར་པའི་ཉོན་སྒྲིབ་མེད་པའི་ཕྱིར། དེར་གྱུར་པའི་ཕུང་པོ་ལྔ་ཀ་ཡོད་ཅིང། དགྲ་བཅོམ་པའི་རྒྱུད་ལ་ཡང་། དེ་འདྲའི་རྟེན་འབྲེལ་ཡོད་དེ། སྐྱེ་སྲིད་ལ་གནས་པའི་དགྲ་བཅོམ་པའི་རྒྱུད་ཀྱི་ཟག་བཅས་ཀྱི་ལེན་གྱི་ཕུང་པོ་ལྔ་པོ། བཞི་པ་མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་ཡིན་དགོས་པའི་ཕྱིར།
མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་མིང་ཚིགཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ཡན་ལག་བཞི་པ་གང་ཞིག སྐྱེ་སྲིད་ལ་གནས་པའི་གང་ཟག་གི་རྒྱུད་ཀྱི་ཟག་བཅས་ཉེར་ལེན་གྱི་ཕུང་པོར་དམིགས་པ། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་བཞི་པ་མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་གྱི་མཚན་ཉིད་ཡིན། དེ་ལ་དབྱེ་ན། དེར་གྱུར་པའི་གཟུགས་ཀྱི་རྟེན་འབྲེལ་དང། དེར་གྱུར་པའི་མིང་གི་རྟེན་འབྲེལ་གཉིས་སུ་ཡོད། དེ་གཉིས་ཡན་ལག་གཅིག་ཏུ་འདྲེན་པའི་རྒྱུ་མཚན་གང་ཞེ་ན། དེ་ཡོད་དེ། ལས་ཉོན་གྱི་གཟུགས་མེད་དུ་སྐྱེ་བ་ལེན་པའི་ཚེ་ཡན་ལག་ཏུ་གྱུར་པའི་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚང་བར་གཞག་དགོས་པའི་རྒྱུ་མཚན་གྱིས་སོ། །སྐྱེ་བ་སྤྱི་དབང་དུ་བྱས་ན། མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་གྲུབ་པ་དང། སྐྱེ་སྲིད་སྐད་ཅིག་དང་པོ་གྲུབ་པ་དུས་མཉམ་པ་ཡིན། དེར་གྱུར་པའི་དགེ་མི་དགེ་གང་རུང་དང། སྒྲིབ་ལུང་མ་བསྟན་མེད་དེ། དེ་ཡིན་ན་མ་སྒྲིབ་ལུང་མ་བསྟན་ཡིན་དགོས་པའི་ཕྱིར། གཟུགས་ཀྱི་རྟེན་འབྲེལ་དུ་གྱུར་པའི་མཐོང་སྤངས་དང། སྒོམ་སྤངས་གང་རུང་མེད་དེ། གཟུགས་ཡིན་ན། དེ་གང་རུང་མ་ཡིན་དགོས་པའི་ཕྱིར། མིང་གི་རྟེན་འབྲེལ་ཡིན་པའམ། དེར་གྱུར་པའི་དེ་གཉིས་གང་རུང་མེད་དེ། དེར་གྱུར་པའི་ཉོན་སྒྲིབ་མེད་པའི་ཕྱིར། དེར་གྱུར་པའི་ཕུང་པོ་ལྔ་ཀ་ཡོད་ཅིང། དགྲ་བཅོམ་པའི་རྒྱུད་ལ་ཡང། དེ་འདྲའི་རྟེན་འབྲེལ་ཡོད་དེ། སྐྱེ་སྲིད་ལ་གནས་པའི་དགྲ་བཅོམ་པའི་རྒྱུད་ཀྱི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་པོ། བཞི་པ་མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་ཡིན་དགོས་པའི་ཕྱིར།
མིའི་རིགས་མིང་ཚིགའགྲོ་བ་མི་སྤྱིའི་དོན།
མིའི་རིགས་གནས་རིགས་སྐྱེ་མིང་ཚིགམདོ། ཕར་ཕྱིན། མིའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ནས་མིའི་རིགས་མཐུན་གྱི་སྐྱེ་སྲིད་གཉིས་སམ་གསུམ་བླངས་ནས་མཐར་མིའི་རྟེན་ལ་མྱ་ངན་ལས་འདས་པ་གཅིག་ལ་མིའི་རིགས་གནས་རིགས་སྐྱེ་ཞེས་བརྗོད།
མིའི་རིགས་ནས་རིགས་སུ་སྐྱེ་བ་མིང་ཚིགདགེ་འདུན་ཉི་ཤུའི་ནང་གསེས་ཤིག་སྟེ། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གང་ཞིག་འཛམ་བུའི་གླིང་པ་ལྟ་བུའི་རྟེན་ལ་རྒྱུན་ཞུགས་ཐོབ་པ་དེ་མིར་ལན་གཉིས་སྐྱེས་ནས་གླིང་དེ་ཉིད་དམ་ཤར་ནུབ་གང་རུང་དུ་སྐྱེས་ནས་མྱ་ངན་ལས་འདའ་བའོ། །
ཀྱེེ་རྡོར་རིགས་བཞི་མིང་ཚིགསྐུའི་ཀྱཻའི་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ། གསུང་ཀྱཻའི་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ། ཐུགས་ཀྱཻའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། སྙིང་པོ་ཀྱཻའི་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པའོ། །
མོ་རིགས་མིང་ཚིགཕོ་མོ་གཉིས་སུ་ཕྱེ་བའི་མོ་ཐམས་ཅད་ལ་གོ །
ཚ་ནད་རིགས་ཀྱི་དབྱེ་བ་བཞི་མིང་ཚིགའགྲམས་ཚད། འཁྲུགས་ཚད། རིམས་ཚད། དུག་ཚད་དོ། །
ཚངས་རིགས་མིང་ཚིགབྲམ་ཟེའི་མིང་སྟེ། རིག་བྱེེད་ཀྱི་གཞུང་དུ་བྲམ་ཟེ་ནི་ཚངས་པའི་ཁ་ནས་སྐྱེས་པར་གྲགས་པས་སོ། །
ཚད་མ་ཀུན་ལས་བཏུས་པའི་མཆན་འགྲེལ་རིགས་ལམ་རབ་གསལ་སྣང་བ་མིང་ཚིགཀུན་མཁྱེན་མི་ཕམ་རྒྱས་མཚོས་མཛད། རྒྱ་གར་གྱི་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་ཀྱི་རྩ་བའི་མཆན་འགྲེལ་ཞིག
ཚད་མ་རིགས་གཏེར་མིང་ཚིགཚད་མ་རིག་པའི་གཏེར་ཞེས་བྱ་བ། ཚད་མ་སྡེ་བདུན་གྱི་དགོངས་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་ཕབ་པ་དང་ཤེས་བྱེད་ཚད་མའི་རང་བཞིན་ངེས་པར་བྱ་བ་གཉིས་ཀྱིས་བསྟན་ཅིང༌། ཡུལ་བརྟགས་པ། བློ་བརྟགས་པ། སྤྱི་དང་བྱེ་བྲག་བརྟགས་པ། སྣང་སེལ་བརྟགས་པ། བརྗོད་བྱ་དང་རྗོད་བྱེད་རྟགས་པ། འབྲེལ་བ་བརྟགས་པ། འགལ་བ་བརྟགས་པ། མཚན་ཉིད་བརྟགས་པ། མངོན་སུམ་བརྟགས་པ། རང་དོན་རྗེས་དཔག་གཞན་དོན་རྗེས་དཔག་སྟེ་རབ་བྱེད་བཅུ་གཅིག་ཅན་གྱི་གཞུང་འདི། དུས་རབས་བཅུ་གསུམ་པར་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའོ། །
ཚད་མ་རིགས་གཏེར་གྱི་མཆན་འགྲེལ་མིང་ཚིགམཚན་རྒྱས་པར། ཚད་མ་རིགས་པའི་གཏེར་མཆན་གྱིས་འགྲེལ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཞེས་གསལ། ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པ་ཞིག་སྟེ། དེ་ཡང་ཚན་མ་སྡེ་བདུན་གྱི་དགོངས་པ་གཅིག་ཏུ་འདུས་པ་ཚད་མ་རིགས་གཏེར་གྱི་མཆན་འགྲེལ་ཞིག་ཡིན།
ཚད་མ་རིགས་གཏེར་གྱི་རབ་བྱེད་དང་པོའི་བརྗོད་བྱ་མིང་ཚིགའཆད་ཚུལ་གྱི་སྒོ་ནས་ཁྱད་པར་འཕགས་ཚུལ། རབ་བྱེད་དང་པོས་ནི་མདོ་དང་རྣམ་འགྲེལ་ངེས་གཉིས་ཀྱི་མངོན་སུམ་ལེའུ་ཐོག་མར་གཞལ་བྱ་རང་སྤྱི་གཉིས་ཀྱི་རྣམ་གཞག་དང་། མངོན་སུམ་ལེའུར་གཟུང་ཡུལ་དང་། མངོན་སུམ་དང་རང་དོན་ལེའུ་གཉིས་ཆར་དུ་འཇུག་ཡུལ་སོགས་ཀྱི་རྣམ་གཞག་གསུངས་པ་རྣམས་ལ་སློབ་དཔོན་ཆོས་མཆོག་རྗེས་འབྲང་དང་བཅས་པ་རྣམས་གཟུང་ཡུལ་དང་སྣང་ཡུལ་དོན་གཅིག འཇུག་ཡུལ་དང་ཞེན་ཡུལ་དོན་གཅིག་ཏུ་འདོད་པ་བཀག་ནས། རང་མཚན་གཅིག་ཉིད་ཡུལ་ཅན་གྱི་བློ་སོ་སོ་ལ་ལྟོས་ནས་སྣང་ཡུལ་ཞེན་ཡུལ་འཇུག་ཡུལ་གསུམ་དུ་འགྱུར་ལ། རང་སྤྱི་གཉིས་སུ་གསུངས་པ་ཡང་རྟོགས་ཚུལ་གྱི་སྒོ་ནས་ཕྱེ་བ་ཡིན་གྱི་མཐར་ཐུག་རང་མཚན་གཅིག་ཏུ་འདུ་བའི་ཚུལ་དང་། དེ་ལ་ཡང་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་མང་དུ་ཡོད་པའི་ནང་ནས། འདིར་ནི་མངོན་སུམ་གཉིས་ཀྱི་གྲུབ་མཐའ་འཆད་པའི་སྐབས་ཡིན་པས་མདོ་སྡེ་པའི་ལུགས་ལ་གཟུང་ཡུལ་གྱི་རྣམ་གཞག་འཐད་པ་ཡིན་གྱི། སེམས་ཙམ་པའི་ལུགས་ལ་སེམས་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་མེད་པས། གཟུང་ཡུལ་གྱི་རྣམ་གཞག་མེད་དོ་ཞེས་པའི་ཚུལ་སྟོན། ཞེས་ཀུན་མཁྱེན་གོ་རམས་པའི་སྡེ་བདུན་རབ་གསལ་ལས་སོ། །
ཚད་མ་རིགས་གཏེར་འབྲས་བུའི་སྒོ་ནས་ཁྱད་པར་འཕགས་པ་མིང་ཚིགའཆད་པ་དང་། རྩོམ་པ་དང་། རྩོད་པ་གསུམ་ལས། གསུམ་པར་རྒྱ་གར་ལྷོ་ཕྱོགས་པ་འཕྲོག་བྱེད་དགའ་བོ་ལ་སོགས་པ་ཕྱི་རོལ་པའི་སྟོན་པ་དྲུག་གིས་རྩོད་པར་བརྩམས་ཏེ། མང་ཡུལ་སྐྱིད་གྲོང་གི་འཕགས་པ་ཝ་ཏིའི་གཙུག་ལག་ཁང་དང་འདབ་འབྱོར་པའི་ཚོང་དུས་ན་བཞུགས་པའི་ཚེ་སྟོན་པ་དྲུག་པོ་དག་ལྷགས་པ་ན་རྒོལ་བ་ངན་པ་དེ་དག་རེ་རེ་ནས་སུན་ཕྱུང་སྟེ། ཕམ་པར་མཛད་ནས་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་ནས་སླར་ཡང་དེ་དག་ཐམས་ཅད་ཀྱི་ལྟ་བ་ངན་པའི་སྙེམས་པའི་དྲི་མ་མེད་པར་མཛད་དེ། རལ་པའི་ཁུར་བྲེགས་ཏེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། ངེས་པར་འབྱུང་བ་རིན་པོ་ཆེའི་འབྱོར་པ་དང་ལྡན་པའི་སྐབས་སུ། ཤཱཀྱའི་རྒྱལ་པོ་དེའི་བསྟན་པ་ལ་རྨ་འབྱིན་པ་གང་དག་བྱུང་བ་ན། སླར་ཡང་དེ་བཞིན་དུ་འདུལ་བར་བྱའོ་ཞེས་དགོངས་ཏེ། རྒྱ་མཚོའི་གོས་ཅན་རྒྱ་མཚོའི་མཐའ་ཀླས་ས་ཆེན་འདི་ན་ལྷ་ཆེན་པོ། །འཕྲོག་བྱེད་བྲན་བྱེད་དེ་དག་ལྷར་བྱེད་ཐུག་པ་དྲང་སྲོང་སྐར་དགའ་སོགས། །རྒྱས་པ་གྲོག་མཁར་བ་དང་གཟེགས་ཟན་རྐང་མིག་སེར་སྐྱའི་རྗེས་འཇུག་པ། །ཐོར་ཚུགས་ཤིང་ཤུན་ལོ་མའི་གོས་ཅན་ཐལ་བ་དབྱུག་གུ་ཀུ་ཤ་ཐོགས། །རལ་པའི་ཁུར་འཛིན་མཉྫུས་ལེགས་དཀྲིས་རི་དྭགས་གཡང་གཞིའི་སྟོད་གཡོགས་ཅན། །སོ་རིས་གསུམ་མཚན་རྩེ་མོ་ཅན་མཆོད་ཚངས་སྐུད་མཆོད་ཕྱིར་ཐོགས་པ་འཆང་། །རིག་བྱེད་ཀུན་སྦྱངས་ངེས་བརྗོད་འདོན་མཁན་སྒྲ་དང་སྡེབ་སྦྱོར་མཐར་སོན་པ། །བདག་ཏུ་ལྟ་བའི་ལྟ་བ་ལ་ལྟ་རྒྱུན་དུ་དཀའ་སྤྱོད་ང་རྒྱལ་ཅན། །དེ་ལྟའི་ཚུན་ཅན་མུ་སྟེགས་གླང་ཆེན་རབ་ཏུ་མྱོས་པའི་ཀླད་འགེམས་པ། །དཔལ་ལྡན་སྨྲ་བའི་སེང་གེ་བློ་གྲོས་སྟོབས་ལྡན་རིགས་པའི་མཆེ་བ་ཅན། །བརྡ་སྤྲོད་བྱེད་གཞུང་ཡན་ལག་རབ་རྫོགས་བདེ་གཤེགས་བསྟན་པའི་རལ་པས་བརྗིད། །ལེགས་སྦྱར་ང་རོ་གཏན་ཚིགས་གད་རྒྱངས་ལྟག་ཆོད་སུན་འབྱིན་མིག་བགྲད་པ། །དེ་ལྟའི་རི་དྭགས་རྒྱལ་པོ་དེ། དཔལ་ལྡན་ས་སྐྱའི་གངས་རིར་གནས། །བློ་ལྡན་རྣམས་ཀྱི་རི་དྭགས་སྐྱོང། །རྒོལ་བ་ངན་པའི་ཝ་ཚོགས་འཇོམས། །ད་དུང་དུ་ཡང་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱི་ཕམ་མཛད་ནས། །བདེ་བར་གཤེགས་པའི་བསྟན་པའི་ཚུལ། །ཀུན་དགའི་རྒྱལ་མཚན་འཛིན་པར་ཤོག ། ཅེས་གསུངས་ཤིང་། འདི་ཉིད་བསྟོད་པའི་ཚིག་ལས་ཀྱང་འབྱུང་ངོ་། །ཞེས་ཀུན་མཁྱེན་གོ་རམས་པའི་སྡེ་བདུན་རབ་གསལ་ལས་སོ། །
ཚད་མ་རིགས་གཏེར་རབ་བྱེད་གཉིས་པའི་བརྗོད་བྱ་མིང་ཚིགརབ་བྱེད་གཉིས་པས་ནི་ཡུལ་ཅན་གྱི་བློ་ལ་ཚད་མ་དང་ཚད་མིན་གཉིས་ལས། དང་པོ་ནི། རབ་བྱེད་ཐ་མ་བཞིའི་སྐབས་སུ་འཆད་པས་འདིར་ཚད་མིན་གྱི་བློ་ནི་མདོ་དང་། རྣམ་འགྲེལ་ངེས་ཀྱི་རང་དོན་ལེའུའི་དང་། གཏན་ཚིགས་ཐིགས་པའི་གཏན་ཚིགས་ལྟར་སྣང་སྟོན་པའི་སྐབས་རྣམས་དང་། གཞན་དོན་ལེའུ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་འཆད་པའི་སྐབས་ཀྱི་གཏན་ཚིགས་ལྟར་སྣང་བདུན་པོ་རྣམས་ཀྱི་གཏན་ཚིགས་ལྟར་སྣང་གསུམ་ལ་བརྟེན་པའི་ཚད་མིན་གྱི་བློ་བསྟན་པ་དང་། མངོན་སུམ་ལྟར་སྣང་གི་སྐབས་སུ་རྟོག་མེད་མངོན་སུམ་ལྟར་སྣང་གི་རྣམ་གཞག་གསུངས་པ་རྣམས་ལ་བོད་སྔ་རབས་པ་རྣམས་ཚད་མིན་གྱི་བློ་ལྔར་གྲངས་ངེས་པར་འདོན་པ་རྣམས་བཀག་ནས་ཚད་མིན་གྱི་བློ་གསུམ་དུ་གྲངས་ངེས་པའི་ཚུལ་དང་། དེ་དག་སོ་སོའི་མཚན་ཉིད་དང་། དབྱེ་བ་ལ་སོགས་པ་བསྟན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡེ་བདུན་རབ་གསལ་ལས་སོ། །
ཚད་མ་རིགས་གཏེར་རབ་བྱེད་གསུམ་པའི་བརྗོད་བྱ་མིང་ཚིགརབ་བྱེད་གསུམ་པས་མདོ་དང་རྣམ་འགྲེལ་ངེས་ཀྱི་མངོན་སུམ་ལེའུའི་ཐོག་མར་སྤྱི་མཚན་གྱི་རྣམ་བཞག་དང་། རྣམ་འགྲེལ་གྱི་རང་དོན་ལེའུར་སྤྱི་དང་གཞི་མཐུན་གྱི་རྣམ་བཞག་གསུངས་པ་ལ། བྱེ་བྲག་པ་དང་། གྲངས་ཅན་པས་སྤྱི་གསལ་རྫས་གཅིག་དང་རྫས་ཐ་དད་དུ་འདོད་པ་བཀག་པ་དང་། མངོན་སུམ་ལེའུར་སྤྱི་དངོས་མེད་དུ་བསྒྲུབ་པའི་རིགས་པ་བརྒྱད་གསུངས་པ་རྣམས་ལ་བོད་སྔ་རབས་པ་རྣམས་སྤྱི་དང་དངོས་པོ་གཞི་མཐུན་ཡོད་པར་འདོད་པ་རྣམས་བཀག་ནས། རྟོག་པའི་སྣང་བ་ལ་སྤྱི་དང་བྱེ་བྲག་འཇོག་ཚུལ་དང་། དེ་ལ་བརྟེན་ནས་འཇུག་ཡུལ་རང་མཚན་ཐོབ་པའི་ཚུལ་རྣམས་སྟོན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡེ་བདུན་རབ་གསལ་ལས་སོ། །
ཚད་མ་རིགས་གཏེར་རབ་བྱེད་དགུ་པའི་བརྗོད་བྱ་མིང་ཚིགརབ་བྱེད་དགུ་པས་ནི་མདོ་དང་རྣམ་འགྲེལ་ངེས་ཀྱི་མངོན་སུམ་ལེའུར་གསུངས་པའི་མངོན་སུམ་ཡང་དག མངོན་སུམ་ལྟར་སྣང། ཚད་འབྲས་རྣམས་བསྟན་ཅིང། ཞར་ལ་རྗེས་དཔག་གི་ཚད་འབྲས་ཀྱང་བསྟན་ནོ། །འདིར་མངོན་སུམ་སྤྱིའི་མཚན་ཉིད་ཐོག་མར་བསྟན་ནས་དབྱེ་བ་སོ་སོར་བཤད་པ་ནི་རྣམ་ངེས་ཀྱི་གོ་རིམ་དང་མཐུན་པར་སྣང་ངོ་། །འདིའི་རྣལ་འབྱོར་མངོན་སུམ་གྱི་སྐབས་སུ་ཚད་མ་གྲུབ་པའི་ལེའུར་གསུངས་པའི་ཚད་མའི་སྐྱེས་བུའི་སྒྲུབ་བྱེད་ཀྱི་རིགས་པ་རྣམས་རྣལ་འབྱོར་མངོན་སུམ་གྱི་སྒྲུབ་བྱེད་དུ་སྦྱར་ནས་འཆད་པར་སྣང་སྟེ། ངོ་མཚར་རྨད་དུ་བྱུང་བའི་བཤད་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡེ་བདུན་རབ་གསལ་ལས་སོ། །
ཚད་མ་རིགས་གཏེར་རབ་བྱེད་དྲུག་པའི་བརྗོད་བྱ་མིང་ཚིགརབ་བྱེད་དྲུག་པས་ནི། རང་དོན་ལེའུའི་ཐོག་མར་རྟགས་ཀྱི་ལྡོག་ཁྱབ་གྲུབ་པ་ལ། རྟགས་ཆོས་ཀྱི་འབྲེལ་བ་གྲུབ་དགོས་པའི་སྒྲུབ་བྱེད་དང་། འབྲེལ་བ་དེ་དག་ཇི་ལྟར་ངེས་པའི་ཚུལ་དང་། གཞན་དོན་ལེའུར་ཡང་འབྲེལ་བ་ལ་ལྟོས་ནས་གཏན་ཚིགས་ཡང་དག་གཉིས་སུ་འགྱུར་བའི་ཚུལ་གསུངས་པ་དང་། གཞན་ཡང་འབྲེལ་བ་བརྟག་པ་ལས་འབྲེལ་བའི་རྣམ་བཞག་རྒྱས་པར་གསུངས་པ་རྣམས་ཀྱི་དོན་བསྡུས་ནས་དོན་ལ་འབྲེལ་བ་དགག བློ་ངོར་འབྲེལ་བ་བསྒྲུབ། འབྲེལ་བ་སྒྲུབ་བྱེད་ཀྱི་ཚད་མ་རྣམས་བསྟན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡེ་བདུན་རབ་གསལ་ལས་སོ། །
ཚད་མ་རིགས་གཏེར་རབ་བྱེད་བཅུ་གཅིག་པའི་བརྗོད་བྱ་མིང་ཚིགརབ་བྱེད་བཅུ་གཅིག་པས་ནི་རྩོད་རིགས་ནས་གསུངས་པའི་རྩོད་པའི་གནས་སྐབས་ཀྱི་གང་ཟག་གི་རབ་ཏུ་དབྱེ་བ་དང་། ཚར་གཅོད་ཉི་ཤུ་རྩ་གཉིས་དང་། མདོ་ནས་གསུངས་པའི་ལྟག་ཆོད་བཅུ་བཞི་དང་། རིགས་བརྟག་ལས་གསུངས་པའི་ལྟག་ཆོད་བཅུ་དང་། གཞུང་གསུམ་ཆར་གྱི་གཞན་དོན་ལེའུར་གསུངས་པའི་སྒྲུབ་པ་དང་སུན་འབྱིན་གྱི་རབ་ཏུ་དབྱེ་བ་རྣམས་བསྟན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡེ་བདུན་རབ་གསལ་ལས་སོ། །
ཚད་མ་རིགས་གཏེར་རབ་བྱེད་བཅུ་པའི་བརྗོད་བྱ་མིང་ཚིགརབ་བྱེད་བཅུ་པས་ནི་མདོ་དང་། རྣམ་འགྲེལ་ངེས་དང་། རིགས་ཐིགས་དང་གཏན་ཚིགས་ཐིགས་པ་རྣམས་སུ་གསུངས་པའི་གཏན་ཚིགས་ཡང་དག་དང་ལྟར་སྣང་གི་རྣམ་པར་བཞག་པ་རྣམས་དང་། གཞན་དོན་ལེའུའི་དང་རིགས་སྒོ་ནས་གསུངས་པའི་བསྒྲུབ་བྱའི་རྣམ་བཞག་བསྟན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡེ་བདུན་རབ་གསལ་ལས་སོ། །
ཚད་མ་རིགས་གཏེར་རབ་བྱེད་བདུན་པའི་བརྗོད་བྱ་མིང་ཚིགརབ་བྱེད་བདུན་པས་ནི། མདོ་དང་རྣམ་འགྲེལ་ངེས་ཀྱི་རང་དོན་ལེའུ་དང་། གཏན་ཚིགས་ཐིགས་པ་རྣམས་སུ་འགལ་དམིགས་ཀྱི་གཏན་ཚིགས་མང་དུ་གསུངས་པ་རྣམས་དང་། གཞན་དོན་ལེའུའི་མཇུག་ཏུ་འགལ་བའི་རྣམ་བཞག་གསུངས་པ་རྣམས་ཀྱི་དོན་ལ་བོད་སྔ་རབས་པ་རྣམས་ཐ་དད་གཞི་མཐུན་མི་སྲིད་པ་ཙམ་ལ་འགལ་བར་འདོད་པ་བཀག་ནས། འགལ་བའི་རྣམ་བཞག་ཀྱང་འགལ་རྟགས་སུ་བཀོད་ནས་འགལ་ཟླ་འགོག་པར་བྱེད་པའི་གཏན་ཚིགས་ཡང་དག་གི་སྐབས་སུ་དགོངས་པས་ན། ལྷན་ཅིག་མི་གནས་འགལ་ཡིན་ན་གཅིག་རྟགས་སུ་བཀོད་ནས་ཅིག་ཤོས་འགོག་པའི་གཏན་ཚིགས་ཡང་དག་ཏུ་འགྱུར་བ་ཅིག་དགོས་ཤིང་། ཕན་ཚུན་སྤང་འགལ་ལ་དངོས་འགལ་དང་དེས་ཁྱད་པར་དུ་བྱས་པའི་བརྒྱུད་འགལ་གཉིས་ལས་དང་པོ་ལ་གཅིག་རྟགས་སུ་བཀོད་ནས་ཅིག་ཤོས་འགོག་པར་བྱེད་པ་གཏན་ཚིགས་ཡང་དག་ཏུ་འགྱུར་བ་མེད་ཀྱང་། བརྒྱུད་འགལ་གྱི་འགལ་བ་རྟགས་སུ་བཀོད་ནས་འགལ་ཟླ་འགོག་པར་བྱེད་པའི་གཏན་ཚིགས་ཡང་དག་ཏུ་འགྱུར་བར་བྱེད་པ་ལ་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་དགོས་སོ་ཞེས་བསྟན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡེ་བདུན་རབ་གསལ་ལས་སོ། །
ཚད་མ་རིགས་གཏེར་རབ་བྱེད་བཞི་པའི་བརྗོད་བྱ་མིང་ཚིགརབ་བྱེད་བཞི་པ་ནི་ཚད་མ་མདོར་གཞན་སེལ་བརྟག་པའི་ལེའུ་དང་། རྣམ་འགྲེལ་རང་དོན་ལེའུར་གཞན་སེལ་གྱི་རྣམ་གཞག་མང་དུ་གསུངས་པ་དང་། མངོན་སུམ་ལེའུར་སྤྱི་དངོས་མེད་དང་། མངོན་སུམ་རྟོག་བྲལ་དུ་སྒྲུབ་པའི་སྐབས་རྣམས་སུ་གཞན་སེལ་གྱི་རྣམ་བཞག་མང་དུ་གསུངས་པ་ལ་བོད་སྔ་རབས་པ་རྣམས་དང་རྒྱ་གར་བ་ཁ་ཅིག་དོན་རང་མཚན་ལ་གཞན་སེལ་དུ་འདོད་པ་རྣམས་བཀག་ནས། རྟོག་བློའི་འཇུག་ཚུལ་ལ་གཞན་སེལ་དུ་བཞག་པ་དང་། མདོ་དང་རྣམ་འགྲེལ་ངེས་ཀྱི་མངོན་སུམ་ཡང་དག་དང་ལྟར་སྣང་གི་སྐབས་སུ་རྟོག་མེད་ཀྱི་ཤེས་པའི་ཡུལ་སྣང་ཚུལ་བཤད་པ་རྣམས་སྣང་བར་འཇོག་པའི་ཚུལ་དང་། གཞན་སེལ་ཁས་བླངས་པ་ལ་ཕྱི་རོལ་པས་རྟོགས་པ་ཕན་ཚུན་བརྟེན་པར་ཐལ་བ་སོགས་ཀྱི་རྩོད་པ་ལྔ་སྤང་བ་བསྟན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡེ་བདུན་རབ་གསལ་ལས་སོ། །
ཚད་མ་རིགས་གཏེར་རབ་བྱེད་བརྒྱད་པའི་བརྗོད་བྱ་མིང་ཚིགརབ་བྱེད་བརྒྱད་པས་ནི་རྣམ་འགྲེལ་གྱི་ཚད་མ་གྲུབ་པའི་ལེའུར་ཚད་མའི་མཚན་ཉིད་མི་བསླུ་མ་ཤེས་དོན་གསལ་གསུངས་པ་དང་། ངེས་བྱེད་རང་ངས་གཞན་ངེས་གསུངས་པ་དང་། མདོ་དང་། རྣམ་འགྲེལ་ངེས་ཀྱི་མངོན་སུམ་ལེའུའི་ཐོག་མར་གཞལ་བྱ་གཉིས་སུ་ངེས་པས། ཚད་མར་གཉིས་སུ་བསྒྲུབ་པའི་དོན་རྣམས་གཏན་ལ་ཕབ་པ་ལ། ཐོག་མར་མཚན་མཚོན་གཞི་གསུམ་སྤྱིའི་རྣམ་བཞག་བསྟན་ནས། མཚན་ཉིད་གཉིས་ཀྱི་འདོད་ཚུལ་ལ། ལྷ་དབང་བློ་དང་། རྒྱན། ཆོས་མཆོག བྲམ་ཟེའི་བཞེད་པ་རྣམས་བཀག་ནས་དེ་གཉིས་དོན་ལྡོག་གཅིག་ཏུ་བསྒྲུབ་པ་དང་། མཚན་ཉིད་དེ་ལྡན་གྱི་ཚད་མ་དེས་སྒྲོ་འདོགས་ཇི་ལྟར་གཅོད་པའི་ཚུལ་དང་། གྲངས་ངེས་ཀྱི་དོན་ལ་མཚོན་བྱའི་རབ་ཏུ་དབྱེ་བ་དང་། མཚན་གཞི་ལ་ལོག་རྟོག་དགག་པ་གཉིས་དང་། རང་ངེས་གཞན་ངེས་ཀྱི་དོན་ལ་མཚན་གཞི་ལ་མཚན་ཉིད་ངེས་པར་བྱེད་པའི་ཚད་མ་དང་། ཐུན་མོང་དུ་དེས་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་རྣམས་བསྟན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡེ་བདུན་རབ་གསལ་ལས་སོ། །
