Semantic search

Jump to navigation Jump to search
HeadwordTibetan Definition
ལུང་འདུལ་བྱེད(འདུལ་བ) ལུང་ཞུ་བའི་ལེའུ་བཅུའི་ཡ་གྱལ་ཞིག ལུང་ཞུ་བའི་ལེའུ་བཅུ་ཞེས་པའི་ཐད་དུ་གཟིགས།
སངསརྒྱས་འདུལ་བ(འདུལ་བ) སངས་རྒྱས་ཀྱིས་གསུངས་པའི་ཆོས་འདུལ་བ།
སྐྱེས་བ་འདུལ་བགདུལ་བྱ་དང་དོན་གཅིག གདུལ་བར་བྱ་བའི་སྐྱེས་བུ་ཞེས་པའི་དོན།
སྟོད་འདུལགླང་དར་གྱིས་བསྟན་པ་བསྣུབས་ནས་ཕྱིས་སུ་སྟོད་མངའ་རིས་ཕྱོགས་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་དར་བར་མཛད་པའི་སྡོམ་རྒྱུན་ནམ་འདུལ་བའི་བསྟན་པ་ལ་སྟོད་འདུལ་ཟེར། དེ་ཡང་ལྷ་བླ་མས་རྒྱ་གར་ཕྱོགས་ཀྱི་པཎྜི་དྷརྨ་པཱ་ལ་བོད་དུ་སྤྱན་དྲངས། དེའི་སློབ་མའི་གཙོ་བོ་སཱ་དྷཱུ་པཱ་ལ། གུ་ཎ་པཱ་ལ། པྲ་ཛྙཱ་པཱ་ལ་གསུམ་ལ་སོགས་པའི་སློབ་མ་མང་དུ་བྱུང་སྟེ། དེ་རྣམས་ལས་བརྒྱུད་པ་ལ་སྟོད་འདུལ་ཞེས་གྲགས་སོ། །འདི་དག་སྐོར་རྒྱས་པ་བུ་སྟོན་ཆོས་འབྱུང་དང༌། དེབ་ཐེར་སྔོན་པོ། ཐུའུ་བཀྭན་གྲུབ་མཐའ་རྣམས་ལས་ཤེས་པར་བྱའོ། །
སྨད་འདུལ(འདུལ་བ) མདོ་ཁམས་སྨད་ཀྱི་ཡུལ་ནས་དར་བའི་སྡོམ་རྒྱུན་ནམ་འདུལ་བའི་བསྟན་པ་ལ་ཟེར། དེ་ཡང་གླང་དར་མས་བསྟན་པ་བསྣུབས་པའི་དུས་སུ་དཔལ་ཆེན་ཆུ་བོའི་རིའི་སྒོམ་གྲྭ་ན། གཙང་རབ་གསལ། གཡོ་དགེ་འབྱུང༌། དམར་བན་ཤཱཀྱ་མུ་ནེ་གསུམ་གྱིས་ཀརྨ་ཤ་ཏཾ་ལ་སོགས་པའི་འདུལ་བ་དྲེལ་ཁལ་གཅིག་བཀལ་ཏེ་མདོ་ཁམས་སུ་བྲོས། གཙང་གིས་མཁན་པོ་མཛད། གཡོ་ཡིས་སློབ་དཔོན་མཛད་དེ། མུ་གཟུ་གསལ་འབར་ཐོག་མར་དགེ་ཚུལ་དུ་བསྒྲུབས། དེ་ལ་མཁན་སློབ་ཀྱི་མིང་ཟུར་སྦྱར་ཏེ། དགེ་བ་རབ་གསལ་དུ་བཏགས། (གཡོ་དགེ་འབྱུང་གི་མཚན་ཟུར། དགེ། གཙང་རབ་གསལ་གྱི་མཚན་ཟུར། རབ་ཅེས་པ་གཉིས་བསྡོམས་པའི་དགེ་བ་རབ་གསལ་ཞེས་བཏགས) ཕྱིས་མཁྱེན་རབ་ཆེ་བས་བླ་ཆེན་དགོངས་པ་རབ་གསལ་དུ་བཏགས། ལོ་གཅིག་གི་རྗེས་གཙང་གཡོས་མཁན་སློབ། དམར་བན་ཤཱཀྱ་མུ་ནེས་གསང་སྟོན། རྒྱ་ནག་ཧྭ་ཤང་ཀེ་བང་དང༌། གྱི་བན་བྱ་བ་གཉིས་ཀྱིས་ཁ་སྐོང་བྱས་ཏེ་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས། དབུས་གཙང་མངའ་རིས་བཅས་ནས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་མི་བཅུ་འོངས་ནས་བླ་ཆེན་ལས་སྡོམ་པ་བླངས། དེ་རྣམས་དབུས་སུ་བྱོན་ནས་དབུས་གཙང་གི་ཕྱོགས་ཐམས་ཅད་དགེ་འདུན་གྱི་སྡེས་བཀང་སྟེ་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཏོ། །
སློབ་དཔོནཡོནཏནའོདཀྱིསམཛདཔའི་འདུལ་བའིགཞུངལྔ(འདུལ་བ) འདུལ་བ་མདོ་རྩ་བ། དེའི་རང་འགྲེལ། དེའི་དོན་བསྡུ། འགྲེལ་ཆུང་། ལས་བརྒྱ་རྩ་གཅིག་གི་འགྲེལ་པ་ཀརྨ་ཤ་དམ་སྟེ་ལྔའོ། །
ཆོས་བཞིན་འདུལ་བ་བཞིན(འདུལ་བ) དེའི་དོན་ནི། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། ལྟུང་བའི་ངོ་བོ་ཉིད་ལས་མི་འདའ་བར་རོ། །འདུལ་བ་བཞིན་ཞེས་བྱ་བ་ནི་འདུལ་བ་བཞིན་ཕྱིར་བཅོས་པ་ལས་མི་འདའ་བར་རོ། །ཞེས་གསུངས་པ་ལྟར་རོ། །
