Semantic search

Jump to navigation Jump to search
ExpressionPart of SpeechDefinitionExample
སྤང་ཤན་མིང་ཚིགམདོ། འདུལ་བ། གང་ཟག་ཁྱད་པར་ཅན་མ་ཡིན་པའི་རྒྱུད་ཀྱི་རང་གིས་དྲན་ནུས་ཀྱི་སྤང་ལྟུང་དང་སྤང་ལྟུང་བྱུང་བའི་ཕྱིས་ནས་རྙེད་ཅིང་ད་ལྟ་སྤང་འོས་ཀྱི་གོས་རུང་བ་ཞིག་ལའོ། །དེའི་དབྱེ་བ་སོགས་གོ་དོན་རྒྱས་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། སྤང་ཤན་ལ་ཡང་རྡེག་བྱེད་དང་བརྡེག་བྱ་གཉིས་སུ་ཡོད་ཅིང་། དེ་གཉིས་ཀྱི་ངོ་བོ་ཡོད་དེ། གང་ཟག་ཁྱད་པར་ཅན་མ་ཡིན་པའི་རྒྱུད་ཀྱི་སྤང་ལྟུང་ཡིན་པ་གཞིར་བཅས་ལ། ངོ་བོ་ཤེས་ཤིང་དྲན་པར་ནུས་པ་དེ་དང་པོ་དང་། སྤང་ལྟུང་འབྱུང་བའི་ཕྱིས་ནས་རྙེད་པའི་ཡོ་བྱད་ཡིན་པ་གཞིར་བཅས་ལ། ད་ལྟ་སྤང་འོས་སུ་གནས་པ་གཉིས་པའི་ངོ་བོ་ཡིན་པའི་ཕྱིར། སྐབས་འདིའི་གང་ཟག་ཁྱད་པར་ཅན་དང་ཁྱད་པར་ཅན་མིན་པའི་ངོས་འཛིན་ཡོད་དེ། སྤང་ལྟུང་ཕྱིར་བཅོས་བྱེད་པའི་ཚེ་དངོས་པོ་མ་སྤངས་པར་དགེ་སློང་གཅིག་གི་དྲུང་དུ་བཤགས་པས་འདག་པའི་དགེ་སློང་དེ་དང་པོ་དང་། སྤང་ལྟུང་ཕྱིར་བཅོས་བྱེད་པའི་ཚེ་དངོས་པོ་སྤངས་དགོས་པའི་དགེ་སློང་དེ་གཉིས་པ་ཡིན་པའི་ཕྱིར། དང་པོ་དེར་ཐལ། སྤོ་མགུ་སྤྱད་མི་དགོས་པར་དགེ་འདུན་ལྷག་མ་གང་ཟག་གཅིག་གི་མདུན་དུ་བཤགས་པས་འདག་པའི་དགེ་སློང་དེ་ལྷག་མ་ཕྱིར་བཅོས་བྱེད་པའི་སྐབས་སུ་གང་ཟག་ཁྱད་པར་ཅན་དུ་གསུངས་པ་དང་འདྲ་བའི་ཕྱིར། དེ་ལྟར་ན་དགེ་སློང་གིས་གོས་བྱིན་བརླབས་ལ་བརྩོན་པར་བྱེད་དགོས་ཏེ། འདིར་དེ་ཡོད་ན་དངོས་པོ་དེ་ལྟ་བུ་གཞན་ལ་ཡང་འབྱུང་བ་ཉིད་དོ། །ཞེས་གསུངས་པའི་དགོངས་པས་བྱིན་གྱིས་མ་བརླབས་པའི་ཆོས་གོས་གཅིག་ཡོད་ན། ཕྱིས་རྙེད་ཀྱི་བཅས་པ་རིགས་མཐུན་པའི་ཡོ་བྱད་ཀྱི་དངོས་པོ་རྣམས་ལ་སྤང་ཤན་འབྱུང་བའི་ཕྱིར། མཐའ་གཅིག་ཏུ་བཅས་པ་རིགས་མཐུན་ཙམ་ལ་ཤན་འབྱུང་བས་ཁྱབ་པ་མ་ཡིན་ཏེ། མར་དང་བུ་རམ་གཉིས་ཞག་བདུན་པའི་སྨན་སོགས་སུ་བྱིན་གྱིས་བརླབ་ཏུ་རུང་བའི་བཅས་པ་རིགས་མཐུན་གང་ཞིག ། མར་ཞག་བདུན་པར་བྱིན་གྱིས་བརླབས་པས་ཕྱིས་རྙེད་བུ་རམ་བྱིན་གྱིས་བརླབས་པ་ལ་ཤན་མི་འབྱུང་བའི་ཕྱིར། འདིར་ཞག་བདུན་པ་ལ་ནི་རིགས་མཐུན་པ་ལའོ། །ཞེས་གསུངས་པའི་དགོངས་པ་ཡིན་པས་སོ། །སྤང་ལྟུང་བྱུང་བའི་ཚེ་ཕྱིར་བཅོས་བྱེད་པ་ལ་ཡང་བརྩོན་པར་བྱ་དགོས་ཏེ། དེ་མ་བཤགས་པར་ཡོད་ན་ཕྱིས་རྙེད་ཀྱི་ཡོ་བྱད་རིགས་མཐུན་པ་དང་། མི་མཐུན་པ་ཐམས་ཅད་སྤང་དགོས་པས་ཚེགས་ཤིག་ཏུ་ཆེ་བ་ནི་འདིར་ལྟུང་བ་དེ་ཡོད་ན་ཡོ་བྱད་ཙམ་བདག་གིར་བྱས་པ་ལ་སྤང་བ་ཉིད་དོ། །ཞེས་གསུངས་པའི་དགོངས་པ་ཡིན་པས་སོ། །ཞེས་གསུངས།
སྤང་སྤོས་མིང་ཚིགལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སྙུང་རིལ་འདྲ་ལ་ཕྱི་པགས་རྫ་མདོག་ནང་སྐྱ་ཞིང་དྲི་ཞིམ་པ་སྨད་ཆར་ཨ་ར་འདྲ་བའི་རྩ་ཕྲན་སེར་ནག་མང་ལ་རྩ་བའི་སྟོད་ཆ་དང་གཞི་རྩར་ཁ་དོག་རྫ་མདོག་གི་ཚི་སྣའམ་པགས་པ་མཉེན་ཞིང་སྤ་ལྟ་བུའི་གསོག་འཁྱིལ་ཡོད། ལོ་མ་སྔོ་ལྗང་རྒྱབ་སྐྱ་འཇམ་ལ་དབྱིབས་ནར་མོ་སྟོད་ཞེང་ཆེ་ལ་སྨད་ཕྲ་བ་མཐའ་མཉམ་ལ་གཞུང་རྒྱུག་རྩ་རིས་གསུམ་ཡོད་ཅིང་ངར་པ་ཧ་ལམ་མེད་པ་གཞི་རྩ་ནས་ཁ་ཤས་སྐྱེས་ཡོད། སྡོང་པོ་སྨུག་པོ་ཕྲ་ལ་ཐུང་བ་གསུམ་བཞི་ཙམ་སྐྱེ་ཞིང༌། ཡལ་ག་མེད་ཅིང་སྡོང་པོའི་ལོ་མ་ཐུང་ཞིང་རྩེ་རྣོ་བ་ཁ་སྤྲོད་དུ་སྐྱེ་བ། མེ་ཏོག་དམར་སྐྱ་ཆུང་ལ་དྲིལ་དབྱིབས་ཟུར་ཡོད་པ་མང་པོ་མཉམ་དུ་སྡོང་པོའི་རྩེར་འཆར་བ་སྟེ། བོད་ཀྱི་རི་མཐོའི་སྲིབ་ཀྱི་སྤང་ལ་སྐྱེ་བ། རྩ་ལོ་མེ་འབྲས་ལྷན་ཅིག་བོད་ཟླ་བདུན་པར་བཏུས་ཏེ་གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྩུབ་པས་ཚད་རྙིང་ལུས་ལ་ཞེན་པ་དང༌། དུག་ཚད་རྒྱས་པ། མཆེར་བའི་ནད། ཁོང་སྲིན། ཤ་སྐྲངས་སོགས་ལ་ཕན་པ་ཡིན།
སྤངས་པ་ཕུན་ཚོགས་མིང་ཚིགམདོ། ཚད་མ། རང་བཞིན་མིན་ཕྱིར་ཐབས་ཡོད་ཕྱིར། །རྒྱུ་སྤོང་ཕྱིར་ན་རྣམ་གྲོལ་འཐད། །དྲི་མ་ཕྱིན་ཅི་ལོག་གིས་སྒྲོ་བཏགས་པ་གློ་བུར་བ་ཡིན་པས་རང་བཞིན་མ་ཡིན་ཏེ། སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་པའི་ཕྱིར་རོ། །ཉོན་མོངས་པའི་རྒྱུ་བདག་འཛིན་ཡིན་ལ་དེ་དང་འགལ་བ་བདག་མེད་ཡོད་པའི་ཕྱིར་དང་། རྒྱུ་སྤངས་པ་ཉིད་ཀྱིས་སླར་མི་ལྡོག་སྟེ་བུད་ཤིང་ཟད་པའི་མེ་བཞིན་དུ་འབྲས་བུ་སྐྱེད་མི་ནུས་པའི་ཕྱིར་རོ། །དེ་དག་རྣམ་འགྲེལ་ལས། སེམས་འདི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། །