ཚད་མ་རིགས་གཏེར་རབ་བྱེད་ལྔ་པའི་བརྗོད་བྱ་མིང་ཚིགརབ་བྱེད་ལྔ་པས་ནི། རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་ཡུལ་ལ་འཇུག་ཚུལ་གཅིག་པས་རྗོད་བྱེད་ཀྱི་སྒྲ་ཡང་ཡུལ་ལ་སེལ་བས་འཇུག་པ་ཡིན་པ་ལ་ཕྱི་རོལ་བ་རྣམས་འགའ་ཞིག་དོན་རང་མཚན་ལ་བརྡ་དངོས་སུ་སྦྱོར་འདོད། འགའ་ཞིག་སྤྱི་དངོས་པོ་བ་ལ་བརྡ་དངོས་སུ་སྦྱོར་བར་འདོད་པ་རྣམས་རང་དོན་ལེའུར་སྒྲ་རྣམས་ཀྱིས་ནི་བརྡ་རྟགས་སྟོན་ཅེས་སོགས་དང་། མངོན་སུམ་ལེའུར་དབང་ཤེས་རྟོག་བྲལ་སྒྲུབ་པའི་སྐབས་རྣམས་དང་། གཞན་དོན་ལེའུར་བྱེ་བྲག་པས་གསོན་ལུས་བདག་བཅས་སུ་འདོད་པ་འགོག་པའི་སྐབས་རྣམས་སུ། རིགས་པའི་རྒྱལ་པོས་ཇི་ལྟར་བཀག་པའི་ཚུལ་དང་། དེའི་སྟེང་དུ་བོད་འགའ་ཞིག་རང་མཚན་སྒྲའི་དངོས་ཀྱི་བརྗོད་བྱར་འདོད་པ་རྣམས་བཀག་ནས། རྗོད་བྱེད་ཀྱི་སྒྲ་དངོས་སུ་གཞན་སེལ་ལ་འཇུག་པས། འཇུག་ཡུལ་རང་མཚན་ཐོབ་པའི་ཚུལ་དང་། སྤྱིར་བརྗོད་བྱ་རྗོད་བྱེད་ཆ་གཅིག་ལ་ཡང་འཆད་པའི་ཚེ་དངོས་ཀྱི་བརྗོད་བྱ་རྗོད་བྱེད་དང་ཞེན་པའི་བརྗོད་བྱ་རྗོད་བྱེད་བཞིར་ཕྱེ་ཞིང་། འཇུག་པའི་ཚེ་ན་རྣམ་དབྱེ་མེད་པའི་ཚུལ་དང་། དེ་ལ་ཕྱི་རོལ་པས་དངོས་པོའི་སྤྱི་བརྗོད་བྱར་འདོད་པ་དང་མཚུངས་པ་སོགས་ཀྱི་རྩོད་པ་ལྔ་སྤོང་བ་རྣམས་བསྟན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡེ་བདུན་རབ་གསལ་ལས་སོ། །
ཚད་མ་རིགས་གཏེར་རྟགས་ཀྱི་སྒོ་ནས་ཁྱད་པར་འཕགས་པ་མིང་ཚིགགཞོན་ནུའི་དུས་སུ་མནལ་ལམ་དུ་ཕྲག་གོང་གཉིས་ནས་ཉི་ཟླ་ཤར་ཞིང་། དེའི་ཚེ་ཚད་མ་རྣམ་འགྲེལ་གྱི་མཆོད་བརྗོད་སཾསྐྲི་ཏའི་སྐད་དུ་བཏོན་པ་རྨིས་པ་དང་། དུས་ཕྱིས་ཕྱོགས་ཀྱི་གླང་པོའི་གདན་སར་བསྐོས་པས་གཤེགས་པར་ཞུ་ཞེས་ཟེར་ནས་བྱོན་པས་ཕྱོགས་གླང་གི་ཕུག་པ་ཡིན་ཟེར་བའི་གླེབས་བམ་དང་བཅས་པའི་ཕུག་གཅིག་གི་ལྡེ་མིག་གཏད་ནས་ནང་དུ་བྱོན་པ་རྨིས་ཞེས་གསུངས་པ་ལྟ་བུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡེ་བདུན་རབ་གསལ་ལས་སོ། །
ཚད་མ་རིགས་ཐིགས་མིང་ཚིགཚད་མ་རིག་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། མངོན་སུམ་དང་། རང་གི་དོན་རྗེས་སུ་དཔག་པ་དང་། གཞན་དོན་རྗེས་སུ་དཔག་པ་བཅས་ལེའུ་གསུམ་གྱི་བདག་ཉིད་ཅན། སློབ་དཔོན་ཆོས་ཀྱི་གྲགས་པས་བརྩམས་པའི་ཚད་མ་སྡེ་བདུན་གྱི་ཡ་གྱལ། རྩ་བ་ལུས་ལྟ་བུའི་བསྟན་བཅོས་རྒྱས་འབྲིང་བསྡུས་གསུམ་གྱི་ནང་ནས་བསྡུས་པའོ། །
ཚད་མ་རིགས་པ་ལ་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ་མིང་ཚིགསློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་རིགས་པ་ལ་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ། ཁ་ཆེའི་པཎྜི་ཏ་ཆེན་པོ་ཐམས་ཅད་མཁྱེན་དཔལ་བསྲུང་བ་ལས། ཤཱཀྱའི་དགེ་སློང་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར། ཆོས་ཚན་འདི་སྡེ་དགེ་པར་མ་དང་། ཅོ་ནེ་པར་མ་གཉིས་ལ་མི་བཞུགས། བསྟན་འགྱུར་ཚད་མ་ཅ་པར་བཞུགས།
ཚད་མ་རིགས་པ་ལ་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ་མིང་ཚིགསློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་རིགས་པ་ལ་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ། ཁ་ཆེའི་པཎྜི་ཏ་ཆེན་པོ་ཐམས་ཅད་མཁྱེན་དཔལ་བསྲུང་བ་ལས། ཤཱཀྱའི་དགེ་སློང་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར། ཆོས་ཚན་འདི་སྡེ་དགེ་པར་མ་དང་། ཅོ་ནེ་པར་མ་གཉིས་ལ་མི་བཞུགས། བསྟན་འགྱུར་ཚད་མ་ཅི་པར་བཞུགས།
ཚད་མ་རིགས་པའི་གཏེར་མཆན་གྱིས་འགྲེལ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་མིང་ཚིགཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་ཚད་མ་རིགས་གཏེར་གྱི་མཆན་འགྲེལ་དང་དོན་གཅིག་ཡིན།
ཚད་མ་རིགས་རྒྱན་མིང་ཚིགརྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་སྤྱི་དོན་ཞིག
ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་མིང་ཚིགཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ། རྒྱ་གར་ལས་རྒྱའི་ལོ་ཙཱ་བ་ཐང་སཾ་ཙང་གིས་བསྒྱུར་ཅིང་། སླད་ཀྱིས་རྒྱའི་དགེ་བཤེས་སིང་གྱང་ཇུས་དང༌། བོད་ཀྱི་དགེ་བའི་བཤེས་གཉེན་སྟོན་གཞོན་གྱིས་བོད་སྐད་དུ་བསྒྱུར་ཅིང༌། ཕྱིས་རྒྱ་ནག་ཆེན་པོའི་ལྷའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས། དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་རྒྱའི་དཔེ་དང་བོད་ཀྱི་དཔེ་གཉིས་པོ་ལེགས་པར་གཏུགས་ཤིང་བཅོས་ཏེ་དག་པར་བསྒྱུར།
ཚད་མའི་རིགས་པ་མིང་ཚིགའཐད་པ་སྒྲུབ་པ་སྟེ། དོན་ལ་མི་བསླུ་བར་སྒྲུབ་པའི་རིགས་པ་དེ་ལ་མངོན་སུམ་གྱི་ཚད་མ་དང༌། རྗེས་དཔག་གི་ཚད་མ་དང༌། ལུང་གི་ཚད་མ་བཅས་གསུམ་ཡོད།
ཚབ་བྱེད་དངོས་རིགས་མིང་ཚིགདངོས་པོ་གཞན་ཞིག་གི་ཚབ་བྱེད་པའི་དངོས་རྫས་ལ་ཟེར།ཚོང་ཟོག་བོར་བརླགས་ཕྱིན་པའི་ཚབ་བྱེད་དངོས་རིགས་ཞེས་པ་ལྟ་བུ།
ཚལ་རིགས་ཤེས་རབ་སྒྲོལ་མ་ལྷ་ཁང་མིང་ཚིགསྲོང་བཙན་སྒམ་པོའི་སྐབས་བཏབ་པའི་རུ་གནོན་གྱི་གཙུག་ལག་ཁང་བཞིའི་ཡ་གྱལ་ཞིག
གང་ཟག་གི་བདག་མེད་པ་སྒྲུབ་པའི་རིགས་པ་མིང་ཚིགམདོ། ཕར་ཕྱིན། སློབ་དཔོན་ཟླ་གྲགས་ཀྱི་ལུགས་ལ། ཕུང་པོ་དམིགས་ཡུལ་དུ་བྱས་ནས་ངར་འཛིན་ལྷན་སྐྱེས་ཀྱིས་ངའོ་སྙམ་དུ་གཟུང་བའི་ཡུལ། གང་ཟག་དང། དེ་རང་བཞིན་གྱིས་གྲུབ་པ་གང་ཟག་གི་བདག་ཡིན་ནོ། །གལ་ཏེ་ཕུང་པོ་ལ་བདག་ཏུ་འདོགས་ཏེ། ཕུང་པོ་བདག་གི་གདགས་གཞི་ཡིན་པའི་ཕྱིར་ཟེར་ན། གཏན་ཚིགས་མ་གྲུབ་སྟེ། ཕུང་པོ་ལ་དམིགས་ནས་ངར་འཛིན་ལྷན་སྐྱེས་དེས་གཞི་མེད་ལ་བདག་ཏུ་གཟུང་བའི་ཕྱིར། གང་ཟག་གི་བདག་མེད་པ་ནི། ངར་འཛིན་ལྷན་སྐྱེས་ཀྱི་ཡུལ་དུ་གྱུར་པའི་བདག་དེ་ངོ་བོ་ཉིད་ཀྱིས་མ་གྲུབ་པ་སྟེ། རྟག་གཅིག་རང་དབང་ཅན་གྱི་བདག་མེད་པར་རྟོགས་པས་གང་ཟག་གི་བདག་མེད་པར་རྟོགས་པར་མི་འགྱུར་ཏེ། གང་ཟག་གི་བདག་མེད་རྟོགས་པའི་དོན་བསྒོམས་པས་འཁོར་བ་ལས་གྲོལ་བ་གང་ཞིག། རྟག་གཅིག་རང་དབང་ཅན་གྱི་བདག་མེད་བསྒོམས་པས་འཁོར་བ་ལས་གྲོལ་བར་མི་འགྱུར་བའི་ཕྱིར་ཏེ། དེས་ལྷན་སྐྱེས་ཀྱི་བདག་འཛིན་ལ་མི་གནོད་པའི་ཕྱིར་རོ། །
གང་ཟག་གི་བདག་མེད་པ་སྒྲུབ་པའི་རིགས་པ་མིང་ཚིགསློབ་དཔོན་ལེགས་ལྡན་འབྱེད་ཀྱི་ལུགས། རྣམ་པར་ཤེས་པའི་ཕུང་པོ་ལ་དམིགས་ནས་ངར་འཛིན་ལྷན་སྐྱེས་ཀྱིས་ངའོ་སྙམ་པའི་བདག་ཏུ་ཐ་སྙད་འདོགས་ཏེ། མདོ་ལས། བདག་ནི་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོོན་དུ་འགྱུར། །བདག་ཉིད་ལེགས་པར་ཐུལ་བ་ཡིས། །མཁས་པས་མཐོ་རིས་འཐོབ་པར་འགྱུར། །ཞེས་སེམས་ཐུལ་བ་ལ་བདག་ཐུལ་ཞེས་ཐ་སྙད་མཛད་པའི་ཕྱིར། དེས་ན་ངར་འཛིན་ལྷན་སྐྱེས་ཀྱི་ཡུལ་དུ་གྱུར་པའི་བདག་དེ་གྲུབ་མཐའ་ཕྱིན་ཅི་ལོག་གམ་ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་རྟག་པ་གཅིག་པུ་རང་དབང་ཅན་དུ་སྒྲོ་འདོགས་པར་བྱེད་དེ། བདག་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་བདག་གིས་མྱོང་བར་མཐོང་ནས། བདག་རྟག་པར་སྒྲོ་འདོགས་པར་བྱེད། བདག་སྐྱེ་ནའང་གཅིག་པུར་སྐྱེ། འཆི་ནའང་གཅིག་པུར་འཆི་ཞེས་གཅིག་པུར་སྒྲོ་འདོགས་པར་བྱེད། བདག་ཅེས་པའི་འཛིན་སྟངས་ལ་བརྟེན་ནས་གཞན་ལ་རག་མ་ལས་པས་རང་དབང་ཅན་དུ་སྒྲོ་འདོགས་པར་བྱེད་པའི་ཕྱིར། གང་ཟག་གི་བདག་མེད་པའི་ཚུལ་ནི་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་པའི་ཡུལ་ནི་དོན་དམ་པར་མེད་པ་ཡིན་གྱི། ཐ་སྙད་དུ་ཡོད་ལ། ཀུན་བཏགས་ཀྱི་འཛིན་པའི་ཡུལ་གྱི་རྟག་པ་གཅིག་པུ་རང་དབང་ཅན་གྱི་བདག་ནི་ཐ་སྙད་དུ་ཡང་མེད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། །
གང་ཟག་གི་བདག་མེད་པ་སྒྲུབ་པའི་རིགས་པ་མིང་ཚིགསློབ་དཔོན་དབྱིག་གཉེན་གྱི་ལུགས། བདག་ཅེས་བརྗོད་པའི་སྒྲ་དེ་ཕུང་པོའི་རྒྱུན་ཁོ་ན་ལ་འཇུག་སྟེ། ངར་འཛིན་ལྷན་སྐྱེས་ཀྱིས་ཕུང་པོའི་རྒྱུན་ལ་བདག་ཏུ་འདོགས་པའི་ཕྱིར། དེའང་མཛོད་འགྲེལ་ལས། བདག་ཏུ་མངོན་པར་བརྗོད་པ་འདི་ནི་ཕུང་པོའི་རྒྱུན་ཁོ་ན་ལ་འཇུག་གི བརྗོད་པར་བྱ་བ་གཞན་ལ་ནི་མིན་ནོ་ཞེས་གསུངས་ཤིང། བདག་དེའང་གཟུགས་ཀྱི་སྐྱེ་མཆེད་བཞིན་དུ་རྫས་སུ་ཡོད་པ་ནི་མ་ཡིན་གྱི། རྡུལ་རྫས་བརྒྱད་ལ་འོ་མ་ཞེས་བརྗོད་པ་ལྟར་བཏགས་པ་ཙམ་དུ་ཡོད་པར་བཞེད་དེ། མཛོད་འགྲེལ་ལས། བཏགས་པར་ཡོད་དོ་ཞེ་ན་ཁོ་བོ་ཅག་ཀྱང་དེ་སྐད་སྨྲའོ་ཞེས་གསུངས་ཤིང་། གལ་ཏེ་བདག་རྫས་སུ་མེད་ན་སེམས་ཅན་སྐྱེ་བ་མི་འཐད་དོ་སྙམ་ན་སྐྱོན་མེད་དེ། ཕུང་པོ་ལ་སེམས་ཅན་དུ་སྒྲོ་བཏགས་ནས་ཕུང་པོའི་རྒྱུན་སྐད་ཅིག་སྔ་མ་ལས་ཕྱི་མ་སྐྱེ་བ་ལ་སེམས་ཅན་སྐྱེ་ཞེས་ཐ་སྙད་བྱེད་པའི་ཕྱིར་རོ། །དེས་ན་སྔར་གྱི་བདག་དེ་རྫས་སུ་ཡོད་པ་ལ་གང་ཟག་གི་བདག་དང། དེར་འཛིན་པའི་བློ་དེ་གང་ཟག་གི་བདག་འཛིན་ཡིན་པས་གང་ཟག་གི་བདག་ནི་ཐ་སྙད་ཙམ་དུའང་མེད་དོ། །
གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་མིང་ཚིགམདོ། ཕར་ཕྱིན། ཡེ་ཤེས་གཅིག་ཉིད་ཀྱིས་སྤྲོས་པ་ཐམས་ཅད་ཅིག་ཅར་དུ་བཀག་ནུས་ལ་དེའི་ཚེ་བདེན་བཞིའི་སྟེང་དུ་རྟག་སོགས་བཅུ་དྲུག་གི་སྤྲོས་པ་བཀག་པའི་ཆ་ནས་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་སུ་འཇོག་གོ །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །པཎ་ཆེན་ངག་ཆོས་ཀྱིས། ཐེག་ཆེན་འཕགས་པའི་ཡེ་ཤེས་གཅིག་ཉིད་ཀྱིས་སྤྲོས་པ་ཐམས་ཅད་གཅིག་ཆར་དུ་བཀག་ནུས་ལ། དེའི་ཚེ་བདེན་བཞིིའི་སྟེང་དུ་རྟག་སོགས་བཅུ་དྲུག་གི་སྤྲོས་པ་བཀག་སྟེ། གཞི་གང་ཟག་གི་བདག་གི་སྐྱེ་མེད་དུ་རྟོགས་པའི་ལྡོག་ཆ་ནི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་སོ། །
གང་ཟག་གི་བདག་འགོག་པའི་རིགས་པའི་རྣམ་གྲངས་མིང་ཚིགམདོ། དབུ་མ། རྣམ་པ་བདུན་དང་ལྔ་དང་བཞི་དང་གཉིས་སུ་དཔྱད་ནས་དགག་པ་རྣམས་སུ་ཡོད་ལ། བདུན་དུ་དཔྱད་ནས་དགག་པ་ནི། ཕུང་པོ་དང་དེ་ཉིད་དང་། གཞན་ཉིད་དང་། རྟེན་དང་། བརྟེན་པ་དང་། ལྡན་པ། ཕུང་པོ་ཚོགས་ཙམ་དང་། ཕུང་པོའི་བཀོད་པ་དབྱིབས་ཏེ། རྣམ་པ་བདུན་དུ་དཔྱད་ནས་དགག་པར་མཛད་པའོ། །ལྔར་བསྡུ་པ་ནི། རྩ་བར། མེ་དང་བུད་ཤིང་བརྟག་པའི་སྐབས་སུ། ཤིང་ཉིད་མེ་ནི་མ་ཡིན་ཏེ། །ཤིང་ལས་གཞན་ལ་མེ་ཡང་མེད། །མེ་ནི་ཤིང་དང་ལྡན་མ་ཡིན། །མེ་ལ་ཤིང་མེད་དེར་དེ་མེད། །ཞེས་རྣམ་པར་ལྔའི་སྒོ་ནས་དཔྱད་ཅིང་། མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་ལེན་པའི་ཤེས་པ་ཀུན། །བུམ་སྣམ་སོགས་དང་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་བཤད། །ཅེས་ཆོས་དང་གང་ཟག་ཐམས་ཅད་ལ་སྦྱར་བར་གསུངས་སོ། །དེ་ཉིད་བཞིར་བསྡུ་བ་ལ། འཇིག་ལྟ་ཉི་ཤུ་འགོག་པའི་སྐབས་སུ། བདག་ཕུང་གཞན་དུ་ལྟ་བའི་ཕྱོགས་སྔ་པ། བདག་འཇིག་ཚོགས་ལ་མ་ལྟོས་པར་གཟུང་བས་འཇིག་ལྟའི་གྲངས་སུ་མི་བགྲངས་པར་འཇུག་འགྲེལ་ལས་གསུངས་པས་ཕུང་པོ་རེ་རེའི་སྟེང་དུའང་དེ་ཉིད་དང་རྟེན་དང་བརྟེན་པ་ལྡན་པ་བཞི་བཞིར་དཔྱད་དེར་དགག་པར་གསུངས། ཡང་བྱང་ཆུབ་སེམས་འགྲེལ་ལས། ཕུང་རྣམས་ཡོད་དེ་དེ་རྟག་མིན། །དེ་ཡང་བདག་གི་ངོ་བོ་མིན། །གང་ཡང་རྟག་དང་མི་རྟག་གཉིས། །རྟེན་དང་བརྟེན་པའི་དངོས་པོར་མེད། །ཅེས་ལྡན་པའི་ཕྱོགས། གཞན་ན་གནག་ལྡན་གཞན་མིན་གཟུགས་ལྡན་ན། །ཞེས་པའི་ཚུལ་གྱིས་དེ་ཉིད་དང་གཞན་ཉིད་གང་རུང་དུ་འདུས་པ་ལ་དགོངས་ནས་དེ་ཉིད་དང་གཞན་ཉིད་དང་། རྟེན་དང་བརྟེན་པ་རྣམ་པ་བཞིར་དཔྱད་ནས་དགག་པ་མཛད་དོ། །དེའང་གཉིས་སུ་བསྡུ་བ་ནི། བདག་བརྟག་པའི་སྐབས་སུ། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་དེ་ཉིད་དང་གཞན་ཉིད་དུ་དཔྱད་པ་གཉིས་སུ་བརྟགས་ནས་དགག་པར་མཛད་དོ། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མའི་སྤྱི་དོན་ལས་གསུངས་སོ། །
ཚོགས་བརྒྱད་རིགས་པའི་ལྷ་བརྒྱད་མིང་ཚིགབོན། ཀུན་དབྱིངས་སྐུ་ལྔ་ལྷ་དགུ་ལས་ལྷ་ཆེན་ཁྲི་བཞི་ནམ་ཏིང་གི་བཀའ་འཁོར་ཡིན་ཏེ། གཟི་བརྗིད་པོད་གསུམ་ལས། ལྷ་ཆེན་འདིའི་བཀའ་འཁོར་ནི། ཚོགས་བརྒྱད་རིགས་པའི་ལྷ་བརྒྱད་དེ། ཞེས་སོ། །བརྒྱད་ནི། ལྷ་ཆེན་ཐང་མ་མེ་སྒྲོན། ལྷ་ཆེན་ཁ་སྡེ་མུ་ཡ། ལྷ་ཆེན་ཁྲི་རྨང་གཤེན་ཆེན། ལྷ་ཆེན་ལྡེ་བོ་གསུང་ཆེན། ལྷ་ཆེན་བ་རབ་གླིང་བཞི། ལྷ་ཆེན་བ་རབ་གླིང་རྩོལ། ལྷ་ཆེན་སྣང་བ་མདོག་ཅན། ལྷ་ཆེན་གཙུག་གཤེན་རྒྱལ་བ་དང་བརྒྱད་དོ། །དེ་དག་གི་སྐུ་མདོག་ཆ་ལུགས་སོགས་གཟི་བརྗིད་པོད་གསུམ་པ་ལ་གཟིགས།
གང་ཟག་རིགས་ནས་རིགས་སུ་སྐྱེ་བ་རྣམ་པ་གཉིས་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། ལྷའི་རིགས་ནས་རིགས་སུ་སྐྱེ་བ་ནི། ལྷ་རྣམས་ཀྱི་རིགས་ནས་རིགས་སུ་མཚམས་སྦྱར་ཞིང་། འཁོར་ནས་སྡུག་བསྔལ་མཐར་བྱེད་པ་གང་ཡིན་པའོ། ། མིའི་རིགས་ནས་རིགས་སུ་སྐྱེ་བ་ནི། མི་རྣམས་ཀྱི་རིགས་ནས་རིགས་སུ་མཚམས་སྦྱར་ཞིང་། འཁོར་ནས་སྡུག་བསྔལ་མཐར་བྱེད་པ་གང་ཡིན་པ་སྟེ། གཉིས་ཀ་ཡང་གང་ཟག་རྒྱུན་དུ་ཞུགས་པ་ཡིན་པར་རིག་པར་བྱའོ། །
གང་འཐད་གང་རིགས་མིང་ཚིགཅི་འདོད་ལྟར་རམ་གང་ལྟར་བྱེད་འོས་ཀྱི་དོན།གོང་དུ་ཞུས་པ་དེ་ཕྲན་རང་ཉིད་ཀྱི་ལྟ་ཚུལ་ཙམ་ཡིན་པས་ཁྱེད་རྣམ་པས་རང་རང་གིས་གང་འཐད་གང་རིགས་བྱེད་ན་འགྲིག་ལྟ་བུ།
གང་རིགས་ཚབ་ཚིགགང་འོས་སམ་ཅི་རིགས་དང་དོན་གཅིག་པར་འཇུག་སྟེ།ཁྱེད་རང་འགྲོ་འདོད་ན་ས་གནས་གང་རིགས་ཤིག་ཏུ་རྒྱུགས་ཤིག་ལྟ་བུ།
ཞི་ཁྲོ་དམ་པ་རིགས་བརྒྱ་མིང་ཚིགསྔགས། མ་ཧཱ་ཡོ་ག རྙིང་མ། ཞི་ཁྲོ་དམ་པ་རིགས་བརྒྱ་ནི། ཞི་བ་བཞི་བཅུ་རྩ་གཉིས་དང་། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དོ། །
ཞི་ཁྲོ་རིགས་བརྒྱ་མིང་ཚིགདཀྱིལ་ཆོག་ནོར་བུའི་ཕྲེང་བ་ལས་བསྟན་པ་སྟེ། ༡ དམ་པ་རིགས་བརྒྱ་ལ་ལྷ་གོ་བདུན་ཡོད་དེ་དབུས་དང་ཕྱོགས་བཞིར་རྒྱལ་བ་རིགས་ལྔ། ཕྱོགས་བཞིར་ཡུམ་བཞི། ཤར་ངོས་སུ་རྡོ་རྗེ་སེམས་དཔའ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་ཆགས་པ། རྡོ་རྗེ་ལེགས་པ་བཞི། ལྷོ་ཕྱོགས་སུ་རྡོ་རྗེ་རིན་ཆེན། རྡོ་རྗེ་གཟི་བརྗིད། རྡོ་རྗེ་རྒྱལ་མཚན། རྡོ་རྗེ་བཞད་པ་བཞི། ནུབ་ཕྱོགས་སུ་རྡོ་རྗེ་ཆོས། རྡོ་རྗེ་རྣོན་པོ། རྡོ་རྗེ་རྒྱུ། རྡོ་རྗེ་སྨྲ་བ་བཞི། བྱང་ཕྱོགས་སུ་རྡོ་རྗེ་ལས། རྡོ་རྗེ་སྲུང་བ། རྡོ་རྗེ་ཁུ་ཚུར་བཞི། ཟུར་བཞིར་སྒེག་མོ་མ་དང༌། ཕྲེང་བ་མ། གླུ་མ། གར་མ་བཞི། ཁྱམས་དང་པོ་ལ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག ཁྱམས་བར་པ་ལ་དཔེ་བྲལ་གྱི་སེམས་དཔའ་བཅུ་དྲུག ཁྱམས་བར་པའི་ཟུར་བཞིར་གདུག་སྤོས་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་མ་བཅས་བཞི། ཁྱམས་ཕྱི་མ་ལ་ཉན་ཐོས་བཅུ་དྲུག་དང༌། རང་རྒྱལ་བཅུ་གཉིས། སྒོ་བཞིར། རྡོ་རྗེ་ལྕགས་ཀྱུ་མ། རྡོ་རྗེ་ཞགས་པ་མ། རྡོ་རྗེ་ལྕགས་སྒྲོག་མ། རྡོ་རྗེ་དྲིལ་བུ་མ་བཅས་བཞི་སྟེ་ལྷ་གོ་བདུན་ཡོད། ༢ གསང་སྔགས་སྔ་འགྱུར་རྙིང་མའི་གཞུང་ནས་གསུངས་པའི་ཞི་ཁྲོའི་ལྷ་ཚོགས་བརྒྱ་ལྷག་ཙམ་ཡོད་པ་ཞིག་སྟེ། ཞི་བ་བཞི་ཅུ་ཞེ་གཉིས། ཁྲག་འཐུང་ལྔ་བཅུ་ང་བརྒྱད་དེ་བརྒྱ། དེའི་སྟེང་དུ་ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ་དང༌། སྒྱུ་འཕྲུལ་རྡོ་རྗེ་སེམས་དཔའ་གཉིས་བསྣན་པས་ལྷ་ཚོགས་བརྒྱ་དང་གཉིས་ཡོད།
ཞི་དྲག་དཔོན་རིགས་མིང་ཚིགཞི་བའི་ལས་དོན་བྱེེད་མཁན་གྱི་དཔོན་རིགས་དང་། དྲག་པོའི་དམག་གི་ལས་དོན་བྱེད་མཁན་གྱི་དཔོན་རིགས།ཞི་དྲག་དཔོན་རིགས་ཚང་མ་འཛོམས་ཏེ་རྒྱལ་ཁབ་ཀྱི་དོན་ཆེན་ཐོག་གྲོས་བསྡུར་བྱས་ཞེས་པ་ལྟ་བུ།