ཆོས་འདུལ་བ(འདུལ་བ) སེམས་རྒྱུད་འདུལ་བའི་དོན་དུ་ཉེ་བར་བསྟན་པའི་སངས་རྒྱས་ཀྱི་གསུང་རབ།
ཆོསསྨྲ་བ་འདུལ་བ་སྨྲ་བ(འདུལ་བ) ཆོས་སྨྲ་བ་ནི་རིགས་པ་སྨྲ་བའོ། །འདུལ་བ་སྨྲ་བ་ནི་ལུང་གི་རྗེས་སུ་འབྲང་བའོ། །ཞེས་སོ་ཐར་གྱི་མདོའི་འགྲེལ་པར་གསུངས་པ་ལྟར་རོ། །
ཀའའགྱུརཁྲོད་འདུལ་བའིསྐོརགླེགས་བཇིཙམཡོདསྐོར(འདུལ་བ) དེ་ལ་གླེགས་བམ་བཅུ་གསུམ་ཡོད། ཞིབ་པར་འདུལ་བའི་སྐོར་བཀའ་འགྱུར་ཁྲོད་གླེགས་བམ་ཇི་ཡོད། ཅེས་པའི་ཐད་དུ་གཟིགས།
སྟནའགྱུརནང་འདུལ་བའིསྐོརགླེགས་བཇིཙམ་བཞུགསསྐོར(འདུལ་བ) འདུལ་བའི་སྐོར་བསྟན་འགྱུར་ནང་གླེགས་བམ་ཇི་ཙམ་བཞུགས་སྐོར་ཞེས་པའི་ཐད་དུ་གཟིགས།
་འདུལ་བ་འཛིནཆེནཔོ་བརྩོནའགྲུས(འདུལ་བ) གཙང་རོང་གི་གཡུང་དུ་ལྕགས་ལུགས་ལ་འཁྲུངས། འབྲེ་ཤེས་རབ་འབར་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སོག་ཚུལ་ཁྲིམས་བླ་མ་ལས་འདུལ་བ་གསན། ཁོང་གཤེགས་རྟིང་རྒྱ་འདུལ་བ་དང་རྨ་ཚོ་བླ་ཟུར་དུ་བྱས་པའི་དྲུང་དུ་སྦྱངས་པས་མཁས་པར་མཁྱེན་ཏེ། འདུལ་བ་བྱ་ལ་ཐུག་ཅེས་པའི་ཁ་སྐད་ཀྱང་བྱུང༌། རྒྱལ་ཚ་ཞང་ཡེ་ཤེས་ལ་དབུ་ཚད། ཟངས་དཀར་ལོ་ཙཱ་བ་ལ་ལོ་ཙཱ་ལ་ཡོ་ག སྟོང་ལུང་པ་ལ་བཀའ་གདམས་གསན། ཟུལ་ཕུར་འདུལ་གྲྭ་བསྐྱངས། པེ་ཀར་གྱིས་བཙུན་ཆུང་དུ་སྤྲུལ་ནས་ཞབས་ཏོག་བྱས་པས་འདུལ་བ་དང་འགལ་བ་ན་བཟའི་སྤུ་ཕྱིར་བསྟན་པ་གཅིག་ལས་མ་མཐོང་བས་དད་དེ་བྱ་ཊཱིཀ་འཛིན་པ་རྣམས་ལ་གྲོགས་བྱེད་པར་ཞུས། ཕག་གྲུའི་དགེ་སློང་གི་མཁན་པོ་མཛད། ལོ་དགུར་ཚོགས་པ་བསྐྱངས་ནས་མཐར་སྒྲུབ་པ་སྙིང་པོར་མཛད་དེ་དོན་དྲུག་པ་ལ་ཟུལ་ཕུར་གཤེགས། ཞེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་སྟོད་ཆ་༤༨༦ན་གསལ་བ་ལྟར་རོ། །
འདུལ་གཞུང་བ(འདུལ་བ) ལུང་ཞུ་བ་དང་དོན་གཅིག
འདུལ་ཊཱིཀརིནཆེནའཕྲེང་བ(འདུལ་བ) རྒྱལ་བ་དགེ་འདུན་གྲུབ་ཀྱིས་མཛད་པའི་འདུལ་བའི་ཊཱི་ཀ་ཞིག གསུང་འབུམ་ ༼ ཁ་པར ༽བཞུགས། འདི་ལ་ཤོག་གྲངས་བཞི་བརྒྱ་དང་ཉི་ཤུ་ཡོད། དགེ་ལྡན་པའི་གདན་ས་ཆེན་པོ་རྣམས་སུ་འདུལ་བའི་གཞུང་ལ་སློབ་གཉེར་མཛད་སའི་གཞུང་གཙོ་བོ་གཉིས་ཡོད་པའི་ཡ་གྱལ་ཞིག་སྟེ། གལ་ཆེ་ཤོས་ནི་མཚོ་ཊཱིཀ་ཡིན་ལ། དེའི་ཞར་དུ་འདུལ་ཊཱིཀ་འཕྲེང་བར་ཡང་སློབ་གཉེར་མཛད་དོ། །
འདུལ་བ1 (འདུལ་བ) འདུལ་བའི་སྡེ་སྣོད།
འདུལ་བ2 སྡེ་སྣོད་གསུམ། སྐབས་མང་པོར་འདུལ་བ་ཞེས་པ་འདུལ་བའི་སྡེ་སྣོད་ཙམ་མིན་པར་སངས་རྒྱས་ཀྱིས་སེམས་རྒྱུད་འདུལ་བའི་ཐབས་སུ་གསུངས་པའི་སྡེ་སྣོད་གསུམ་ག་ལ་གོ་དགོས་པ་ཡོད་དོ། །
འདུལ་བ3 སེམས་རྒྱུད་འདུལ་བ། ལྟུང་བ་འདུལ་བ། ཉོན་མོངས་འདུལ་བ་གསུམ་ག་ལ་གོ།
འདུལ་བ་གཞི<བིན་ཡ་བསྟུ> (འདུལ་བ) འདུལ་བ་ལུང་གཞི་དང་འདྲ། ཡོངས་གྲགས་སུ་འདི་ལ་འདུལ་བ་ལུང་གཞི་ཟེར་ཡང་། འདིའི་མཚན་དངོས་ནི། འདུལ་བ་གཞི་ཞེས་ཟེར་རོ། །འདུལ་བ་གཞི། འདུལ་བ་ལུང་གཞི། ལུང་གཞི་རྣམས་དོན་གཅིག