སྤངས་པ་བདུན་བོར་རབ་ཏུ་བྱུང་མིང་ཚིགམདོ། འདུལ་བ། བོན། དེ་ཡང་སྟོན་པ་འཆི་མེད་གཙུག་ཕུད་རབ་ཏུ་བྱུང་བའི་དུས་སུ་སྤང་བྱའི་རིགས་ཏེ། གྲངས་ནི། ཡུལ། གནས། ཁྱིམ། སྲས། འཁོར། ཉེ་དྲུང་། ནོར་དང་བདུན་རོ་བཞིན་བོར་ནས་རབ་ཏུ་བྱུང་བ་སྟེ། འདུལ་བ་ཡོངས་རྫོགས་ལས། འཆི་མེད་གཙུག་ཕུད་འགྲོ་ལ་དགོངས། །ཅེས་པ། རྡོ་རྗེའི་སྐུ་ལ་གཡུང་དྲུང་ཐུགས། །འཆི་བ་མེད་པ་སྐྱེས་ནས་བརྩན། །བོན་ཉིད་དབྱིངས་ལ་བླ་མེད་གཙུག ། བདེ་གཤེགས་ཀུན་ལ་ཡང་དག་ཕུད། །འགྲོ་བའི་དོན་ལ་མི་ལུས་བྱོན། །སངས་རྒྱས་དགོངས་པས་འགྲོ་ལ་བརྩེ། །སྤངས་པ་བདུན་བོར་རབ་ཏུ་བྱུང་། །ཞེས་གསུངས་སོ། །
སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བྱེད་མིང་ཚིགམདོ། འདུལ་བ། དགེ་སློང་གིས་དགེ་འདུན་གྱིས་གནས་ནས་དབྱུང་བའི་དགེ་སློང་དང་མཐུན་འཇུག་བྱས་པ་ལས་གྱུར་པའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་འདུན་གྱི་གནས་ནས་དབྱུང་བའི་དགེ་སློང་དང་། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལྷན་ཅིག་ཏུ་བྱས་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་དགེ་འདུན་གྱིས་དགེ་སློང་འཆི་ལྟས་གནས་ནས་ཕྱུང་བ་ལ་ཉེ་དགས་མཐུན་འཇུག་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པའོ། །ཞེས་གསུངས།
སྤངས་པ་སླར་མི་ལྡོག་པའི་ཚུལ་མིང་ཚིགམདོ། ཚད་མ། འབད་ལ་ལྟོས་ཕྱིར་མི་བརྟན་ཕྱིར། །སླར་འབྱུང་བསྐྱེད་ཕྱིར་དཔེར་མི་རུང། །མཆོངས་པ་ནི་ལུས་ཀྱི་སྟོབས་ཡིན་པས་ཚད་ཅན་ཡིན་ཏེ། བད་ཀན་ལ་སོགས་པ་ལྕི་བའི་ཆོས་དག་ནི་རང་ལ་གཉུག་མར་གནས་པའི་སྟོབས་ཉིད་དུ་མཐར་ཐུག་ནས་གནས་སོ། །དེས་ན་མཆོངས་པ་ལས་མཆོངས་པ་གཞན་མི་སྐྱེ་བའི་ཕྱིར་མཐར་ཐུག་པ་མེད་པའི་མཆོངས་པ་མི་སྲིད་དོ། །བརྩེ་བ་དང་ཤེས་རབ་ལ་སོགས་པ་ནི་སེམས་ཀྱི་ཆོས་ཡིན་པས་ཚད་མེད་པར་བསྐྱེད་ནུས་ཏེ། བརྩེ་སོགས་སྔ་མ་ལས་ཕྱི་མ་ཁྱད་པར་དུ་འཕེལ་བའི་ཕྱིར་ཤིང་དང་མེའམ་དངུལ་ཆུ་དང་གསེར་རམ་ས་བོན་ལས་ས་བོན་དཔག་ཏུ་མེད་པ་འཕེལ་བ་བཞིན་ནོ། །རྣམ་འགྲེལ་ལས། དེ་ནི་དང་པོ་ཕྱིས་བཞིན་དུ། །མཆོངས་མིན་ལུས་མི་མཐུན་པའི་ཕྱིར། །རྩོལ་བས་རིམ་གྱིས་མི་མཐུན་པ། །བསལ་ན་རང་སྟོབས་ཉིད་དུ་གནས། །ཡང་ཆུ་བསྲོས་ཀྱང་མེར་མི་འགྱུར་པའང་དཔེ་མ་ཡིན་ཏེ། འབར་བའི་སྔོན་དུ་རྟེན་མི་བརྟན་པར་སྐམ་པའི་ཕྱིར་དང་། མེ་འབར་བའི་རང་བཞིན་མ་ཡིན་པའི་ཕྱིར་ཏེ། ནས་ལ་འབད་ཀྱང་སཱ་ལུའི་མྱུ་གུ་མི་འབྱུང་བ་བཞིན་ནོ། །ཡང་གསེར་གྱི་སྲ་བ་ལྡོག་པ་ཡང་དཔེ་མ་ཡིན། སྤྱིར་ནད་གསོ་བ་ལྟར་གཉེན་པོའི་རིགས་གཉིས་ཏེ་སླར་ལྡོག་པ་དང་མི་ལྡོག་པའོ། །བད་ཀན་ལས་སེའུ་འབྲུའི་སྦྱོར་བ་དང་། ཞེ་སྡང་ལ་བྱམས་པ་ལ་སོགས་པ་དང་། གསེར་ལ་མེ་ལ་སོགས་པ་སླར་ལྡོག་པའི་གཉེན་པོ་ཡིན་ལ། བད་ཀན་ལ་འཁྲུ་སྐྱུག་དང་། ཉོན་མོངས་པའི་གཉེན་པོར་སྟོང་ཉིད་དང་། ཤིང་མེས་བསྲེག་པ་ལ་སོགས་པ་ནི་སླར་མི་ལྡོག་པ་ཡིན་ཏེ། རྣམ་འགྲེལ་ལས། སླར་མི་འབྱུང་བ་འགའ་ཞིག་ནི། །ལ་ལར་འགྱུར་བ་སྐྱེད་པར་བྱེད། །འགའ་ཞིག་ལྡོག་པ་ཡིན་ཕྱིར་དཔེར། །ཤིང་དང་གསེར་ལ་མེ་བཞིན་ནོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། །
སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་མིང་ཚིགམདོ། འདུལ་བ། གླེང་གཞི་ནི་མཉན་ཡོད་དུ་དགེ་འདུན་གྱིས་དགེ་སློང་འཆི་ལྟས་གནས་ནས་ཕྱུང་བ་ལ་ཉེ་དགས་མཐུན་འཇུག་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པའོ། །ངོ་ཏི་ནི་དགེ་འདུན་གྱིས་གནས་ནས་ཕྱུང་བའི་དགེ་སློང་ལ་བཅས་ལྡན་དགེ་སློང་གཞན་དག་གིས་ཆོས་དང་ཟང་ཟིང་ལོངས་སྤྱོད་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གཉིས་ཏེ། གང་གི་རྗེས་སུ་ཕྱོགས་པའི་ཡུལ་དང་། །གང་དུ་ཉལ་བའི་གནས་སོ། །དང་པོ་ནི། དགེ་སློང་ཆོས་བརྒྱད་ལྡན་ཏེ། དགེ་སློང་ཆོས་དྲུག་ལྡན་ལས་ལྟ་བ་མཐུན་པ་མ་གཏོགས་པ་ལྔའི་སྟེང་དུ། སྤངས་པ་དང་འབྲེལ་བ་དང་། ནད་པ་མ་ཡིན་པ་དང་། གདུལ་བྱ་ལ་ལྟོས་པ་མ་ཡིན་པ་སྟེ། སྤངས་པ་ཕྱིར་བཅོས་པ་ཉིད་མ་བྱས་པ་ཞེས་པ་དང་། ནད་པ་དང་ཞེས་པ་དང་། ལྟ་བ་དང་དབྲལ་དགོས་པའི་དོན་གྱིས་ནི་མ་གཏོགས་ཞེས་གསུངས་པས་སོ། །འདིར་ལྟ་བ་མཐུན་པ་ནི་ཡན་ལག་ཏུ་མི་དགོས་ཏེ། སྡིག་ལྟ་མི་གཏོང་བ་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་ན་ལྟ་བ་མི་མཐུན་པ་ཉིད་ལས་ལྟུང་བྱེད་འདི་རྣམ་པར་བཞག་པའི་ཕྱིར་རོ། །གཉིས་པ་གང་དུ་ཉལ་བའི་གནས་ནི། གནས་ཆོས་གསུམ་ལྡན་ཏེ། སྔར་ནུབ་ལྷག་གི་སྐབས་སུ་བཤད་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། ཀུན་སློང་ནི་རང་དགར་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱེད་པར་འདོད་པའམ་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱེད་པའམ་གནས་གཅིག་ཏུ་ལྷན་ཅིག་ཉལ་བར་བྱེད་པའོ། །མཐར་ཐུག་ནི་ཆོས་དང་ཟང་ཟིང་ལོངས་སྤྱོད་བྱས་པའམ། ལྷན་ཅིག་ཉལ་བར་མཚན་མོའི་མཐའི་སྐད་ཅིག་མའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། མདོ་ལས། སྨྲ་བ་དང་། ཞེས་དང་། འདིར་ཤེས་གཙོའོ། །དེ་སྐད་སྨྲ་བས་སྤངས་པ་ཕྱིར་བཅོས་པ་ཉིད་མ་བྱས་པའི་དགེ་སློང་ལའོ། །ལུང་འབོག་པ་དང་། ཞེས་པ་ནས། གནས་སུ་ལྷན་ཅིག་ཉལ་ནའོ། །མཐར་རོ། །མཚན་མོའི་འོ། །ཞེས་པས་བསྟན། ངོ་བོ་ནི། དགེ་སློང་གང་དགེ་འདུན་གྱི་གནས་ནས་ཕྱུང་བའི་དགེ་སློང་དང་སྤྱོད་ལམ་མཐུན་པར་བྱེད་ཅིང་མཚན་གང་གཅིག་ལྷན་ཅིག་ཏུ་ཉལ་བའི་བཅས་པའི་ཁ་ན་མ་ཐོ་བའོ། །གནས་ནས་ཕྱུང་བ་དེ་ན་བའི་སྐབས་དང་སྡིག་ལྟ་དང་བྲལ་བའི་ཆེད་དུ་ལུང་འབོག་པ་ལ་སོགས་དང་། སྤྱོད་ལམ་མཐུན་པར་བྱེད་པ་ལ་ལྟུང་བ་མེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་མིང་ཚིགམདོ། ཕར་ཕྱིན། ཡེ་ཤེས་གཅིག་ཉིད་ཀྱིས་སྤྲོས་པ་ཐམས་ཅད་ཅིག་ཅར་དུ་བཀག་ནུས་ལ། དེའི་ཚེ་བདེན་བཞིའི་སྟེང་དུ་གཟུང་བའི་དོན་དུ་སྤྲོས་པ་བཀག་པའི་ཆ་ནས་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་སུ་འཇོག་གོ ། ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། པཎ་ཆེན་ངག་ཆོས་ཀྱིས། ཐེག་ཆེན་འཕགས་པའི་ཡེ་ཤེས་གཅིག་ཉིད་ཀྱིས་སྤྲོས་པ་ཐམས་ཅད་གཅིག་ཆར་དུ་བཀག་ནུས་ལ། དེའི་ཚེ་བདེན་བཞིའི་སྟེང་དུ་གཟུང་བ་ཕྱི་རོལ་གྱི་དོན་དུ་ཞེན་པའི་སྤྲོས་པ་བཀག་སྟེ། གཞི་གཟུང་བ་ཆོས་ཀྱི་(བདག་གི་)སྐྱེ་མེད་དུ་རྟོགས་པའི་ལྡོག་ཆ་ནི། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་སོ། །ཞེས་ཤེར་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། །
ཀླུ་ཡེ་ཤེས་སྙིང་པོ་མིང་ཚིགཡུམ་སྲས་གཤེན་གསུམ་གྱི་སློབ་མ་ལྷ་ཀླུ་མིའི་གཤེན་གསུམ་གྲགས་པའི་ནང་ཚན་ཀླུ་ཡི་གཤེན་པོ་ཀླུ་སྒྲུབ་ཡེ་ཤེས་སྙིང་པོ་ཞེས་པ་དེ་ཡིན་ལ། གསང་སྔགས་སྤྱི་སྤུངས་ཀྱི་བརྒྱུད་རིམ་གཤེན་པོ་རྣམས་ལས་གདུང་རྒྱུད་བཅུ་གསུམ་གྱི་ནང་ཚན་ཡང་ཡིན། འདི་ཉིད་ཡུལ་ཀླུ་ཡུལ་ནེ་ར་སེང་ཆེན། གནས་ཟི་ཏ་ཕུག་རི་སྐུ་མཁར་སྔོ་ཕུག་གཡུ་རྩེ་བྱ་བ་རུ་ཡབ་བྲམ་ཟེ་ལྷས་བྱིན་མཛེས་པ་དང་། ཡུམ་གཉེན་ལྕམ་གཟི་ལྡན་མ་བྱ་བ་གཉིས་ལ་འཕྲུལ་གཤེན་སྣང་ལྡན་གྱིས་བྱིན་གྱིས་བརླབས་པའི་སྲས་སུ་འཁྲུངས་སོ། །སྲས་དེ་ལ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་མཚན་ལྟས་བརྟགས་ཏེ་ཀླུ་ཡེ་ཤེས་སྙིང་པོ་ཞེས་མཚན་དུ་གསོལ་ལོ། །རྒྱལ་གཤེན་གྱི་ཞལ་ནས། རིགས་ཀྱི་བུ་བླ་མ་ནི་མཚན་དང་ལྡན་པའི་གྲོགས་ལ་བསྟེན། ལུང་ནི་གང་ནས་གོང་འཕེལ་གོང་དུ་ཞུས། མན་ངག་གང་དུ་ཡོད་པའི་གནས་ཡུལ་ཉུལ། ཞེས་པ་ལུང་བསྟན་པ་ལྟར། ཡེ་ཤེས་སྙིང་པོས་ཀྱང་རྩ་གསུམ་ལྷའི་གནས་སོགས་སུ་བྱོན་ནས། ཡུམ་སྲས་གཤེན་གསུམ་དང་ལྷ་བོན་ཡོངས་སུ་དག་པ་དབལ་བོན་སྟག་ལ་མེ་འབར་རྣམས་ཀྱི་དྲུང་ནས་བོན་ལ་ཐོས་བསམ་སྒོམ་པའི་བློ་རྩལ་སྦྱངས་སོ། །ཡུམ་བཟང་ཟ་རིང་བཙུན་གྱིས་ཡེ་ཤེས་སྙིང་པོ་ལ་ཡུམ་སྲས་གཤེན་གསུམ་གྱིས་སྙན་ནས་སྙན་དུ་བརྒྱུད་པའི་སྤྱི་སྤུངས་ཞི་ཁྲོའི་བོན་སྐོར་རྒྱས་འབྲིང་བསྡུས་གསུམ་ལས། ཉུང་ལ་འདུས་པ་མན་ངག་གསེར་ཞུན་ལྟ་བུའི་བོན་སྐོར་ཆུ་དར་སྔོན་པོ་ལ་གསེར་ཞུན་མས་བྲིས་ནས་གཏད་གཉེར་མཛད་དོ། ། ཀླུ་གྲུབ་ཡེ་ཤེས་སྙིང་པོས་ཀྱང་བོན་སྡེ་དེ་དག་བཟང་ཟ་རིང་བཙུན་གྱི་སྤྲུལ་པ་ལྕམ་རྒྱུང་ནེ་རོག་བྱ་བ་གྲོགས་སུ་བཙལ་ནས། གཡུའི་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་འགོ་བོར་བསྒྲུབས་ཤིང་ཀླུ་ཁམས་འདྲེན་པའི་སྟོན་པ་མཛད་དོ། ། གོང་གསལ་མིང་ཚིག་འགའ་ལ་འབྲི་ཚུལ་གྱི་སྒོ་ནས་དཔེ་གཞན་པའི་ནང་དུ་༼ནེ་ཏྲ་གསིང་ཆེན། ཟི་ཏི་ཕུག་རིང་། སྔོན་བུ་གཡུ་རྩེ་༽ཞེས་པ་ཡང་འདུག་གོ །
སྤུ་ཁ་མིང་ཚིགརྟ་དྲེལ་སོགས་ཕྱུགས་རིགས་ཀྱི་སྤུ་མདོགརྟའི་སྤུ་ཁ་ཞེས་པ་ལྟ་བུ།
སྤུ་གྲ་མིང་ཚིགསྲོག་ཆགས་ཀྱི་སྤུའི་རིགས་ཀྱི་རྩེ་མོ།
སྤུ་གྲི་མིང་ཚིགཧ་ཅང་རྣོ་བའི་གྲིའི་རིགས།སྤུ་གྲིའི་སོ་ལྟར་ཧ་ཅང་རྣོ་བ་ལྟ་བུ།
སྤུ་ཆེན་མིང་ཚིགསྤུ་རིང་ཙམ་ཡོད་པའི་སྣམ་བུའི་རིགས་ཤིག་སྟེ། སྣམ་བུ་སྤུ་ཆེན་ཟེར།
སྤུ་དཀར་མིང་ཚིགསྤུ་མདོག་དཀར་པོའི་རིགས་ཀྱི་བལ་དང་། རྩིད་པ། ཁུལ་ལུ་སོགས་ཀྱི་དོན།