ཟམ་ཚ་གསེར་ཁྲི་སྐུ་ཕྲེང་དྲུག་པ་སྐལ་བཟང་ལུང་རིགས་རྒྱ་མཚོ་མིང་ཚིགརབ་བྱུང་བཅོ་ལྔ་བའི་ལྕགས་གླང་ཕྱི་ལོ་ ༡༩༠༡ ལོར་མདོ་སྨད་དངུལ་རྭའི་ཕྱོགས་སུ་སྐུ་འཁྲུངས། ཀུན་མཁྱེན་སྐུ་ཕྲེང་བཞི་བས་རྗེ་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་མཛད། གཞུང་ཆེན་བཀའ་པོད་ལྔར་གསན་བསམ་དཔྱིས་ཕྱིན་མཛད། རབ་བྱུང་བཅུ་དྲུག་པའི་ཆུ་སྦྲུལ་ཕྱི་ལོ་ ༡༩༥༣ ལོར་དབུས་སུ་ཆིབས་ཞལ་བསྒྱུར་ནས་གདན་ས་གསུམ་གྱིས་མཚོན་དགེ་འདུན་འདུས་པའི་སྡེ་ལ་བསྙེན་བཀུར་གྱ་ནོམ་པ་ཞུས། དེའི་ཕྱི་ལོར་ལྷ་ས་ནས་ཕྱིར་ཕེབས་ནས་འདམ་གཞུང་དུ་འབྱོར་སྐབས་སྐུ་སྙུང་བའི་ཚུལ་བསྟན། འཁོར་རྣམས་ལ་ཁྱེད་རྣམས་ཁོ་བོའི་སྔོན་དུ་འགྲོ་འདོད་ན་ཁོ་བོས་ལམ་འཇུག་བགྱིད་ངེས། གལ་ཏེ་རང་ཡུལ་དུ་འགྲོ་འདོད་ན་དེ་ལྟར་གྱིས་ཞེས་གསུངས་པར། སུ་རུག་སྐྱོང་བའི་གཙོ་མོ་གསེར་ཁོ་ཟེར་བས་རྗེ་ཉིད་ཕྱིར་ཕེབས་བཞེད་མེད་ན་མོ་རང་ཁྱོད་ཀྱི་སྔོན་དུ་འགྲོ་ཐབས་བྱེད་རྒྱུ་ཅི་ནས་ཀྱང་མཁྱེན་ཞེས་གསོལ་ནས་ཞག་གཉིས་ཙམ་ན་རང་དགར་ཚེ་འཕོས། རྗེ་ཉིད་ནས་གསུང་མགུར་ཚིགས་བཅད་ཐོལ་བྱུང་དུ་བསྩལ་ནས་ཚེས་ཉེར་གཅིག་ཉིན་གཟུགས་སྐུའི་བཀོད་པ་བསྡུས། གསུང་རྩོམ་པོད་གཅིག་ལོངས་ཙམ་ཡོད་ཀྱང་ད་ལྟ་མཐོང་ཆོས་སུ་བསྐལ་བར་གྱུར།
ཟས་རིགས་མིང་ཚིགསོས་བལྡད་ནས་ཟ་དགོས་པའི་བཟའ་བཅའི་རིགས།ཟས་རིགས་སྣ་མང་བཤམས་གདའ་ལྟ་བུ།
ཟེར་རིགས་མིང་ཚིགམི་གཞན་གྱི་ཟེར་རྒྱུན་ནམ། ཤོད་སྲོལ།གཞན་གྱི་ཟེར་རིགས་ཡོད་ཚད་བདེན་པར་འཛིན་མི་རུང་ཞེས་པ་ལྟ་བུ།
འཁྲུལ་པ་བཟློག་པའི་རིགས་པ་གཏན་ཚིགས་གྲུབ་པ་མིང་ཚིགསློབ་དཔོན་འཕགས་པ་ལྷས་མཛད་པའི་འཁྲུལ་པ་བཟློག་པའི་རིགས་པ་གཏན་ཚིགས་གྲུབ་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་དབུ་མ་ཙ་པར་བཞུགས།
འགྲེལ་པ་རིགས་གསུམ་མིང་ཚིག༡ ཚིག་འགྲེལ་ནི། གཞུང་གི་ཚིག་རེ་རེ་བཞིན་དུ་གོ་བ་སྐྱེ་བའི་འགྲེལ་བཤད་བྱས་པ། ༢ དོན་འགྲེལ་ནི། ཐོག་མར་ནང་དོན་བསྡུས་པའི་ས་བཅད་བསྟན་པ། རྗེས་སུ་དཀའ་གནད་ལ་དོགས་པ་ཆོད་ངེས་ཀྱི་གསལ་བཤད། ཐ་མར་བཤད་ཟིན་པའི་དོན་གྱི་སྙིང་པོ་གོ་བདེ་བར་འཆད་པ། ༣ མཆན་འགྲེལ་ནི། གཞུང་གི་བརྗོད་དོན་དཀའ་གནད་ཡོད་པའི་རིགས་ལ་གསལ་བཤད་བྱས་པའོ། །
འགྲོ་བ་རིགས་དྲུག་མིང་ཚིགམདོ། འགྲོ་བ་རིགས་དྲུག་ནི། དམྱལ་བའི་འགྲོ་བ་དང་། ཡི་དྭགས་ཀྱི་འགྲོ་བ་དང་། དུད་འགྲོའི་འགྲོ་བ་དང་། ལྷའི་འགྲོ་བ་དང་། མིའི་འགྲོ་བ་དང་། ལྷ་མ་ཡིན་གྱི་འགྲོ་བའོ། །
འགྲོ་བ་རིགས་དྲུག་གི་སྡུག་བསྔལ་དྲུག་མིང་ཚིགལྷ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ། མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ། ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ། དུད་འགྲོ་བཀོལ་སྤྱོད་ཀྱི་སྡུག་བསྔལ། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལོ། །
འགྲོ་བ་རིགས་མཐུན་པ་མིང་ཚིགའགྲོ་བ་རིགས་དྲུག་སོ་སོའི་རིགས་དང་མཐུན་པ་སྟེ།ལྷ་ལྷར་རིགས་མཐུན་པ། མི་མིར་རིགས་མཐུན་པ་ལྟ་བུ།
གཉན་རིགས་བཅོ་བརྒྱད་མིང་ཚིགནད་ཀྱི་ངོ་བོ་ཕྱི་རོལ་ཡུལ་གྱི་དུག་ཅན་སྲིན་བུ་པརྤ་ཏ་དང་ནང་ལུས་ཀྱི་ཁྲག་སྲིན་རྐང་མེད་དམར་ལ་ཟླུམ་པ་གཉིས་ལྷན་ཅིག་ཏུ་འདོམས་པ་ལས་གྱུར་པ་གཅིག་ཀྱང་། བབས་སའི་གནས་མི་འདྲ་བའི་དབང་གིས་བཏགས་པ་སྟེ། ༡ གཉན་རིམས་ཀླད་གཟེར་དང་། ༢ གཉན་ནད་གག་པ། ༣ གཉན་རིམས་གཟེར་ཐུང་། ༤ གཉན་རིམས་ཕོ་གླང་། ༥ གཉན་རིམས་རྒྱུ་གཟེར། ༦ གཉན་རིམས་མེ་དབལ། ༧ གཉན་རིམས་རྨེན་བུ། ༨ གཉན་རིམས་མེ་དབལ། ༩ གཉན་རིམས་རྨེན་བུ། ༡༠ གཉན་ནད་ཉྭ་ལོག ༡༡ གཉན་ནད་ལྷོག་པ། ༡༢ གཉན་ནད་འབྲས། ༡༣ གཉན་ནད་འཛུམ་བུ་ལྟག་དགྱེ། ༡༤ གཉན་རིམས་མཁྲིས་པ་རྩར་རྒྱུག ༡༥ གཉན་ནད་འཁྱམ་པོ། ༡༦ གཉན་རིམས་འབར་འབུར། ༡༧ གཉན་ནད་རྣ་རྩ་ཕུས་འདེབས། ༡༨ གཉན་རིམས་ངམ་རུ་བཅས་བཅོ་བརྒྱད་ཀྱི་བསྡུས་མིང་།
གཉྫི་ར་བསྡུས་པ་སྐུ་གསུང་ཐུགས་ཀྱི་སངས་རྒྱས་རིགས་གསུམ་མཚོན་དོན་གསུམ་མིང་ཚིགཔདྨའི་སྟེང་དུ་སངས་རྒྱས་རྣམ་སྣང་མཚོན་པའི་བུམ་པ། དེའི་སྟེང་དུ་སངས་རྒྱས་འོད་དཔག་མེད་མཚོན་པའི་པདྨ་འདབ་བརྒྱད། དེའི་སྟེང་དུ་སངས་རྒྱས་མི་བསྐྱོད་པ་མཚོན་པའི་ནོར་བུའི་ཏོག་བཅས་སོ། །འདིའི་མིང་ལ་བུམ་གཟུགས་གཉྫི་ར་ཟེར།
གཉྫི་རའམ་མཛོད་ལྡན་དུ་གྲགས་པ་རྒྱལ་བ་རིགས་ལྔའི་མཚོན་དོན་ལྔ་མིང་ཚིགཔདྨའི་གདན་གྱི་སྟེང་དུ་སངས་རྒྱས་རྣམ་སྣང་མཚོན་པའི་འཁོར་ལོ་ཉལ་སྟབས་སུ་ཡོད་པ། དེའི་སྟེང་དུ་སངས་རྒྱས་དོན་ཡོད་གྲུབ་པ་མཚོན་པའི་དྲིལ་བུ། དེའི་སྟེང་དུ་སངས་རྒྱས་འོད་དཔག་མེད་མཚོན་པའི་པདྨ་འདབ་བརྒྱད། དེའི་སྟེང་དུ་སངས་རྒྱས་མི་བསྐྱོད་པ་མཚོན་པའི་བུམ་པ། དེའི་སྟེང་དུ་སངས་རྒྱས་རིན་ཆེན་འབྱུང་ལྡན་མཚོན་པའི་ནོར་བུའི་ཏོག་བཅས་དང་ལྔ་ནི་གཉྫི་ར་རྒྱས་པའི་ལུགས་ཏེ། མིང་ལ་དྲིལ་གཟུགས་གཉྫི་ར་ཟེར།
འཇམ་དཔལ་རིགས་ལྔ་མིང་ཚིགསྐུའི་འཇམ་དཔལ། གསུང་གི་འཇམ་དཔལ། ཐུགས་ཀྱི་འཇམ་དཔལ། ཡོན་ཏན་གྱི་འཇམ་དཔལ། འཕྲིན་ལས་ཀྱི་འཇམ་དཔལ།
འཇམ་དབྱངས་རིགས་ལྔ་མིང་ཚིགསྐུའི་འཇམ་དཔལ། གསུང་འཇམ་དཔལ། ཐུགས་འཇམ་དཔལ། ཡོན་ཏན་འཇམ་དཔལ། འཕྲིན་ལས་འཇམ་དཔལ་བཅས་ལྔ།
འཇམ་བསྟོད་རྒྱུད་དང་བསྟན་བཅོས་ཅི་རིགས་ལས་བཏུས་པ་མིང་ཚིགཀུན་མཁྱེན་མི་ཕམ་རྒྱ་མཚོས་བཏུས་པའི་འཇམ་དབྱངས་ཀྱི་བསྟོད་གསོལ་ཁག་ཅིག་སྟེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་དང་། གཤེད་དམར་གྱི་རྒྱུད། སྒེག་པའི་རྡོ་རྗེ། དེ་བཞིན་དུ་ཆོས་ཀྱི་གྲགས་པ་དང་། མཁན་ཆེན་ཞི་བ་འཚོ། སངས་རྒྱས་ཡེ་ཤེས། འཇམ་དཔལ་བཤེས་གཉེན། ཕྱོགས་ཀྱི་གླང་པོ། ཀླུ་སྒྲུབ། ཟླ་བ་གྲགས་པ། ཐོགས་མེད། དཔའ་བོ། ཞི་བ་ལྷ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སོགས་སྔོན་བྱོན་རྒྱ་བོད་མཁས་པ་རྣམས་ཀྱིས་རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་གསོལ་མཛད་པ་སྐོར་ཞིག།
འཇིག་རྟེན་འཇིག་རྟེན་འདས་པའི་རིགས་མིང་ཚིགསྔགས། རྣལ་འབྱོར་བླ་མེད་རྒྱུད། ཇོ་ནང་། དབུ་མ་གཞན་སྟོང་པ། གཞན་སྟོང་དབུ་མ་བདེ་གཤེགས་སྙིང་བོའི་མཚན་གྱི་རྣམ་གྲངས་ཤིག་སྟེ། དོན་དམ་གྱི་མཚན་བརྗོད་ཀྱི་སྔགས་ཀྱི་རིགས་དྲུག་ལ་གཟིགས་པས་སྐབས་སུ་གསུངས་པའི་མཚན་གྱི་རྣམ་གྲངས་བརྒྱད་གསུངས་པའི་ཡ་གྱལ་ཞིག་ཡིན་ལ། དེ་ཡང་སྟོང་གཞི་དོན་དམ་གཞན་སྟོང་ཉིད་དེའི་མཚན་གཞི་ཡིན་པར་ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱིས་རི་ཆོས་ངེས་དོན་རྒྱ་མཚོར་འཇིག་རྟེན་འཇིག་རྟེན་འདས་པའི་རིགས་མཁའ་ཁྱབ་དང༌། ཞེས་གསུངས་སོ། །
འཇིག་རྟེན་སྣང་བྱེད་རིགས་ཆེན་མིང་ཚིགསྔགས། རྣལ་འབྱོར་བླ་མེད་རྒྱུད། ཇོ་ནང་། དབུ་མ་གཞན་སྟོང་པ། གཞན་སྟོང་དབུ་མ་བདེ་གཤེགས་སྙིང་བོའི་མཚན་གྱི་རྣམ་གྲངས་ཤིག་སྟེ། དོན་དམ་གྱི་མཚན་བརྗོད་ཀྱི་སྔགས་ཀྱི་རིགས་དྲུག་ལ་གཟིགས་པས་སྐབས་སུ་གསུངས་པའི་མཚན་གྱི་རྣམ་གྲངས་བརྒྱད་གསུངས་པའི་ཡ་གྱལ་ཞིག་ཡིན་ལ། དེ་ཡང་སྟོང་གཞི་དོན་དམ་གཞན་སྟོང་ཉིད་དེའི་མཚན་གཞི་ཡིན་པར་ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱིས་རི་ཆོས་ངེས་དོན་རྒྱ་མཚོར་འཇིག་རྟེན་སྣང་བྱེད་རིགས་ཆེན་(མཁའ་ཁྱབ་)དང༌། ཞེས་གསུངས་སོ། །
འཇིགས་མེད་རིགས་པའི་བློ་གྲོས་མིང་ཚིགའདི་བའི་མཚན་གཞན་ལ་ཚེ་ཏན་ཞབས་དྲུང་དབྱངས་ལྡན་རིག་པའི་འདོད་འཇོའང་ཞུ། ཁོང་ནི་རབ་བྱུང་བཅོ་ལྔ་བའི་ལྕགས་ཁྱི་ཕྱི་ལོ་ ༡༩༡༠ ལོར་མདོ་སྨད་ཡ་རྫི་རྫོང་ཁོངས་སུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་ཚེ་ཏན་མཁན་པོ་གོང་མའི་ཡང་སྲིད་དུ་ངོས་འཛིན་གྱིས་མར་ནང་འཇིགས་མེད་དམ་ཆོས་རྒྱ་མཚོ་སོགས་བསྟེན་ཏེ་གཞུང་ལུགས་རབ་འབྱམས་ལ་མཁས་པར་སྦྱངས། ཕྱི་ལོ་ ༡༩༥༨ ལོ་ནས་ལོ་མང་རིང་བཙོན་དུ་བཅུག་ནས་མནར་གཅོད་ཚད་མེད་མྱངས། མདོ་སྔགས་རིག་གནས་དང་བཅས་པར་མཁྱེན་རྒྱ་ཡངས་པས་གསུང་རྩོམ་ལམ་རིམ་བློ་སྦྱོང་གི་སྐོར་དང། རྣམ་ཐར། ལོ་རྒྱུས། རྩིས། སྙན་ངག་སུམ་རྟགས། ཡིག་གཟུགས་ཀྱི་སྐོར་སོགས་བདེ་ཆེན་བཅུ་གསུམ་ཙམ་བཞུགས། བོད་ཀྱི་རིགས་གནས་སྣུམ་ཟད་མར་མེ་ལྟ་བུར་གྱུར་བའི་སྐབས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་དགོན་སྡེ་མང་པོར་ཕེབས་ཏེ་རིག་གཞུང་རྒྱུན་འཇིག་ཆེད་སློབ་ཁྲིད་དང་ལམ་སྟོན་གནང། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོའི་མཚན་གནས་བཞེས་པ་སོགས་བོད་ཀྱི་ཆོས་རིག་བསྐྱར་སྤེལ་ཐད་མཛད་རྗེས་བླ་ན་མཐོ་བའི་སྐྱེས་བུ་ཞིག་ཡིན། རབ་བྱུང་བཅུ་དྲུག་པའི་ཤིང་གླང་ཕྱི་ལོ་ ༡༩༨༥ ལོ་སྐུ་གཤེགས།
འཐད་པ་སྒྲུབ་པའི་རིགས་པ་མིང་ཚིགཚད་མའི་རིགས་པ་དང་དོན་གཅིག
འཐད་སྒྲུབ་ཀྱི་རིགས་པ་མིང་ཚིགམངོན་སུམ་གྱི་ཚད་མ་དང་དངོས་སྟོབས་རྗེས་དཔག་དང་ཡིད་ཆེས་རྗེས་དཔག་སྟེ་ཚད་མ་གསུམ་གང་རུང་གིས་གྲུབ་པའི་རིགས་པ།
འདི་རིགས་ཚབ་ཚིགའདི་འདྲའི་གྲས་སམ། འདི་འདྲའི་རིགས་ཞེས་པའི་དོན་ཏེ།ལྟ་ཚུལ་འདི་རིགས་ཁྱབ་བརྡལ་དུ་གཏོང་མི་འོས། དཔེ་ཆ་འདི་རིགས་མི་མང་ལ་བཀྲམས་ནས་སློབ་སྦྱོང་བྱེད་དུ་འཇུག་དགོས་ཞེས་པ་ལྟ་བུ།
འདུལ་བ་ལུང་རིགས་ཉི་མའི་བཤད་ལུང་གི་ཁུངས་མིང་ཚིགམདོ། འདུལ་བ། འདུལ་བ་ལུང་རིགས་ཉི་མའི་བཤད་ལུང་གི་ཁུངས་ནི། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། འདུལ་བའི་དཀའ་འགྲེལ་ལེགས་བཤད་ལུང་རིགས་ཀྱི་ཉི་མ་ཞེས་བྱ་བ་འདི་ནི། དང་པོར་ཡོངས་འཛིན་དམ་པ་འཇམ་དབྱངས་དོན་ཡོད་དཔལ་ལྡན་པའི་ཞལ་སྔ་ནས་འདུལ་བ་མདོ་རྩ་བའི་བཤད་པ་ཅི་རིགས་དང་བསླབ་བྱ་ཆེན་མོ་དང་། གཞི་གསུམ་ཆོ་ག་སོགས་ཐོས་ཤིང་། ཕྱིས་སུ་སློབ་དཔོན་རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་པའི་ཞལ་སྔ་ནས་གཙང་ཊཱིཀྐ་གི་སྟེང་ནས་མདོ་རྩ་བའི་ཞིབ་བཤད་དང་། མེ་ཏོག་ཕྲེང་རྒྱུད་ཀྱི་བཤད་ལུང་དང་། དཔལ་ལྡན་བླ་མ་དམ་པ་པྲཛྙཱའི་མཚན་ཅན་གྱི་དྲུང་དུ། ཀརྨ་ཤ་ཏམ་གྱི་བཤད་པ་ཉན་པ་སོགས་ལས་ཆོས་འདི་ལ་བག་ཆགས་ཅུང་ཟད་ཞིག་སད་པ། ཤཱཀྱའི་དགེ་སློང་འདུལ་བ་འཛིན་པ་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས། ལྕགས་ཕོ་སྟག་གི་ལོ་ལ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བ་འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བྱེད་ནུས་པར་གྱུར་ཅིག །ཅེས་གསུངས།
འདུལ་བ་ལུང་རིགས་ཉི་མའི་མཇུག་བྱང་མིང་ཚིགམདོ། འདུལ་བ། འདུལ་བ་ལུང་རིགས་ཉི་མའི་མཇུག་གི་ཐུགས་བསྐྱེད་བསྔོ་སྨོན་ནི། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། སྨྲས་པ། མཚན་དཔེའི་དཔལ་འབར་ཐུབ་དབང་མགུར་ནས་མཆོག་ཏུ་བཀའ་སྩལ་ཉེ་བར་འཁོར་གྱིས་གདུལ་བྱའི་དོན་དུ་བསྡུས་གྱུར་པ། །འབུམ་ཕྲག་འདུལ་བའི་ལུང་ཚིག་མདོར་བསྡུས་བམ་པོ་དགུ་ཡི་བདག་ཉིད་ཅན་གང་ས་གསུམ་བརྙེས་པས་མཛད་གྱུར་ཅིང་། །མདོ་ཡི་རྣམ་འགྲེལ་འགྲེལ་པ་དྲུག་ལས་སར་ཚོགས་དབུས་ན་མཚན་མོའི་མགོན་བཞིན་ཟླ་མེད་རྒྱ་ཆེར་འགྲེལ་པ་འདི། །ཐོད་ཀར་བྱེ་སྨྲའི་འདུལ་བ་འཛིན་པ་ཆོས་ཀྱི་བཤེས་གཉེན་ཆོས་ཀྱི་རྗེ་བོ་མཁས་པའི་དབང་པོས་བཀའ་དྲིན་སྩལ། །ཅོག་རོ་ལཽ་ཙྪ་ཀླུ་ཡི་རྒྱལ་མཚན་དེད་དཔོན་མཆོག་གི་རྣམ་དཔྱོད་གྲུ་ཆེན་བརྩོན་པའི་རླུང་གིས་རབ་བསྐྱོད་དེ། །འཕགས་ཡུལ་རྒྱ་མཚོའི་ཀློང་འཁོར་ནང་ནས་རྩ་འགྲེལ་ནོར་བུ་མྱུར་དུ་བླངས་ཏེ་བོད་ཁམས་དཔལ་དུ་བྱིན་པ་ན། །བློ་གྲོས་རྒྱལ་མཚན་རྩེ་མོར་བཀོད་ནས་འཆད་རྩོད་རྩོམ་པའི་བྱི་དོར་བགྱིས་ཏེ་འགྲོ་ལ་དགེ་ལེགས་ཆར་འབེབས་པ། །ཀླུ་མེས་གྲུ་མེར་སྐྱོགས་ནས་བཟུང་སྟེ་རྒྱ་འདུལ་ཤ་མི་ལ་སོགས་སྔོན་དུས་འཆད་པོ་བགྲང་ཡས་བྱོན། །སླར་ཡང་དགྲ་བཅོམ་ཉེ་བར་འཁོར་བཞིན་འདུལ་བ་སྨྲ་བ་མཚོ་སྣ་པ་དང་བུ་སྟོན་དམར་སྟོན་ཁུ་དབོན་པ། །འདུལ་བ་འཛིན་ཞེས་སྙན་གྲགས་རྒྱལ་མཚན་མཐོན་པར་སྒྲེངས་དང་པཎ་ཆེན་དགེ་འདུན་གྲུབ་པ་ལ་སོགས་མཁས་རྣམས་ལས། །ཕྱི་མ་གཉིས་ཀྱི་གསུང་རབ་ལེགས་བཤད་ཉིད་ལ་བརྟེན་ནས་མདོ་ཡི་དཀའ་འགྲེལ་ལུང་རིགས་རྒྱན་གྱིས་བརྒྱན་པ་འདི། །སྔོན་ཆད་བསོད་ནམས་ཆོས་སུ་བསགས་པས་དགེ་སློང་འདུལ་བ་འཛིན་པར་རབ་གྲགས་རྣམ་དཔྱོད་མཆོག་གི་སྡེ་དེས་སྦྱར། །གཞན་དང་མི་མཉམ་ཤེས་རབ་བརྩོན་འགྲུས་ཀྱིས། །མདོ་དང་འགྲེལ་པའི་དགོངས་པ་བཙལ་བ་ལས། །འདི་ལྟའི་ལེགས་བཤད་འབྱུང་གི་ཅི་དགར་ནི། །མཁས་རློམ་ལྕེ་རྩེ་རྒྱུད་ལས་དེ་ལྟ་མིན། །གཞུང་དང་ཊཱིཀྐའི་བརྗོད་བྱ་པདྨོའི་ཚལ། །ལུང་རིགས་ཉི་མའི་འོད་ཀྱིས་གསལ་བ་ལས། །བྱུང་བའི་རྣམ་དཀར་དགེ་ཚོགས་ཅི་མཆིས་པ། །ཀུན་ཀྱང་འགྲོ་འདིས་བྱང་ཆུབ་ཐོབ་ཕྱིར་བསྔོ། །རྣམ་དཔྱོད་ཆུ་མཚོ་ལས་འོངས་བསྟན་བཅོས་ཀྱི། །ཆུ་འཛིན་སྤེལ་ལེགས་གློག་གིས་འཁྱུད་པ་ལས། །ལེགས་བཤད་འབྲུག་སྒྲ་ཅིར་ཡང་བསྒྲགས་པ་འདིས། །ཐུབ་བསྟན་དཔྱིད་ཀྱི་པད་མོ་རྒྱས་གྱུར་ཅིག ། བདག་ཀྱང་ཚེ་རབས་ཀུན་ཏུ་སངས་རྒྱས་ཀྱི། །བསྟན་པ་ཡིད་བཞིན་ནོར་བུ་འབར་བ་ལ། །འཆད་རྩོད་རྩོམ་པའི་བྱི་དོར་བགྱི་བ་ཡི། །འཕྲིན་ལས་རྒྱུན་མི་འཆད་པ་ཉིད་གྱུར་ཅིག ། ཅེས་གསུངས།
འདུལ་བའི་སྤྱི་དོན་རྣམ་བཤད་ལུང་རིགས་ཉི་མ་མིང་ཚིགམདོ། འདུལ་བ། དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ་མཆོག་གིས་བོད་ལུགས་ལྟར་ན་ལྕགས་ཕོ་སྟག་གི་ལོ་དང་ཕྱི་ལོ་ ༡༥༣༠ ལོར་བརྩམས་པའི་འདུལ་བའི་རྣམ་བཤད་ལུང་རིགས ཉི་མ་ཞེས་ལེགས་བཤད་རྨད་དུ་བྱུང་བའི་འདུལ་གཞུང་ཞིག དེའི་བརྗོད་བྱ་ནི་འདུལ་བ་ལུང་སྡེ་བཞིའི་དགོངས་དོན་གཞི་བཅུ་བདུན་གྱི་རྣམ་གཞག་ཡིན་ལ། དེ་ཡང་དོན་ཚང་ལ་ཚིག་བསྐྱུང་པ་གོ་བདེ་ཞིང་ཁ་གསལ་བ་ཁྱད་པར་དུ་འདུལ་བའི་དུས་ཚིགས་ཀྱི་བཀའ་གནད་རྣམས་གསལ་བར་གསུངས་པ་སོགས་མཁས་པའི་དབང་པོ་དུ་མས་ཡང་ནས་ཡང་དུ་བསྔགས་བརྗོད་ཀྱི་མེ་ཏོག་འབུམ་ཕྲག་འཐོར་བའི་གཞིར་གྱུར་པ་ཞིག་ཡིན་ལ། གཞུང་ཚད་ནི་དེབ་གཟུགས་ངོ་ཤོག་གི་གྲངས་ ༢༨༢ ཡོད་པ་ཅན་ཞིག་གོ །
འདོད་ཁམས་གནས་རིགས་ཉི་ཤུ་མིང་ཚིགཚ་དམྱལ་བརྒྱད་ཀྱི་གནས་བརྒྱད་དང༌། ཡི་དྭགས་དང་དུད་འགྲོའི་གནས་གཉིས་ཏེ་ངན་འགྲོའི་གནས་རིགས་བཅུ་དང༌། མིའི་གནས་གླིང་བཞི་དང༌། འདོད་ལྷ་རིགས་དྲུག་གི་གནས་དྲུག་བཅས་ཉི་ཤུ།
འདོད་ཆགས་རིགས་བཞི་མིང་ཚིགགཉིས་གཉིས་འཁྱུད་པའི་འདོད་ཆགས་དང༌། ལག་པ་བཅངས་པའི་འདོད་ཆགས། རྒོད་པའི་འདོད་ཆགས། བལྟས་པའི་འདོད་ཆགས་བཅས་བཞི།
འདོད་པའི་རིགས་ཀྱི་ཏིང་ངེ་འཛིན་གྱི་ལེའུ་མིང་ཚིགའཕགས་པ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཅ་པར་བཞུགས།
འདོད་ལྷ་རིགས་དྲུག་མིང་ཚིགརྒྱལ་ཆེན་རིགས་བཞི། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་དོ། །
འདོད་ལྷ་རིགས་དྲུག་གི་ས་དྲུག་མིང་ཚིགའདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷའི་གནས། སུམ་ཅུ་རྩ་གསུམ་པའི་ལྷའི་གནས། འཐབ་བྲལ་གྱི་གཞལ་ཡས། དགའ་ལྡན་གྱི་གཞལ་ཡས། འཕྲུལ་དགའི་གཞལ་ཡས། གཞན་འཕྲུལ་དབང་བྱེད་ཀྱི་གཞལ་ཡས་སོ། །
འཕགས་དགོངས་རིགས་ཚོགས་མིང་ཚིགའཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་རིགས་པ་ཚོགས་དྲུག་གིས་མཚོན་པར་བྱ་སྟེ། རིགས་ཚོགས་དྲུག་ནི་རྩ་བ་ཤེས་རབ་དང་། རིན་ཆེན་ཕྲེང་བ། རྩོད་ཟློག སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག རིགས་པ་དྲུག་ཅུ་པ་བཅས་སོ། །
འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་པའི་རིགས་ཀྱི་རྒྱལ་མོ་ཆེན་མོ་མིང་ཚིགབཀའ་འགྱུར་རྒྱུད་འབུམ་ཝྃ་པར་བཞུགས།
འཕགས་པའི་རིགས་མིང་ཚིགམདོ། མངོན་པ། དེས་ན་འདོད་ཆུང་ཆོག་ཤེས་ཀྱི་བདག་ཉིད་དུ་གྱུར་པའི་མ་ཆགས་པའི་རིགས་ཅན་གྱི་སེམས་བྱུང་དགེ་བར་དམིགས་པ་དེ། འཕགས་པའི་རིགས་ཀྱི་མཚན་ཉིད། དེ་ལ་དབྱེ་ན་བཞི་ཡོད་དེ། ཆོས་གོས་ངན་ངོན་ཙམ་གྱི་ཆོག་ཤེེས་པ་འཕགས་པའི་རིགས། བསོད་སྙོམས་ངན་ངོན་ཙམ་གྱི། གནས་མལ་ངན་ངོན་ཙམ་གྱི། སྤོང་བ་དང་སྒོམ་པ་ལ་དགའ་བ་འཕགས་པའི་རིགས་རྣམས་སུ་ཡོད་པའི་ཕྱིར། དེ་ཡང་རིགས་དང་པོ་གསུམ་ཐར་པ་སྒྲུབ་པའི་ཚུལ་དང་བཞི་པ་ཐར་པ་སྒྲུབ་པའི་ལས་དངོས་ཡིན་ཏེ། རིགས་དང་པོ་གསུམ་ཉམས་སུ་བླངས་པས་བདག་གི་བ་ལ་སྲེད་པ་སྤོང་ནུས། བཞི་པ་ཉམས་སུ་བླངས་པས་བདག་འཛིན་གཏན་ནས་ཟད་པར་བྱེད་ནུས་པའི་ཕྱིར།
འཕགས་པའི་རིགས་གསུམ་མིང་ཚིགའཕགས་པ་ལངྐར་གཤེགས་པའི་མདོ་ལས་བྱུང་བ་སྟེ། ཉན་ཐོས་ཀྱི་རིགས། རང་སངས་རྒྱས་ཀྱི་རིགས། སངས་རྒྱས་ཀྱི་རིགས་དང་གསུམ་མོ། །དེ་ལས། ༡ ཇི་ལྟར་ན་བྱིས་པ་རྣམས་ཀྱིས་ནོར་བ་ལ་རྣམ་པར་རྟགས་པས་ཉན་ཐོས་ཀྱི་ཐེག་པའི་རིགས་སྐྱེད་ཅེ་ན། རང་དང་སྤྱིའི་མཚན་ཉིད་ལ་མངོན་པར་ཞེན་པས་མངོན་པར་ཞེན་ན་ཉན་ཐོས་ཀྱི་ཐེག་པའི་རིགས་སུ་འགྱུར་ཏེ། དེ་ལྟར་ན། ནོར་པ་དེ་ཉན་ཐོས་ཀྱི་ཐེག་པའི་རིགས་འཐོབ་པར་བྱེད་པ་ཡིན་ནོ། ། ༢ ཇི་ལྟར་ན་ནོར་པ་དེ་ཉིད་ལ་རྣམ་པར་བརྟགས་པས། རང་སངས་རྒྱས་ཀྱི་ཐེག་པའི་རིགས་འཐོབ་པར་བྱེད་པ་ཡིན་ཞེ་ན། འདི་ལྟ་སྟེ། ནོར་པ་དེ་ཉིད་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་མངོན་པར་ཞེན་པ་དང༌། འདུ་འཛི་མེད་པའི་ཕྱིར་རང་སངས་རྒྱས་ཀྱི་ཐེག་པའི་རིགས་འཐོབ་པར་བྱེད་པ་ཡིན་ནོ། ། ༣ དེ་ལ་ཇི་ལྟར་ན་མཁས་པ་རྣམས་ཀྱིས་ནོར་པ་དེ་ཉིད་ལ་རྣམ་པར་བརྟགས་པས་སངས་རྒྱས་ཀྱི་ཐེག་པའི་རིགས་འཐོབ་པར་བྱེད་པ་ཡིན་ཞེ་ན། རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པའི་ཕྱིར་ཕྱི་རོལ་ལ་དངོས་པོ་དང༌། དངོས་པོ་མེད་པར་རྣམ་པར་མི་རྟོག་པས་རྣམ་པར་བརྟགས་ན། སངས་རྒྱས་ཀྱི་ཐེག་པའི་རིགས་འཐོབ་པར་བྱེད་པ་ཡིན་ནོ། །