འདུལ་བ་གཞིརྒྱཆེརའགྲེལ<བིན་ཡ་བསྟུ་ཊཱི་ཀ> (འདུལ་བ) རྒྱ་གར་གྱི་སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་བམ་པོ་བཅུ་གཅིག་དང་ལྡན་ཞིང་བསྒྱུར་འཕྲོ་ལུས་པ་ཞིག མཚོ་ཊཱིཀ་ལས་གཞི་འགྲེལ་ལས་ཞེས་མང་དུ་འབྱུང་བ་དེ་ཡང་འདི་ཉིད་ཡིན། འདི་འདུལ་བ་ལུང་གཞིའི་ཚིག་འགྲེལ་དང་ལྷག་པར་བརྡ་རྙིང་གི་རིགས་རྣམས་ཞིབ་ཏུ་བཀྲལ་བའི་ཚིག་མཛོད་ཅིག་རེད་ཅེས་བརྗོད་ཀྱང་ཆོག་པ་ཞིག་ཡོད། ཁོ་བོས་ཀྱང་དེ་ནས་ལེགས་ཆ་མང་པོ་བླངས་ནས་ཚིག་མཛོད་འདིར་འགོད་འཇུག་བྱས་ཡོད། དཔེ་མཚོན་ཞིག་ཞུས་ན། བཅའ་ཁྲལ་ཞེས་པའི་ཚིག་འདི་ལྟ་བུའོ། །དོགས་གཅོད་རྒྱས་པར་དཔྱ་ཁྲལ་ཞེས་པའི་ཐད་དུ་གཟིགས། ཚིག་དང་ཐ་སྙད་ལ་དོ་སྣང་ཅན་རྣམས་ལ་ཉེ་བར་མཁོ་བ་ཞིག་གོ །སྡེ་དགེ་བསྟན་འགྱུར་འདུལ་བ་གླེགས་བམ་༼ ཙུ་པ ༽༡༧༧ ན༥ན་བཞུགས་སོ། །
འདུལ་བ་གཞུང་བ(འདུལ་བ) ལུང་ཞུ་བ་དང་དོན་གཅིག འདི་ལ་གཞུང་བླ་མ་དང་ཕྱི་མ་ཟེར་བའི་རྒྱུ་མཚན། ལུང་ཞུ་བ་ཞེས་པའི་ཐད་དུ་གཟིགས།
འདུལ་བ་དྲི་བ<བིནཡ་ཀ་པྲཤྣ་ཀཱ་རི་ཀཱ> (འདུལ་བ) འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ། སློབ་དཔོན་ཀཱ་ལྱཱ་ཎ་མི་ཏྲས་མཛད། སྡེ་དགེ་བསྟན་འགྱུར་༼ སུ ༽༧༠བ༣ན་བཞུགས་སོ། །
འདུལ་བ་དྲི་བའིརྒྱཆེརའགྲེལ<བིནཡ་ཀ་པྲཤྣ་ཊཱིཀ> (འདུལ་བ) འདུལ་བ་དྲི་བའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཀཱ་ལྱཱ་ཎ་མི་ཏྲས་མཛད། སྡེ་དགེ་བསྟན་འགྱུར་༼ སུ ༽༧༤བ༥ན་བཞུགས་སོ། །དྲི་བའི་རྒྱ་ཆེར་འགྲེལ་པ་དང་དོན་གཅིག
འདུལ་བ་ནས་བཤདཔའི་བ་བདུན(འདུལ་བ) མཁན་སློབ་བདུན་ལ་གཟིགས།
འདུལ་བ་ཕྲནཚེགསཀྱིགཞི<བིན་ཡ་ཀྵུ་དྲ་ཀ་བསྟུ> (འདུལ་བ) ལུང་ཕྲན་ཚེགས་ལ་གཟིགས།
འདུལ་བ་བསྡུས(འདུལ་བ) སོ་སོར་ཐར་པའི་འགྲེལ་པ་འདུལ་བ་བསྡུས་པ་ཞེས་བྱ་བ་ཞེས་བྱ་བ་བམ་པོ་བཅུ་གསུམ་གྱི་བདག་ཉིད་ཅན། སློབ་དཔོན་ཁྱད་པར་བཤེས་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་ཤྲཱི་ལེནྡྲ་བོ་དྷི་དང། ཤཱཀྱ་པྲ་བྷ་དང། ཞུ་ཆེན་གྱི་ལོ་ཙཱ་བ་བཻ་རོ་ཙ་ན་རཀྵི་ཏས་བསྒྱུར་བ་ལ། སླད་ཀྱིས་ཁ་ཆེའི་མཁན་པོ་ཛྙཱ་ན་ཤྲཱི་བྷ་དྲ་དང། ལོ་ཙཱ་བ་དགེ་སློང་རྒྱལ་བ་ཤེས་རབ་དང། ཤཱཀྱ་བཤེས་གཉེན་གྱི་འགྱུར་རྣམས་བཞུགས་སོ། །སྡེ་དགེ་བསྟན་འགྱུར་འདུལ་བ་༼ ནུ་པའི ༽༨༨ན༡ན་བཞུགས་སོ། །
འདུལ་བ་མདོ(འདུལ་བ) འདུལ་བ་མདོ་རྩ་བ་དང་དོན་གཅིག སྒྲ་བཤད་ནི། འདིའི་འདུལ་བ་ཞེས་པ་ནི་སྟོན་པ་ཉིད་ཀྱིས་གསུངས་པའི་འདུལ་བའི་ཆོས་སྐོར། ལུང་གཞི། ལུང་རྣམ་འབྱེད། ལུང་ཕྲན་ཚེགས། གཞུང་བླ་མ་རྣམས་ལ་ཟེར་ལ། དེ་དག་གི་དོན་མདོ་ཙམ་དུ་བསྡུས་ཏེ་བསྟན་པས་མདོ་ཞེས་བྱའོ། །
འདུལ་བ་མདོརྩ་བ(འདུལ་བ) མདོ་རྩ་བ་ལ་གཟིགས།