སྤུ་དེ་གུང་རྒྱལ་མིང་ཚིགཕྱི་ལོའི་སྔོན་གྱི་དུས་རབས་གཉིས་པར་ཡབ་རྒྱལ་པོ་གྲི་གུམ་བཙན་པོ་དང་། ཡུམ་ཀླུ་སྲིང་མེར་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ལོ་ངམ་རྟ་རྫིས་ཡབ་རྒྱལ་པོ་བཀྲོངས་རྗེས་སྤོ་བོའི་ཡུལ་དུ་བྲོས། ཡུལ་དེའི་རྗེ་བོ་མཛད་ནས་བཞུགས། བློན་པོ་རུ་ལས་སྐྱེས་ཀྱིས་ཡར་ལུང་དུ་གདན་དྲངས། རྒྱལ་སར་ཡང་བཀོད། སྐུ་གཤེན་ནི་གཅོའུ་གཉའ་བཞེད་ཀྱིས་མཛད། བློན་པོ་ནི་རུ་ལས་སྐྱེས་ཀྱིས་མཛད། གསས་མཁར་ཁྲི་སྐོར་དང་། འཕྱིངས་པ་སྟག་རྩེ་བཞེངས། བཙུན་མོ་འོམ་ཐང་སྨན་མཚོ་ཁབ་ཏུ་བཞེས། རིགས་སྲས་ཨེ་ཤོ་ལེགས་འཁྲུངས། བང་སོ་ཡབ་ཀྱི་འགྲམ་དུ་བརྩིགས། ཞང་ཞུང་ནས་བོན་ལ་མཁས་པའི་གཤེན་པོ་དུ་མ་སྤྱན་དྲངས། བོན་གྱི་དཔེ་ཆ་ཡང་མང་དུ་བསྒྱུར། བོན་གྱི་བསྟན་པ་རྒྱས་པར་མཛད། བོད་ཀྱི་རྒྱལ་རབས་དགུ་པ་དང་། སྟོད་ཀྱི་སྟེངས་གཉིས་ཀྱི་ཡ་གྱལ་ཡིན། མཚན་གཞན། བྱ་ཁྲི་བཙན་པོ།
སྤུ་ཕྲུག་མིང་ཚིགརྒྱུ་ཆ་ཅུང་ཞན་པའི་སྣམ་བུའི་རིགས་ཤིག་སྟེ། ཞུད་འོག་ཅེས་པ་སྣམ་བུ་འབྲིང་ཙམ་ལ་ཟེར་ཞིང། སྤུ་ཕྲུག་ནི་དེ་ལས་ཅུང་ཙམ་ཞན་པ་ཞིག་ཡིན།
སྤུ་མ་མིང་ཚིགསྤུ་ཡོད་པའི་དར་གོས་སོགས་ཀྱི་རིགས།གོས་ཆེན་སྤུ་མ། རས་སྤུ་མ། སྣམ་བུ་སྤུ་མ་ལྟ་བུ།
གཟུང་མེད་རྟོགས་པའི་རྣལ་འབྱོར་གྱི་ས་མིང་ཚིགམདོ། ཕར་ཕྱིན། མཚན་ཉིད། གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པའི་བྱང་སེམས་ཀྱི་དྲོད་རྩེ་གང་རུང་གིས་བསྡུས་པའི་མངོན་རྟོགས། ས་མཚམས། ཐེག་ཆེན་གྱི་དྲོད་རྩེ་གཉིས་སུ་བསྒོམ་པར་བྱ་བ་ཡིན་ཏེ། དེར་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ལྷག་པའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། ། གཟུང་མེད་རྟོགས་པའི་རྣལ་འབྱོར་གྱི་ས་ལ་གསུམ་ལས། དང་པོ་བསམ་བྱུང་གི་རིགས་པ་ནི། སྔོན་པོ་དང་དེ་འཛིན་པའི་བློ་དག་རྫས་གཞན་དུ་བདེན་པར་མེད་དེ། དམིགས་བྱེད་ཀྱི་བློ་གཅིག་གིས་ལྷན་ཅིག་དམིགས་པར་ངེས་པའི་ཕྱིར་རོ། །ཟླ་གཉིས་ཀྱི་རྣམ་པ་བཞིན། རྟགས་གྲུབ་སྟེ། སྔོན་པོ་མ་དམིགས་ན་སྔོ་འཛིན་མི་དམིགས་པའི་ཕྱིར་ཏེ། སྔོ་འཛིན་ནི་སྔོན་པོས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །སྔོ་འཛིན་མ་དམིགས་ན་ཡང་སྔོན་པོ་མེད་དེ། ཤེས་བྱེད་མེད་པས་ཤེས་བྱ་མེད་པའི་ཕྱིར། གཉིས་པ་བསྒོམས་བྱུང་གི་རྣལ་འབྱོར་ནི། ཕུང་པོ་སོགས་ལ་དམིགས་ཏེ་དོན་དུ་སྣང་བ་འདི་ནི་སེམས་ཙམ་ཁོ་ན་ཡིན་གྱི། ཕྱི་རོལ་གྱི་དོན་ནི་མེད་དོ། །ཞེས་བྱ་བ་རྩེ་གཅིག་ཏུ་ཡིད་ལ་བྱེད་ཅིང་བསྒོམ་མོ། །གསུམ་པ་བསྒོམས་པའི་འབྲས་བུ་ནི། བསྒོམས་པའི་སྟོབས་གྲུབ་པ་ན་སྣང་བ་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པ་སྤངས་པའོ། །འཛིན་པ་ལ་ནི་སྒྲོ་འདོགས་མ་ཆོད་དེ། འཛིན་པའི་རྣམ་པ་ཅན་གྱི་སེམས་ལ་བདེན་པར་མངོན་པར་ཞེན་པ་ཡོངས་སུ་མ་བོར་བས་སོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
སྤུ་རྡུལ་མིང་ཚིགཆེས་ཆུང་བའི་རྡུལ་གྱི་རིགས་ཤིག་སྟེ། སྤུའི་རྩེ་མོ་ལྟ་བུའི་ཚད།
སྤུ་ཤད་མིང་ཚིགབལ་སོགས་སྤུ་རིགས་ཤད་བྱེད་ཀྱི་ཡོ་བྱད།
སྤུ་ཤད་མིང་ཚིགསྤུ་རིགས་མཁྲེགས་པོས་བཟོས་པའི་གདན་སོགས་འདྲད་བྱེད་ཀྱི་ཡོ་བྱད།
སྤུ་སྐུད་མིང་ཚིགབལ་དང་རྩིད་པ་སོགས་སྤུ་རིགས་ཀྱི་སྐུད་པ།
གཟུང་འཛིན་གཉིས་སྟོང་རྟོགས་པའི་རྣལ་འབྱོར་གྱི་ས་མིང་ཚིགམདོ། ཕར་ཕྱིན། རང་རྒྱུད་པ། སྐབས་འདིར་རྣལ་འབྱོར་གྱི་ས་གསུམ་བཤད་པའི་ནང་གསེས་གཉིས་པ་སྟེ་རང་རྒྱལ་གྱི་རྟོགས་རིགས་སུ་གནས་པའི་ཤེས་རབ་ཅིག་ལ་འཇོག དེའི་མཚན་ཉིད་ནི། པཎ་ཆེན་གྱི་ཕར་ཕྱིན་མཐའ་དཔྱོད་ལས། རང་ལུགས། རང་རྒྱལ་གྱི་ཤེས་རབ་ཀྱི་རྟོགས་རིགས་སུ་གནས་པའི་གཉིས་སྟོང་རྟོགས་པའི་ལམ་ཞུགས་ཀྱི་མཁྱེན་པ། འདིར་བསྟན་རྣལ་འབྱོར་གྱི་ས་གཉིས་པའི་མཚན་ཉིད། ཅེས་གསུངས།
སྤུན་ཟླ་མིང་ཚིགརིགས་རུས་གཅིག་པའི་མི།བོད་རིགས་སྤུན་ཟླ་ལྟ་བུ།
ཀླུ་རྒྱལ་མིང་ཚིགཀླུའི་རྒྱལ་པོ་སྡེ་བརྒྱད་ནང་ཚན་གྱི་ཀླུ་རིགས་ཀྱི་གཙོ་བོ།
གཟུང་ཡུལ་མིང་ཚིགགཟུང་ཡུལ་གྱི་མཚན་ཉིད་ནི། རང་འཛིན་གྱི་ཤེས་པ་མ་འཁྲུལ་བ་ལ་རང་འདྲའི་རྣམ་པ་གཏོད་བྱེད་དོ། །མཚན་གཞི། སྤྱིར་རང་མཚན་དང་། ཁྱད་པར་ཕྱི་རོལ་གྱི་དོན་ལྔ་པོ་ཁོ་ན་ཡིན་ནོ། །གཟུང་ཡུལ་གྱི་མཚན་ཉིད་དུ་བཞག་པ་འདི་མ་དཔྱད་པའི་རྣམ་པར་བཞག་པའམ་གཟུང་འཛིན་གྲངས་མཉམ་དུ་སྨྲ་བའི་མདོ་སྡེ་པའི་གྲུབ་མཐའ་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། འདིར་དོན་དེ་དང་འདྲ་བ་ཁོ་ན་ལ་དོན་དེ་གཟུང་ཡུལ་དུ་བྱས་པར་བཞག་དགོས་པ་གང་ཞིག