འཕགས་པའི་རིགས་བཞི་མིང་ཚིགམདོ། མངོན་པ། མདོ་ལས། འཕགས་པའི་རིགས་ནི་བཞི་སྟེ། ཆོས་གོས་ལ་མ་ཆགས་པ་དང་། བསོད་སྙོམས་ལ་མ་ཆགས་པ་དང་། མལ་ཆ་དང་སྟན་ལ་མ་ཆགས་པ་དང་། སྤོང་བ་དང་བསྒོམ་པ་ལ་དགའ་བའོ་ཞེས་གང་གསུངས་པ་དེ་དག་ལས་དང་པོ་གསུམ་ནི་ཆོག་ཤེས་པའི་བདག་ཉིད་དོ། །གལ་ཏེ་འཕགས་པའི་རིགས་བཞི་པ་ཇི་ལྟར་ན་མ་ཆགས་པའི་རང་བཞིན་ཡིན་ཏེ། ཆོག་ཤེས་པའི་ངོ་བོ་མ་ཡིན་པའི་ཕྱིར་རོ་ཞེ་ན། བཞི་པའང་འདོད་པ་དང་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་མ་ཆགས་པ་ཡིན་ཏེ། སྤོང་བ་ནི་འགོག་པ་དང་བསྒོམ་པ་ནི་ལམ་ཡིན་ལ་དེ་དག་ལ་དགའ་བ་ནི་མ་ཆགས་པ་དང་མཚུངས་ལྡན་གྱི་དད་པ་ཉིད་ཡིན་ནོ། །འོ་ན་འཕགས་པའི་རིགས་བཞིས་ཅི་ཞིག་བསྟན་ཞེ་ན། དེ་ལ་དང་པོ་གསུམ་གྱིས་ནི་ཐར་པ་སྒྲུབ་པར་བྱེད་པའི་ཀུན་ཏུ་སྤྱོད་པའི་ཚུལ་བསྟན་ལ། ཐ་མས་ནི་བྱ་བའི་ལས་བསྟན་ཏེ། དེ་ལྟར་ན་མདོ་ལས། རང་གི་ཚུལ་དང་ལས་ཀྱི་མཐའ་ཡོངས་སུ་སྤངས་ཤིང་ཐར་པ་དོན་དུ་གཉེར་བར་ཁས་འཆེས་པའི་སློབ་མ་རྣམས་ལ་ཚུལ་དང་ལས་གཉིས་བཅས་ཏེ། འཕགས་པའི་རིགས་དང་པོ་གསུམ་གྱིས་ཚུལ་བཅས་སོ། །བཞི་པས་ནི་ལས་བཅས་ཏེ། ཁྱེད་ཚུལ་འདིས་ལས་འདི་བྱེད་ན་རིང་པོར་མི་ཐོགས་པར་ཐར་པ་ཐོབ་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་ཚུལ་དང་ལས་གཉིས་འཕགས་པའི་རིགས་བཞིས་བསྟན་ཏེ། གོས་ཟས་ལ་སོགས་པ་ལ་འདོད་པ་ཆེ་ཞིང་ཆོག་མི་ཤེས་པའི་རང་གི་ཚུལ་དང་། ཞིང་ལས་དང་ཉོ་ཚོང་ལ་སོགས་པའི་ལས་ཀྱི་མཐའ་ངན་པ་དེ་དག་སྤངས་ནས་ཡང་དག་པའི་ཚུལ་དང་ལས་འདོད་པ་ཆུང་ཞིང་ཆོག་ཤེས་པ་དང་། སྤོང་བསྒོམ་ལ་དགའ་ཞིང་བརྩོན་པས་ཐར་པ་འཐོབ་པར་འགྱུར་བའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
འཕགས་ཡུལ་དབུས་འགྱུར་མ་ཐུ་རའི་རྒྱལ་རིགས་ཀྱི་སྨན་པ་ར་གུ་ནཱ་ཐའི་གདམས་པ་མིང་ཚིགའཕགས་ཡུལ་དབུས་འགྱུར་མ་ཐུ་རའི་རྒྱལ་རིགས་སྨན་པ་ར་གུ་ནཱ་ཐ་ལས་དར་མོ་སྨན་རམ་པས་རྙེད། བསྟན་འགྱུར་སྣ་ཚོགས་ནོ་པར་བཞུགས།
འཕགས་རིགས་མིང་ཚིགསེམས་གཙང་ལ་འདོད་པ་ཆུང་བ་ཟས་གོས་གནས་མལ་སོགས་ངན་ངོན་ཙམ་གྱིས་ཆོག་ཤེས་པ། སྤོང་བ་དང་སྒོམ་པ་ལ་དགའ་བའི་གང་ཟག།
འཕགས་རིགས་བཞི་མིང་ཚིགའཕགས་པའི་རིགས་ལ་མངའ་བའི་ཡོན་ཏན་གྱི་ཁྱད་པར་བཞི་སྟེ། ཆོས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང༌། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ། བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་ཤེས་པ། སྤོང་བ་དང་སྒོམ་པ་ལ་དགའ་བ་བཅས་བཞིའོ། །
འཕར་བ་མནན་པའི་རླུང་འཇུག་པའི་རིགས་བཞི་མིང་ཚིགགྲུབ་ཆེན་མར་པའི་ལུགས་ཀྱི་ཕྱག་ཆེན་ཁྲིད་ཀྱི་མན་ངག་གནད་ཀྱི་ལྡེ་མིག་ལས་བྱུང་བ་སྟེ། ༡ ཕོ་རླུང་། དེ་ཞུགས་པའི་རྟགས་ལུས་འཕར་བ་དང་གཡོ་བ་འབྱུང་། ལུས་ལ་བདེ་དྲོད་སྐྱེས་དེས་ཏིང་ངེ་འཛིན་སྐྱེའོ། ། ༢ མོ་རླུང་། དེ་ཞུགས་རྟགས་ལུས་འདར་ཞིང་དྲོད་སྐྱེ། དེས་ཏིང་ངེ་འཛིན་སྐྱེའོ། ། ༣ མ་ནིང་གི་རླུང་། དེ་ཞུགས་པའི་རྟགས་སུ་ནི་ལུས་འཕར་བ་དང་འདར་བ་མེད་པ་བདེ་དྲོད་སྐྱེ་ཞིང་། རྗེས་ལ་ཏིང་ངེ་འཛིན་སྐྱེའོ། །དེ་ལྟར་གསུམ་པོ་དེ་ལ་བཅོས་མི་དགོས། ༤ ཐོད་རྒལ་བ་ཡེ་ཤེས་མེ་འབར་བའི་རླུང་། དེ་ཁུགས་རྟགས་ནི་མཆོང་རྒྱུག་ལ་སོགས་པ་སྣ་ཚོགས་ཡོད་པས། འདི་ལ་འདྲ་མིན་གཉིས་སུ་འོང་སྟེ། མཆོད་རྒྱུག་ལ་སོགས་པ་བྱེད་ཅིང་དྲོད་དང་ཏིང་ངེ་འཛིན་མེད་པ་ལ་རྗེས་ལ་སྙིང་མི་དགའ་བོ་བཀོལ་དུ་མི་འདོད་ན་ཕྱི་རོལ་གདོན་གྱི་འཕར་བ་ཡིན་པས། དེ་ཞི་བར་བྱེད་པའི་ཐབས་ནི། དཔའ་བོ་གཡུལ་དུ་བསད་པའི་རོ་བསྲེགས་པའི་རུས་པ་ཆུ་ལ་བརྡར་ཏེ་ལྟེ་བར་བྱུགས་ན་དེས་ཞི་བར་འགྱུར་རོ། །ཡང་ན་གཞོན་ནུ་མ་སྐྱེས་པ་དང་མ་འཕྲད་པའི་རང་བྱུང་དང་བྱང་སེམས་བསྲེས་ཏེ་གནས་གསུམ་དུ་ཐིག་ལེ་བྱས་ན་ཞི་བར་འགྱུར་རོ། །
འཕྲུལ་གྱི་སྣ་ཆེན་རིགས་བཟང་མིང་ཚིགདུས་རབས་བདུན་པའི་མགོར་ཁྲ་འབྲུག་ལ་འཁྲུངས། རྒྱལ་པོ་སྲོང་བཙན་སྒམ་པོའི་ནང་བློན་ཆེན་པོ་དྲུག་གི་ཡ་གྱལ་ཡིན།
འབངས་རིགས་མིང་ཚིགཡུལ་ལུང་ཞིག་གི་མི་སེར་དཀྱུས་མ།འབངས་རིགས་ལས་ཁྲལ་བསྡུས་པ་ཞེས་པ་ལྟ་བུ།
གཏན་ཚིགས་ཀྱི་རིགས་པ་རྣམ་པ་བདུན་མིང་ཚིགའཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། སྨྲ་བ། སྨྲ་བའི་ཞལ་ཆེ་བ། སྨྲ་བའི་གཞི། སྨྲ་བའི་རྒྱན། སྨྲ་བ་ཆད་པས་གཅད་པ། སྨྲ་བ་ལས་བྱུང་བ། སྨྲ་བ་གཅེས་སྨྲ་བ་ལ་དགོས་པའི་ཆོས།
གཏན་ཚིགས་རིགས་པའི་དོན་བསྡུས་རིན་ཆེན་ཕྲེང་བ་མིང་ཚིགཚད་མའི་སྐོར་གྱི་གཞུང་ཞིག བརྗོད་བྱ་ནི་གཏན་ཚིགས་རིགས་པ། གཞུང་དེར་དབྱེ་བ་བཅུ་དྲུག་ཕྱེས་ཡོད་པ་སྟེ། དང་བོ་འདུས་བྱས་དང་འདུས་མ་བྱས་གཉིས། གཉིས་པ་ཡུལ་དང་ཡུལ་ཅན་གཉིས། གསུམ་པ་བརྗོད་བྱ་རྗོད་བྱེད་གཉིས། བཞི་པ་དགག་སྒྲུབ་གཉིས། ལྔ་པ་འགལ་འབྲེལ་གཉིས། དྲུག་པ་གཅིག་དང་ཐ་དད་གཉིས། བདུན་པ་རྫས་ཆོས་དང་ལྡོག་ཆོས་གཉིས། བརྒྱད་པ་མཚན་མཚོན་གཉིས། དགུ་པ་རྫས་ལྡོག་གཉིས། བཅུ་པ་རང་མཚན་སྤྱི་མཚན་གཉིས། བཅུ་གཅིག་པ་སྤྱི་དང་བྱེ་བྲག་གཉིས། བཅུ་གཉིས་པ་བདེན་པ་གཉིས། བཅུ་གསུམ་པ་མཚན་ཉིད་གསུམ། བཅུ་བཞི་པ་དགེ་མིི་དགེ་ལུང་མ་བསྟན་གསུམ། བཅོ་ལྔ་པ་བདེན་པ་བཞི། བཅུ་དྲུག་པ་ཕུང་ཁམས་སྐྱེ་མཆེད་གསུམ་བཅས་སོ། །མཛད་པ་པོ་ནི་ཇོ་ནང་བླ་མ་གཉག་ཕུ་བ་བསོད་ནམས་བཟང་བོ། ཇི་ལྟར་མཛད་པའི་ཚུལ་ཡང་གཞུང་དེའི་མཇུག་ཏུ། མཁས་པའི་དབང་བོ་དགེ་དགོངས་པ་ཡེ་ཤེས་སེང་གེ་དང་། ཉ་དབོན་པོ་ཀུན་དགའ་དཔལ་གྱི་སྐུ་དྲིན་ལ་བརྟེན་ནས་ལུང་དང་རིགས་པའི་དེ་ཁོ་ན་ཉིད་རིག་པ་བཀའ་བཞི་པ་བསོད་ནམས་བཟང་པོས་དཔལ་ཟུར་ཁང་གི་གཙུག་ལག་ཁང་དུ་སྦྱར་བའོ། །ཞེས་བྱུང་།
གཏན་ཚིགས་སྒྲུབ་པའི་རིགས་པ་གསུམ་མིང་ཚིགམདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས་བྱུང་བ་སྟེ། འབྲས་བུའི་རྒྱུ། རང་བཞིན་གྱི་རྒྱུ། མི་དམིགས་པའི་རྒྱུ།
འབྲས་བུའི་བོན་རིགས་ལྔ་མིང་ཚིགདགེ་བསྙེན། ཨ་དཀར། དྲང་སྲོང་། ཡེ་གཤེན། ཁྱད་པར་ཆེན་པོའི་ཐེག་པའོ། །
འབྲུ་རིགས་མིང་ཚིགནས་འབྲས་སོགས་འབྲས་རིགས་སྤྱིའི་མིང༌།
འབྲུའི་རིགས་གཉིས་མིང་ཚིགགྲོ་ནས་ལ་སོགས་གྲ་མ་ཅན་གྱི་རིགས་བཤད་པ། རྒྱ་སྲན་མོན་སྲན་སོགས་གང་བུ་ཅན་གྱི་རིགས་བཤད་པའོ། །
འབྲེལ་བའི་རིགས་པ་གཉིས་པ་མིང་ཚིགབྱས་པ་རྟག་སྟོང་དུ་རྟོགས་པའི་ཚད་མ་དེས། བྱས་པ་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་གིས་སྟོང་པར་མ་རྟོགས་སོ་ཞེས་ཟེར་བ་ལ་གནོད་བྱེད་ཀྱི་རིགས་པ་གཉིས་པ་ནི། སྒྲ་མཇལ་བའི་ཚད་མ་དེས་སྒྲ་དེ་སྒྲ་ཁོ་ན་ཡིན་པར་ངེས་ན། བྱས་པ་རྟག་སྟོང་དུ་རྟོགས་པའི་ཚད་མ་དེས་ཀྱང་བྱས་པ་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་གིས་སྟོང་བ་རྟོགས་དགོས་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། སྒྲ་མཇལ་བའི་ཚད་མ་དེས་སྒྲ་དེ་སྒྲ་ཁོ་ན་ཡིན་པར་མ་ངེས་ན། ཚད་མ་དེས་སྒྲ་དེ་སྒྲ་མ་ཡིན་པ་ལས་ལོག་པར་ཡང་མ་ངེས་པའི་ཕྱིར་ཚད་མ་དེའི་གཞལ་བྱ་མེད་པར་འགྱུར་ཞེས་གསུངས་པ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། རིགས་པ་གཉིས་པ་ནི། སྒྲ་འཇལ་བའི་ཚད་མ་དེས་སྒྲ་དེ་སྒྲ་ཁོ་ན་ཡིན་པར་མ་ངེས་པར་ཐལ། དེས་སྒྲ་དེ་སྒྲ་མ་ཡིན་པ་ལས་ལོག་པར་མ་ངེས་པའི་ཕྱིར། དེར་ཐལ། དེས་སྒྲ་དེ་སྒྲ་མ་ཡིན་པའི་བུམ་པ་ལས་ལོག་པར་མ་ངེས་པའི་ཕྱིར། དེར་ཐལ། བྱས་པ་རྟག་སྟོང་དུ་རྟོགས་པའི་རྗེས་དཔག་དེས་བྱས་པ་སྒྲའི་རྟག་སྟོང་དུ་མ་རྟོགས་པའི་ཕྱིར། རྟགས་ཁས་སོ། །ཞེས་གསུངས་པའི་ཕྱིར།
འབྲེལ་བའི་རིགས་པ་དང་པོ་མིང་ཚིགབྱས་པ་རྟག་སྟོང་དུ་རྟོགས་པའི་ཚད་མ་དེས། བྱས་པ་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་གིས་སྟོང་པར་མ་རྟོགས་སོ་ཞེས་ཟེར་བ་ལ། གནོད་བྱེད་ཀྱི་རིགས་པ་དང་པོ་ནི། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གིས། བྱས་པ་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་གིས་སྟོང་བར་མ་རྟོགས་ན། རྟག་པའི་གསལ་བའི་དབྱེ་བ་འགའ་ཞིག་དང་གཞི་མཐུན་པར་དོགས་ཞིང་། དེ་ལྟ་ན་བྱས་པ་དང་རྟག་པའི་གཞི་མཐུན་ལ་དོགས་པར་འགྱུར་ལ། དེས་ན་བྱས་པ་རྟག་སྟོང་ཡང་མ་རྟོགས་པར་འགྱུར་ཞེས་གསུངས་པ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། གནོད་བྱེད་ཀྱི་རིགས་པ་བཞི་གསུངས་པའི་དང་པོ་ནི། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱིར་རྒོལ་ཡང་དག་དེས། བྱས་པ་རྟག་པའི་གསལ་བའི་དབྱེ་བ་འགའ་ཞིག་ལ་འཇུག་པར་དོགས་པར་ཐལ། དེའི་རྒྱུད་ཀྱི་བྱས་པ་རྟག་སྟོང་དུ་རྟོགས་པའི་རྗེས་དཔག་དེས། བྱས་པ་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་གིས་སྟོང་པར་མ་རྟོགས་པའི་ཕྱིར། རྟགས་ཁས། འདོད་ན། དེས་བྱས་པ་དང་རྟག་པའི་གཞི་མཐུན་ཡོད་པར་དོགས་པར་ཐལ། འདོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་མིང་ཚིགམདོ། ཕར་ཕྱིན། ཡེ་ཤེས་གཅིག་ཉིད་ཀྱིས་སྤྲོས་པ་ཐམས་ཅད་ཅིག་ཅར་དུ་བཀག་ནུས་ལ་དེའི་ཚེ་བདེན་བཞིའི་སྟེང་དུ་མི་རྟག་སོགས་བཅུ་དྲུག་གི་སྤྲོས་པ་བཀག་པའི་ཆ་ནས་འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་སུ་འཇོག་གོ ། ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། པཎ་ཆེན་ངག་ཆོས་ཀྱིས། ཐེག་ཆེན་འཕགས་པའི་ཡེ་ཤེས་གཅིག་ཉིད་ཀྱིས་སྤྲོས་པ་ཐམས་ཅད་གཅིག་ཆར་དུ་བཀག་ནུས་ལ། དེའི་ཚེ་བདེན་བཞིའི་སྟེང་དུ་མི་རྟག་སོགས་བཅུ་དྲུག་གི་སྤྲོས་པ་བཀག་སྟེ། ལམ་འཛིན་པ་དང་རྣམ་པ་འཛིན་པ་ཆོས་ཀྱི་བདག་གི་སྐྱེ་མེད་དུ་རྟོགས་པའི་ལྡོག་ཆ་ནི། འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་སུ་འཇོག་པའི་ཕྱིར། ཞེས་ཤེར་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། །
འོད་གསལ་ལྷ་རིགས་མིང་ཚིགབསམ་གཏན་གཉིས་པའི་གནས་རིས་གོང་མར་སྐྱེས་པའི་ལྷ་རྣམས་ཏེ། གནས་དེར་སྐྱེས་པའི་ལྷ་ནི་ལྷ་གཞན་གྱི་གནས་སུ་ཡང་འོད་གསལ་བར་བྱེད་པས་ན་འོད་གསལ་གྱི་གནས་ཞེས་བྱའོ། །
ཡག་རིགས་ཡག་ཚད་རྒྱན་ཚིགབཟང་ཤོས་ཀྱི་རིགས་ཚང་མ་སྟེ།ཁོ་སླེབས་དུས་ཅ་ལག་ཡག་རིགས་ཡག་ཚད་ཚང་མ་གཞན་གྱིས་ཉོས་ཚར་ལྟ་བུ།
ཡི་གེའི་རིགས་དྲུག་ཅུ་རྩ་བཞི་མིང་ཚིགསྟོན་པ་ཤཱཀྱ་ཐུབ་པའི་དུས་སུ་འཇིག་རྟེན་དུ་ཡིག་རིགས་དྲུག་ཅུ་རྩ་བཞི་ཡོད་པར་གྲགས་ལ། རྒྱ་ཆེན་རོལ་བའི་མདོ་ལྟར་བཀོད་ན་འདི་ལྟ་སྟེ། ༡ ཚངས་པའི་ཡི་གེ ༢ ཁ་རོ་ཤྚཱའི་ཡི་གེ ༣ པདྨའི་སྙིང་པོའི་ཡི་གེ ༤ ཨངྒའི་ཡི་གེ ༥ བངྒའི་ཡི་གེ ༦ མ་གྷ་དྷྭའི་ཡི་གེ ༧ བཀྲ་ཤིས་པའི་ཡི་གེ ༨ སོར་མོའི་ཡི་གེ ༩ ཡ་པ་ནི་ཡི་གེ ༡༠ པ་ག་ག་ལེའི་ཡི་གེ ༡༡ བ་རུ་ཤའི་ཡི་གེ ༡༢ འགྲོ་ལྡིང་བའི་ཡི་གེ ༡༣ ཤཱ་ཀ་ནའི་ཡི་གེ ༡༤ ཀི་ར་ཏའི་ཡི་གེ ༡༥ ལྷོ་ཕྱོགས་པའི་ཡི་གེ ༡༦ དྲག་ཤུལ་ཅན་གྱི་ཡི་གེ ༡༧ གྲངས་ཀྱི་ཡི་གེ ༡༨ སྤྱིའུ་ཚུགས་པའི་ཡི་གེ ༡༩ རྗེས་སུ་མཐུན་པའི་ཡི་གེ ༢༠ བྲུ་ཤའི་ཡི་གེ ༢༡ ཁ་ཆེའི་ཡི་གེ ༢༢ རྒྱའི་ཡི་གེ ༢༣ བུ་ནའི་ཡི་གེ ༢༤ ཧུ་ནའི་ཡི་གེ ༢༥ འབྲིང་རྒྱས་སུ་བྲི་བའི་ཡི་གེ ༢༦ རྒྱལ་ཡི་གེ ༢༧ ལྷའི་ཡི་གེ ༢༨ ཀླུའི་ཡི་གེ ༢༩ གནོད་སྦྱིན་གྱི་ཡི་གེ ༣༠ དྲི་ཟའི་ཡི་གེ ༣༡ མེའམ་ཅིའི་ཡི་གེ ༣༢ ལྟོ་འཕྱེ་ཆེན་པོའི་ཡི་གེ ༣༣ ལྷ་མ་ཡིན་གྱི་ཡི་གེ ༣༤ ནམ་མཁའ་ལྡིང་གི་ཡི་གེ ༣༥ རི་དྭགས་འཁོར་ལོའི་ཡི་གེ ༣༦ བྱ་རོ་སྒྲ་ཅན་གྱི་ཡི་གེ ༣༧ ས་བླའི་ཡི་གེ ༣༨ བར་སྣང་གི་ཡི་གེ ༣༩ བ་ལང་སྤྱོད་ཀྱི་ཡི་གེ ༤༠ སྒྲ་མི་སྙན་གྱི་ཡི་གེ ༤༡ ལུས་འཕགས་པོའི་ཡི་གེ ༤༢ འདེགས་པའི་ཡི་གེ ༤༣ བཞག་པའི་ཡི་གེ ༤༤ བསྣན་པའི་ཡི་གེ ༤༥ རྒྱ་མཚོའི་ཡི་གེ ༤༦ རྡོ་རྗེའི་ཡི་གེ ༤༧ སྤྲིང་ཡིག་དང་ལན་གྱི་ཡི་གེ ༤༨ རྣམ་འཐོར་གྱི་ཡི་གེ ༤༩རིངས་མེད་ཀྱི་ཡི་གེ ༥༠ བསྟན་བཅོས་སྐོར་བའོ་ཡི་གེ ༥༡ རྩིས་སྐོར་བའི་ཡི་གེ ༥༢ འདེགས་པ་སྐོར་བའི་ཡི་གེ ༥༣ བཞག་པ་སྐོར་བའི་ཡི་གེ ༥༤ རྐང་པས་བྲིས་པའི་ཡི་གེ ༥༥ ཚིག་ལན་གཉིས་སུ་གདབ་པ་མཚམས་ཀྱི་ཡི་གེ ༥༦ ཚིག་གི་མཚམས་བཅུར་བརྒྱུད་པའི་བར་གྱི་ཡི་གེ ༥༧ བླ་ཐབས་སུ་བསྣན་པའི་ཡི་གེ ༥༨ སྒྲ་ཐམས་ཅད་ཀུན་ཏུ་པའི་ཡི་གེ ༥༩ རིག་པ་དང་མཐུན་པའི་ཡི་གེ ༦༠ རྣམ་པར་འདྲེས་པའི་ཡི་གེ ༦༡ དྲང་སྲོང་གིས་དཀའ་ཐུབ་སྤྱད་པའི་ཡི་གེ ༦༢ ལྡིང་བའི་ཡི་གེ ༦༣ ས་བལྟ་བའི་ཡི་གེ ༦༤ ནམ་མཁའ་ལྟ་བའི་ཡི་གེ ༦༥ སྨན་ཐམས་ཅད་ཀྱི་རྒྱུ་མཐུན་པའི་ཡི་གེ ༦༦ སྙིང་པོ་ཐམས་ཅད་ཀུན་ཏུ་བསྡུས་པའི་ཡི་གེ ༦༧འབྱུང་པོ་ཐམས་ཅད་ཀྱི་སྒྲ་བསྡུས་པའི་ཡི་གེ་སྟེ་དྲུག་ཅུ་རྩ་བཞིའོ། །
ཡི་དྭགས་རིགས་གཉིས་མིང་ཚིགམི་ཕམ་མཁས་འཇུག་སྡོམ་བྱང་ལས་བྱུང་བ་སྟེ། བྱིངས་ན་གནས་པའི་རིགས། མཁའ་ལ་རྒྱུ་བའི་རིགས་དང་གཉིས་སོ། །
ཡིག་རིགས་མིང་ཚིགགནས་ཚུལ་སྣ་ཚོགས་བྲིས་ཡོད་པའི་ཡི་གེ །ཡིག་རིགས་གལ་ཆེན་པོ་རྣམས་ཉར་ཚགས་ཡག་པོ་བྱེད་དགོས་ཞེས་པ་ལྟ་བུ།
ཡིག་རིགས་མིང་ཚིགཡི་གེ་སྐོར་ཁག་གཅིག་སྟེ།འཛམ་གླིང་ལ་ཡིག་རིགས་ཅི་ཙམ་ཡོད་དམ་ཞེས་པ་ལྟ་བུ།
ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་དཀའ་གནད་ཅི་རིགས་གསལ་བར་བྱེད་པ་མིང་ཚིགཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་ཡིད་བཞིན་མཛོད་ཀྱི་དཀའ་གནད་དང་གཅིག
ཡུལ་ཅན་གྱི་བློ་རིགས་བཞི་མིང་ཚིགམི་ཕམ་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས་བྱུང་བ་སྟེ། ༡ མ་རྟོགས་པའི་བྱེ་བྲག་ལ། མངོན་སུམ་སྣང་ལ་མ་ངེས་པ། རྗེས་དཔག་ཚད་མ་ལ་མ་བརྟེན་པའི་ཡིད་དཔྱོད་གཉིས་ནི། ཡིད་ཤེས་ལ་ངེས་འདྲེན་མི་ནུས་པའི་ཆ་ནས་བཞག་པའོ། །༢ ལོག་རྟོག་ནི། ཕྱིན་ཅི་ལོག་ཏུ་འཛིན་པའོ། །༣ ཐེ་ཚོམ་ནི། རྩེ་གཉིས་སུ་འཇུག་པ་ཕྱོགས་མ་ཆོད་པའོ། །༤ ཡང་དག་པར་རྟོགས་པ་ལ་རྒྱུ་མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ་གཉིས་སོ། །
ཡེ་ཤེ་རིགས་ཀྱི་ཏིང་ངེ་འཛིན་གྱི་ལེའུ་མིང་ཚིགའཕགས་པ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཅ་པར་བཞུགས།
ཡོན་ཏན་ལྔ་མཐོང་བས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བའི་རིགས་ལྔ་མིང་ཚིགའདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་སྟེ། རང་གི་དོན་མ་འདྲེས་པར་མཐོང་བར་འགྱུར་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བའི་རིགས་སོ། ། བདག་དང་བྲན་མོ་དང་། མངག་གཞུག་མ་དང་། སྐྱོ་བ་དང་། དབང་མེད་པ་དང་། གང་དགར་འགྲོར་མེད་པ་ལས་དེ་དག་གིས་མཆོད་པ་དང་། བསྔགས་པར་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བའི་རིགས་སོ། ། བླ་ན་མེད་པའི་རྣལ་འབྱོར་བདེ་བ་དང་། མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བའི་རིགས་སོ། ། བདག་བླ་ན་མེད་པའི་རྣལ་འབྱོར་གྱི་བདེ་བ་དང་། མྱ་ངན་ལས་འདས་པ་འཐོབ་པ་དག་མ་ཐོབ་ན་ཡང་ལྷར་སྐྱེ་བར་འགྱུར་རོ་ཞེས་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བའི་རིགས་སོ། ། རྣམ་གྲངས་དུ་མ་ལས་ཀྱང་རབ་ཏུ་འབྱུང་བ་ནི། སངས་རྒྱས་དང་། སངས་རྒྱས་ཀྱི་ཉན་ཐོས་དང་། མཁས་པ་དང་ཡང་དག་པར་སོང་བ་དང་། སྐྱེས་བུ་དམ་པ་དག་གིས་བསྟོད་པར་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བའི་རིགས་སོ། །
ར་མཉེའི་རིགས་མིང་ཚིགདཔག་བསམ་ལྗོན་པར། ར་མཉེས་ཕོ་བའི་མེ་དྲོད་སྐྱེད། །རྣག་སྐེམ་ལུས་པོ་ཡང་རྩལ་ཆེ། །ཡི་ག་འབྱེད་ཅིང་བད་མཁྲིས་སེལ། །བཅུད་ལེན་པ་ཡི་མཆོག་ཏུ་འགྱུར། །ཞེས་གསུངས། ར་མཉེ་དང༌། ལུག་མཉེ་གཉིས་ཡོད་ལ། སྤྱི་མིང་ནི། རོ་ཙ། རྒན་པོ་གཞོན་ནུར་བྱེད་པ། དིང་ཁྲིས་བར་མ་ཟེར། འཁྲུངས་དཔེར། ཡོན་ཏན་བརྒྱད་ལྡན་དིང་ཁྲིས་པར་མ་ནི། །ཉམས་དགའི་ནགས་ཚལ་དག་ལས་སྐྱེ། །རྩ་བ་དཀར་པོས་ས་གཞི་ཁྱབ། །ལོ་མ་སྔོན་པོ་རལ་གྲི་འདྲ། །མེ་ཏོག་དཀར་པོས་ལོ་སྟེང་ཁེབས། །འབྲས་བུ་ནང་དཀར་རིང་བསྲེལ་འདྲ། །རོ་ནི་མངར་ཁ་བསྐ་བ་ལྡན། །ཚེ་རིང་རྒས་སྲ་བཅུད་ལེན་འགྱུར། །ད་བྱིད་དཀར་པོ་བྱ་བ་ཡིན། །རྩ་བ་ལྔ་ཡི་མཆོག་ཏུ་བཤད། །ཅེས་གསུངས་སོ། ལོ་མ་དཀར་ལ་སྲབ་ཅིང་མེ་ཏོག་དཀར་ལ་རྩ་བ་དཀར་ཞིང་མཁྲེགས་པ་ལུག་མཉེ་ཡིན། དེ་ལ་མིང༌། ལུག་མོ་ཤག ཀྵི་ར་ཀ་ཀོ་ལི། འོ་མ་ཅན་ཟེར་རོ། །ལོ་མ་ནག་མཐུག་སྡོང་པོ་སྨུག་པོ་མེ་ཏོག་དམར་བ་རྩ་བ་ནག་ལ་གསོམ་པ་ར་མཉེ་ཡིན། དེ་ལ་མིང༌། ཤ་ཏྲཾ་པ། ར་མོ་ཤག ཀ་ཀོ་ལི། འོ་མ་མེད་པ། དིང་ཁྲི་པར་མ། བི་ར། རོ་ཙ་ནི། ར་མ་ཤ་ཟེར་རོ། །འདི་དག་བསིལ་བས་ཚད་རིགས་ལ་མ་བཅོས་པར་གཏོང༌། གྲང་བར་གཏོང་ན་དྲོད་དུ་བཀུག་ནས་གཏོང་དགོས། བཅུད་ལེན་བྱེད་ན་བཅུད་དུ་འབེབས་དགོས་ཏེ་འོག་གི་བ་སྤྲུ་གཟེ་མ་ལའང་འགྲོའོ། གང་ཞེ་ན། བ་སྤྲུ་ར་མཉེ་གཟེ་མས་མངལ་ཚད་སེལ། །ཞེས་ཚ་བར་གཏོང་བ་དང༌། རྩ་བ་ལྔ་ཡིས་སྨད་གྲང་བསྲོ། །ཞེས་གྲང་བར་འགྲོ་བའི་སྐབས་ཀྱི་ནུས་པ་བསྒྱུར་དགོས་པའོ། །
རང་དང་གཞན་གྱི་ལྟ་བ་རིགས་པས་རྣམ་པར་དཔྱད་པའི་མདོར་བསྡུས་ཆེན་པོ་མིང་ཚིགབཀའ་འགྱུར་དྲི་མེད་འོད་ཤྲཱི་པར་བཞུགས།
རང་བཞིན་གནས་རིགས་མིང་ཚིགརང་བཞིན་དུ་གནས་པའི་རིགས་གང་ཡིན་པ་དེ་ཁམས་བདེ་བར་གཤེགས་པའི་སྙིང་པོ་དང། རྒྱུ་བདེ་བར་གཤེགས་པའི་སྙིང་པོ་དངོས་ཡིན་ལ། སྤྱིར་སངས་རྒྱས་ཀྱི་སྙིང་པོ་དངོས་མ་ཡིན་ཞིང། སེམས་ཅན་གྱི་སྙིང་པོ་དངོས་ཡིན་ཅིང་དེ་གང་ལ་ཡོད་པ་ནི་སེམས་ཅན་ཁོ་ན་ཡིན་པ་དང། སངས་རྒྱས་དང་སེམས་ཅན་གཉིས་ཀ་ལ་ཁྱབ་པའི་དེ་བཞིན་ཉིད་རང་བཞིན་རྣམ་དག་གི་ཆ་མིན་པར་དགག་པ་དེ། རང་བཞིན་བདེ་གཤེགས་སྙིང་པོ་དངོས་ཡིན་ཀྱང། སྤྱི་ཙམ་ནས་སངས་རྒྱས་ཀྱི་སྙིང་པོ་མ་ཡིན་པ་དང། དེ་གང་ལ་ཡོད་པ་ནི་སངས་རྒྱས་དང་སེམས་ཅན་གཉིས་ཀ་ལ་ཡོད་པ་དང། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི། འབྲས་བུ་བདེ་བར་གཤེགས་པའི་སྙིང་པོ་དང། སྙིང་པོ་དངོས་དང། དེ་གང་ལ་ཡོད་པ་ནི་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་པ་དང། བྱང་སེམས་འཕགས་པའི་རྒྱུད་ཀྱི་ཤེས་སྒྲིབ་ཀྱི་ཕྱོགས་གཅིག་དང་བྲལ་བའི་ཆོས་སྐུ་དེ་ཡང་རང་རྒྱུད་ལྡན་གྱི་འཕགས་པ་དགེ་འདུན་དཀོན་མཆོག་ཏུ་འཇོག་པར་བྱེད་པའི་བྱེད་ཆོས་ཀྱི་གཙོ་བོ་ཡིན་པས་སྙིང་པོ་དངོས་སུ་ཁས་ལེན་དགོས་ལ། དེ་ཡང་གསུམ་གྱི་ནང་ནས་ཆོས་སྐུའི་ནང་དུ་འདུས་ཤིང་། དེ་དག་ཆོས་ཀྱི་སྐུ་ཇི་ལྟར་ཡིན་པའི་ཤེས་བྱེད་ནི། མྱ་ངན་ལས་འདས་པའི་མདོ་དང། ཀླུ་སྒྲུབ་ཞབས་ཀྱི་ཆོས་དབྱིངས་བསྟོད་པ་དང་། ཐོགས་མེད་ཞབས་ཀྱིས་མཛད་པའི་རྒྱུད་བླ་མའི་འགྲེལ་པར་མདོ་དྲངས་པ་རྣམས་ལས་གསལ་བ་ཡིན་ནོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་སོ། །
རང་བཞིན་གནས་རིགས་མིང་ཚིགངོ་བོ་ཉིད་ཀྱི་སྐུ་འགྱུར་རུང་གི་དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་ཉིད་ཞིག་ལ་བྱའོ། །མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། རང་གི་རྟེན་ཆོས་སུ་གྱུར་པའི་དྲི་མ་སྤངས་པའི་ཤེས་པའི་ཆོས་ཉིད་གང་ཞིག། ངོ་བོ་ཉིད་སྐུར་འགྱུར་རུང་དེ། རང་བཞིན་གནས་རིགས་ཀྱི་མཚན་ཉིད། ཅེས་གསུངས། རྟེན་གྱིས་སྒོ་ནས་དབྱེ་ན། ཐེག་པ་གསུམ་ཀྱི་རྟེན་རང་བཞིན་གནས་རིགས་གསུམ་ཡོད་དོ། །
རང་བཞིན་གནས་རིགས་མིང་ཚིགསེམས་ཅན་གྱི་ཆོས་ཉིད་ཀྱང་ཡིན། ངོ་བོ་ཉིད་སྐུར་འགྱུར་རུང་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། རང་བཞིན་གནས་རིགས་ཀྱི་མཚན་ཉིད་དང༌། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ངོ་བོ་ཉིད་སྐུར་འགྱུར་རུང་གི་ཆོས་ཉིད་ཀྱང་ཡིན། ཐེག་ཆེན་སྒྲུབ་པའི་དངོས་ཀྱི་རྟེན་གཞི་བྱེད་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཀྱི་མཚན་ཉིད། དེས་གཞན་ལ་ཡང་ཤེས་སོ། །དེ་ལ་དབྱེ་ན། སྐབས་འདིར་དངོས་སུ་བསྟན་པ་བཅུ་གསུམ་གྱི་སྟེང་དུ་ཐེག་ཆེན་ཚོགས་ལམ་གྱི་རྟེན་དུ་གྱུར་པའི་རང་བཞིན་གནས་རིགས་དང་བཅུ་བཞིར་ཡོད་དོ། །
རང་བཞིན་གནས་རིགས་མིང་ཚིགསེམས་ཅན་གྱི་རྒྱུད་ཀྱི་བསྡུས་པའི་ཆོས་ཉིད་གང་ཞིག ངོ་བོ་ཉིད་སྐུར་འགྱུར་རུང་དེ། རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཡིན། སེམས་ཅན་གྱི་ཆོས་ཉིད་དང་དེའི་རྒྱུད་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་རྣམས་དེའི་མཚན་གཞི་ཡིན། དེ་ལ་དབྱེ་ན། ཉན་ཐོས་ཀྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་དང༌། རང་རྒྱལ་གྱི་དེ། ཐེག་ཆེན་གྱི་དེ་དང་གསུམ་ཡོད།
རང་བཞིན་གནས་རིགས་མིང་ཚིགམདོ། རིགས་གང་ཞིག གཏེར་གྱི་དཔེས་མཚོན་ནས་བསྟན་པ། རང་བཞིན་གནས་རིགས་ཀྱི་མཚན་ཉིད། མཚན་གཞི་ནི། དྲི་བཅས་ཀྱི་སེམས་བདེན་སྟོང་ལྟ་བུ། རང་བཞིན་གནས་རིགས་དེ་ལ་དབྱེ་ན། ཉན་ཐོས་ཀྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས། རང་རྒྱལ་གྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས། ཐེག་ཆེན་གྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་དང་གསུམ། ཉན་ཐོས་སློབ་པའི་རྒྱུད་ཀྱི་རང་བཞིན་གནས་རིགས་གང་ཞིག །ཉན་ཐོས་ཀྱི་སྒྲུབ་པའི་དངོས་ཀྱི་རྟེན་གཞི་བྱེད་པ། དང་པོའི་མཚན་ཉིད། འདིའི་ས་མཚམས། ཉན་ཐོས་ཀྱི་ཚོགས་ལམ་ནས་ཉན་ཐོས་ཀྱི་སྒོམ་ལམ་སྐད་ཅིག་ཐ་མའི་བར་ན་ཡོད། རང་རྒྱལ་སློབ་པའི་རྒྱུད་ཀྱི་རང་བཞིན་གནས་རིགས་གང་ཞིག །རང་རྒྱལ་གྱི་སྒྲུབ་པའི་དངོས་ཀྱི་རྟེན་གཞི་བྱེད་པ། གཉིས་པའི་མཚན་ཉིད། ས་མཚམས་རང་རྒྱལ་གྱི་ཚོགས་ལམ་ནས་དེའི་སྒོམ་ལམ་སྐད་ཅིག་ཐ་མའི་བར་ན་ཡོད། ཐེག་ཆེན་སློབ་པའི་རྒྱུད་ཀྱིས་བསྡུས་པའི་རང་བཞིན་གནས་རིགས་གང་ཞིག །ཐེག་ཆེན་གྱི་སྒྲུབ་པའི་རྟེན་གཞི་བྱེད་པ། གསུམ་པའི་མཚན་ཉིད། འདིའི་ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད། བྱང་སེམས་ཀྱི་སྦྱོར་ལམ་ཐོབ་ཟིན་པའི་སེམས་དཔའི་རྒྱུད་ཀྱི་ཆོས་ཀྱི་དབྱིངས་གང་ཞིག །ཐེག་ཆེན་གྱི་སྒྲུབ་པའི་རྟེན་གཞི་བྱེད་པ་དེ། འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཀྱི་མཚན་ཉིད། དབྱེ་ན། ཐེག་ཆེན་གྱི་རྟོགས་པའི་ཆོས་དྲུག གཉེན་པོའི་སྒྲུབ་པ། སྤོང་བའི་སྒྲུབ་པ། དེ་དག་ཡོངས་སུ་སྟུགས་པའི་སྒྲུབ་པ། ཤེས་རབ་སྙིང་རྗེར་བཅས་པའི་སྒྲུབ་པ། སློབ་མ་ཉན་རང་སོགས་དང་ཐུན་མོངས་མ་ཡིན་པའི་སྒྲུབ་པ། གཞན་དོན་གོ་རིམས་སུ་བྱེད་པའི་སྒྲུབ་པ། ཡེ་ཤེས་རྩོལ་པ་མི་མངའ་བར་འཇུག་པའི་རྟེན་རང་བཞིན་གནས་རིགས་རྣམས་ཏེ་བཅུ་གསུམ་ཡོད་པའི་ཕྱིར། འདིའི་ས་མཚམས། བྱང་སེམས་ཀྱི་སྦྱོར་ལམ་དྲོད་ནས་འཇོག་པའི་རྒྱུ་མཚན་ཡོད་དེ། དེ་ནས་རིགས་སད་པ་ལ་བར་དུ་གཅོད་པའི་ཉེས་དམིགས་བཞི་དང་བྲལ་བའི་རྒྱུ་མཚན་གྱིས་དེ་ལྟར་བསྟན་པའི་ཕྱིར།
རང་བཞིན་གནས་རིགས་ཀྱི་རྣམ་གྲངས་མིང་ཚིགམདོ། ཕར་ཕྱིན། བདེ་བར་གཤེགས་པའི་སྙིང་པོ་དང་། ཆོས་དབྱིངས་དང། སངས་རྒྱས་ཀྱི་རིགས་དང། སངས་རྒྱས་ཀྱི་ཁམས་རྣམས་ཏེ། ཁྱབ་མཉམ་ཉིད་དུ་འཁྲུལ་པར་མི་བྱའོ། །
རང་བཞིན་གནས་རིགས་ཀྱི་རྣམ་གྲངས་མིང་ཚིགདབུ་མ་པའི་ལུགས་ནི། བདེ་གཤེགས་སྙིང་པོ་དང། ཆོས་དབྱིངས་དང། རང་བཞིན་གནས་རིགས་རྣམས་ནི། ཆོས་ཅན་གསལ་བ་དང་དེ་ཉིད་ལ་མཐའ་བཞིའི་སྤྲོས་པ་བཀག་པའི་ཆོས་ཉིད་དབྱེར་མེད་པའི་ཟུང་འཇུག་ལ་འདོད་ཅིང། སྟོང་ཉིད་དང་དེ་བཞིན་ཉིད་ལ་སོགས་པ་རྣམས་ནི་བདེན་པའམ་མཐའ་བཞིའི་སྤྲོས་པ་བཀག་པའི་གནས་ལུགས་ཀྱི་ཆ་ནས་འཇོག་པས་ཁྱད་པར་ཤིན་ཏུ་ཆེ་སྟེ། ཟུང་འཇུག་གི་སྟོང་པའི་ཆ་ལ་སྟོང་ཉིད་སོགས་སུ་འཇོག་པ་ཡིན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །
རང་བཞིན་གནས་རིགས་ཀྱི་རྣམ་གྲངས་མིང་ཚིགསེམས་ཙམ་པའི་ལུགས་ལ་སྟོང་པ་ཉིད་དང་། དེ་བཞིན་ཉིད་དང། ཡང་དག་མཐའ་དང། མཚན་མ་མེད་པ་དང། དོན་དམ་པ་དང། ཆོས་དབྱིངས་རྣམས་གཞན་དབང་གི་སྟེང་དུ་ཀུན་བཏགས་ཀྱིས་སྟོང་པའི་སྟོང་ཉིད་རིགས་པས་དཔྱད་བཟོད་དུ་གྲུབ་པ་ཞིག་གི་མིང་གི་རྣམ་གྲངས་སུ་འདོད་པས་ཡིན་ཁྱབ་མཉམ་ཡིན་ནོ། །
རང་བཞིན་གྱི་རིགས་གསུམ་མིང་ཚིགསྔགས། རྣལ་འབྱོར་བླ་མེད་རྒྱུད། ཇོ་ནང་། དབུ་མ་གཞན་སྟོང་པ། གཞན་སྟོང་དབུ་མ་བདེ་གཤེགས་སྙིང་བོའི་མཚན་གྱི་རྣམ་གྲངས་ཅིག་སྟེ། དོན་དམ་གྱི་མཚན་བརྗོད་ཀྱི་སྔགས་ཀྱི་རིགས་དྲུག་ལ་གཟིགས་པས་སྐབས་སུ་གསུངས་པའི་མཚན་གྱི་རྣམ་གྲངས་བརྒྱད་གསུངས་པའི་ཡ་གྱལ་ཞིག་ཡིན་ལ། དེ་ཡང་སྟོང་གཞི་དོན་དམ་གཞན་སྟོང་ཉིད་དེའི་མཚན་གཞི་ཡིན་པར་ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱིས་རི་ཆོས་ངེས་དོན་རྒྱ་མཚོར་རང་བཞིན་གྱི་རིགས་གསུམ་མཁའ་ཁྱབ་དང༌། ཞེས་གསུངས་སོ། །
རང་རིག་སྒྲུབ་པའི་ལུང་རིགས་མིང་ཚིགཤེས་པ་ཡིན་ན། རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་པས་ཁྱབ་པར་བསྒྲུབ་པ་ལ་ལུང་རིགས་གཉིས་ལས། དང་པོ་ནི། ཚད་མ་མདོར། རྟོག་པའང་རང་རིག་ཉིད་དུ་འདོད། །དོན་ལ་མ་ཡིན་དེ་རྟོག་ཕྱིར། །ཞེས་སོ། གཉིས་པ་ནི། སྒྲུབ་བྱེད་འགོད་པ་ནི། སྔོ་འཛིན་དབང་མངོན་དེ་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་ཏེ། དེའི་མྱང་བྱར་གྱུར་པའི་རྣམ་པ་དེ། སྔོ་འཛིན་དབང་མངོན་གྱི་བདག་ཉིད་ཡིན་པའི་ཕྱིར་ཏེ། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང་། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །ཞེས་སོ། །དེ་ཡང་གྲུབ་སྟེ། ཕྱིས་ཀྱི་དྲན་པའི་རྟགས་ལས་སྔོ་འཛིན་དབང་མངོན་ལ་རང་དུས་སུ་མྱོང་བྱེད་ཡོད་པར་གྲུབ་ཅིང་། མྱོང་བྱེད་རྫས་གཞན་པ་མེད་པའི་ཕྱིར་ཏེ། དྲན་པ་ལས་ཀྱང་བདག་རིག་གྲུབ། ཅེས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
རང་རིགས་མིང་ཚིགརང་དང་རིགས་རུས་ཀྱི་རྒྱུད་པ་གཅིག་པ་ཡིན་པའི་མི།རང་རིགས་ལ་གནོད་འཚེ་ཏིལ་འབྲུ་ཙམ་ཡང་བྱས་མེད་ཅེས་པ་ལྟ་བུ།
རང་རིགས་ཀྱི་མྱུ་གུ་མིང་ཚིགརང་གི་རྒྱུད་པ་ལས་བྱུང་བའི་བུ་ཕྲུག
རང་རིགས་འཕེན་པའི་ཐལ་འགྱུར་མིང་ཚིགསྒྲུབ་བྱེད་འཕེན་པའི་ཐལ་འགྱུར་གང་ཞིག་བཟློག་པ་རང་རྒྱུད་རང་དང་རིགས་གཅིག་པ་འཕེན་པ་སྟེ།གྲང་རེག་ཡོད་པས་མེ་མེད་པར་ཐལ་ཞེས་པའི་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་གྱིས། གྲང་རེག་མེད་དེ། མེ་ཡོད་པའི་ཕྱིར་ཞེས་རང་བཞིན་འགལ་དམིགས་ཉིད་འཕེན་པའོ།
རང་རིགས་འཕེན་པའི་ཐལ་འགྱུར་བཞི་མིང་ཚིགབཟློག་པ་རང་རིགས་འཕེན་པའི་ཐལ་འགྱུར་ལ་དབྱེ་ན། རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་དང༌། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་དང༌། ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་དང༌། འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་ཏེ་བཞིའོ། །
རང་རིགས་འཕེན་པའི་ཐལ་འགྱུར་ཡང་དག་མིང་ཚིགསྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ལ་གཉིས་སུ་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། དང་པོའི་མཚན་ཉིད། (ཐལ་འགྱུར་ཡང་དག་)གང་ཞིག ། ཆོས་ལོག་གིས་རང་གི་ཆོས་ཅན་གྱི་སྟེང་དུ། རྟགས་ལོག་སྒྲུབ་ན་རང་དང་རིགས་གཅིག་པའི་ཚུལ་གསུམ་ཚང་བ་ཡིན་པ། དཔེར་ན་ཕ་རོལ་པོས་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ས་ཕྱོགས་ན་གྲང་རེག་རྒྱུན་ཆགས་ཡོད་པར་ཁས་ལེན་པ་ལ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ས་ཕྱོགས་ཆོས་ཅན། མེ་སྟོབས་ཆེན་གྱིས་ཁྱབ་པར་ནོན་པ་མ་ཡིན་པར་ཐལ། གྲང་རེག་སྟོབས་ཆེན་རྒྱུན་ཆགས་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ། ཞེས་གསུངས།
རང་རྒྱལ་གྱི་རིགས་མིང་ཚིགརང་རྒྱལ་སློབ་ལམ་པའི་རྒྱུད་ཀྱི་རང་རྒྱལ་གྱི་བྱང་ཆུབ་ཐོབ་རུང་གི་ནུས་པ།
རང་རྒྱལ་གྱི་རིགས་ཅན་མིང་ཚིགརང་རྒྱལ་གྱི་བྱང་ཆུབ་ཐོབ་པའི་བག་ཆགས་ཅན་གྱི་གང་ཟག
རང་རྒྱལ་གྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་མིང་ཚིགམདོ། ཕར་ཕྱིན། རང་རྒྱལ་སློབ་པའི་རྒྱུད་ཀྱི་རང་བཞིན་གནས་རིགས་གང་ཞིག ། རང་རྒྱལ་གྱི་སྒྲུབ་པའི་དངོས་ཀྱི་རྟེན་གཞི་བྱེད་པ། རང་རྒྱལ་གྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཀྱི་མཚན་ཉིད། ས་མཚམས་རང་རྒྱལ་གྱི་ཚོགས་ལམ་ནས་དེའི་སྒོམ་ལམ་སྐད་ཅིག་ཐ་མའི་བར་ན་ཡོད།
རང་རྒྱལ་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་མིང་ཚིགམདོ། ཕར་ཕྱིན། རང་རྒྱལ་སློབ་པའི་རྒྱུད་ཀྱི་རང་བཞིན་གནས་རིགས་གང་ཞིག རང་རྒྱལ་གྱི་སྒྲུབ་པའི་དངོས་ཀྱི་རྟེན་གཞི་བྱེད་པ། ས་མཚམས་རང་རྒྱལ་གྱི་ཚོགས་ལམ་ནས་དེའི་སྒོམ་ལམ་སྐད་ཅིག་ཐ་མའི་བར་ན་ཡོད།
རང་ལ་གྲོས་འདེབས་པའི་རིགས་པ་དྲུག་མིང་ཚིགཚེ་ལ་ངེས་མེད་བརྩོན་འགྲུས་བརྩམ་པར་རིགས། །འཁོར་བའི་སྡུག་བསྔལ་སྐྱོ་བ་སྐྱེ་བར་རིགས། །འགྲོ་དྲུག་ཚད་མེད་སྙིང་རྗེས་སྐྱོང་བར་རིགས། །བླ་མའི་མོས་གུས་རྒྱུན་ཆད་མེད་པར་རིགས། །ཟབ་མོའི་གདམས་ངག་ཉམས་སུ་བླང་བར་རིགས། །རང་ངོ་ཤེས་དུས་དབེན་པ་བསྟེན་པར་རིགས། །རིགས་པའི་རྗེས་འགྲོ་སྐྱེས་བུའི་མཆོག་རབ་ཡིན། །ཞེས་གསུངས།
རབ་ཏུ་བྱུང་བ་ཁོ་ནར་མོས་པར་བྱ་བའི་རིགས་ལྔ་མིང་ཚིགའདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་སྟེ། བདག་གིས་རང་གི་དོན་མ་འདྲེས་པ་ཐོབ་པར་འགྱུར་རོ། །ཞེས་བྱ་བར་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ཁོ་ནར་མོས་པར་བྱ་བའི་རིགས་སོ། །བདག་གང་དག་གི་བྲན་དང་། མངག་གཞུག་པ་དང་། བསྒོ་བ་བཞིན་བྱེད་པ་དང་། རང་དབང་མེད་པ་དང་། དགའ་མགུར་བྱེད་པ་དེ་དག་གི་ཡང་མཆོད་པར་བྱ་བ་དང་། བསྔགས་པར་བྱ་བར་འགྱུར་རོ། །ཞེས་བྱ་བར་མཐོང་བའི་མཁས་པས། རབ་ཏུ་འབྱུང་བ་ཁོ་ནར་མོས་པར་བྱ་བའི་རིགས་སོ། །གྲུབ་པ་དང་བདེ་བ་བླ་ན་མེད་པ་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ། །ཞེས་བྱ་བར་མཐོང་བའི་མཁས་པས། རབ་ཏུ་འབྱུང་བ་ཁོ་ནར་མོས་པར་བྱ་བའི་རིགས་སོ། །བདག་གྲུབ་པ་དང་བདེ་བ་བླ་ན་མེད་པ་མྱ་ངན་ལས་འདས་པ་ཐོབ་པ་ལ་ས་ཉམས་ཀྱང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཞེས་བྱ་བར་མཐོང་བའི་མཁས་པས། རབ་ཏུ་འབྱུང་བ་ཁོ་ནར་མོས་པར་བྱ་བའི་རིགས་སོ། །སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་དམ་པ་ཡང་དག་པར་ཞུགས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་རབ་ཏུ་བྱུང་བར་རྣམ་གྲངས་དུ་མར་བསྔགས་སོ། །ཞེས་བྱ་བར་མཐོང་བའི་མཁས་པས། རབ་ཏུ་འབྱུང་བ་ཁོ་ནར་མོས་པར་བྱ་བའི་རིགས་སོ། །
རབ་ཏུ་བྱུང་བ་ལ་མོས་པར་བྱ་བ་ཁོ་ནར་རིགས་པ་ལྔ་མིང་ཚིགའདུལ་བ་གཞི་ལས་བྱུང་བ་སྟེ། ༡ བདག་གིས་རང་གི་དོན་མ་འདྲེས་པ་རྗེས་སུ་ཐོབ་པར་འགྱུར་རོ་ཞེས་བྱ་བར་ཡང་དག་པར་རྗེས་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བ་ཁོ་ནར་རིགས་པ། ༢ བདག་གང་དག་གི་བྲན་དང་། མངག་གཞུག་པ་དང་། བསྒོ་བ་དང་། རང་དབང་མེད་པ་དང་། དགའ་མགུར་འགྲོར་མེད་པ་ཡིན་པ་དེ་དག་གིས་མཆོད་པར་བྱ་བ་དང་། བསྟོད་པར་བྱ་བར་འགྱུར་རོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བ་ཁོ་ནར་རིགས་པ། ༣ གྲུབ་པ་དང་། བདེ་བའི་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བ་ཁོ་ནར་རིགས་པ། ༤ གྲུབ་པ་དང་། བདེ་བའི་བླ་ན་མེད་པའི་མྱ་ངན་འདས་འདས་པ་ཐོབ་པ་ལས་ཉམས་ན་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བ་ཁོ་ནར་རིགས་པ། ༥ རབ་ཏུ་བྱུང་བ་ནི་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་དམ་པ་ཡང་དག་པར་སོང་བ། ཡང་དག་པར་ཞུགས་པ། སྐྱེས་བུ་དམ་པ་རྣམས་ཀྱིས་རྣམ་གྲངས་དུ་མས་བསྔགས་སོ། །ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བ་ཁོ་ནར་རིགས་པའོ། །
རིགས་མིང་ཚིགཁྱད་ཆོས་ཐུན་མོང་བ་ཡོད་པའི་ཁོངས་གཏོགས།བོད་རིགས་ཞེས་དང་། སོག་རིགས་ཞེས་དང་། རྒྱ་རིགས་ཞེས་པ་ལྟ་བུ།
རིགས་མིང་ཚིགརིགས་པ་ཞེས་པའི་ཚིག་བསྡུས་པ།