འདུལ་བ་མདོའིའགྲེལ<བིན་ཡ་སཱུཏྲ་བྲཏྟི> (འདུལ་བ) སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པར་གྲགས་པའི་འདུལ་བ་མདོ་རྩ་བའི་འགྲེལ་ཆུང་དུ་གྲགས་པ་དེའོ། །མཚོ་ཊཱིཀ་ལས་འགྲེལ་ཆུང་ལས་ཞེས་མང་དུ་འབྱུང་བ་དེའོ། །འདིའི་དོགས་གཅོད་དང་བཅས་པ་ཞིབ་པར་འགྲེལ་ཆུང་ཞེས་པའི་ཐད་དུ་གཟིགས། འདི་བསྟན་འགྱུར་འདུལ་བ་གླེགས་བམ་༼ ལུ་པའི ༽དབུར་བཞུགས་སོ། །
འདུལ་བ་མདོའིརྒྱཆེརའགྲེལ(འདུལ་བ) སློབ་དཔོན་ཆོས་བཤེས་ཀྱིས་མཛད་པའི་འདུལ་བ་མདོའི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་གླེགས་བམ་གཉིས་ཀྱི་བདག་ཉིད་ཅན་ཞིག སྡེ་དགེ་བསྟན་འགྱུར་འདུལ་བ་༼ འུ ༽དང་༼ ཡུ ༽གཉིས་ན་བཞུགས་སོ། །མཚོ་ཊཱིཀ་ལས་ཊཱི་ཀ་ལས་ཞེས་མང་དུ་འབྱུང་བ་ཡང་འདི་ཉིད་ལ་གོ་དགོས་སོ། །
འདུལ་བ་མདོར་བསྡུས(འདུལ་བ) འདུལ་བའི་བསླབ་པ་རྣམ་པར་བཞག་པའི་བདག་ཉིད་དུ་གྲུབ་པ་གང་ཞིག ལུང་ལས་བྱ་བ་བྱེ་བྲག་གི་གསལ་ཀ་མ་གཏོད་པ། འདི་ལ་འདུལ་བ་རུང་མཐུན་གྱི་མདོ་ཡང་ཟེར། སྒྲ་བཤད་ནི། ཚུལ་ཁྲིམས་སྟོན་པས་ན་འདུལ་བ། གསལ་ཀ་བཏོད་པ་ལ་ལྟོས་ནས་ཚིག་མདོར་བསྡུས་པས་ན་མདོར་བསྡུས་ཞེས་བྱའོ། །འདུལ་བ་མདོར་བསྡུས་ནི། ལུང་ཕྲན་ཚེགས་ལས། སངས་རྒྱས་བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ན་གྱད་ཀྱི་ཉེ་འཁོར་ཤིང་སཱ་ལ་ཟུང་གི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་ན་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་འདུལ་བ་རྒྱས་པར་བསྟན་ན། མདོར་བསྡུས་ཏེ་མ་བསྟན་པས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དགེ་སློང་དག་ཁྱེད་ཀྱིས་ངས་སྔོན་གནང་བ་ཡང་མེད་པ་བཀག་པ་མེད་པ་གང་ཡིན་པ་དེ། གལ་ཏེ་མི་རུང་བ་བསྟན་ཅིང་རུང་བ་དང་མི་མཐུན་ན། རུང་བ་མ་ཡིན་པའི་ཕྱིར་སྤྱད་པར་མི་བྱའོ། །གལ་ཏེ་རུང་བ་བསྟན་ཅིང་མི་རུང་བ་དང་མི་མཐུན་ན། རུང་བ་ཡིན་པའི་ཕྱིར་སྤྱད་པར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ། །ཞེས་པའི་མདོ་འདི་ཡིན་ནོ། །
འདུལ་བ་ཚིགལེའུར་བྱས(འདུལ་བ) མེ་ཏོག་ཕྲེང་རྒྱུད་ལ་གཟིགས།
འདུལ་བ་འཛིན(འདུལ་བ) འདུལ་བའི་ཚིག་དོན་བློ་ལས་ཐོན་པའི་དགེ་སྦྱོང་མཁས་པ་རྣམས་ལ་འདུལ་བ་འཛིན་པ་ཟེར། འདིའི་ཁྱད་ཆོས་སོགས་ཞིབ་པར་མདོ་སྡེ་འཛིན་པཞེས་པའི་ཐད་དུ་གཟིགས།
འདུལ་བ་རྣམཔརྱེད<བི་ན་ཡ་བིབྷང་ག> (འདུལ་བ) ཕའི་རྣམ་འབྱེད་དང་དོན་གཅིག སྤྱིར་བཏང་ལུང་རྣམ་འབྱེད་ལ་ཕའི་རྣམ་འབྱེད་དང་མའི་རྣམ་འབྱེད་གཉིས་ཡོད་ཀྱང་། ལུང་ལས་འདུལ་བ་རྣམ་པར་འབྱེད་པ་ཞེས་པ་ཕའི་རྣམ་འབྱེད་ལ་བཏགས་ནས། མའི་རྣམ་འབྱེད་ལ། དགེ་སློང་མའི་རྣམ་འབྱེད་པ་ཞེས་མིང་ཟུར་དུབཏགས་སོ། །འདི་ནི་དཔེར་ན་བུ་ནི་བུ་ཕོ་དང་བུ་མོ་གཉིས་ཀྱི་སྤྱི་ཡིན་ཀྱང་། བུ་ཞེས་པ་བུ་ཕོའི་སྒེར་མིང་དུ་འཇུག་པ་བཞིན་ནོ། །འདི་བཀའ་འགྱུར་འདུལ་བའི་གླེགས་བམ་༼ ཅ་པའི ༽ཤོག་གྲངས་༢༡ན༡ན་བཞུགས་སོ། །ཞིབ་པར་ཕའི་རྣམ་འབྱེད་ཅེས་པའི་ཐད་དུ་གཟིགས།