དཔྱད་པའི་ཚེ་སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སྡེ་པའི་གྲུབ་མཐའ་ལ་དེ་ལྟར་བཞག་མི་ནུས་ཕྱིར། དཔེར་ན་བུའི་གཟུགས་དེ་ཕའི་གཟུགས་དང་འདྲ་བར་སྐྱེས་པ་ལ་དེ་འཛིན་ཞེས་བརྗོད་པ་བཞིན་ནོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་སོ། །ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས། གཟུང་ཡུལ་གྱི་མཚན་ཉིད་ནི། རང་འཛིན་མངོན་སུམ་ལ་རང་འདྲའི་རྣམ་པ་དངོས་སུ་གཏོད་བྱེད་ཀྱི་ཕྱི་དོན་ནོ། །དབྱེ་བ་ནི། ཡུལ་ཅན་གྱི་སྒོ་ནས་དབང་པོའི་མངོན་སུམ་གྱི་གཟུང་ཡུལ་དང་། ཡིད་ཀྱི་མངོན་སུམ་གྱི་གཟུང་ཡུལ་གཉིས། ཡུལ་གྱི་སྒོ་ནས་གཟུགས་སྒྲ་དྲི་རོ་རེག་བྱ་ལྔའོ། །ཞེས་སོ། །མཁན་ཆེན་ངག་ཆོས་ཀྱི་ལེགས་བཤད་དཔལ་སྟེེར་ལས། གཟུང་ཡུལ་གྱི་མཚན་ཉིད་ནི། རང་འཛིན་ཚུར་མཐོང་གི་བརྒྱུད་ཀྱི་དོན་རིག་མངོན་སུམ་ལ་རང་འདྲའི་རྣམ་པ་དངོས་སུ་གཏོད་བྱེད་ཀྱི་ཕྱི་དོན། གཟུང་ཡུལ་དང་། གཟུང་དོན་དང་། རང་འཛིན་ཚུར་མཐོང་གི་བརྒྱུད་ཀྱི་དོན་རིག་མངོན་སུམ་གྱི་དམིགས་རྐྱེན་དང། ཚུར་མཐོང་གི་བརྒྱུད་ཀྱི་མངོན་སུམ་གྱི་ཡུལ་དུ་གྱུར་པའི་ཕྱི་དོན་དང་། དེའི་གཞལ་བྱར་གྱུར་པའི་ཕྱི་དོན་དང། ཕྱི་དོན་ཡུལ་གྱི་རྡུལ་ཕྲན་ཁྱད་པར་ཅན་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ། །འོན་ཀྱང་གཟུགས་ཡིན་ན། གཟུང་ཡུལ་ཡིན་པས་མ་ཁྱབ་ཏེ། གཟུགས་ཀྱི་ཆུང་མཐར་གྱུར་པའི་རྫས་རྡུལ་ཕྲ་རབ་ཀྱིས་མ་ངེས་པའི་ཕྱིར་རོ། །ཞེས་སོ། །
སྤེན་ཏོག་མིང་ཚིགགསེར་དངུལ་སོགས་ཀྱིས་བརྡུངས་པའི་བུད་མེད་ཀྱི་མགོ་རྒྱན་རིགས་ཤིག
སྤེན་ཐོག་མིང་ཚིགགསེར་དངུལ་སོགས་ཀྱིས་བརྡུངས་པའི་བུད་མེད་ཀྱི་མགོ་རྒྱན་རིགས་ཤིག
སྤེན་དཀར་མིང་ཚིགཤིང་སྨན་རིགས་སྤེན་མ་མེ་ཏོག་དཀར་པོ་འཆར་བ་ཞིག་སྟེ། ནུས་པས་ཟས་མ་ཞུ་བ་དང༌། གློ་ལུ་བ་ལ་ཕན། སོའི་རྩི་སྲུང་ཞིང་སོ་རྩ་བརྟན་པར་བྱེད།
སྤེན་ནག་མིང་ཚིགཤིང་སྨན་གྱི་རིགས་ཤིག་སྟེ། རོ་མངར་ལ་བསྐ། ཞུ་རྗེས་སྙོམས། ནུས་པས་ཟས་མ་ཞུ་བ་དང༌། གློ་ལུ་བ། བུད་མེད་ཀྱི་ནུ་ཚབས་བཅས་ལ་ཕན།
སྤེན་པ་སུམ་འདོམ་མིང་ཚིགགཟའ་བཞིའི་ཀླུང་རྩིས་ལས་གཟའ་སུམ་འདོམ་གྱི་ནང་གསེས་ཤིག་སྟེ། དེ་ནི་བརྩི་བྱ་དག་གི་དཀྱུས་མ་ལོའི་དབང་ཁམས་ལ་སྦྱར་བའི་ཕྱི་གཟའ་དང་། ལོ་འགྲོས་རྐྱང་བར་སྦྱར་བའི་བར་གཟའ། སྐྱེས་སྤར་ལ་སྦྱར་བའི་ནང་གཟའ་བཅས་གསུམ་པོ་བཏགས་གཟའ་སྤེན་པ་ཡིན་པ་ལ་ཟེར་ཞིང་། བརྩི་ཚུལ་གཞན་ལྟར་ན་ཕྱི་གཟའི་ཚབ་ཏུ་གཟའ་བཞིའི་ཀླུང་རྩིས་མ་ལ་གཙོ་ཆེར་བརྩི་བས་མའི་རང་ལོའི་བར་གཟའ་བའམ། ཡང་ན་ཕའི་རང་ལོའི་བར་གཟའ་སྤེན་པ་ཡིན་ཡང་རུང་བ་ཡིན། བརྩི་བྱ་དེ་རིགས་ཕ་ཁུ་གོང་མ་དང་ནོར་ལ་ངན། བུ་ཚ་ལྷག་ཆད་ཅན་འོང་། འཁོར་དགྲ་རུ་ལྡང་། ཚེ་ཚད་འབྲིང་། ཞང་ལ་གྲི་འཁོར། བྱེ་བྲལ་འོང་། བུ་ཚ་ཟུང་གིས་འདུར། སྙིང་མི་དགའ། ལྷ་རུ་དགྲ་ལྷ་ཡུལ་ལྷ་འགོ། གཟའ་འདི་རང་ལ་ཁྱིམ་མི་དབུབ། ཞིང་ས་ནས་ས་བདག་དང་དམ་སྲི་གནོད། གཟེར་ནད་ཁྲག་ནད་གློ་བུར་ནད་བཅས་ལ་འབྱུང་བར་འགྱུར་བས། བཅོས་སུ་ནུབ་ཏུ་དོང་གྲུ་གསུམ་བྲུ། ར་ཐོད་གཅིག་དང་། ངར་གླུད་གསུམ། མི་ཤ་གསུམ། ཟན་ཆངས་གསུམ། འཇིམ་པའི་ངར་མི་གསུམ། བོང་བུའི་གློའམ་ཕྱག་མ་གསུམ་བཅས་ཤར་ཕྱོགས་སུ་གནོད་དགོས་ལ། དྭ་ཟིན་གཉིས་ཀྱི་རྩ་གཏོ་ཡང་བྱ་དགོས། གལ་སྲིད་བརྩི་བྱའི་ལོ་ཁམས་ས་སྟག་ཡིན་པར་ཆ་བཞག་ན། དབང་ཐང་ས་དང་ལོ་འགྲོས་སྟག་ལ་སྦྱར་བའི་ཕྱི་བར་གྱི་གཟའ་གཉིས་སྤེན་པ་ཡིན་ལ། དེའི་ཁར་བརྩི་བྱ་དེ་ཕོ་ཡིན་ན་སྐྱེས་སྤར་ཁམ་མམ་ལི་དང་། མོ་ཡིན་ན་སྐྱེས་སྤར་ཟིན་ནམ་དྭ་ཡིན་ན། དེར་སྦྱར་བའི་ནང་གཟའ་ཡང་སྤེན་པ་ཡིན་པས་སྤེན་པ་གསུམ་འདོམ་པ་ལྟ་བུ་ཡིན།
གཟུངས་མིང་ཚིགདམ་པའི་ཆོས་འཛིན་ཞིང་སྤེལ་བར་བྱེད་པའི་ཐབས་རྣམ་དག་གང་ཞིག དྲན་པ་དང་ཤེས་རབ་མཚུངས་ལྡན་དང་བཅས་པའི་རིགས་སུ་གནས་པའི་རིག་པ། གཟུངས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཚིག་གི་གཟུངས། དོན་གྱི་གཟུངས། སྔགས་ཀྱི་གཟུངས། བཟོད་པའི་གཟུངས་དང་བཞི། དང་པོ་ནི། གསུང་རབ་ཀྱི་ཚིག་མི་བརྗེད་པར་འཛིན་པའི་གཟུངས་ལྟ་བུ། གཉིས་པ་ནི། དོན་མི་བརྗེད་པར་འཛིན་པའི་གཟུངས་ལྟ་བུ། གསུམ་པ་ནི། གསང་སྔགས་ཁྱད་པར་ཅན་རྩོམ་པའི་གཟུངས་ལྟ་བུ། བཞི་པ་ནི། སྟོང་ཉིད་ཟབ་མོའི་དོན་ལ་མི་སྐྲག་པའི་གཟུངས་ལྟ་བུའོ། །ཡང་དེ་ལ་ངོ་བོའི་སྒོ་ནས་ཆུང་ངུ་འབྲིང་ཆེན་པོ་དང་རྣམ་པ་གསུམ། ཆེན་པོ་ལ་ཡང་ཆེན་པོའི་ཆུང་ངུ་ཆེན་པོའི་འབྲིང༌། ཆེན་པོའི་ཆེན་པོ་རྣམ་པ་གསུམ། དང་པོ་ནི། དགེ་བའི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུར་གྱུར་པའི་གཟུངས་ལྟ་བུ། གཉིས་པ་ནི། ཚེ་འདིར་མང་ཐོས་བསྒོམས་པའི་སྟོབས་ལས་སྐྱེས་པའི་གཟུངས་ལྟ་བུ། གསུམ་པ་ནི། ཏིང་ངེ་འཛིན་བསྒོམ་པའི་སྟོབས་ལས་སྐྱེས་པའི་གཟུངས་ལྟ་བུ། བཞི་པ་ནི། བྱང་སེམས་ཚོགས་སྦྱོར་བའི་གཟུངས་ལྟ་བུ། ལྔ་པ་ནི། མ་དག་ས་བདུན་གྱི་གཟུངས་ལྟ་བུ། དྲུག་པ་ནི། དག་སའི་གཟུངས་ལྟ་བུའོ། ས་མཚམས་ནི། ལམ་མ་བཞུགས་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །
སྤེན་མ་མིང་ཚིགལོ་མང་སྐྱེ་བའི་ཤིང་ཕྲན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ཕྲ་ལ་དྲང་བ་ཕྱི་པགས་དམར་པོ་སྲབ་པོས་བཏུམ་པའི་ནང་དཀར་པོ་ཡིན་པ་ཁ་ཤས་མཉམ་དུ་སྐྱེ་བར་ཡལ་ག་གྱེས་པ་དང༌། ལོ་མ་སྔོན་པོ་ཆུང་ཞིང་མཐུག་པར་སྤུ་དཀར་འཇམ་པོས་ཁྱབ་པའི་མཐར་ཉག་ག་ཡོད་ཅིང་ངར་པ་ཐུང་བ་རེས་མོས་སུ་སྐྱེ་བ། མེ་ཏོག་དཀར་པོའམ་ཡང་ན་སེར་པོ་འདབ་མ་ལྔ་ཡིས་བརྒྱན་པ་དྭངས་ཤིང་མཚར་བ་ཆེ་ཆུང་སོགས་གྲོ་ལོ་ས་འཛིན་གྱི་མེ་ཏོག་འདྲ་བ་འཆར་བ་སྟེ། འདི་ལ་དཀར་ནག་དབྱེ་སྲོལ་ཡང་འདུག་སྟེ་མེ་ཏོག་དཀར་པོ་འཆར་བ་སྤེན་དཀར་དང་མེ་ཏོག་སེར་པོ་འཆར་བར་སྤེན་ནག་ཅེས་འབོད་པ་ལས་གཞན་མཚུངས་པ་ཡིན། བོད་ཀྱི་ས་ཁུལ་ཚང་མའི་རི་ལྡེབས་དང༌། སྤང་གཤོངས། ཆུ་འགྲམ། ནགས་གསེབ་སོགས་ཀྱི་ཉིན་སྲིབ་གང་རུང་དུ་རང་བཞིན་དུ་སྐྱེ་བ། བོད་ཟླ་ལྔ་པའི་ནང་མེ་ཏོག་བཞད་སྐབས་མེ་ཏོག་ཁོ་ན་བཏུས་ཏེ་གྲིབ་སྐམ་གཏོང་རྒྱུ་དང༌། བོད་ཟླ་དྲུག་པའི་ནང་ལོ་མ་དང་ཡལ་ཕྲན་བཏུས་ཏེ་གཙང་མ་བཀྲུས་རྗེས་དུམ་བུར་གཏུབས་ནས་སྐམ་གསེད་བྱས་རྗེས་ལག་ལེན་གོང་སྦུབས་བསྲེག་བྱས་ནས་སྨན་དུ་སྤྱོད་རྒྱུ། མེ་ཏོག་རོ་བསྐ་ལ་མངར་བ། ཡལ་ག་རོ་ཁ་བ། ནུས་པ་སྙོམས་པས་སོ་རྩི་བྱས་པས་སོ་བརྟན་པར་བྱེད་པ་དང༌། མ་ཞུ་བའི་ནད་དང་གློ་བའི་ནད་སེལ། ནུས་བསྲེག་གིས་ཆུ་སེར་སྐེམ་པར་བྱེད་དོ། །
སྤེན་མ་དཀར་པོ་མིང་ཚིགམདོག་དཀར་པོ་ཅན་གྱི་ཤིང་སྤེན་མའི་རིགས་ཤིག
སྤེན་མ་སེར་པོ་མིང་ཚིགམདོག་སེར་པོ་ཅན་གྱི་ཤིང་སྤེན་མའི་རིགས་ཤིག
སྤེལ་མ་མིང་ཚིགརིགས་དང་། རྣམ་པའམ་བཟོ་དབྱིབས་གཅིག་པ་མ་ཡིན་པ་གཉིས་མཉམ་དུ་བསྡེབས་ཡོད་པའི་དོན།བཅད་ལྷུག་སྤེལ་མ། དཀར་ནག་སྤེལ་མ། རིང་ཐུང་སྤེལ་མ་ལྟ་བུ།
སྤེལ་འདེབས་མིང་ཚིགའབྲུ་རིགས་ཀྱི་ས་བོན་གྲོ་སྲན་སོགས་སྤེལ་མར་རམ་མཉམ་བསྲེས་བྱས་ཏེ་འདེབས་ཚུལ།གྲོ་ནས་སྲན་གསུམ་སྤེལ་འདེབས་བྱེད་པ་ལྟ་བུ།
སྤོ་བ་གསུམ་མིང་ཚིགསྤྲོ་བ་མཐོལ་བཤགས་ཀྱི་ཕྱིར་བཅོས་བྱེད་ཚུལ་གསུམ་གྱི་ནང་གསེས། སྤྱོད་པ་གཞན་ན་གནས་པ་སྤོ་བ་སྤྱོད་པ་ལ། ལྷག་ལྟུང་འཆབ་མེད་ནི་དགེ་སློང་གི་མདུན་དུ་བཤགས་ལ་དངོས་གཞི་འདག་བྱེད་དུ་མགུ་བ་སྤྱོད་ལ་དེ་དབྱུང་ཆོག་ཅིང༌། ལྷག་ལྟུང་བཅབས་པའི་ཉེས་པ་དང་ལྡན་པའི་དགེ་སློང་ལ། བཅབས་ཉེས་འདག་ཆེད་བཅབས་པའི་ཞག་གྲངས་དང་མཐུན་པར་དགེ་འདུན་གྱི་གཡོག་བྱེད་པའི་ཆད་ལས་གསོལ་བཞིའི་ལས་ཀྱིས་སྦྱིན་པར་བྱེད་པ་སྤོ་བ་དང་སྤོ་བ་བྱེད་བཞིན་པར་རིགས་འདྲའི་ལྷག་མ་གཉིས་པ་བྱུང་ན་སྔར་ལྟར་སྦྱིན་པར་བྱེད་པ་གཞི་ནས་སྤོ་བ་དང༌། གསུམ་པ་བྱུང་ན་སྔར་ལྟར་སླར་ཡང་གཞི་ནས་སྤོ་བ་སྟེ་གསུམ་མོ། གལ་ཏེ་བཞི་པ་བྱུང་ན་སྨད་པ་ནན་ཏུར་བྱ་བའོ། །
སྤོ་བ་སྤྱོད་པ་མིང་ཚིགམདོ། འདུལ་བ། རང་གི་ལྷག་མ་བཅབས་པའི་ཉེས་པ་དག་པར་འགྱུར་བའི་སླད་དུ་སྤོ་བ་མནོས་ནས་སྤྱོད་དགོས་ཏེ། དེ་སྤྱོད་པའང་ཇི་སྐད་དུ། སྤོ་བ་སྤྱོད་པ་ལ་ཡང་དྲུག་ལས། ཡུལ་གང་ལ་སྤོ་བ་སྤྱོད་པ་ནི་དགེ་འདུན་མཚན་ཉིད་ལྔ་ལྡན་ཏེ། དེའང་བསྙེན་རྫོགས་བཞི་ཡན་ཆད་ཀྱི་གྲངས་ཚང་སྟེ། དགེ་འདུན་མ་ཡིན་པ་ལ་ཡང་ངོ་ཞེས་པ་དང་། གཞན་དུ་ན་སྤོ་བ་སྤྱད་པའི་འཇུག་ཡུལ་མ་ཡིན་པའི་ཕྱིར་རོ། །ས་རང་བཞིན་དུ་གནས་པ་སྟེ། རང་བཞིན་དུ་གནས་པ་མ་ཡིན་པ་དག་ལ་ཡོངས་སུ་གནས་པ་དག་མི་འཆགས་སོ་ཞེས་པ་དང་དམན་པ་ན་གནས་པས་དམན་པ་གནས་པ་དབྱུང་བར་མི་ནུས་པའི་ཕྱིར་རོ། །མཚམས་དེ་ན་གནས་པ་ལས་གུད་དུ་བཅད་པ་མ་ཡིན་པ་དེ་གནས་དེ་ན་འགོད་པ་དག་ལས་ཡོངས་སུ་བཅད་པ་དག་ལ་ཡང་ངོ་ཞེས་པ་དང་། མཆོག་གི་ཆ་སྤང་བ་མི་རིགས་པའི་ཕྱིར་རོ། །མཚན་མཐུན་པ་དང་ལྟ་བ་མཐུན་པ་སྟེ། གཞན་དུ་ན་མཚན་གྱི་སྒོ་ནས་དང་ལྟ་བའི་སྒོ་ནས་ཐ་དད་པ་ཉིད་དུ་ཡིད་ལ་སྣང་བའི་ཕྱིར་རོ། །གནས་གང་དུ་སྤོ་བ་སྤྱད་པ་ནི། གནས་ཆོས་གསུམ་ལྡན་དུ་སྤྱད་དེ། དེའང་གནས་བརྟན་དང་བཅས་སོ་སོ་ཐར་པ་དང་བཅས་པའི་གནས་ཡིན་པ་སྟེ་གནས་བརྟན་དང་བཅས་སོ་སོ་ཐར་པ་དང་བཅས་པ་ཉིད་དུ་ཞེས་པ་དང་། གཞན་དུ་ན་ཁྲེལ་ཡོད་ཕུན་སུམ་ཚོགས་པ་མི་འབྱུང་ཞིང་གནས་མེད་ཀྱི་ཉེས་པ་འབྱུང་བའི་རྒྱུར་འགྱུར་པའི་ཕྱིར་རོ། །གང་ན་གཞན་གསུམ་ལ་སོགས་པ་མིང་མཐུན་པར་ཡོད་པའི་གནས་མ་ཡིན་པ་སྟེ། གང་ན་གཞན་གསུམ་ལ་སོགས་པ་དེ་དག་གི་མིང་ཞེས་པ་དང་། གཞན་དུ་ན་ཉེས་པ་ལས་བཟློག་པའི་རྒྱུར་མི་འགྱུར་བའི་ཕྱིར་རོ། །གང་དུ་མནོས་པའི་གནས་ཡིན་པ་སྟེ། དང་པོར་གཉིས་ཀྱིས་སྐྱ་རེངས་འཆར་བར་མི་བྱ་ཞེས་པ་དང་། གཞན་དུ་ན་ཉིན་མཚན་དཔྱད་དགོས་པར་འགྱུར་བའི་ཕྱིར་རོ། །རྟེན་གང་གིས་སྤོ་བ་སྤྱད་པ་ནི་སྤོ་བ་མནོས་པ་དང་འབྲེལ་བ་སྟེ། གཞན་དུ་ན་སྤོ་བ་སྤྱོད་པ་མི་འཆགས་པའི་ཕྱིར་རོ། །ལྟུང་བ་གང་དག་པའི་དོན་དུ་སྤོ་བ་སྤྱད་པ་ནི་ལྟུང་བ་ཆོས་གསུམ་ལྡན་ཏེ་སྤོ་བ་ནོད་པའི་སྐབས་སུ་སྔར་བཤད་པ་དང་འདྲའོ། །ཡུན་ཇི་སྲིད་དུ་སྤོ་བ་སྤྱད་པ་ནི་ཡུན་ཇི་སྲིད་མནོས་པ་དེ་སྲིད་དུའོ། །ཚུལ་ཇི་ལྟར་སྤོ་བ་སྤྱད་པ་ནི། ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤང་བ་དང་། དམན་པའི་སྤྱོད་པ་ལྔ་དང་དུ་བླངས་བ་དང་། དུས་འདས་པ་དང་འབྱུང་བར་འགྱུར་བ་བརྗོད་པ་དང་། འཐབ་ཀྲོལ་ཅན་གྱི་རྐྱེན་གྱིས་བཏང་ཞིང་དེ་དང་བྲལ་ན་སླར་བླང་བའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །
སྤོ་མགུ་སྤྱོད་གསུམ་མིང་ཚིགམདོ། འདུལ་བ། སྤོ་མགུ་སྤྱོད་ཚུལ་ནི། དགེ་འདུན་ལྷག་མ་བཅབ་པའི་ཉེས་པ་དང་ལྡན་པའི་དགེ་སློང་ལ་བཅབ་ཉེས་འདག་པའི་ཕྱིར་དུ་བཅབ་པའི་ཞག་གྲངས་དང་མཐུན་པར་དགེ་འདུན་གྱི་གཡོག་འབའ་ཞིག་བྱེད་པའི་ཚུལ་གསོལ་བཞིའི་ལས་ཀྱི་སྦྱིན་པ་ནི་སྤོ་བ་སྦྱིན་པ་དང། སྤོ་བ་དེ་བྱེད་པའི་རིང་ལ་དགེ་འདུན་ལྷག་མའི་ལྟུང་བ་རིགས་མཐུན་བྱུང་ན་སྔར་ཞག་གྲངས་ཇི་ཙམ་སོང་བ་དེ་མི་བགྲང་བར་གཞི་ནས་བསྐྱར་ཏེ་སྤོ་བ་སྦྱིན་པ་ནི། གཞི་ནས་སྤོ་བ་དང། ཡང་ལྟུང་བ་རིགས་མཐུན་གསུམ་པ་བྱུང་ན་སླར་ཡང་སྤོ་བ་སྦྱིན་པ་ནི། ཡང་སྤོ་བ་སྦྱིན་པ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་སྤོ་བ་སྤྱད་ཟིན་བཅབ་པའི་ཉེས་པ་དག་པའམ་ལྟུང་བ་བྱུང་ཀྱང་བཅབ་པའི་ཉེས་པ་མ་བྱུང་ན་མགུ་བ་སྦྱིན་པར་བྱ་སྟེ། དགེ་སློང་ཕ་ལ་ཞག་དྲུག་དང། དགེ་སློང་མ་ལ་ཟླ་བ་ཕྱེད་ཀྱི་བར་དུ་དགེ་འདུན་མཉེས་པའི་གཡོག་འབའ་ཞིག་བྱེད་པའི་མགུ་བ་གསོལ་བཞིའི་ལས་ཀྱིས་སྦྱིན་པར་བྱ་སྟེ། ཇི་སྐད་དུ། དགེ་འདུན་ལས་ཞག་དྲུག་མགུ་བར་བྱ་བ་མནོས་ཏེ་སྤྱད་པ་ལའོ། །དགེ་སློང་མས་ནི་ཟླ་བ་ཕྱེད་དོ། །ཞེས་དང། དེ་གཉིས་ལས་ཀྱིས་སྦྱིན་ནོ། །ཞེས་སོ། །མགུ་བ་སྤྱོད་པའི་རིང་ལ་ཡང་ལྟུང་བ་རིགས་མཐུན་གཉིས་པ་དང་གསུམ་པ་བྱུང་ན་གཞི་ནས་མགུ་བ་དང། སླར་ཡང་མགུ་བ་སྦྱིན་པ་བྱ་དགོས་སོ། །སྤོ་བ་སྤྱད་ཟིན་ནས་མགུ་བ་མ་ཕོག་པ་ལ་སྤོ་ལྡན་དང། མགུ་བ་སྤྱད་ཚར་ནས་རང་བཞིན་དུ་གནས་པར་མ་དབྱུང་པ་ནི་མགུ་ལྡན་ཞེས་བྱ་སྟེ། ས་གཞན་ན་གནས་པ་ཉེར་ལྔའི་ནང་ཚན་ཡིན་ནོ། །ལྷག་མ་བཅབ་ཉེས་བྱུང་བའི་ཚད་ནི། གང་ལ་ལྟུང་བ་གོ་བར་བྱ་ཡུལ་གྱི་དགེ་སློང་རྣམ་དག་སོགས་ཡོད་བཞིན་དུ་མ་བརྗོད་པར་ཞག་གཅིག་འདས་ནས་ཕྱི་མའི་སྐྱ་རེངས་ཤར་བ་ན་ལྷག་མའི་བཅབ་ཉེས་འབྱུང་བ་ཡིན་ཏེ། ཇི་སྐད་དུ། ཉིན་མཚན་གྱི་ཐ་མའི་ཆ་མ་ཡིན་པ་ལ་འཆབ་པ་མི་འབྱུང་ངོ། །བརྗོད་པའི་ཡན་ལག་མེད་ན་དེའི་སེམས་མིན་པ་ཉིད་འཆབ་པ་མ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
སྤོང་བ་ཆེན་པོ་མིང་ཚིགམདོ། ཕར་ཕྱིན། སྒྲིབ་གཉིས་སྤངས་པའི་བྲལ་བར་དམིགས་པ། དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། གནས་སྐབས་ཀྱི་དེ་དང༌། མཐར་ཐུག་གི་དེ་གཉིས་སུ་ཡོད། དང་པོ་ནི། ཐེག་ཆེན་གྱི་སྦྱོར་ལམ་ནས་འཇོག་ཅིང༌། གཉིས་པ་སངས་རྒྱས་ཀྱི་ས་ཁོ་ནར་འཇོག
སྤོང་བ་པའི་ཞལ་ཏ་བ་མིང་ཚིགམདོ། འདུལ་བ། སྤོང་བ་བསམ་གཏན་གྱི་ཉམས་ལེན་ལ་གནས་པ་ཞི་གནས་སྒོམ་པ་པོའི་མཚམས་གཡོག་གི་མིང་། དེའི་ཚུལ་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། འོ་ན། སྤོང་བ་པའི་ཞལ་ཏ་བ་བསྐོ་བའི་ཚུལ་ཇི་ལྟ་བུ་ཞེ་ན། འདི་ལ་གཉིས་སུ་ཡོད་དེ། དགོས་དོན་དང་། བསྡུས་དོན་གཉིས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྤོང་བ་པ་རྣམས་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ཡུལ་གང་བསྐོ་བ། བསྐོ་བ་པོ་ཇི་ལྟ་བུ་ཞིག་གིས་བསྐོ་བ། ཚུལ་ཇི་ལྟར་དུ་བསྐོ་བ། བསྐོས་པའི་བསླབ་བྱ་བཤད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། བསྐོ་ཡུལ་ཆོས་བཅུ་གཅིག་དང་ལྡན་པ་ཞིག་བསྐོ་བར་བྱ་བ་ཡིན་པའི་ཕྱིར། ཆོས་བཅུ་གཅིག་ཡོད་དེ། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། མཚམས་ཀྱི་ནང་ན་གནས་པ། འགྲོ་བ་བཞི་དང༌བྲལ་བ། སྤྲོ་འམ་ཞེས་དྲི་པ་ན་སྤྲོ་བ་དང་ལྡན་པ། ཚོགས་སུ་མ་ལོངས་པ། སྔར་བསྐོས་པ་དང་མ་འབྲེལ་བ་རྣམས་ཡིན་པའི་ཕྱིར། འགྲོ་བ་བཞི་ཡོད་དེ། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང། གཏི་མུག་གིས་འགྲོ་བ་རྣམས་ཡིན་པའི་ཕྱིར། དེ་ཡང་འགྲོ་བ་ཞེས་པ་ནི་བརྗོད་པའམ་སྨྲ་བ་ལ་བྱ་བ་ཡིན་ཏེ། བརྗོད་པ་དང་འགྲོ་བ་སྐད་དོད་གཅིག་ཡིན་པས་སོ། །གསུམ་པ་ཡོད་དེ། སྦྱོར་བའི་ཚེ་སྤྲོ་བ་དྲི་བ། དངོས་གཞིའི་ཚེ་གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བ། མཇུག་ཏུ་ལས་ཀྱི་མཇུག་སྡུད་བརྗོད་པ་རྣམས་ཡིན་པའི་ཕྱིར། བཞི་པ་ཡོད་དེ། མདོར། དེའི་བྱ་བ་ནི་ལངས་མ་ཐག་ཁོ་ནར་ཆག་ཆག་གདབ་པ་དང་། ཕྱག་དར་བྱ་བ་དང་། ཞེས་སོགས་འབྱུང་བ་ལྟར་ཡིན་པའི་ཕྱིར། ཞེས་གསུངས།