རིགས་མིང་ཚིགའཕགས་པའི་ཆོས་རྣམས་ཀྱི་འབྱུང་ཁུངས་དམ་པར་དམིགས་པ། འཕགས་པའི་ཆོས་རྣམས་ཀྱི་རིགས་ཀྱི་མཚན་ཉིད། དཔེར་ན་སྟོང་པ་ཉིད་ཉན་ཐོས་རང་རྒྱལ་བྱང་སེམས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་འབྱུང་ཁུངས་དམ་པ་ཡིན་པའི་རྒྱུ་མཚན་གྱིས་ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་འབྱུང་ཁུངས་སུ་བཤད་པ་བཞིན་ནོ། སྤྱིར་རིགས་ཀྱི་ཐ་སྙད་རྣམ་པ་དུ་མ་གསུངས་ཏེ། རྒྱལ་རིགས། བྲམ་ཟེའི་རིགས། དམངས་རིགས། རྡོལ་པའི་རིགས། སྐུ་གསུང་ཐུགས་ཀྱི་རིགས། དེ་བཞིན་དུ་རིགས་ལྔ་དང་དྲུག་ལ་སོགས་པ་དང༌། ཆོས་རྣམས་ཀྱི་སྤྱི་ལ་རིགས་སུ་བརྗོད་པ་སོགས་ཡོད་པའི་ཕྱིར། འདི་ལ་རང་བཞིན་དུ་གནས་པའི་རིགས་དང༌། རྒྱས་པ་ལས་གྱུར་པའི་རིགས་གཉིས། རིགས་གང་ཞིག་གཏེར་གྱི་དཔེས་མཚོན་ནས་བསྟན་པ། དང་པོའི་མཚན་ཉིད། རིགས་གང་ཞིག ། ཤིང་འབྲས་བུ་ཅན་གྱི་དཔེས་མཚོན་ནས་བསྟན་པ། གཉིས་པའི་མཚན་ཉིད། དང་པོ་ནི་དྲི་བཅས་ཀྱི་སེམས་བདེན་སྟོང་ལྟ་བུ། གཉིས་པ་ནི་དྲི་བཅས་སེམས་ཀྱི་སྟེང་གི་ཟག་མེད་ཡེ་ཤེས་ཀྱི་ས་བོན་ལྟ་བུ་ཡིན། སྐྱབས་འགྲོ་ཚུལ་བཞིན་དུ་བྱས་པ་ལས་རིགས་སད་པར་འགྱུར་ཏེ། དེ་ལྟར་བྱས་པས་བསགས་སྦྱང་ཚུལ་བཞིན་དུ་བྱས་པར་འགྱུར་བའི་ཕྱིར། རིགས་སད་པའི་རྟགས་ནི། འཁོར་བའི་ཉེས་དམིགས་དང༌། ཐར་པའི་ཕན་ཡོན་བརྗོད་པ་ན། ལུས་ཀྱི་བ་སྤུ་ལྡང་བ་དང༌། མིག་ནས་མཆི་མ་འཁྲུག་པ་ལ་སོགས་པའི་ཐ་སྙད་ཁྱད་པར་ཅན་གྱི་རྟགས་ལས་ཐེག་ཆེན་གྱི་རིགས་སད་པར་དཔོག ། ལམ་མ་ཞུགས་ཀྱི་གནས་སྐབས་སུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐོས་པ་ན་མིག་ནས་མཆི་མ་འཁྲུག་པ་ལ་སོགས་པའི་ཐ་སྙད་ཁྱད་པར་ཅན་གྱི་རྟགས་ལས་ཐེག་ཆེན་གྱི་རིགས་སད་པར་དཔོག། རིགས་སད་པ་ཕན་ཡོན་ཁྱད་པར་ཅན་དང་ལྡན་ཏེ། བྱང་ཆུབ་གསུམ་ལ་དམིགས་པའི་བློ་ཤིན་ཏུ་བརྟན་པར་འགྱུར་བ་དང༌། བརྩོན་འགྲུས་ལྷག་པར་འཕེལ་ཏེ། སྒྲུབ་པ་ལ་ནན་ཏན་སྙིང་པོར་བྱེད་པ་དང༌། ངན་སོང་ལས་མྱུར་དུ་ཐར་པ་སོགས་ཀྱི་དགོས་པ་ཁྱད་པར་ཅན་ཡོད་པའི་ཕྱིར།
རིགས་མིང་ཚིགཚིགས་བཅད་སྙན་ངག་རྩོམ་པའི་སྐབས། རྩོམ་སྟངས་ལ་དབྱེ་བ་རིགས་བཞི་ཡོད་པའི་ནང་གསེས་གཉིས་པ་སྟེ། བརྗོད་བྱའི་དོན་གཅིག་ལ་རྗོད་བྱེད་ཀྱི་ཚིགས་བཅད་མང་པོ་སྦྱར་ནས། ཚིགས་བཅད་དེ་དག་གི་ནང་དུ་ཕན་ཚུན་ལྟོས་པའི་སྒོ་ནས་ཚིག་ཐ་མར་བྱ་ཚིག་གཅིག་གིས་བརྗོད་དོན་གསལ་བར་བྱེད་པ་ཞིག་ཡིན།དུང་དཀར་ཚང་གིས། ཁོ་ར་ཁོར་ཡུག་གཏིང་མཐའ་མི་མངོན་པ། །སྔོ་བསངས་ནམ་མཁའི་དབྱིངས་སུ་འདྲེས་པ་བཞིན། །རླངས་པ་ཕྱུར་བུར་གཏིབས་པའི་ཡོལ་བ་ནི། །ཕྱོགས་ཀུན་སྒྲིབ་པའི་ཟོལ་གྱིས་འོངས་པ་བཞིན། །འོད་སྟོང་ལྡན་པའི་ཉི་མའི་དཀྱིལ་འཁོར་ཡང་། །ཆུ་ཡི་ནང་ནས་འཆར་ནུབ་བྱེད་པ་བཞིན། །མཚན་མོ་རྒྱུ་སྐར་གཟུགས་བརྙན་གསལ་བ་ནི། །ཀུན་གསལ་ཡངས་པའི་ཁྱོན་དང་མཚུངས་པ་བཞིན། །ས་ཡིི་ཁ་དོག་གིས་ནི་ལེགས་བསྒྱུར་བའི། །ཆུ་བོའི་མདངས་ཀྱང་འཇའ་ཚོན་བཀྲ་བ་བཞིན། །དབུ་བ་བརྩེགས་པའི་རླབས་ཕྲེང་གཡོ་བ་ནི། །གནམ་ས་བླ་འོག་བསྒྱུར་བ་དང་མཚུངས་པས། །གྲུ་ཡང་འཕར་འགྲོའི་གོམ་སྟབས་སློབ་པ་བཞིན། །ལིང་ལིང་འདར་ཞིང་འཁྲུག་བྱེད་རྒྱ་མཚོ་མཐོང་། །ཞེས་པ་ལྟ་བུ།
རིགས་མིང་ཚིགའོས་པའམ་རུང་བའི་དོན།བསམ་བློ་དེ་ལྟར་གཏོང་མི་རིགས་ཞེས་དང་། སྐད་ཆ་འདི་ལྟར་བཤད་མི་རིགས་ཞེས་པ་ལྟ་བུ།
རིགས་མིང་ཚིགརྣམ་གྲངས་སོ་སོའམ་སྣ་ག་སོ་སོར་ཕྱེ་བའི་ཚན་ཁག་གི་མིང་།ཁྱེད་ཚང་ལ་ཕྱུགས་རིགས་ག་ཚོད་ཡོད་ཅེས་དང་། བཟོ་རིགས་རྣམ་གྲངས་ཧ་ཅང་མང་ཞེས་པ་ལྟ་བུ།
རིགས་མིང་ཚིགརིགས་ཀྱི་སྐད་དོད་གོ་དྲ་ཞེས་བྱ་བ་ཡིན་ལ། རིགས་ནི་ཤིན་ཏུ་འདྲ་བའི་དོན་ཡིན་ཏེ། སེམས་ཅན་ཀྱི་དེ་བཞིན་ཉིད་དང་། སངས་རྒྱས་ཀྱི་དེ་བཞིན་ཉིད་ཤིན་ཏུ་འདྲ་བ་ཡིན་ཞིང་། དེའི་ཕྱིར་ན་ངོ་བོ་གཅིག་ཀྱང་ཡིན་ཏེ། སངས་རྒྱས་རིགས་ལ་དེ་འབྲས་ཉེར་སྤྱོད་ཕྱིར། །ཞེས་པས་སོ། །
རིགས་མིང་ཚིགམདོ། ཕར་ཕྱིན། ཐར་བའི་ཡོན་ཏན་འབྱུང་བའི་རྟེན་དུ་གྱུར་བའི་གཞིའི་དགེ་བ་དེ་རིགས་ཀྱི་དོན། དེ་ལ་དབྱེ་ན་སོགས་ཡོད་དེ། ཀུན་མཁྱེན་དོལ་པོ་བའི་རི་ཆོས་ངེས་དོན་རྒྱ་མཚོ་ལས། ཆོས་ཉིད་རྣམ་པར་མི་རྟོག་ཅིང་འོད་གསལ་བའི་དབྱིངས་གང་ཡིན་པ་དེ་ནི་རང་བཞིན་གྱི་རིགས་སོ། །ཉ་དབོན་ཀུན་དགའ་དཔལ་གྱི་ཕར་ཕྱིན་ཉ་ཊིཀ་མུན་སེལ་ལས། མཚན་ཉིད་ནི། གང་ལ་བསྟེན་ནས་ཐར་ལམ་ལ་འབད་ན་ཐར་བ་ཐོབ་བྱེད་ཀྱི་འདུས་མ་བྱས་ཀྱི་དགེ་བ་ཞེས་པའོ། །འདུས་མ་བྱས་ཀྱི་དགེ་བ་གང་ཞིག ངོ་བོ་ཉིད་སྐུའི་རྒྱུར་འགྱུར་བ་ཞེས་པ་ལམ་གྱི་སྐབས་ཀྱི་རང་བཞིན་དུ་གནས་པའི་རིགས་ཀྱི་མཚན་ཉིད། རྒྱས་པའི་རིགས་ཏེ། མཚན་ཉིད་ནི། བྱང་ཆུབ་ཀྱི་རྒྱུར་གྱུར་བའི་དགེ་བ་འདུས་བྱས། འབྲས་རབ་འབྱམས་པ་བློ་བཟང་མཆོག་གྲུབ་རྒྱ་མཚོའི་གྲུབ་མཐའ་སྐལ་བཟང་མིག་འབྱེད་ལས། གདོད་ནས་སེམས་ཀྱི་རང་བཞིན་དུ་གནས་པའི་ཡོན་ཏན་ཀུན་ལྡན་གྱི་ནང་རིག་འགྱུར་མེད་ཀྱི་ཡེ་ཤེས་གང་ཞིག ཁྱོད་ལ་དམིགས་ཏེ་ལམ་ལ་འབད་ན་དྲི་མ་འབྲལ་རུང་དང་ཡོན་ཏན་མཐའ་དག་མངོན་དུ་འགྱུར་རུང་གི་འདུས་མ་བྱས་དགེ་བ་དེ་རང་བཞིན་གནས་རིགས་དང་། མཚན་གཞི་ནི། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་ཀུན་གཞིའིི་ཡེ་ཤེས་ལྟ་བུའོ། །རང་བཞིན་གྱི་རིགས་ལ་བརྟེན་ནས་རྐྱེན་གྱིས་བསྐྱེད་པའི་བྱང་ཆུབ་ཀྱི་རྒྱུར་བའི་དགེ་བ་འདུས་བྱས་དེ། རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད། མཚན་གཞི་ནི། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་དགེ་བ་འདུས་བྱས་ལྟབུའོ། །རིགས་ཀྱི་སྒྲ་བཤད་ནི། རིགས་ཀྱི་སྐད་དོད་གོ་ཏྲ་ཞེས་བྱ་བ་ཡིན་ལ། དེ་ཡང་རིགས་ནི་ཤིན་ཏུ་འདྲ་བའི་དོན་ཡིན་ལ། སེམས་ཅན་གྱི་དེ་བཞིན་ཉིད་དང་སངས་རྒྱས་ཀྱི་དེ་བཞིན་ཉིད་ཤིན་ཏུ་འདྲ་བ་ཡིན་ཞིང་དེའི་ཕྱིར་ངོ་བོ་གཅིག་ཀྱང་ཡིན་ཏེ། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་ཞེས་བྱུང་།
རིགས་ཀུན་ཁྱབ་བདག་མིང་ཚིགརྒྱལ་བ་རྡོ་རྗེ་འཆང་སྟེ། དང་པོ་སྐུ་ཉིད་ཀྱིས་སྤྲུལ་བ་ལྔ་བསྒྲུབས། དེ་ནས་དེ་རེ་རེ་ལས་ལྔ་རེ་སྤྲུལ་བས་ཉི་ཤུ་རྩ་ལྔ་བྱུང་། དེ་ཚོ་ཡང་བཞི་རེར་སྤྲུལ་བས་བརྒྱ་ཐམ་པར་བྱོན། དེ་ཡང་དེ་བཞིན་གཤེགས་པའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། རྡོ་རྗེའི་རིགས་ཏེ། དེ་ལྟ་བུ་འགྲོ་བློའི་སྣང་ངོར་འཚམ་པའི་སྤྲུལ་བ་རིགས་བརྒྱ་ཕྲག་གི་བདག་ཉིད་ཡིན་པས་ནའོ། །
རིགས་ཀུན་ཁྱབ་བདག་མིང་ཚིགདུས་འཁོར་གྱི་མཚན་ཏེ། ཕྱི་ནང་གཞན་གསུམ་རིགས་ཀུན་ལ་ཁྱབ་པའི་བདག་ཉིད་ཡིན་པས་ནའོ། །
རིགས་ཀྱི་ཁྱད་པར་གྱི་སྔགས་བྱུང་བ་མིང་ཚིགབཀའ་འགྱུར་རྒྱུད་འབུམ་བ་པར་བཞུགས།
རིགས་ཀྱི་ཁྲོ་བོ་བཞི་མིང་ཚིགབོན། ཀུན་དབྱིངས་དཀྱིལ་འཁོར་ཕོ་བྲང་གི་ཕྱིའི་སྒོར་སྲུང་མཛད་ཀྱི་ཁྲོ་བོ་བཞི་ཡིན་ཏེ། གཟི་བརྗིད་པོད་གསུམ་པ་ལས། ཕྱི་སྒོ་ལ་རིགས་ཀྱི་ཁྲོ་བོ་བཞི། ཞེས་སོ། །བཞི་ནི། ཁྲོ་བོ་ཆེན་པོ་དྲུང་མུ་ཡ་དང་། ཁྲོ་བོ་ཆེན་པོ་ཙཀྲ་ཡ། ཁྲོ་བོ་ཆེན་པོ་ཧ་ལ་ཡ། ཁྲོ་བོ་ཆེན་པོ་ཀི་ལ་ཡ་དང་བཞིའོ། །དེ་དག་གི་སྐུ་མདོག་ཆ་ལུགས་སོགས་ནི་ཁྲོ་བོ་རང་རང་གི་མིང་གི་སྐབས་སུ་གསལ་བས་དེ་ལ་གཟིགས་དགོས། །
རིགས་ཀྱི་གཙོ་བོ་མིང་ཚིགརིགས་གང་ཡིན་གྱི་བདག་པོའམ་མཆོག
རིགས་ཀྱི་ཅོད་པན་མིང་ཚིགལྷ་དང་བླ་མ་སོགས་མཆོག་ཏུ་བཀུར་འོས་ཀྱི་དོན།
རིགས་ཀྱི་ཅོད་པན་མིང་ཚིགརིགས་གང་ཡིན་མཚོན་བྱེད་ཀྱི་ཅོ་པན།
རིགས་ཀྱི་ཉེས་དམིགས་བཞི་མིང་ཚིགཉོན་མོངས་གོམས་པ། གྲོགས་ངན་བསྟེན་པ། ཕོངས་པ། གཞན་གྱི་དབང་དུ་སོང་བའོ། །
རིགས་ཀྱི་ཐ་མ་མིང་ཚིགསྔ་དུས་རྒྱ་གར་དུ་མི་ལ་རིགས་བཞིར་དབྱེ་བ་ཕྱེས་པའི་ནང་གི་རིགས་དམན་ཤོས།
རིགས་ཀྱི་ཐུ་བོ་མིང་ཚིགསྔ་དུས་རྒྱ་གར་དུ་མི་ལ་རིགས་བཞིར་དབྱེ་བ་ཕྱེས་པའི་ནང་གི་རིགས་མཐོ་ཤོས།
རིགས་ཀྱི་དཀྱིལ་འཁོར་འབྱུང་གནས་རྡོ་རྗེ་ཞེས་བྱ་བའི་ལེའུ་མིང་ཚིགདཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཆ་པར་བཞུགས།
རིགས་ཀྱི་དབྱེ་བའི་དོན་བསྡུས་པ་ཞེས་བྱ་བའི་ལེའུ་མིང་ཚིགརྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་བརྗོད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསང་བ་རྣམ་པར་ཕྱེ་བ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཅ་པར་བཞུགས།
རིགས་ཀྱི་བདག་པོ་མིང་ཚིགགསང་སྔགས་རྒྱུད་སྡེ་སོ་སོའི་ལྷ་གཙོ་བོ།
རིགས་ཀྱི་བུ་མིང་ཚིགསློབ་དཔོན་གྱིས་རང་གི་སློབ་མ་རྣམས་ལ་འབོད་པའི་གཅེས་མིང༌།
རིགས་ཀྱི་བུ་མོ་མིང་ཚིགསློབ་དཔོན་གྱིས་རང་གི་སློབ་མ་མོ་རྣམས་ལ་འབོད་པའི་གཅེས་མིང༌།
རིགས་ཀྱི་མ་མིང་ཚིགཆུང་མ་སྟེ། རང་གི་ཁུར་རིགས་རྒྱུད་སྤེལ་བ་ཡིན་པས་ནའོ། །
རིགས་ཀྱི་མཚན་ཉིད་ཀྱི་གནས་སྐབས་བཞི་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། རྣམ་པར་མ་དག་པའི་གནས་སྐབས་ནི། མཚན་མ་ཐམས་ཅད་ལ་ཡང་དག་པར་རྗེས་སུ་སོང་བའི་ཕྱིར་ནམ་མཁའ་ལྟ་བུ་ཡིན་ནོ། །རྣམ་པར་དག་པའི་གནས་སྐབས་ནི། རོ་གཅིག་པ་དང༌། ལུས་དང་སེམས་དབེན་པ་ཡིན་ནོ། །སོ་སོར་རྟོགས་པའི་གནས་སྐབས་ནི། མཐར་ཐུག་པར་འགྲོ་བའི་རྗེས་སུ་མཐུན་པ་དང༌། ཉོན་མོངས་པའི་རང་བཞིན་ཐམས་ཅད་དང་བྲལ་ཞིང་དྲི་མ་མེད་པ་དང༌། འཇིག་ཚོགས་ལ་ལྟ་བ་ལས་ཡང་དག་པར་འདས་པ་དང༌། དེའི་རྩ་བ་ལས་བྱུང་བ་མི་མཐུན་པར་ལྟ་བའི་རྣམ་པ་ལས་ཡང་དག་པར་འདས་པ་ཡིན་ནོ། །ཡོངས་སུ་གཏུགས་པའི་གནས་སྐབས་ནི། ཡོངས་སུ་གྲུབ་པའི་བདེ་བ་དང༌། འགྱུར་བ་རྣམ་པ་གསུམ་ལས་ཡང་དག་པར་འདས་པ་ཡིན།
རིགས་ཀྱི་འཇིག་རྟེན་དབང་ཕྱུག་སྒྲུབ་པའི་ཐབས་མིང་ཚིགབྲམ་ཟེ་བྷྲྀངྒི་ར་བྲམ་ཟེས་མཛད་པའི་རིགས་ཀྱི་འཇིག་རྟེན་དབང་ཕྱུག་སྒྲུབ་པའི་ཐབས། འཇམ་དཔལ་སྒེག་པས་བསྒྱུར། འདིའི་འཇིག་རྟེན་མགོན་པོའི་སྐོར་རྣམས་བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུ་འདི་རྣམས་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསལ་བར་གསུངས་ཤིང་། ཐབས་ཤེས་རབ་ཀྱི་རྒྱུད་འདིར་གཏོགས་གསལ་བར་མ་གསུངས་ཀྱང་། ཐབས་རྒྱུད་དང་མཐུན་པ་གཙོ་ཆེ་བར་སྣང་བས་འདིར་བཀོད་དོ། །སྡེ་དཀར་དུ་དེ་བཞིན་བུ་སྟོན་གྱི་གསུང་ལ་ཁ་འཕངས་འདུག བསྟན་འགྱུར་རྒྱུད་ཚི་པར་བཞུགས།
རིགས་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་པ་ཞེས་བྱ་བ་མིང་ཚིགཔཎྜི་ཏ་ཆེན་པོ་བི་མ་ལ་ཤྲཱི་བྷ་དྲའི་ཞལ་སྔ་ནས། བྱང་ཆུབ་རིན་ཆེན་གྱིས་བསྐུལ་ནས། ཤུད་ཀེ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར། བཀའ་འགྱུར་རྒྱུད་འབུམ་ཅ་པར་བཞུགས།
རིགས་ཀྱི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་ཀྱི་སྣང་བ་མིང་ཚིགརྗེ་བཙུན་མ་ཧི་མས་མཛད་པའི་རིགས་ཀྱི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་ཀྱི་སྣང་བ། ། རྒྱ་གར་གྱི་མཁན་པོ་དྷརྨཱ་དྷ་ར་དང༌། ལོ་ཙཱ་བ་ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར། བསྟན་འགྱུར་རྒྱུད་ཚི་པར་བཞུགས།
རིགས་ཀྱི་རབ་ཏུ་དབྱེ་བ་བཅུ་གཉིས་མིང་ཚིགའཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། འདོད་པའི་ཁམས་ན་མི་རྣམས་ལ་སྐྱེ་བ་རྣམ་པ་གསུམ། འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་ཡང་སྐྱེ་བ་རྣམ་པ་གསུམ། གཟུགས་ཀྱི་ཁམས་ན་ཡང་སྐྱེ་བ་རྣམ་པ་གསུམ། གཟུགས་མེད་པའི་ཁམས་ན་སྐྱེ་བ་རྣམ་པ་གསུམ།
རིགས་ཀྱི་རྒན་རབས་མིང་ཚིགརིགས་རྒྱུད་གཅིག་པའི་ནང་ནས་ལོ་ན་རྒན་པ།
རིགས་ཀྱི་རྒྱན་རྟགས་ཆས་སུ་བསྙེན་པ་མིང་ཚིགསྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ཡ་གྱལ། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་ཡོ་བྱད་རྫས་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་རང་གཞན་གྱི་དོན་དུ་ཡི་དམ་བདེར་གཤེགས་རིགས་ལྔའི་རྒྱན་དང་རྟགས་ཀྱི་ཁྱད་པར་རྣམས་ཆས་སུ་གསོལ་ཞིང་བརྒྱན་པའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། གཡུང་དྲུང་འཁོར་ལོ་རིན་ཆེན་གཏེར། རིགས་ཀྱི་རྒྱན་རྟགས་ཆས་སུ་བསྙེན། ཞེས་པས། དེ་ཡང་གཡུང་དྲུང་རིགས་ཀྱི་ལྷ་ཚོགས་ལ་རྒྱན་རྟགས་གཡུང་དྲུང་དང་། འཁོར་ལོ་རིགས་ཀྱི་ལྷ་ལ་འཁོར་ལོ་པད་མ་རིགས་ཀྱི་ལྷ་ཚོགས་ལ་པད་མ་རིན་ཆེན་རིགས་ཀྱི་ལྷ་ལ་ནོར་བུའི་རྒྱན་རྟགས་བཅས། ཡི་དམ་གྱི་ལྷ་རང་རང་དང་མཐུན་པར་རྒྱན་དང་རྟགས་རྣམས་ཆས་སུ་བརྒྱན་པར་མཛད་པའི་དོན་ནོ། །དེ་ལ་ཡང་ནང་གི་རྫས་སུ་བསྙེན་པ་ཞེས་བྱ་བ་ནི། ནང་ཡི་དམ་ལྷ་ཡི་ཆས་ཡིན་པས་ལོག་ལྟ་ཅན་དང་གསང་སྔགས་ཀྱི་བོན་སྡེ་འདིའི་དབང་ལུང་མེད་པའི་སྐྱེ་བོ་རྣམས་ལ་མི་སྨྲ་མི་སྟོན་པར་གསང་ནས་སྤྱད་དགོས་པའི་དོན་ཡིན་ནོ། །
རིགས་ཀྱི་རྣམ་གྲངས་མིང་ཚིགམདོ། ཕར་ཕྱིན། སྤྱིར་རིགས་ཙམ་གྱི་རྣམ་གྲངས་ལ་རིགས་དང། ཁམས་དང་། ས་བོན་དང། ཉེེར་གནས་དང། སྔོན་འགྲོ་ཞེས་ལྔ་དང་ལྡན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །
རིགས་ཀྱི་ས་མིང་ཚིགདད་པ་ཤིན་ཏུ་ཆེ་བའི་ས་འཇིག་རྟེན་གྱི་ཆོས་ཀྱི་མཆོག་ལ་ཆོས་དང་གང་ཟག་ལ་བདག་མེད་པར་བཟོད་པ་ཐོབ་པས་བྱང་ཆུབ་གསུམ་ཐོབ་པའི་རིགས་དང་ལྡན་པས་ན་རིགས་ཀྱི་ས་ཞེས་བྱའོ། །
རིགས་ཀྱི་ས་མིང་ཚིགཉན་ཐོས་ཀྱི་སྦྱོར་ལམ་སྟེ། རང་གི་རིགས་ལ་མི་འཁྲུལ་བ་དེ་ནས་ཐོབ་པའི་ལམ། དམན་པ་ས་བརྒྱད་ཀྱི་ནང་ཚན་ཞིག
རིགས་ཀྱི་སེམས་དཔའ་བཞི་མིང་ཚིགབོན། ཀུན་དབྱིངས་དཀྱིལ་འཁོར་ཕོ་བྲང་གི་ནང་སྒོ་བཞི་ལ་བཞུགས་པའི་སེམས་དཔའ་བཞི་ཡིན་ཏེ། གཟི་བརྗིད་པོོད་གསུམ་པ་ལས། ནང་སྒོ་ལ་རིགས་ཀྱི་སེམས་དཔའ་བཞི། ཞེས་སོ། །བཞི་ནི། ཡེ་གཤེན་མ་རིག་མུན་སེལ། ཡེ་གཤེན་བྱམས་པ་སྒྲིབ་སེལ། ཡེ་གཤེན་ཉོན་མོངས་དུག་སེལ། ཡེ་གཤེན་དབུལ་འཕོང་ནད་སེལ་དང་བཞིའོ། །དེ་དག་གི་སྐུ་མདོག་ཆ་ལུགས་སོགས་གཟི་བརྗིད་པོད་གསུམ་པ་ལས་གསལ་ཏེ། འདིར་ཡིག་ཚོགས་མང་རྐྱེན་མ་བཀོད་དོ། །
རིགས་ཀྱི་སེམས་དཔའ་སུམ་ཅུ་རྩ་གཉིས་མིང་ཚིགབོན། ཀུན་དབྱིངས་དཀྱིལ་འཁོར་ཕོ་བྲང་གི་བར་འཁྱམས་ལ་གནས་པའི་སེམས་དཔའི་ངོ་བོར་བཞེས་པའི་ལྷ་ཚོགས་ཡིན་ཏེ། གཟི་བརྗིད་པོད་གསུམ་པ་ལས། བར་ཁྱམས་འདོད་ཡོན་གྱི་སྣམ་བུ་ལ་ཞེས་དང་། རིགས་ཀྱི་སེམས་དཔའ་སུམ་ཅུ་རྩ་གཉིས་སྐུ་མདོག་ཁ་དོག་སྣ་ཚོགས་སུ་འབར་བ། ཕྱག་མཚོན་དོན་རྟགས་བརྡ་ཡིས་མཚོན། སྣ་ཚོགས་པད་མའི་གདན་ལ་བརྗིད་པ། ཞེས་སོ། །སོ་གཉིས་ནི། ཡེ་གཤེན་གཡུང་དྲུང་འོད་གསལ། ཡེ་གཤེན་གཡུང་དྲུང་འོད་ལྡན། ཡེ་གཤེན་གཡུང་དྲུང་འོད་འབར། ཡེ་གཤེན་གཡུང་དྲུང་གཙུག་ཕུད། ཡེ་གཤེན་གཡུང་དྲུང་དཔའ་བོ། ཡེ་གཤེན་གཡུང་དྲུང་ལེགས་པ། ཡེ་གཤེན་གཡུང་དྲུང་གྲུབ་པ། ཡེ་གཤེན་གཡུང་དྲུང་འགྱུར་མེད། ཡེ་གཤེན་འཁོར་ལོ་བདེ་རྒྱས། ཡེ་གཤེན་འཁོར་ལོ་བདེ་སྤྱོད། ཡེ་གཤེན་འཁོར་ལོ་བདེ་ལྡན། ཡེ་གཤེན་འཁོར་ལོ་བདེ་མཆོག ཡེ་གཤེན་འཁོར་ལོ་དབང་བསྒྱུར། ཡེ་གཤེན་འཁོར་ལོ་བསྣམས་ལྡན། ཡེ་གཤེན་འཁོར་ལོ་དབང་ཕྱུག། ཡེ་གཤེན་འཁོར་ལོ་རྨད་བྱུང་། ཡེ་གཤེན་པད་མ་འཁྱིལ་བ། ཡེ་གཤེན་པད་མ་འོད་མཛེས། ཡེ་གཤེན་པད་མའི་གཟི་ལྡན། ཡེ་གཤེན་པད་མ་གར་དབང་། ཡེ་གཤེན་པད་མ་དམ་པའི་དཔལ། ཡེ་གཤེན་མེ་ཏོག་སྙིང་པོ། ཡེ་གཤེན་ཨུད་འབར་གཙུག་སྐྱེས། ཡེ་གཤེན་དྲི་མེད་སྐྱོན་བྲལ། ཡེ་གཤེན་འདོད་པ་དགུ་འགྱུར། ཡེ་གཤེན་རིན་ཆེན་འོད་འཕྲོ། ཡེ་གཤེན་རིན་ཆེན་གཙུག་ཕུད། ཡེ་གཤེན་རིན་ཆེན་གཏེར་རྒྱས། ཡེ་གཤེན་ཡིད་བཞིན་འབྱུང་གནས། ཡེ་གཤེན་ཡིད་བཞིན་འདོད་སྤྱོད། ཡེ་གཤེན་ཡིད་བཞིན་གྲུབ་པ། ཡེ་གཤེན་ཡིད་བཞིན་དབང་ཕྱུག་དང་བཅས་སོ་གཉིས་སོ། དེ་དག་ནི་རིགས་རྟགས་བཞི་ལ་སྦྱར་ནས་བསྟན་པ་སྟེ། གཡུང་དྲུང་གི་རིགས་ཅན་བརྒྱད་དང། འཁོར་ལོའི་རིགས་ཅན་བརྒྱད། པད་མའི་རིགས་ཅན་བརྒྱད། རིན་ཆེན་གྱི་རིགས་ཅན་བརྒྱད་དང་བཅས་སོ། །དེ་དག་གི་སྐུ་མདོག་ཆ་ལུགས་སོགས་རྒྱས་པར་གཟི་བརྗིད་པོད་གསུམ་པར་གཟིགས།
རིགས་ཀྱི་སྒོ་ནས་བཏགས་པའི་མཚན་ལྔ་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་འདུས་ལེའུ་དང་པོར་གཏན་ཚིགས་འབྱུང་ཁུངས་ཀྱི་གླེང་གཞིའི་སྐབས་འཁོར་ལྔ་ཕྲག་བཅུ་གསུམ་དུ་ཕྱེ་བའི་ལྔ་ཚན་གཅིག་སྟེ། རིགས་ཐམས་ཅད་པ་དང། གཟུངས་སྔགས་པ་དང། རིག་སྔགས་པ་དང། གསང་སྔགས་པ་དང། རིགས་གསུམ་པ་བཞི་པ་ལྔ་པ་བཅས་ལྔའོ། །ལྔ་པོ་ལམ་ལྔར་གནས་པའི་རྣལ་འབྱོར་པ་དག་ལ་རིགས་ཀྱི་སྒོ་ནས་མཚན་བཏགས་པའོ། །
རིགས་ཀྱི་སྨོན་ལམ་མིང་ཚིགསློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པའི་རིགས་ཀྱི་སྨོན་ལམ། བསྟན་འགྱུར་སྣ་ཚོགས་ཉོ་པར་བཞུགས།
རིགས་ཁམས་མིང་ཚིགདབུ་མ་ཆེན་པོ། ཇོ་ནང་། གཞན་སྟོང་དབུ་མ། ཁམས་ཞེས་པ་རྒྱུའི་དོན་མ་ཡིན་གྱི་མི་གསལ་བའི་ཚུལ་གྱི་གནས་པ་ནི་ཁམས་ཏེ། པདྨ་ངན་པའི་ནང་ན་སངས་རྒྱས་ཀྱི་སྐུ་གནས་པ་དང་། སྦྲང་མའི་དབུས་ན་སྦྲང་རྩི་གནས་པ་དང་། སྤུན་པའི་ནང་ན་སྙིང་པོ་གནས་པ་དང་། མི་གཙང་བའི་ནང་ན་གསེར་གནས་པ་དང་། སའི་འོག་ཏུ་གཏེར་གནས་པ་དང་། མྱུ་གུ་ལ་འབྲས་བུའི་ནུས་པ་གནས་པ་དང་། གོས་ཧྲུལ་གྱི་ནང་ན་རྒྱལ་བའི་གསེར་སྐུ་ལྟ་བུ་གནས་པ་དང་། བུད་མེད་ངན་མའི་ལྟོ་བ་ན་མི་བདག་འཁོར་ལོས་སྒྱུར་རྒྱལ་གནས་པ་དང་། ས་ལ་རིན་པོ་ཆེའི་གཟུགས་གནས་པ་སྟེ། དཔེ་དགུ་དང་དོན་དགུ་པོ་དེ་དག་ངོ་བོ་དངོས་གནས་སུ་ཡོད་པ་ལ་ཕྱི་ནས་གཞན་གྱིས་བསྒྲིབས་ཏེ་མི་གསལ་བའི་ཚུལ་གྱི་གནས་པ་ལྟར་སེམས་ཅན་རྣམས་ལ་ཡང་ཆོས་སྐུ་དེ་བཞིན་ཉིད་དེ་ཉོན་མོངས་སོགས་གློ་བུར་གྱི་དྲི་མས་བསྒྲིབས་ཏེ་མི་གསལ་བའི་ཚུལ་གྱི་གནས་པ་ཁམས་ཀྱི་དོན་ནོ། །