འདུལ་བ་རྣམཔརྱེདཔའིཚིགརྣམཔར་བཤད(འདུལ་བ) རྒྱ་གར་གྱི་སློབ་དཔོན་དུལ་བ་ལྷས་མཛད་པའི་འདུལ་བ་ལུང་རྣམ་འབྱེད་ཀྱི་ཊཱིཀ བསྟན་འགྱུར་འདུལ་བ་༼ ཚུ་པ ༽ན་བཞུགས་སོ། །
འདུལ་བ་རྣམཔརྱེདཔའིཚིགརྣམཔར་བཤད༦༩ན༡ལསཀྱངདེ་བཞིནདུགསུངསསོ།དོགས་གཅོད། གཞུང་འགའ་ཞིག་ཏུ། བརྩམ་པར་བྱ་ཞིང་འབྱུང་བར་བྱ་ཞེས་འབྱུང་ལ། གཞན་དུ། བརྩམ་པར་བྱ་ཞིང་དབྱུང་བར་བྱ་ཞེས་འབྱུང་བས། དེ་གཉིས་ཀྱི་ཁྱད་པར་གང་ཡིན་ནམ་ཞེ་ན། འདུལ་བ་ལུང་གཞི་༼ ང་པ ༽དང་། ལུང་རྣམ་འབྱེད་༼ ཇ་པ ༽༡༩༣ ན༡། སོ་ཐར་གྱི་མདོ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ། སོ་སོར་ཐར་པའི་མདོའི་གཞུང་འགྲེལ་བཅས་ལས། འབྱུང་བར་བྱ་ཞེས་གསལ་ལ། ཡང་། འདུལ་བ་ལུང་རྣམ་འབྱེད་༼ ཇ ༽༡༡༥ན༢ དང་། སློབ་དཔོན་ཆོས་བཤེས་ཀྱི་འདུལ་བ་མདོའི་འགྲེལ་པ་སྨད་ཆ་༼ ཡུ ༽༣༦༩ན༢བཅས་ལས། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །ཞེས་འབྱུང་ངོ་། །ལུགས་དེ་གཉིས་ལས་གང་འཐད་ཅེ་ན། གཉིས་ཀ་འཐད་ཀྱང་། འབྱུང་བར་བྱ་ཞེས་པ་ལེགས་པ་ཡིན་ཏེ། དེ་གོ་བདེ་བའི་ཕྱིར་ཏེ། ངེས་པར་འབྱུང་བར་བྱ་ཞེས་པའི་དོན་གསལ་བར་སྟོན་པའི་ཕྱིར་རོ། །འབྱུང་བ་ནི། འཐོབ་པ་དང་སྐྱེ་བ་དང་འགྲོ་བ་སོགས་ཀྱི་དོན་ཡིན་ལ། འབྱུང་བ་ད་ལྟ། བྱུང་བ་འདས་པ། འབྱུང་མ་འོངས། དབྱུང་བ་ནི། འདོན་པའི་དོན། འབྱིན་པ་ད་ལྟ། ཕྱུང་བ་འདས། དབྱུང་བ་མ་འོངས། ཕྱུང་ནི་སྐུལ་ཚིག་གོ །གོང་ཚིགས་བཅད་གཉིས་པོ་དེ། འདུལ་བ་ལུང་གཞི་༼ ང་པ ༽དང་། འདུལ་བ་ལུང་ཕྲན་ཚེགས་སྟོད་ཆ་༼ ཐ ༽༡༥ན༢དང་། སོ་སོར་ཐར་པའི་མདོ་སོགས་ན་གསལ་ལོ། །
འདུལ་བ་ལུངགཞི(འདུལ་བ) འདུལ་བ་ལུང་སྡེ་བཞིའི་ཡ་གྱལ་ཏེ། གཞི་བཅུ་བདུན་རྒྱས་པར་སྟོན་པ་ལུང་གཞིར་གྲགས་པ་ལ་ཤློ་ཀ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ་བམ་པོ་བརྒྱ་དང་དགུ་གླེགས་བམ་བཞིའི་བདག་ཉིད་ཅན་ཞིག (འདིའི་མིང་བྱང་ལ་འདུལ་བ་གཞི་ཞེས་འཁོད་ཡོད་ཅིང་། རྒྱ་གར་སྐད་དུ། བིན་ཡ་བསྟུ་ཟེར) འདུལ་བ་ལུང་གཞིའི་གླེགས་བམ་༼ ཀ་པ་ལ ༽རབ་བྱུང་གི་གཞི། གསོ་སྦྱོང་གི་གཞི། དགག་དབྱེའི་གཞི། དབྱར་གནས་ཀྱི་གཞི། ཀོ་ལྤགས་ཀྱི་གཞིའི་སྟོད་ཡན་བམ་པོ་ཉི་ཤུ་རྩ་བཞི་པའི་བར་བཞུགས། ༼ ཁ་པ་ལ ༽ཀོ་ལྤགས་ཀྱི་གཞིའི་སྨད། སྨན་གྱི་གཞིའི་སྟོད་ཡན་བམ་པོ་ཉི་ཤུ་རྩ་ལྔ་པ་ནས་ལྔ་བཅུ་རྩ་བཞི་པའི་བར་བཞུགས། ༼ ག་པ་ལ ༽སྨན་གྱི་གཞིའི་སྨད། གོས་ཀྱི་གཞི། སྲ་བརྐྱང་གི་གཞི། ཀཽ་ཤཱམྦཱིའི་གཞི། ལས་ཀྱི་གཞི། དམར་སེར་ཅན་གྱི་གཞི། གང་ཟག་གི་གཞི། སྤོ་བའི་གཞི། གསོ་སྦྱོང་གཞག་པའི་གཞི། གནས་མལ་གྱི་གཞི། རྩོད་པའི་གཞི། དབྱེན་གྱི་གཞིའི་སྟོད་ཆ་ཡན་བམ་པོ་ལྔ་བཅུ་རྩ་ལྔ་པ་ནས་བརྒྱད་ཅུ་རྩ་གཉིས་པའི་བར་བཞུགས། ༼ ང་པ་ལ ༽དབྱེན་གྱི་གཞིའི་མཇུག་བམ་པོ་གྱ་གསུམ་པ་ནས་བམ་པོ་བརྒྱ་དང་དགུའི་བར་ཡོངས་སུ་རྫོགས་པ་བཞུགས་ཤིང་། ཁ་ཆེའི་པཎྜི་ཏ་སརྦ་ཛྙཱ་དེ་ཝ་དང༌། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ཁ་ཆེའི་མཁན་པོ་དྷརྨཱ་ཀ་ར་དང༌། བོད་ཀྱི་ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོའི་འགྱུར་ལ། སླར་ཡང་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་པའོ། །ཡང་གཞན་དག་གིས་སོ་ཐར་གྱི་མདོའི་ཤུགས་བསྟན་གྱི་ཆ་གཙོ་བོར་འགྲེལ་པའི་མ་ཚང་བ་ཁ་སྐོང་ལྟ་བུ་ཡིན་ཀྱང་ཟེར། འདི་ལ་ལེགས་སྦྱར་དུ། བིན་ཡ་བསྟུ་དང་། བོད་སྐད་དུ། འདུལ་བ་གཞི་ཟེར། འདུལ་བ་གཞི། འདུལ་བ་ལུང་གཞི། ལུང་གཞི་རྣམས་དོན་གཅིག་གོ ཁ་ཆེའི་པཎྜི་ཏ་སརྦ་ཛྙཱ་དེ་ཝ་དང༌། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ཁ་ཆེའི་མཁན་པོ་དྷརྨཱ་ཀ་ར་དང༌། བོད་ཀྱི་ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོའི་འགྱུར་ལ། སླར་ཡང་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་པའོ། །
འདུལ་བ་ལུངཕྲནཚེགས(འདུལ་བ) ལུང་ཕྲན་ཚེགས་ལ་གཟིགས།
འདུལ་བ་ལུངརྣམྱེད(འདུལ་བ) ལུང་རྣམ་འབྱེད་ལ་གཟིགས།
འདུལ་བ་ལུངསྡེ་བཞི(འདུལ་བ) སོ་སོར་ཐར་པའི་མདོའི་འགྲེལ་པ་བཞི་སྟེ། (སོ་སོར་ཐར་པའི་མདོ་འདི། འདུལ་བ་ལུང་སྡེ་བཞིའི་རྩ་བ་དང་དེ་དག་འདིའི་འགྲེལ་པ་ཡིན་ཚུལ་ནི། རྣམ་འབྱེད་འགྲེལ་༼ ཚུ ༽༧བ༥ལས། རྣམ་པར་འབྱེད་པ་དང་ཕྲན་ཚེགས་ལ་སོགས་པ་འདུལ་བ་འདི་དག་ཐམས་ཅད་ནི་སོ་སོར་ཐར་པ་དེའི་རྒྱ་ཆེར་རྣམ་པར་བཤད་པ་ཡིན་པར་གསུངས་པ་དེའི་ཕྱིར། ཞེས་གསུངས་སོ) ༡ ལུང་གཞི། (འདིའི་མིང་བྱང་ལ་འདུལ་བ་གཞི་ཞེས་འཁོད་ཡོད་ཅིང་། རྒྱ་གར་སྐད་དུ། བིན་ཡ་བསྟུ་ཟེར) འདིས་རབ་བྱུང་གི་གཞི་ལ་སོགས་པ་ནས་གནས་མལ་གྱི་གཞིའི་བར་གཞི་བཅུ་བདུན་སྟོན། ༢ ལུང་རྣམ་འབྱེད། (འདིའི་མིང་བྱང་ལ་འདུལ་བ་རྣམ་པར་འབྱེད་པ་ཞེས་འཁོད་ཡོད་ཅིང་། རྒྱ་གར་སྐད་དུ། བིན་ཡ་བིབྷང་ག་ཞེས་ཟེར) འདིས་དགེ་སློང་ཕ་མའི་བསླབ་ཁྲིམས་སྟོན་ཏེ། དགེ་སློང་ཕའི་རྣམ་འབྱེད་ཀྱིས་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྟོན། མའི་རྣམ་འབྱེད་ཀྱིས་དགེ་སློང་མས་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི་སྟོན། ༣ ལུང་ཕྲན་ཚེགས། (འདིའི་མིང་བྱང་ལ་འདུལ་བ་ཕྲན་ཚེགས་ཀྱི་གཞི་ཞེས་འཁོད་ཡོད་ཅིང་། རྒྱ་གར་སྐད་དུ། བིན་ཡ་ཀྵུ་དྲ་ཀ་བསྟུ་ཟེར) འདི་ནི་དེ་རྣམས་ཀྱི་མ་ཚང་བ་ཁ་སྐོང་ལྟ་བུ་ཡིན། ཞེས་བུ་སྟོན་རིན་པོ་ཆེ་གསུང་བ་ལྟར་རོ། །༤ འདུལ་བ་གཞུང་བླ་མ། (འདིའི་མིང་བྱང་ལ་འདུལ་བ་གཞུང་བླ་མ་ཞེས་འཁོད་ཡོད་ཅིང་། རྒྱ་གར་སྐད་དུ། བིན་ཡ་ཨུཏྟ་ར་གྲན་ཐ་ཟེར) གཞུང་ཕྱི་མ། གཞུང་དམ་པ། གཞུང་བླ་མ། ལུང་བླ་མ། ལུང་གཞུང་བླ་མ་ཡང་ཟེར། འདིས་ལུང་གཞི་དང་རྣམ་འབྱེད་ཀྱི་དོན་ཞུ་ལེན་གྱི་སྒོ་ནས་གཏན་ལ་ཕབ་ཅིང་། དེ་དག་གི་དོན་ཞིབ་ཏུ་འཆད་པས་དེ་དག་གི་འགྲེལ་པ་ལྟ་བུ་ཡིན་ནོ། །ཡང་མཁས་པ་གཞན་དག་གིས། ༡ ལུང་རྣམ་འབྱེད། (ལུང་རྣམ་འབྱེད་སོ་ཐར་གྱི་མདོའི་ཚིག་འགྲེལ་ལྟ་བུ) ༢ ལུང་གཞི། (འདི་མ་ཚང་བ་ཁ་སྐོང་ལྟ་བུ) ༣ ལུང་ཕྲན་ཚེགས། (ལུང་ཕྲན་ཚེགས་བསླབ་བྱ་ཕྲ་མོ་ཐམས་ཅད་རྒྱས་པར་སྟོན་པའི་སྒོ་ནས་སོ་ཐར་གྱི་མདོའི་སྤྱི་དོན་ལྟ་བུ) ༤ གཞུང་དམ་པའམ་ལུང་བླ་མ་ (གཞུང་དམ་པ་དཀའ་གནད་གཏན་ལ་འབེབས་པ་ལ་ཤིན་ཏུ་གཅེས་པ་ཡིན་པར་གསུངས་སོ) སྟེ་བཞིའོ། །ཞེས་ཀྱང་གསུངས་སོ། །འདུལ་བ་ལུང་སྡེ་བཞི་སངས་རྒྱས་ཀྱི་བཀའ་ཡིན་པ་ཡོངས་གྲགས་ཡིན་ཀྱང་། མཁས་པ་འགའ་རེས་བསྟན་བཅོས་ཡིན་པར་ཡང་བཤད་དེ། བུ་སྟོན་ཆོས་འབྱུང་ལས། ཁོ་བོའི་བླ་མ་ལུང་སྡེ་བཞི་དང་། མངོན་པར་འབྱུང་བའི་མདོ་བསྟན་བཅོས་སུ་བཞེད་པ་ནི་བཞེད་པ་ཙམ་དུ་ཟད་དོ། །ཞེས་མ་རངས་པའི་ཚིག་གསུངས་སོ། །ལུང་སྡེ་བཞིའི་གོ་རིམ་ལ་དཔྱད་པ་ལ། ལུང་སྡེ་གཞི་བཞིའི་དོན་གྱི་གོ་རིམ་ནི། དང་པོ་ལུང་གཞི། དེ་ནས་ལུང་རྣམ་འབྱེད། དེ་དག་གི་དཀའ་གནད་ལ་དྲི་བ་དྲིས་ལེན་གྱི་སྒོ་ནས་གཏན་ལ་འབེབས་པ་གཞུང་བླ་མ་དང་། དེ་དག་ཏུ་མ་ཚང་བ་ཁ་སྐོང་བ་ཕྲན་ཚེགས་བཅས་ཡིན་ནོ། །འོན་ཀྱང་ཀ་ཅོག་ལ་སོགས་པས་མཛད་པའི་མཚན་བྱང་དཀར་ཆགས་ལས། དང་པོ་ལུང་གཞི། དེ་ནས་རྣམ་འབྱེད། དེ་ནས་ཕྲན་ཚེགས། དེའི་རྗེས་སུ་ལུང་བླ་མ་ཉིད་བྲིས་ཤིང་། མཁས་པ་གཞན་རྣམས་ཀྱིས་ཀྱང་དེའི་རྗེས་སུ་འབྲངས་ནས་རིམ་པ་དེ་ལྟར་དུ་བྱས་སོ། །
འདུལ་བའིམདོའིའགྲེལ<བིན་ཡ་སཱུཏྲ་བྲཏྟི> (འདུལ་བ) འདུལ་བ་མདོའི་འགྲེལ་པ་ལ་གཟིགས།
འདུལ་བའིམདོའིརྒྱཆེརའགྲེལ(འདུལ་བ) འདུལ་བ་མདོའི་རྒྱ་ཆེར་འགྲེལ་པ་ལ་གཟིགས།
འདུལ་བའིརྩ་བཤདཕྱོགསམཐུནགྱིམདོ(འདུལ་བ) འདུལ་བའི་མདོ་ལ། རྩ་བའི་མདོ། བཤད་པའི་མདོ། ཕྱོགས་མཐུན་གྱི་མདོ་དང་གསུམ། རྩ་བའི་མདོ་ནི། དགེ་སློང་ཕ་མའི་སོ་ཐར་གྱི་མདོ་ལྟ་བུ། བཤད་པའི་མདོ་ནི། ལུང་རྣམ་འབྱེད། ལུང་གཞི། ལུང་ཕྲན་ཚེགས། གཞུང་དམ་པ་སྟེ་འདུལ་བ་ལུང་སྡེ་བཞི་ལྟ་བུ། ཕྱོགས་མཐུན་གྱི་མདོ་ནི། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། ལྟུང་བ་སོ་སོའི་ལྕི་ཡང་སྟོན་པའི་མདོ། ཚུལ་ཁྲིམས་ལས་ཉམས་པའི་ལྟུང་བའི་ལྕི་ཡང་སྟོན་པའི་མདོ། སྦྱངས་པའི་ཡོན་ཏན་སྟོན་པའི་མདོ། འཁར་བསིལ་དང་དེ་འཆང་བའི་མདོ། གཎྜིའི་མདོ་ལ་སོགས་པ་རྣམས་སོ། །དོགས་གཅོད། དགེ་སློང་ཕ་མའི་སོ་ཐར་གྱི་མདོ་གཉིས་པོ་རྩ་བ་དང་། འདུལ་བ་ལུང་གཞི་སྡེ་བཞི་པོ་དེ་གཉིས་ཀྱི་འགྲེལ་པ་ཡིན་མིན་ལ་དཔྱད་པར་བྱའོ། །
འདུལ་བའིསྐོར་བཀའའགྱུརཁྲོདགླེགས་བཇིཙམ་བཞུགསསྐོར(འདུལ་བ) དེ་ལ་གླེགས་བམ་བཅུ་གསུམ་ཡོད་དེ། ལུང་གཞི་༼ ཀ ༽ནས་༼ ང ༽བར་པོད་བཞི། ལུང་རྣམ་འབྱེད་༼ ཅ ༽ནས་༼ ཏ ༽བར་པོད་བཞི། ལུང་ཕྲན་ཚེགས་༼ ཐ ༽དང་༼ ད ༽གཉིས། ལུང་ཞུ་བའམ་གཞུང་བླ་མ་༼ ན ༽དང་༼ པ ༽གཉིས་བཅས་བསྡོམས་འདུལ་བ་གླེགས་བམ་བཅུ་གསུམ་མོ། །