རིགས་ཁྱད་པར་གསུམ་ལྡན་མིང་ཚིགདབུ་མ་ཆེན་པོ། ཇོ་ནང་། གཞན་སྟོང་དབུ་མ། རྣལ་འབྱོར་གྱི་བློ་ལ་སྣང་ཚུལ་དང་བསྟུན་ནས། དབྱིངས་དེ་སངས་རྒྱས་ཀྱི་རིགས་དང་རྒྱུའི་ཁམས་སུ་ཡང་རྣམ་པར་བཞག་གོ ། དེ་ཡང་ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་འོང་བ། ཆོས་ཉིད་ཀྱིས་ཐོབ་པ། སྐྱེ་མཆེད་དྲུག་གི་ཁྱད་པར་དེ་འདྲ་བ་ཞེས་ཁྱད་པར་གསུམ་ལྡན་གྱི་རིགས་བྱང་སར་གསུངས་སོ། །
རིགས་གཅིག་མིང་ཚིགརིགས་རུས་གཅིག་པ་སྟེ།ཆོལ་ཁ་གསུམ་གྱི་མི་ཡོད་དོ་ཅོག་རིགས་གཅིག་རེད་ཅེས་པ་ལྟ་བུ།
རིགས་གཅིག་མིང་ཚིགའདྲ་བའམ་མཐུན་པ་སྟེ།དེབ་འདི་ཚང་མ་རིགས་གཅིག་རེད་ཅེས་པ་ལྟ་བུ།
རིགས་གཅིག་མིང་ཚིགཁག་ཅིག་སྟེ།རིགས་གཅིག་གིས་ག་དུས་ཡིན་ནའང་བསྟན་བཤིག་སློང་གི་འདུག་ཅེས་པ་ལྟ་བུ།
རིགས་གཅིག་པ་མིང་ཚིགརིགས་ཀྱི་སྒོ་ནས་ཁ་ཁ་སོ་སོ་བ་མ་ཡིན་པ་སྟེ། གསེར་བུམ་དང་ཟངས་བུམ་གཉིས་ལྟ་བུའོ། །
རིགས་གཅིག་པ་གཉིས་མིང་ཚིགལྡོག་པ་རིགས་གཅིག་པ་དང༌། རྫས་རིགས་གཅིག་པ་སྟེ་གཉིས་སོ། །
རིགས་གཉིས་པ་མིང་ཚིགདྲེལ་ཏེ། ཕ་མ་རིགས་གཉིས་ཡིན་པས་ནའོ། །
རིགས་གཉིས་པའི་ལེའུ་མིང་ཚིགམཛངས་བླུན་ཞེས་བྱ་བའི་མདོའི་སྡེ་ཚན ཞིག བཀའ་འགྱུར་མདོ་སྡེ་ཨ་པར་བཞུགས།
རིགས་གཏེར་གྱི་རྒྱུའི་ཁྱད་ཆོས་མིང་ཚིགཆོས་རྗེ་དེ་ཉིད་ཀྱི་ཞལ་ནས། སྐྱེ་བ་གཞན་དུ་སྦྱངས་པ་དང་། །མཁས་པ་དུ་མ་བསྟེན་པ་དང་། །རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས། །ཤེས་བྱ་ཀུན་ལ་འཇིགས་མེད་ཐོབ། །ཞེས་གསུངས་པ་ལྟར་རྒྱུ་གསུམ་ལས། དང་པོ་སྐྱེ་བ་གཞན་དུ་སྦྱངས་པ་ནི། ས་སྐྱར་ཆོས་གསུངས་པའི་ནམ་མཁར་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས། ཁྱོད་མི་ནས་མིར་གྱུར་པའི་སྐྱེ་བ་ཉི་ཤུ་རྩ་བདུན་གྱི་བར་དུ་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏར་གྱུར་ཅིང་དེའི་བར་གྱི་བླ་མ་ང་ཡིན་ཞེས་སྒྲ་གྲགས་པ་དང་། ཕྱིས་སྐྱ་བོ་ཁ་གདངས་སུ་སྐྱེ་བ་ཉེར་ལྔའི་བར་གྱི་བླ་མ་ཡིན་ཞེས་པའི་སྒྲ་གྲགས་ཞེས་གསུངས་པའི་ཕྱིར། དོན་དེ་ཉིད་བསྟོད་པའི་ཚིག་ལས་ཀྱང་འབྱུང་ངོ་། །གཉིས་པ་མཁས་པ་དུ་མ་བསྟེན་པ་ནི། སྔར་བཤད་པ་ལྟར་དཔལ་ལྡན་ཆོས་ཀྱི་གྲགས་པ་ནས་བཟུང་སྟེ། ནང་པའི་པཎྜི་ཏ་བར་མ་ཆད་པའི་མན་ངག་མངའ་བ། ཁ་ཆེ་པཎ་ཆེན་དཔོན་སློབ་ལས་རྟོག་གེའི་གཞུང་ལུགས་རྣམས་གསན་པའོ། །གསུམ་པ་རྣམ་པར་དཔྱོད་པའི་བློ་གྲོས་ནི། རྗེ་བཙུན་རིན་པོ་ཆེ་ལ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཞུས་པའི་དུས་སུ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འཇམ་པའི་དབྱངས་སུ་གཟིགས་པས་ཆོས་ཐམས་ཅད་ཀྱི་གནད་ཕྱིན་ཅི་མ་ལོག་པར་གོ་བ་དང་། ཏིང་ངེ་འཛིན་དང་རྟོགས་པ་བསམ་གྱིས་མི་ཁྱབ་པ་བརྙེས་པ་དང་། རྒྱ་བོད་ཀྱི་རྒྱལ་པོ་དྲེགས་པ་ཅན་རྣམས་ཀྱང་འདུད་པ་ལ་སོགས་པ་ཆོས་དང་འཇིག་རྟེན་གྱི་དགེ་ལེགས་ཐམས་ཅད་ལྷུན་གྱིས་གྲུབ་ཅེས་གསུངས་ཤིང་། འདི་ཉིད་བསྟོད་པའི་ཚིག་ལས་ཀྱང་འབྱུང་ངོ་། །ཞེས་ཀུན་མཁྱེན་གོ་རམས་པའི་སྡེ་བདུན་རབ་གསལ་ལས་སོ། །
རིགས་གཏེར་མཆན་འགྲེལ་མིང་ཚིགདུས་རབས་བཅུ་དགུ་པར་ཁམས་སྡེ་དགེ་འཇམ་དབྱངས་བློ་གཏེར་དབང་པོས་མཛད་པའི་རིགས་གཏེར་གྱི་མཆན་འགྲེལ་ཞིག་སྟེ། མཚན་བྱང་ཆ་ཚང་ལ་ཚད་མ་རིགས་པའི་གཏེར་གྱི་མཆན་འགྲེལ་སྡེ་བདུན་གསལ་བའི་སྒྲོན་མེ་ཞེས་ཟེར།
རིགས་གནས་རིགས་སྐྱེ་མིང་ཚིགམདོ། ཕར་ཕྱིན། འདོད་པ་ལ་འདུན་པའི་ཉོན་མོངས་གསུམ་པ་སྤངས་ཤིང། ལྔ་པ་མ་སྤངས་པའི་སྒོ་ནས་རྒྱུན་ཞུགས་ཀྱི་རྟེན་ལ་འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་གཉིས་སམ་གསུམ་ལེན་པར་ངེས་བཞི་མི་ལེན་པར་ངེས་པ་ཡང་ཡིན། ཚེ་དེ་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པའི་རྒྱུན་ཞུགས་ཀྱང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཉན་ཐོས་སུ་དམིགས་པ། རིགས་གནས་རིགས་སྐྱེའི་མཚན་ཉིད་ཡིན། དེ་ཡང་སྤངས་པའི་ཁྱད་པར་འདོད་པ་ལ་འདུན་པའི་ཉོན་མོངས་གསུམ་པ་ངེས་པར་སྤངས་པ་གཅིག་དགོས་ཏེ། དེ་མ་སྤངས་ན་འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་བཞི་ལ་སོགས་པ་ལེན་སྲིད་པའི་སྒོ་ནས་སྐྱེ་བའི་ཁྱད་པར་མི་གྲུབ་པའི་ཕྱིར། བཞི་པ་སྤངས་པ་ཡང་སྲིད། མ་སྤངས་པ་ཡང་སྲིད། ལྔ་པ་མ་སྤངས་པ་ཞིག་དགོས་ཏེ། དེ་སྤངས་ན་ཚེ་དེ་ལ་དྲུག་པ་སྤངས་པའི་སྒོ་ནས་ཕྱིར་འོང་གི་འབྲས་བུ་མངོན་དུ་བྱེད་པར་གྱུར་ལ། དེ་ལྟར་ན་རིགས་ནས་རིགས་སྐྱེ་བའི་དོན་མི་གནས་པར་འགྱུར་བའི་ཕྱིར། ལྔ་པ་སྤངས་ན་དྲུག་པ་ཚེ་དེ་ལ་སྤངས་པ་ཡང་ཡིན་ཏེ། དྲུག་པ་སྤངས་པས་འབྲས་བུ་གསར་ཐོབ་གཅིག་ཡོད་པར་ཤེས་པའི་སྒོ་ནས་འབད་པས་སྤོང་བར་འགྱུར་ལ། དེ་སྤོང་བ་ལ་འདོད་ཁམས་རིལ་པོ་ལས་འདའ་མི་དགོས་པས་སྤོང་ཡང་ནུས་པའི་ཕྱིར་ཏེ། དེ་ལ་དབྱེ་ན། རྒྱུན་ཞུགས་ལྷའི་རིགས་ནས་རིགས་སྐྱེ་དང། རྒྱུན་ཞུགས་མིའི་རིགས་ནས་རིགས་སྐྱེ་གཉིས་ཡོད། རིགས་གནས་རིགས་སྐྱེ་ཡིན་ན། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་ཡིན་པས་ཁྱབ་པར་འདོད་དོ། །
རིགས་གསུམ་མིང་ཚིགསྔགས། སྐུ་དང་། གསུང་དང་། ཐུགས་ཀྱི་རིགས་སོ། །
རིགས་གསུམ་མིང་ཚིགརྫོགས་ཆེན། ཉི་ཟླ་འབར་བའི་སྒྲོན་མ་ལས། རིགས་ཞེས་པ་གསུམ་སྟེ། གཟུགས་སུ་སྣང་བ་ཐམས་ཅད་སྐུའི་རིགས། གྲགས་པ་ཐམས་ཅད་གསུང་གི་རིགས། དྲན་རྟོག་ཐམས་ཅད་ཐུགས་ཀྱི་རིགས་ཡིན་པས་ན་རིགས་ཞེས་བྱའོ། །ཞེས་གསུངས་སོ། །
རིགས་གསུམ་མིང་ཚིགཉན་ཐོས་ཀྱི་རིགས། རང་རྒྱལ་གྱི་རིགས། ཐེག་ཆེན་གྱི་རིགས།
རིགས་གསུམ་མིང་ཚིགདེ་བཞིན་གཤེགས་པའི་རིགས། རྡོ་རྗེའི་རིགས། པདྨའི་རིགས།
རིགས་གསུམ་མིང་ཚིགམདོ། སངས་རྒྱས་ཀྱི་རིགས། ཆོས་ཀྱི་རིགས། དགེ་འདུན་གྱི་རིགས།
རིགས་གསུམ་གཞི་གཅིག་མིང་ཚིགབྱ་དངོས་མ་འདྲ་བ་གསུམ་དངོས་པོ་གཅིག་ཏུ་འདུས་པ།
རིགས་གསུམ་གྱི་བཀྲ་ཤིས་མིང་ཚིགབཀའ་འགྱུར་རྒྱུད་འབུམ་ཝ་པར་བཞུགས།
རིགས་གསུམ་གྱི་བཀྲ་ཤིས་མིང་ཚིགབཀའ་འགྱུར་རྒྱུད་འབུམ་ཝྃ་པར་བཞུགས།
རིགས་གསུམ་གྱི་བཀྲ་ཤིས་མིང་ཚིགརིགས་གསུམ་གྱི་བཀྲ་ཤིས། བསྟན་འགྱུར་སྣ་ཚོགས་ཉོ་པར་བཞུགས།
རིགས་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་བཅད་པ་མིང་ཚིགརིགས་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་བཅད་པ། བསྟན་འགྱུར་སྣ་ཚོགས་ཉོ་པར་བཞུགས།
རིགས་གསུམ་མགོན་པོ་མིང་ཚིགའཇམ་དཔལ་དབྱངས། ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས་ཏེ་སྔགས་ལུགས་བྱ་རྒྱུད་ཀྱི་མགོན་པོ་གསུམ།
རིགས་གསུམ་རྡོ་རྗེ་འཛིན་པའི་ས་མིང་ཚིགསྔགས། བྱ་རྒྱུད་དུ། ལྷའི་སྐུ་གསུང་ཐུགས་དང་མཉམ་པར་སྦྱོར་བས་སྐུའི་རིགས་རྣམ་པར་སྣང་མཛད། གསུང་གི་རིགས་འོད་དཔག་མེད། ཐུགས་ཀྱི་རིགས་རྡོ་རྗེ་མི་སྐྱོད་པ་སྟེ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་མི་ཚེ་བདུན་ན་ཐོབ་པར་འདོད་དོ། །
རིགས་ངན་མིང་ཚིགགནའ་བོའི་རྒྱ་གར་དུ་མིའི་རིགས་བཞི་ལ་དབྱེ་བའི་ནང་གི་ཤིང་ལས་དང། རྡོ་ལས་དང་། ལྕགས་ལས་སོགས་བྱེད་མཁན་གྱི་རིགས། མིང་གི་རྣམ་གྲངས་ལ་གདོལ་པ་དང་གཡུང་པོའོ། །
རིགས་ངན་གྱི་བསྐལ་པ་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། མུན་པའི་བསྐལ་པའི་མིང་གཞན་ཞིག བསྐལ་བ་དེ་ལྟ་བུ་ལ་སངས་རྒྱས་མི་བྱོན་ཞིང་དམ་པའི་ཆོས་མེད་པར་རང་གི་ལས་གཅིག་པུས་འཚོ་ཞིང་ཆོས་དང་ཡ་རབས་ཀྱི་མིང་ཙམ་ཡང་མེད་པར་གསུངས་སོ། །
རིགས་ངན་སོགས་བཤད་པ་མིང་ཚིགའདུལ་བ་ཕྲན་ཚེགས་ཀྱི་གཞིའི་སྡེ་ཚན། འདུལ་བ་ཐ་པར་བཞུགས།
རིགས་ཅན་མིང་ཚིགའཕོ་བའི་བྱེད་པ་བདུན་གྱི་ནང་གསེས་ཤིག
རིགས་ཅན་གསུམ་མིང་ཚིགཉན་ཐོས་ཀྱི་རིགས་ཅན་དང༌། རང་རྒྱལ་གྱི་རིགས་ཅན། ཐེག་ཆེན་གྱི་རིགས་ཅན་ནོ། །
རིགས་ཅན་དྲ་མ་ལྔ་མིང་ཚིགརྙིང་མ། དམ་པའི་རིགས་ཅན་དྲ་མ་ལྔ་དང་དོན་གཅིག་ཡིན།
རིགས་ཅན་བཞི་མིང་ཚིགཉན་ཐོས་ཀྱི་རིགས་ཅན་དང༌། རང་རྒྱལ་གྱི་རིགས་ཅན། ཐེག་ཆེན་གྱི་རིགས་ཅན། མ་ངེས་པའི་རིགས་ཅན་བཅས་བཞིའོ། །
རིགས་ཅན་ཚེ་ཡི་བུ་མིང་ཚིགབཟང་པོའི་བུ་བདུན་གྱི་ནང་གསེས་ཤིག་སྟེ། ཟླ་བའི་སྒང་ཞེས་པ་ཚེས་བཅུ་གཅིག་ནས་ཉི་ཤུའི་བར་གྱི་ཉི་མ་ཤར་བའི་སྣ་ལ་ལྟས་བཟང་དང་བཅས་ཏེ་སྐྱེས་པ་གང་ཞིག བུ་རང་བྱ་བྱེད་བཟང་ཞིང་ཕ་ཡི་རིགས་འཛིན་ནུས་པའི་ཚེ་ཚད་ཡོད་པ་མ་ཟད། ལྷ་འཁོན་མེད་ཅིང་དཔལ་དང་ལྡན་ན། དེ་ལ་རིགས་ཅན་ཚེ་ཡི་བུ་ཞེས་ཟེར་བ་ཡིན།
རིགས་ཅན་ལྔ་མིང་ཚིགཉན་རང་གི་རིགས་ཅན། ཐེག་ཆེན་གྱི་རིགས་ཅན། སོ་སོར་རིགས་ངེས་པའི་རིགས་ཅན། སོ་སོར་རིགས་མ་ངེས་པའི་རིགས་ཅན། སེམས་ཙམ་པ་ལྟར་ན་རྟགས་དྲུག་ལྡན་རིགས་མེད་དོ། །
རིགས་ཆེན་མིང་ཚིགའཕགས་རིགས་ཏེ། རིགས་ཁྱད་དུ་འཕགས་པ་ཡིན་པས་ནའོ། །
རིགས་ཆེན་འབྱེད་པའི་རྣལ་འབྱོར་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། རྣལ་འབྱོར་ལྔའི་ཡ་གྱལ་ཞིག་སྟེ། འཕྲོ་འདུ་གཅིག་པའི་ཏིང་ངེ་འཛིན་ཐོབ་པས་ཡང་དག་པའི་རིགས་སུ་འགྲོ་བའི་ཕྱིར་རིགས་ཆེན་འབྱེད་པའི་རྣལ་འབྱོར་ཞེས་བྱ། འདི་ནི་སྐབས་ལྔའི་གཉིས་པ་འཕགས་པའི་སྐབས་སུ་སྦྱོར་ལམ་ལ་གནས་ཤིང་བསོད་ནམས་གཏེར་གྱི་ས་དང་སྦྱོར་བར་གསུངས། མིང་གཞན་སྤྱོད་པ་རྒྱུན་གྱི་རྣལ་འབྱོར། ཞེས་ཀྱང་བརྗོད་དོ། །
རིགས་ཆེན་འབྱེད་པའི་རྣལ་འབྱོར་པ་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། རྣལ་འབྱོར་ལྔ་ལས་སྦྱོར་ལམ་རིགས་ཆེན་འབྱེད་པའི་རྣལ་འབྱོར་ལ་གནས་པའི་བྱང་སེམས་ཏེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། འཕྲོ་འདུ་གཅིག་པའི་ཏིང་ངེ་འཛིན་ཐོབ་པས་ཡང་དག་པའི་རིགས་སུ་འགྲོ་བའི་ཕྱིར་རིགས་ཆེན་འབྱེད་པའི་རྣལ་འབྱོར་པ། ཞེས་གསུངས། མདོ་དགོངས་པ་འདུས་པར་འཁོར་ལྔ་ཕྲག་བཅུ་གསུམ་གྱི་ནང་གསེས་ཏིང་ངེ་འཛིན་གྱི་སྒོ་ནས་བཏགས་པའི་མཚན་ལྔའི་ཡ་གྱལ་དུ་བརྩིས་འདུག
རིགས་ཉམས་པ་མིང་ཚིགརིགས་རྒྱུད་འཆལ་བའི་དོན།རིགས་ཉམས་པ་ལས་ཆུང་མ་བླངས་ཞེས་པ་ལྟ་བུ།
རིགས་ཐ་དད་པ་མིང་ཚིགརིགས་ཁ་ཁ་སྟེ། གཅིག་པ་མ་ཡིན་པའི་དོན།བོད་རྒྱ་གཉིས་ལྟ་བུའོ། །
རིགས་ཐམས་ཅད་ཀྱི་གསང་བའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་མིང་ཚིགདཔལ་ལྡན་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཇ་པར་བཞུགས།
རིགས་ཐམས་ཅད་ཀྱི་གསང་བའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་མིང་ཚིགདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཉ་པར་བཞུགས།
རིགས་ཐམས་ཅད་ཀྱི་ཐུན་མོང་དུ་བཟླས་པའི་ཆོ་ག་རྒྱས་པ་མིང་ཚིགདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཉ་པར་བཞུགས།
རིགས་ཐམས་ཅད་ཀྱི་ཐུན་མོང་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་མིང་ཚིགདཔལ་ལྡན་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཇ་པར་བཞུགས།
རིགས་ཐམས་ཅད་ཀྱི་ཐུན་མོང་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་མིང་ཚིགདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཉ་པར་བཞུགས།
རིགས་ཐམས་ཅད་ཀྱི་ཕྱག་རྒྱའི་རྒྱུད་མིང་ཚིགདཔལ་མཆོག་དང་པོའི་སྔགས་ཀྱི་རྟོག་པའི་དུམ་བུ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཏ་པར་བཞུགས།
རིགས་ཐམས་ཅད་ཀྱི་བདག་པོ་གཙོ་བོ་གཅིག་པུ་མིང་ཚིགགསང་ཆེན་རིགས་གཅིག་རྡོ་རྗེ་འཆང་ངོ༌། །
རིགས་ཐམས་ཅད་ཀྱི་རྟོག་པ་གསང་བའི་ཆོ་ག་རྒྱས་པའི་རྒྱུད་མིང་ཚིགདཔལ་ལྡན་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཇ་པར་བཞུགས།
རིགས་ཐམས་ཅད་ཀྱི་རྟོག་པ་གསང་བའི་ཆོ་ག་རྒྱས་པའི་རྒྱུད་མིང་ཚིགདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཉ་པར་བཞུགས།
རིགས་ཐམས་ཅད་པ་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། ཚོགས་ལམ་ལ་གནས་པའི་བྱང་སེམས་ཏེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། འགྱུར་དབང་མ་ངེས་པའི་ས་པ་ས་བོན་ནམ་རས་བལ་དང་འདྲ་བར་དོན་ལ་ངེས་པ་མ་རྙེད་པས་གང་དུའང་འགྱུར་དུ་བཏུབ་པའི་ཕྱིར་རིགས་ཐམས་ཅད་པ་དང༌། ཞེས་གསུངས། མདོ་དགོངས་པ་འདུས་པར་འཁོར་ལྔ་ཕྲག་བཅུ་གསུམ་གྱི་ནང་གསེས་རིགས་ཀྱི་སྒོ་ནས་བཏགས་པའི་མཚན་ལྔའི་ཡ་གྱལ་དུ་བརྩིས་འདུག །
རིགས་ཐམས་ཅད་རྟོགས་པའི་གསང་བ་ཐོགས་པ་མེད་ཅིང་གདོན་མི་ཟ་བའི་དེ་ཁོ་ན་ཉིད་ཀྱི་བདེན་པ་མྱུར་དུ་མཆོག་གི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་མིང་ཚིགདཔལ་མཆོག་དང་པོའི་སྔགས་ཀྱི་རྟོག་པའི་དུམ་བུ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཏ་པར་བཞུགས།
རིགས་ཐིགས་མིང་ཚིགརྒྱ་གར་གྱི་དཔལ་ནལེནྡྲའི་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མའི་བསྟན་བཅོས་བདུན་གྱི་ནང་གསེས་ཀྱི་ལུས་ལྟ་བུའི་བསྟན་བཅོས། རྒྱས་འབྲིང་བསྡུས་གསུམ་ཡོད་པའི་ནང་གི་བསྡུས་པ་ཡིན། ཇོ་ནང་ཏཱ་ར་ནཱ་ཐས་རྒྱ་གར་ཆོས་འབྱུང་དུ་སློབ་དཔོན་འདི་སྲོང་བཙན་སྒམ་པོ་དང་དུས་ཐོག་གཅིག་པ་ཡིན་པར་བཤད།
རིགས་ཐིགས་འགྲེལ་པ་མིང་ཚིགཚད་མ་སྡེ་བདུན་གྱི་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་གྱི་ནང་ཚན་རིགས་ཐིགས་ཀྱི་དོན་གསལ་བོར་བཀྲལ་བའི་གཞུང་ལུགས་སྤྱིའི་མིང་།
རིགས་དབོན་ཀུན་དགའ་རྒྱལ་མཚན་མིང་ཚིགའབའ་རའི་དངོས་སློབ་རིགས་དབོན་ཀུན་དགའ་རྒྱལ་མཚན་མཆོག་ནི། འབའ་རའི་གདན་སར་ཡང་བཞུགས་ཤིང་། ལྷག་པར་ཡུམ་བཞེས་ནས་རྒྱུད་འཛིན་མཛད་པས་ཆབ་རྫོང་རང་དུ་ཕལ་ཆེར་བཞུགས་ནས་ལུགས་གཉིས་ཀྱི་སྒོ་ནས་འགྲོ་དོན་མཛད་པ་ཡིན་ནོ། །
རིགས་དབོན་བྱང་ཆུབ་གཞོན་ནུ་མིང་ཚིགའཁྲུངས་ཡུལ་ཀྱེ་ལ་ཁ། ཡབ་ཀྱེ་ལ་སངས་མགོན་ལ་སྲས་གཉིས་ཡོད་པའི་ཆེ་བ་སངས་རྒྱས་དཔལ་དང༌། ཆུང་བ་བྱང་ཆུབ་གཞོན་ནུ་སྟེ། རབ་བྱུང་བཞི་པའི་ཤིང་སྟག་ཕྱི་ལོ་ ༡༢༥༤ ལ་སྐུ་འཁྲུངས། ལུས་མེད་རྡོ་རྗེའི་མདུན་དུ་རབ་ཏུ་བྱུང༌། མཚན་བྱང་ཆུབ་གཞོན་ནུ་གསོལ། འབའ་རོམ་ནས་བརྒྱུད་པའི་ཆོས་ཡོད་དགུ་ཅོག་རྣམས་ལ་གསན་བཞེས་རྒྱ་ཆེར་མཛད། ཁྱད་པར་ཟབ་ལམ་ནཱ་རོ་ཆོས་དྲུག བསྲེ་འཕོ་གནད་ཀྱི་མཚམས་སྦྱོར། གྲོལ་ལམ་ཕྱག་རྒྱ་ཆེན་པོ་ལ་ཉམས་ལེན་རྩེ་གཅིག་ཏུ་མཛད་པས་ཉམས་རྟོགས་ཡོན་ཏན་མཐའ་ཡས། གསེར་གདུང་ཆེན་མོའི་གཡོན་ངོས་སུ་གདུང་འབུམ་དང༌། ལྷ་ཁང་འབུམ་ཆུང་བྱ་བ་སུམ་བརྩེགས་ཅན། ཐུབ་པའི་གསེར་སྐུ་ཆེན་མོ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མཆོད་བསམ་ལས་འདས་པ་བཞེངས། དེ་ནས་མགོ་རུའི་ཡེབ་ཏི་ཕུག་ཏུ་སྙིང་པོའི་རྣལ་འབྱོར་ལ་ཐུགས་གཞོལ་ནས་སྒྲུབ་པ་རྩེ་གཅིག་ཏུ་མཛད་པ་ལས། དུས་རེས་ཤིག་གི་ཚེ་ལྷ་ཆེན་ཚུལ་ཁྲིམས་སེང་གེས་གཙོར་མཛད་རས་ཚང་སྒོམ་སྡེའི་མི་སྣ་ཆེ་བ་རྣམས་དང༌། སྐུ་འཁོར་ཚང་མ་དེར་ཕེབས་ནས་བླ་མ་རིན་པོ་ཆེ་ཉིད་ནང་སོ་ཆེན་མོའི་ཁྲིར་ཕེབས་ནས་བསྟན་དགོན་གྱི་འཛིན་སྐྱོང་སྤེལ་གསུམ་ཆོས་སྲིད་ཟུང་འབྲེལ་གྱི་ཕྱག་བཞེས་མ་ཉམས་པའི་མཛད་བཟང་རྒྱུན་འཁྱོང་གི་ཞུ་བ་ནན་ཆེར་ཕུལ་བས། དེར་ལྷ་ཆེན་པོ་ཉིད་ཀྱི་བཀའ་མི་གཅོག་པའི་ཕྱིར་དེ་ལྟར་བྱ་གསུངས་ནས་ཕྱིར་གདན་སར་ཕེབས། གནས་དྲུག་ལྷ་མིའི་བསུ་བ་དཔེ་མེད་དང་བསྙེན་བཀུར་གྱིས་ནང་སོ་ཆེན་མོའི་གཙུག་རྒྱན་དུ་མངའ་གསོལ། དེ་ནས་གདན་ས་མཛད་ཅིང་གྲྭ་པ་བསྐྱངས་ནས་སྨིན་གྲོལ་གྱི་ཆོས་འཁོར་བསྐོར། གནས་དྲུག་པའི་མངའ་འབངས་བྱམས་བརྩེས་སྐྱོང་བ་སོགས་རྒྱལ་བའི་སྲས་ཀྱི་མཛད་པ་ཇི་བཞིན་པ་ཁོ་ནར་སློབ་རུང༌། འགའ་ཞིག་དྲེགས་པས་སྙེམས་ཤིང་ཕྲག་དོག་པའི་རྣམ་འགྱུར་བྱུང་བར་བརྟེན། མ་ཀི་དིལ་འབུལ་གྱི་མགོ་རུ་ཚང་མང་གསར་པ་ཞིག་བྱ་དགོས་གསུངས་ནས་གཟིམས་ཁང་གསར་པ་མཛད་དེ་ལྷ་ཁང་དང་བྲང་ཁང་སོགས་བཀོད་པ་བསམ་ལས་འདས་པ་བསྐྲུན། གོང་དུ་ནང་སོ་ཆེན་མོ་ལྷ་ཁང་གི་ཚུལ་དུ་བཞུགས་སུ་གསོལ་ཞིང༌། འགྲོ་དོན་བསམ་མི་ཁྱབ་པར་མཛད། དགུང་ལོ་བདུན་ཅུ་ཐམ་པ་རབ་བྱུང་ལྔ་པའི་ཆུ་ཕག་ཕྱི་ལོ་ ༡༣༢༣ས་ཟླའི་ཚེས་བཞི་ལ་གདན་ས་སྐུ་འབུམ་དུ་གཤེགས། སློབ་ཚོགས་ཀྱང་མང་དུ་མཆིས་པ་ལས་གཙོ་ཆེ་བ། རིགས་དབོན་གྲགས་བྱང་བ་དང་གྲགས་ཚུལ་བ་གཉིས། སྟོང་ནག་རས་པ་བློ་གྲོས་རྡོ་རྗེ་སོགས་བྱོན་པའོ། །