འདུལ་བའིསྐོར་བསྟནའགྱུརཁྲོདགླེགས་བཇིཙམ་བཞུགསསྐོར(འདུལ་བ) འདུལ་བའི་སྐོར་བསྟན་འགྱུར་ཁྲོད་གླེགས་བམ་བཅོ་བརྒྱད་༡༨བཞུགས་ཤིང་། དེ་ཡང་སྡེ་དགེ་བསྟན་འགྱུར་འདུལ་བའི་གླེགས་བམ་༼ དུ ༽ནས། ༼ སུ ༽བར་བཅོ་བརྒྱད་དོ། །
འདུལ་བའིསྡེསྣོད(འདུལ་བ) ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པའི་སངས་རྒྱས་ཀྱི་བཀའམ་དེའི་དགོངས་འགྲེལ།
འདུལ་འཛིནགྲགསརྒྱལམཚནགྱིགསུངུམདཀརཆགའདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱི་གསུང་འབུམ་གླེགས་བམ་གཉིས་ཀྱི། ༼ ཀ་པར ༽ དགེ་སློང་གི་བསླབ་བྱ་ཆེན་མོ་ལ་བརྒྱ་དང་ལྔ་བཅུ་ང་ལྔ། དགེ་ཚུལ་གྱི་ཚུལ་ཁྲིམས་རྣམ་བཤད་ལ་སུམ་ཅུ་སོ་བཞི། ཡང་དགེ་ཚུལ་གྱི་ཚུལ་ཁྲིམས་རྣམ་བཤད་བསྡུས་པ་ལ་བརྒྱད། བསླབ་པ་ཡོངས་སུ་སྦྱོང་པའི་གཞི་གསུམ་ཆོ་ག་ལ་སུམ་ཅུ་སོ་བདུན། འདུལ་བའི་གླེང་འབུམ་བླང་དོར་གསལ་བྱེད། འདི་པར་ལ་མེད། ༼ ཁ་པར ༽ཀུན་རིག་ཊཱི་ཀ་ཆེན་ལ་བརྒྱ་དང་བདུན་ཅུ་དོན་ལྔ། ཀུན་རིག་ཆོ་ག་རྒྱུད་དོན་གསལ་བ་ལ་བཞི་བཅུ་ཞེ་ལྔ། བྱ་སྤྱོད་སྤྱི་ཡི་ཆོ་ག་རྣམ་པར་བཞག་པ་བྱ་རྒྱུད་རིགས་གསུམ་སྦྱོར་ཚུལ་ལ་སུམ་ཅུ་ཐམ་པའོ། །བདེ་མཆོག་ལཱུ་ཧི་པའི་སྒྲུབ་ཐབས་ལྷན་ཐབས། བདེ་མཆོག་ལཱུ་ཧི་པའི་ཕྱི་རོལ་མཆོད་པའི་ཆོ་ག་ལག་མཆོད་དང་བཅས་པ། བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་ཆོག །འདི་པར་ལ་མེད། གསང་འདུས་རྣལ་འབྱོར་དག་རིམ་ལྷན་ཐབས་ངག་འདོན་དུ་བསྒྲིགས་པ། གསང་འདུས་མི་བསྐྱོད་པའི་ལྷ་ཚོམ་བུ་ལ་བརྟེན་པའི་མདུན་བསྐྱེད་མཆོད་ཐབས། དུས་འཁོར་ལྷ་ལྔའི་སྒྲུབ་ཐབས་རྣལ་འབྱོར་མའི་མཆོད་ཆོག་དང་བཅས་པ།འཇིགས་བྱེད་དབང་ཆོག་ལྷན་ཐབས། འདི་པར་ལ་མེད། གཤིན་རྗེ་གཤེད་དམར་མངོན་རྟོགས་ལ་བཅུ་དྲུག་གཤིན་རྗེ་དགྲ་ནག་གི་མངོན་རྟོགས་ལ་བཅུ་གཉིས། དྲུག་ཅུ་ལྕགས་མཁར་འབྲིང་པོའི་ཟིན་བྲིས། འདི་པར་ལ་མེད། རྡོར་དབྱིངས་དཀྱིལ་ཆོག །སྤྱོད་རྒྱུད་ཀྱི་རྣམ་གཞག་ཚེ་དཔག་ལྷ་དགུའི་སྒྲུབ་ཐབས་དཀྱིལ་ཆོག་དང་བཅས་པའོ། །ཕྱག་རྡོར་འཁོར་ཆེན་དང་རབ་གནས་སོགས་ནི་རྗེ་ཡི་གསུང་འབུམ་དུ་བཞུགས་སོ། །ཐོན་སྟོན་ཡོན་ཏན་རྒྱ་མཚོའི་བདེ་མཆོག་ནག་པོ་པའི་མངོན་རྟོགས་དགའ་ལྡན་པར་ལ་ཉེར་གཅིག་སྒྲུབ་དཀྱིལ་ཚང་མ་ལྷུན་རྩེའི་པར་ལ་བཞི་བཅུ་ཞེ་བདུན། སྟོད་ལུང་ཆོས་བཟང་བ་ཤེར་འབྱུང་བློ་གྲོས་ཀྱི་སྤྱོད་རྒྱུད་རྣམ་སྣང་མངོན་བྱང་སྒྲུབ་དཀྱིལ་ཚང་མ་ལ་བདུན་ཅུ་ཐམ་པ། འདི་པར་ལ་མེད། ཤེར་འབྱུང་གིས་མཛད་པའི་གསང་འདུས་འཇམ་རྡོར་སྒྲུབ་དཀྱིལ་ཚང་མ་དང༌། ཆོས་རྒྱལ་ལས་གསུམ་རྣམ་གཞག །ལྷ་མོ་དུད་སོལ་མའི་གཏོར་ཆོག་བསྐང་གསོ་རྣམས་སོ། །
ཡོནཏནའོདཀྱིསམཛདཔའི་འདུལ་བའིགཞུངལྔ(འདུལ་བ) སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བའི་གཞུང་ལྔ་ཞེས་པའི་ཐད་དུ་གཟིགས།