རིགས་དམན་མིང་ཚིགསྔ་དུས་རྒྱ་གར་དུ་མིའི་རིགས་བཞི་ལ་བཀར་བའི་ནང་གི་རིགས་དམན་ཤོས་ཏེ། གདོལ་བའི་རིགས་ཀྱང་ཟེར། རྡོ་ལས་དང་། ས་ལས་དང་། ལྕགས་ལས་དང་། ཤིང་ལས་དང་། བཤན་པའི་ལས་ཀ་སོགས་བྱེད་མཁན་ཡིན།
རིགས་དམའ་བར་འགྱུར་བའི་ཆོས་བཅུ་མིང་ཚིགལས་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ། ཁེངས་པ། ངའོ་སྙམ་པའི་ང་རྒྱལ། མར་མི་ཤེས་པ། ཕར་མི་ཤེས་པ། དགེ་སྦྱོང་དུ་མི་ཤེས་པ། བྲམ་ཟེར་མི་ཤེས་པ། ཁྱིམ་གྱི་གཙོ་བོ་ལ་རིམ་གྲོ་མི་བྱེད་པ། ཕ་མ་ལ་མི་ལྡང་བ། འཕགས་པ་རྣམས་ལ་མི་ལྡང་བ། རིགས་དམའ་བར་སྐྱེས་པའི་གང་ཟག་རྣམས་ལ་དབང་ཟ་བའོ། །
རིགས་དྲུག་གནས་མིང་ཚིགའཁོར་བ་རིགས་དྲུག་གི་གནས་ཏེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ནས། རྔ་ཡབ་སྲིན་པོ་གཞན་རྣམས་མི་ཡི་གནས། །དམྱལ་བ་ཡི་དྭགས་གནས་ནི་ས་ཡི་འོག ། དུད་འགྲོ་བྱིངས་རྣམས་རྒྱ་མཚོ་ཆེན་པོར་ཏེ། །ལྷ་མིན་རི་རབ་ཁོང་གསེང་ཆུ་མཚམས་མན། །རྒྱལ་ཆེན་རིས་བཞི་ལྷུན་པོའི་བང་རིམ་གཙོ། །ཡན་ལག་ཁ་འཐོར་གནས་ལ་ངེས་པ་མེད། །ཅེས་གསུངས་པ་ལྟ་བུའོ། །
རིགས་དྲུག་གི་དམ་ཚིག་མིང་ཚིགསྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། དམིགས་མེད་ཀྱི་སྙིང་རྗེ་དང་། དོན་དམ་རིག་པའི་ཡེ་ཤེས་ཀྱི་སྟོང་ཉིད་གཅིག་ཏུ་འདྲེས་པ་སྒོམ་པ་རྡོར་སེམས་ལ་སྦྱོར་རོ། །སེམས་ཅན་དང་། ཆོས་ལ་དམིགས་པའི་སྙིང་རྗེས་ཀུན་ནས་བསླངས་བའི་བྱང་སེམས་དང་ཀུན་རྫོབ་སྤྲོས་བྲལ་གྱི་སྟོང་ཉིད་སྒོམ་པ་དང་། ཕྱག་རྒྱ་སྐུའི་དམ་ཚིག་རང་དང་སྣང་བ་ལྷ་སྐུར་བསྒོམ་པ་ཡིན། སློབ་དཔོན་གྱི་དམ་ཚིག་བླ་མ་ལ་མཆོག་ཏུ་གུས་པའི་སྒོ་ནས་བླ་མ་མཉེས་པར་བྱེད་པ་སྟེ། བཞི་པོ་དེ་མི་བསྐྱོད་པའི་རིགས་ཀྱི་དམ་ཚིག་ཡིན་ནོ། །རིན་པོ་ཆེའི་རིགས་ཀྱི་དམ་ཚིག་ལ། རིན་ཆེན་ལྕགས་ཟངས་བ་ལང་རྟ། །གླང་པོ་བུ་མོ་ཡུལ་འཁོར་དང་། །འདོོད་པའི་ཆུང་མ་རང་གི་ཤ། །སྦྱིན་པ་རྣམ་པ་བཅུ་རུ་འདོོད། །ཞེས་གསུངས་པ་མཚོན་བྱེད་དེ། ཟང་ཟིང་གི་སྦྱིན་པ་དུས་གསུམ་དུ་སྦྱིན་པར་འདོད་པའི་སེམས་དང་མ་བྲལ་བ་དང་། དངོས་སུ་ཡང་སྐབས་སུ་བབ་ན་ཅི་ནུས་སྦྱིན་པ་ཡིན། འཁོར་ལོའི་རིགས་ལ་བཟའ་བཏུང་ཐམས་ཅད་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་རློབ་པ་དང་། ཡོད་ན་དམ་རྫས་ཀྱི་རིལ་བུ་བརྟེན་ཅིང་། དུས་ཁྱད་པར་གྱི་དམ་ཚིག་དཔའ་བོའི་སྟོོན་མོ་སོགས་བྱེད་པའོ། །ལས་ཀྱི་རིགས་ཀྱི་དམ་ཚིག་ནི་བླ་མ་དང་། ཡི་དམ་དང་། དཀོན་མཆོག་གསུམ་སྤྱི་རྣམས་མཆོད་པ་ཡིན་ལ། བླ་མ་མཆོད་པ་ནི་རྡོ་རྗེ་དང་ལས་གཉིས་ཀར་དུ་གཏོགས་པར་བྱའོ། །པདྨའི་རིགས་ཀྱི་དམ་ཚིག་ནི། ནུས་པ་རྙེད་ན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱས་ཐིག་ལེ་འཆིང་དགོས་པ་ཡིན་ལ། ལས་དང་པོ་པས་ཀྱང་ཀུན་ད་ལྟ་བུ་ཅི་ནུས་སུ་སྲུང་བའོ། །ངེས་དོན་རྫོགས་རིམ་གྱི་དམ་ཚིག་ནི། རྡོ་རྗེ་སེམས་དཔའི་རིགས་ལ་མི་འགྱུར་བའི་བདེ་བ་དང་རྣམ་ཀུན་མཆོག་ལྡན་ཟུང་འཇུག་སྒོམ་པ། མི་བསྐྱོད་པའི་རིགས་ལ་རྡོོ་རྗེ་ཐུགས་ཀྱི་དམ་ཚིག་མི་འགྱུར་བའི་བདེ་བ་དང་། དྲིལ་བུ་གསུང་གི་དམ་ཚིག་ངག་གཞོམ་མེད་ཀྱི་སྒྲ་དང་། ཕྱག་རྒྱ་སྐུའི་དམ་ཚིག་ལུས་སྟོང་གཟུགས་སུ་འཆར་བར་བྱེད་པ་ལ་བསླབ། སློབ་དཔོན་གྱི་དམ་ཚིག་ནི། བླ་མ་ལ་མཆོག་ཏུ་གུས་པའི་སྒོ་ནས་བླ་མ་མཉེས་པར་བྱེད་པའོ། །རིན་ཆེན་རིགས་ཀྱི་དམ་ཚིག་ནི། རླུང་བཅུ་དབུ་མར་བཅིངས་པ་དང་། རྣམ་སྣང་རིགས་ཀྱི་དམ་ཚིག་ནི། ཕུང་པོ་ལྔའི་དྭངས་མ་དང་། དབང་པོ་ལྔའི་དྭངས་མ་འཛག་མེད་དུ་བྱེད་པ་དང་། དོན་ཡོད་རིགས་ལ་དྲོད་དང་རྗེས་ཆགས་ཀྱིས་གཏུམ་མོ་འབར་བས། ཐིག་ལེ་ཞུ་བ་དང་ལྡོག་སྟེ་བདེ་བའི་ཕུང་ཁམས་དབང་ཡུལ་ཚིམས་པར་བྱེད་པ་དང་། འོད་དཔག་མེད་ཀྱི་རིགས་ལ། སྟོང་གཟུགས་ཕྱག་ཆེན་ལ་བརྟེན་ནས་ཞུ་བདེ་འགྱུར་མེད་དུ་སྒྲུབ་པ་རྣམས་ཡིན་ནོོ། །
རིགས་དྲུག་གི་མཐོང་ཚུལ་མིང་ཚིགམདོ། དབུ་མ། སློབ་དཔོན་(ཟླ་བ་གྲགས་པ་)འདིས་ནི་ཀུན་རྫོབ་བདེན་པ་ལ་ཐ་སྙད་ལ་ལྟོས་ནས་བདེན་བརྫུན་གཉིས་སུ་ཡུལ་ལ་ཕྱེ་བའི་ཚེ་ཡུལ་ཅན་ལ་ཡང་དེ་ལྟར་ཕྱེ་བས་སྤྱིར་རིགས་དྲུག་གང་རུང་གཅིག་གི་ཐ་སྙད་གཞིར་བཞག་པའི་ཚེ་དེའི་ཡུལ་ཡུལ་ཅན་གཉིས་ཀའང་ཐ་སྙད་དུ་བདེན་ལ། གཞི་དེར་གཞན་ལྔའི་མཐོང་ཚུལ་ཡུལ་ཡུལ་ཅན་གཉིས་ཀ་ཡང་ཐ་སྙད་དུ་མེད་པ་རྣམ་པར་གཞག་གོ ། འདིར་ནི་སྟོན་པ་རྫོགས་པའི་སངས་རྒྱས་འཛམ་བུའི་གླིང་དུ་སངས་རྒྱས་པའི་ཚུལ་བསྟན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བཀའ་བསྡུ་བ་དང་། དགོངས་འགྲེལ་གྱི་བསྟན་བཅོས་རྩོམ་པ་ཐམས་ཅད་མིའི་རྟེན་ལ་མཛད་པས། མིའི་མཐོང་ཚུལ་ལ་ཐ་སྙད་དུ་བདེན་པ་དང་། གཞི་དེ་ཉིད་དུ་འགྲོ་བ་གཞན་གྱི་མཐོང་ཚུལ་ལ་མི་བདེན་པའི་རྣམ་བཞག་མཛད་པས། ཆུ་འབབ་པའི་ཀླུང་ལ་ཆུ་དང་། དེའི་ཡུལ་ཅན་གཉིས་ཀ་ཐ་སྙད་ལ་ལྟོས་ནས་བདེན་པ་དང་། རྣག་ལ་སོགས་པའི་མཐོང་ཚུལ་གཞན་རྣམས་ནི་ཡུལ་ཡུལ་ཅན་གཉིས་ཀ་ཐ་སྙད་དུ་ཡང་མི་བདེན་པར་བཞག་པ་ནི་གནད་ཀྱི་དོན་ནོ། །སྟོན་པས་རིགས་དྲུག་སོ་སོའི་སྐད་དུ་ཆོས་སྟོན་པ་ཡོད་ཀྱང་ད་ལྟར་གྱི་བསྟན་པ་འདི་གང་གི་དབང་དུ་བྱས་པ་དང་། གཞི་སོ་སོའི་མཐོང་ཚུལ་མིའི་དབང་དུ་བྱས་ནས་ཀྱང་ཐ་སྙད་དུ་བདེན་བརྫུན་གྱི་རྣམ་དབྱེ་བྱེད་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། །
རིགས་དྲུག་གི་འཁོར་ལོས་སྒྱུར་བའི་བཀའི་ལེའུ་མིང་ཚིགམངོན་པར་བརྗོད་པའི་རྒྱུད་བླ་མ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཀ་པར་བཞུགས།
རིགས་དྲུག་གི་ས་བོན་མིང་ཚིགསྔགས། ལྷ་ཡི་ས་བོན་ཨ་ལ་ང་རྒྱལ་འདོད་ཆགས་ཀྱི་བག་ཆགས་དང་། མི་ཡི་ས་བོན་ཎི་ལ་ཕྲག་དོག་འདོད་ཆགས་ཀྱི་བག་ཆགས་དང་། ལྷ་མ་ཡིན་གྱི་ས་བོན་སུ་ལ་ང་རྒྱལ་གྱིས་ཕྲག་དོག་གིི་བག་ཆགས་དང་། ཡི་དྭགས་ཀྱི་ས་བོན་སྲེ་ལ་སེར་སྣའི་བག་ཆགས་དང་། དུད་འགྲོའི་ས་བོན་ཏྲི་ལ་གཏི་མུག་གི་བག་ཆགས་དང་། དམྱལ་བའི་ས་བོན་དུ༔ལ་ཞེ་སྡང་གི་བག་ཆགས་སོ། །
རིགས་དྲུག་གི་སྤྱོད་པ་མིང་ཚིགསྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། དྲང་དོན་དུ་སྟོང་ཉིད་སྙིང་རྗེའི་ཏིང་ངེ་འཛིན་གྱི་གསལ་སྣང་ནི་རྒྱས། འཕྲིན་ལས་ཐོགས་མེད་དུ་འགྲུབ་པའི་ནུས་པ་ནི་རྙེད། ཐབས་གཞན་མེད་ཅིང་ཐབས་དེ་ཁོ་ནས་འགྲོ་དོན་དུ་འགྱུར་ངེས་པ་ཡིན་ན། རྡོ་རྗེ་ལ་སྲོག་གཅོད་པ་དང་། རལ་གྲི་ལ་བརྫུན་སྨྲ་བ་དང་། རིན་ཆེན་ལ་གཞན་ནོར་འཕྲོག་པ་དང་། པདྨ་ལ་ཕ་རོལ་གྱི་བུད་མེད་འཕྲོག་པ་རྣམས་ཀྱང་ཚོགས་ཆེན་པོའི་ཡན་ལག་ཏུ་འགྱུར་རོ། །དེ་ཡང་ནུས་མཐུའི་སྒོ་ནས་ཡིན་གྱི། དུག་མཚོན་སོགས་ཕལ་བའི་བྱེད་པས་མ་ཡིན་ནོ། །འཁོར་ལོ་ལ་ཆང་དང་། སྒྲོན་མ་སྟེ་ཤ་དང་། སངས་རྒྱས་དེ་བདུད་རྩི་ལྔ་བསྟེན། གཟུགས་མཛེས་པ་དང་། སྒྲ་སྙན་པ་སོགས་ཡུལ་ལྔ་བསྟེན། གྲི་གུག་ལ་ཞུ་བདེ་འཛག་མེད་དུ་འཆིང་བར་ནུས་ན། གཡུང་མོ་ལ་སོགས་པའི་རིགས་མ་ངེས་པའི་ཕྱག་རྒྱ་སྒྲུབ་པ་སྟེ། མདོར་ན་རྨད་བྱུང་འགལ་བའི་སྤྱོད་པས། སེམས་ཅན་གྱི་དོན་བྱེད་པ་ཡང་ཡིན་ལ། ངེས་དོན་དུ་ནི་དེ་དག་རིམ་པས་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགོག་པ་དང་། གང་ལ་གང་འདུལ་གྱི་ཆོས་སྟོན་པ་དང་། མི་འགྱུར་བའི་བདེ་བ་སྒྲུབ་པའི་ཐབས་ལ་བརྩོན་པ་དང་། རྣམ་པ་ཀུན་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་འགྲུབ་པའི་ཐབས་ལ་བརྩོན་པ་སྟེ་བཞི་དང་། བྱང་ཆུབ་ཀྱི་སེམས་ཀྱི་རྩལ་སྦྱོང་། དབང་པོ་ལྔའི་རླུང་དང་རྣམ་རྟོག་དགག་རྩ་འཁོར་རྣམས་སུ་རླུང་གི་སྦྱོར་བས་ཐིག་ལེ་བཅིངས། སྟོང་གཟུགས་ལ་བརྟེན་པར་སེམས་མཉམ་པར་འཇོག་པ་བཞི་གཅིག་ཏུ་བགྲངས་པ་དང་། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ཉིད་ཀྱིས་དབུ་མར་ཐིག་ལེ་དགག་པའམ། འདི་ཡོད་ཕྱིན་ཕྱག་རྒྱ་གཉིས་ལྡན་དང་གསུམ་ལྡན་ཡང་སྟེ། དེ་ལྟར་ན་རིགས་དྲུག་གི་སོ་སོའི་དམ་ཚིག་གོ ། ལུས་དང་ལོངས་སྤྱོོད་སེམས་ཅན་ལ་བློས་བཏང་བ་ནི་རིགས་དྲུག་གི་ཐུན་མོང་གི་སྤྱོད་པའོ། །
རིགས་ནས་རིགས་སུ་སྐྱེ་བ་རྣམ་པ་གཉིས་མིང་ཚིགཕུང་པོ་ལྔའི་རྣམ་པར་འགྲེལ་བ་ལས་བྱུང་བ་སྟེ། ༡ ལྷའི་རིགས་ནས་རིགས་སུ་སྐྱེ་བ་ནི་ལྷའི་ནང་དུ་རིགས་ལན་གཉིས་སམ་གསུམ་བླངས་ནས་ཡོངས་སུ་མྱ་ངན་ལས་འདས་པའོ། །༢ མིའི་རིགས་ནས་རིགས་སུ་སྐྱེ་བ་ནི་གང་མིའི་ནང་དེར་རམ། གླིང་གཞན་དུ་ཡོངས་སུ་མྱ་ངན་ལས་འདའ་བའོ། །དེ་ཉིད་འབྲས་བུ་ལ་གནས་པ་ཞེས་བྱའོ། །
རིགས་ནས་རིགས་སྐྱེ་མིང་ཚིགམཚན་ཉིད། འདོད་ཉོན་གསུམ་པ་སྤངས་པའི་གཉེན་པོ་ཟག་མེད་ཀྱི་དབང་པོ་དང། བཞི་པ་སྤངས་པའི་གཉེན་པོ་ཟག་མེད་ཀྱི་དབང་པོ་གང་རུང་ཐོབ་པའི་མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་རྒྱུན་ཞུགས་འབྲས་གནས་གང་ཞིག འདོད་པར་རིས་མཐུན་གྱི་སྐྱེ་སྲིད་གཉིས་སམ་གསུམ་བླངས་ནས་མྱང་འདས་མངོན་དུ་བྱེད་པའོ། །དབྱེ་ན་ལྷའི་རིགས་ནས་རིགས་སྐྱེ། མིའི་རིགས་ནས་རིགས་སྐྱེ་གཉིས་སོ། །སྤངས་བའི་ཁྱད་པར། མཛོད་རྩ་འགྲེལ་ལས་བྱུང་བ་བཞིན་འདོད་པའི་སྒོམ་སྤངས་གསུམ་པ་སྤངས་པ་གཅིག་དགོས་ཏེ། དེ་མ་སྤངས་ན་སྐྱེ་སྲིད་བཞི་ལེན་སྲིད་པས་སྐྱེ་བའི་ཁྱད་པར་མི་གྲུབ་པའི་ཕྱིར་རོ། །བཞི་པ་སྤངས་མ་སྤངས་ཅི་རིགས་སུ་ཡོད་ཅིང། ལྔ་པ་སྔར་མ་སྤངས་ཤིང་ཚེ་དེ་ཉིད་ལ་ཡང་མི་སྤོང་བ་གཅིག་དགོས་ཏེ། ལྔ་པ་སྤངས་ན་དྲུག་པ་ཡང་ཚེ་དེ་ཉིད་ལ་སྤོང་པས་ཕྱིར་འོང་དུ་འགྱུར་བའི་ཕྱིར་ཏེ། འདོད་ཉོན་དྲུག་པ་སྤངས་ན་དགེ་སྦྱོང་ཚུལ་གྱི་འབྲས་བུ་གསར་ཐོབ་ཡོད་པར་ཤེས་ནས་སྤྲོ་བས་འཇུག་པར་འགྱུར་བ་གང་ཞིག འདོད་པའི་ཉོན་མོངས་པའི་རྣམ་པ་གཅིག་གིས་ཚེ་དེ་ཉིད་ལ་ཕྱིར་འོང་གི་འབྲས་བུ་ཐོབ་པའི་གེགས་བྱེད་མི་ནུས་པའི་ཕྱིར་ཏེ། ཕྱིར་འོང་གི་འབྲས་བུ་ཐོབ་པ་ལ་ཁམས་ལས་འདའ་མི་དགོས་པའི་ཕྱིར། ཕྱིར་མི་འོང་གི་འབྲས་བུ་ལ་ནི་མི་མཚུངས་ཏེ། འདི་ལ་ཁམས་ལས་འདའ་དགོས་པས་འདོད་པའི་ཉོན་མོངས་པའི་རྣམ་པ་གཅིག་གིས་ཀྱང་ཚེ་དེ་ཉིད་ལ་ཕྱིར་མི་འོང་གི་འབྲས་བུ་ཐོབ་པའི་གེགས་བྱེད་ནུས་པའི་ཕྱིར་རོ། །སྐྱེ་བ་ལེན་ཚུལ་ནི། འདོད་ཉོན་གསུམ་པ་སྤངས། བཞི་པ་མ་སྤངས་པས་དེས་འདོད་ཁམས་སུ་རིས་མཐུན་གྱི་སྐྱེ་སྲིད་གསུམ་ལེན་པར་བྱེད་དེ། བཞི་པའི་དབང་གིས་གཅིག ལྔ་པ་དྲུག་པ་བདུན་པ་གསུམ་གྱི་དབང་གིས་གཅིག བརྒྱད་པ་དགུ་པ་གཉིས་ཀྱིས་གཅིག་ལེན་པར་བྱེད་པའི་ཕྱིར་རོ། །འོ་ན་ཐ་མ་གཉིས་པོ་རེ་རེས་ཀྱང་སྐྱེ་སྲིད་རེ་རེ་ལེན་པར་འགྱུར་ཏེ། བརྒྱད་པ་སྤངས་ནས་དགུ་པ་སྤངས་པའི་བར་དུ་འཆི་འཕོ་བ་ཡོད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེའི་ཚེ་ཕྱིར་འོང་གི་འབྲས་བུ་ཐོབ་པའིལུས་རྟེན་ལ་བརྒྱད་པ་ངེས་པར་སྤངས་པ་གཅིག་དགོས་པས་ལྔ་པ། དྲུག་པ། བདུན་པ། བརྒྱད་པ། བཞི་ཆར་གྱིས་སྐྱེ་བ་གཅིག་ལེན་པར་སོང་བའི་ཕྱིར་རོ། །འདོད་ཉོན་བཞི་པ་སྤངས་པའི་རིགས་ནས་རིགས་སྐྱེ་དེས་འདོད་པར་སྐྱེ་བ་གཉིས་ལེན་ཏེ། ལྔ་པ་དྲུག་པ་བདུན་པ་རྣམས་ཀྱིས་སྐྱེ་བ་གཅིག། ཐ་མ་གཉིས་ཀྱིས་སྐྱེ་བ་གཅིག་ལེན་པའམ་ཡང་ན་བརྒྱད་པ་ཡན་ཆད་ཀྱི་སྐྱེ་བ་གཅིག་བླངས་ནས་དགུ་པས་སྐྱེ་བ་གཅིག་ལེན་པའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྐྱེས་བུ་མཆོག་གི་གསལ་བྱེད་ལས་སོ། ། རྒྱུན་ཞུགས་དེ་ཉིད་ཀྱི་སྒོམ་ལམ་ཟག་མེད་ཀྱིས་འདོད་པའི་སྒོམ་སྤང་གསུམ་མམ་བཞི་ལས་གྲོལ་ཞིང་དེའི་གཉེན་པོ་ཟག་མེད་དབང་པོ་གསུམ་མམ་བཞི་ཐོབ་ལ། འདོད་པའི་ཚེ་རིགས་མཐུན་གཉིས་སམ་གསུམ་ལེན་པར་བྱེད་ཅིང་བཞི་བ་མི་ལེན་པ་ནི་རིགས་ནས་རིགས་སྐྱེའོ། །དེ་ལ་ལྷའི་རིགས་ནས་རིགས་སྐྱེ་ནི་འདོད་ལྷའི་རྟེན་ལ་བདེན་པ་མཐོང་བས་འདོད་ལྷར་ལན་གཉིས་སམ་གསུམ་སྐྱེས་ནས་མྱ་ངན་ལས་འདའ་བའོ། །མིའི་རིགས་ནས་རིགས་སྐྱེ་ནི་མིའི་རྟེན་ལ་བདེན་པ་མཐོང་བ་མིར་ལན་གཉིས་སམ་གསུམ་སྐྱེས་ནས་མྱ་ངན་ལས་འདའ་བའོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། །
རིགས་པ་མིང་ཚིགརྒྱུ་མཚན་དང་གཏན་ཚིགས་ལ་གོ །རིགས་པ་ཡང་དག་ལ་བརྟེན་ནས་ལོག་རྟོག་ཐམས་ཅད་ཚར་བཅད་ཅེས་པ་ལྟ་བུ།
རིགས་པ་མིང་ཚིགལམ་བདེན་གྱི་རྣམ་པ་བཞིའི་ཡ་གྱལ་ཡིན་ལ། རིགས་པའི་རྣམ་པ་ཡིན་ཏེ། མི་རིགས་པ་ཉོན་མོངས་པའི་དངོས་གཉེན་ཡིན་པའི་ཕྱིར།
རིགས་པ་གདགས་པ་རྣམ་པར་གཞག་པ་རྣམ་པ་བཞི་མིང་ཚིགམདོ་སྡེའི་རྒྱན་གྱི་བཤད་པ་ལས་བྱུང་བ་སྟེ། ལྟོས་པའི་རིགས་པ། བྱ་བ་བྱེད་པའི་རིགས་པ། འཐད་པ་སྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པའོ། །
རིགས་པ་གསུམ་མིང་ཚིགམདོ། ཐལ་འགྱུར་པ། ཉན་རང་ལ་ཆོས་ཀྱི་བདག་མེད་ཕྲ་མོ་མངོན་སུམ་དུ་རྟོགས་པ་མེད་པར་འདོད་ན། འཇུག་པ་རང་འགྲེལ་ལས་བཀག་པའི་རིགས་པ་གསུམ་ནི། སེར་སྨད་དབུ་མ་སྤྱི་དོན་ལས། ༡ ཤེས་བྱ་ཆོས་ཅན། བྱང་སེམས་ས་དང་པོ་བ་དེས་ཅི་ཡང་མེད་མན་ཆད་ལ་ཆགས་པ་མངོན་གྱུར་བ་དང་བྲལ་བའི་ཕྱི་རོལ་པ་བཞིན་དུ། ཉན་རང་དགྲ་བཅོམ་པ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་ཟིལ་གྱིས་གནོན་ནུས་པར་ཐལ། དེ་གཉིས་པོ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་མེད་མཚུངས་པ་གང་ཞིག ། བྱང་སེམས་དེ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་ཡོད་པའི་ཕྱིར། རྟགས་དང་པོ་དེར་ཐལ། ཉན་རང་དགྲ་བཅོམ་པ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་མེད་པའི་ཕྱིར། ༢ ཉན་རང་དགྲ་བཅོམ་པ་ཆོས་ཅན། ཕྱི་རོལ་པ་བཞིན་དུ་ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་མ་སྤངས་པར་ཐལ། དེ་ཐམས་ཅད་ཀྱི་རྩ་བར་གྱུར་པའི་དངོས་པོ་རང་བཞིན་གྱིས་གྲུབ་པར་འཛིན་པའི་རྟོག་པ་དང་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་ལམ་མ་རྙེད་པའི་ཕྱིར། དེར་ཐལ། དངོས་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། ༣ གཞན་ཡང༌། དེ་ཆོས་ཅན། གང་ཟག་གི་བདག་མེད་རྫོགས་པར་མ་རྟོགས་པར་ཐལ། གང་ཟག་རང་བཞིན་མེད་པར་མངོན་སུམ་དུ་མ་རྟོགས་པའི་ཕྱིར། དེར་ཐལ། གདག་གཞི་ཕུང་པོ་རང་ངོས་ནས་གྲུབ་པར་འཛིན་པའི་ཞེན་ཡུལ་སུན་འབྱིན་མི་ནུས་པའི་ཚུལ་གྱི་ཕྱིན་ཅི་ལོག་གིས་བཅིངས་པ་ཡིན་པའི་ཕྱིར། དེར་ཐལ། ཕུང་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། ཐལ་འགྱུར་སྔ་མ་ལ་ཁྱབ་པ་ཡོད་དེ། གདགས་གཞི་ཕུང་པོ་རང་བཞིན་གྱིས་གྲུབ་པར་འཛིན་པའི་རྟོག་པའི་ཞེན་ཡུལ་སུན་ཕྱུང་མི་ནུས་པ་ཇི་སྲིད་འཇུག་གི་བར་དུ། བཏགས་ཆོས་གང་ཟག་རང་ངོས་ནས་གྲུབ་པར་འཛིན་པའི་རྟོག་པའི་ཞེན་ཡུལ་སུན་ཕྱུང་མི་ནུས་པར་འཇུག་པ་གང་ཞིག ། དེ་ཇི་སྲིད་འཇུག་གི་བར་དུ་དེའི་དབང་གིས་ལས་གསོག ། ལས་དེའི་དབང་གིས་འཁོར་བར་འཁོར་བའི་ཕྱིར། དེ་སྐད་དུ་ཡང༌། ས རང་འགྲེལ་ལས། ལུང་འདི་ལས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་ཡང་ཡོད་དོ། །ཞེས་བྱ་བར་གསལ་བར་ངེས་ཏེ། དེ་ལྟ་མ་ཡིན་ན། དངོས་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལྟར། དེ་དག་ཀྱང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང༌། རང་གི་བློས་རྣམ་པར་དཔྱད་པས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ལ། ཕྱི་རོལ་པ་བཞིན་དུ་འདི་དག་གིས་ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་སྤང་བར་ཡང་མི་འགྱུར་རོ། །གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱིར། གང་ཟག་གི་བདག་མེད་པར་རྟོགས་པར་ཡང་མི་འགྱུར་ཏེ། བདག་ཏུ་གདགས་པའི་རྒྱུའི་ཕུང་པོ་ལ་དམིགས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཕྱི་མ་དེར་ཐལ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །ཞེས་གསུངས་པའི་ཕྱིར། ཞེས་གསུངས།
རིགས་པ་ཅན་གྱི་ཚིག་དོན་བཅུ་དྲུག་མིང་ཚིགཐེག་པ་ཐམས་ཅད་སྣང་བར་བྱེད་པའི་བྱེ་བྲག་ཏུ་བཤད་པ་ལས་བྱུང་བ་གྲངས་ཅན་པའི་འདོད་པ་སྟེ། ༡ ཚད་མ། ༢ གཞལ་བྱ། ༣ ཐེ་ཚོམ། ༤ དགོས། ༥ དཔེ། ༦ གྲུབ་པའི་མཐའ། ༧ ཆ་ཤས། ༨ རྟོག་གེ། ༩ གཏན་ལ་དབབ་པ། ༡༠ རྩོད་པ། ༡༡ བརྗོད་པ། ༡༢ སུན་འབྱིན་དུ་རྒོལ་བ། ༡༣ རྒྱུ་ལྟར་སྣང་བ། ༡༤ ཚིག་དོར། ༡༥ ལྟག་ཆོད། ༡༦ ཆད་པའི་གནས་བཅས་སོ། །
རིགས་པ་དང་མི་ལྡན་པའི་གཏན་ཚིགས་མིང་ཚིགསྒྲུབ་བྱེད་དང་རྒྱུ་མཚན་ཡང་དག་པ་མ་ཡིན་པ་སྟེ། མི་འོས་པའམ་མི་འགྲོ་བའི་རྒྱུ་མཚན།