སྤོད་མིང་ཚིགཕོ་བ་རིལ་གྱི་མིང་གཞན་ཏེ། ཤིང་སྨན་གྱི་རིགས་འབྲས་བུ་ལ་ནོར་ལུག་གི་ཕོ་ཁའི་རི་མོ་ལྟར་དོད་པ་ཞིག་སྟེ། རོ་ཚ། ཞུ་རྗེས་དྲོད། ནུས་པས་དྲོད་སྐྱེད། ཟས་འཇུ། བད་ཀན་དང་གྲང་ནད་ཞི་བ་ཞིག
སྤོབས་པ་སོ་སོ་ཡང་དག་པར་རིག་པ་མིང་ཚིགམདོ། མངོན་པ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་དོན་རྣམས་ཀྱིས་འགལ་བ་དང་འབྲེལ་བ་དོན་དང་འབྲེལ་བའི་རིག་པ་དང་། གཞན་ལ་ཐགས་ཐོགས་མེད་པར་མངོན་པར་བརྗོད་པ་ལ་ཐོགས་པ་མེད་པར་ཤེས་པ་དང་། རང་ཉིད་ཡིད་ལ་བྱེད་པས་ཞི་གནས་ལྷག་མཐོང་གི་ཏིང་ངེ་འཛིན་མི་བརྗེད་པས་ལམ་ལ་དབང་བ་ཉིད་ལ་ཐོགས་པ་མེད་པར་ཤེས་པ་སྟེ། དང་པོ་ནི་འབེལ་གཏམ་ལ་མཁས་པ་ཡིན་ལ། གཉིས་པ་ནི་རང་ཉིད་ཡིད་ལ་བྱེད་པ་ལ་མཁས་པ་ཡིན་ནོ། །འདི་ནི་སྤོབས་པའང་ཡིན་ལ་སོ་སོ་རིག་པའང་ཡིན་པའི་ཕྱིར་སྤོབས་པ་སོ་སོར་རིག་པའོ། ། ཡང་ན་སྤོབས་པ་ནི་རིག་པ་དང་གྲོལ་བར་སྨྲ་བ་སྟེ། དེ་ཤེས་པའི་ཕྱིར་སྤོབས་པ་སོ་སོར་ཡང་དག་པར་རིག་པའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་དེའི་དམིགས་པ་ནི་ངག་དང་ལམ་ཡིན་ཏེ། ངག་དང་མངོན་པར་བརྗོད་པ་ལ་དབང་བ་ནི་ངག་ལ་དམིགས་པ་ཡིན་ལ་ལམ་ལ་དབང་བ་ནི་ལམ་ལ་དམིགས་པའོ། །དེའི་ངོ་བོ་ནི་ཤེས་པ་དགུ་ཡིན་ཏེ། ངག་ལ་དམིགས་པ་ནི་ཀུན་རྫོབ་དང་སྡུག་བསྔལ་ཀུན་འབྱུང་ཆོས་ཤེས་རྗེས་ཤེས་ཟད་མི་སྐྱེ་ཤེས་པའི་རང་བཞིན་ཡིན་ཞིང་། ལམ་ལ་དམིགས་པ་ནི་ལམ་དང་ཆོས་ཤེས་རྗེས་ཤེས་ཟད་མི་སྐྱེ་ཤེས་པ་དང་ཕ་རོལ་སེམས་ཤེས་ཀྱི་རང་བཞིན་ཡིན་ལ། འདུས་མ་བྱས་ལ་མི་དམིགས་པས་འགོག་ཤེས་མ་གཏོགས་པའི་ཕྱིར་རོ། །ས་ནི་འདོད་པ་ནས་སྲིད་རྩེའི་བར་ཐམས་ཅད་ན་ཅི་རིགས་པར་ཡོད་དེ། ངག་དང་ལམ་གང་ཡང་རུང་བ་ལ་དམིགས་པའི་ཕྱིར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
སྤོབས་པ་སོ་སོ་ཡང་དག་རིག་པ་མིང་ཚིགམདོ། མངོན་པ། མངོན་བརྗོད་ལ་དབང་བའམ་ལམ་ལ་དབང་བའི་སྤོབས་པ་སོ་སོ་ཡང་དག་རིག་པ་གང་རུང་གིས་བསྡུས་པ་ཞིག་སྟེ། དེའི་རྟེན་ནི་གླིང་གསུམ་གྱི་མི། གང་ཟག་ནི་མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་པ། ས་ནི་ས་ཀུན་ན་ཡོད་དེ། མཆིམས་མཛོད་ལས། འདི་ནི་སྤོབས་པའང་ཡིན་ལ་སོ་སོ་རིག་པའང་ཡིན་པའི་ཕྱིར་སྤོབས་པ་སོ་སོར་རིག་པའོ། །ཡང་ན་སྤོབས་པ་ནི་རིག་པ་དང་གྲོལ་བར་སྨྲ་བ་སྟེ། དེ་ཤེས་པའི་ཕྱིར་སྤོབས་པ་སོ་སོར་ཡང་དག་པར་རིག་པའོ། །ཞེས་དང་། ཇི་ལྟར་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་གང་ཟག་མི་གཡོ་བའི་ཆོས་ཅན་གྱི་ཡིན་པ་དང་གླིང་གསུམ་གྱི་མིས་སྐྱེད་པ་དེ་བཞིན་དུ་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་དག་ཀྱང་དེ་དང་འདྲའོ། །ཞེས་དང་། ས་ནི་འདོད་པ་ནས་སྲིད་རྩེའི་བར་ཐམས་ཅད་ན་ཅི་རིགས་པར་ཡོད་དེ། ངག་དང་ལམ་གང་ཡང་རུང་བ་ལ་དམིགས་པའི་ཕྱིར་རོ། །ཞེས་གསུངས།
སྤོབས་པའི་གཏེར་ཆེན་པོ་བརྒྱད་མིང་ཚིགམཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས་བྱུང་བ་སྟེ། བརྗེད་པ་མེད་པས་དྲན་པའི་གཏེར། བློས་རབ་ཏུ་འབྱེད་པས་བློ་གྲོས་ཀྱི་གཏེར། མདོ་སྡེ་ཐམས་ཅད་ཀྱི་རྣམ་པ་ཁོང་དུ་ཆུད་པས་རྟོགས་པའི་གཏེར། ཐོས་པ་ཐམས་ཅད་ཀུན་ཏུ་འཛིན་པས་གཟུངས་ཀྱི་གཏེར། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པས་སྤོབས་པའི་གཏེར། དམ་པའི་ཆོས་ཡོངས་སུ་སྲུང་བས་ཆོས་ཀྱི་གཏེར། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པས་བྱང་ཆུབ་སེམས་ཀྱི་གཏེར། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་སྒྲུབ་པའི་གཏེར་རོ། །
སྤོར་མིང་ཚིགསྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ་ལ་མངར། ཞུ་རྗེས་བསིལ། ནུས་པས་རིམས་ནད་དང་། ཚད་པ་རྙིང་པ། སྲིན་ནད་སོགས་སེལ།
སྤོར་ཤིང་མིང་ཚིགའོམ་བུའི་མིང་སྟེ། ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྨུག་ལ་འདྲོང་བར་ཡལ་ག་དང་ཡལ་ཕྲན་གྱེས་ཤིང༌། སྐྱེ་གནས་དབང་གིས་སྡོང་པོ་ཆེ་ཆུང་དང་རིང་ཐུང་སྣ་ཚོགས་ཡོད་པ། ལོ་མ་ལྗང་སྐྱ་ཕྲ་ལ་ཐུང་ཞིང་སིབ་པ་རིམ་པས་སྐྱེ་ཞིང༌། མེ་ཏོག་ཟིང་དམར་རམ་ཟིང་སྐྱ་ཆུང་ངུ་བརྩེགས་ལྡན་བང་རིམ་དུ་སྡོང་པོ་དང་ཡལ་གའི་རྩེར་འཆར་བ་སྟེ། བོད་ཀྱི་ས་གནས་མང་ཆེ་བའི་གཙང་འགྲམ་དང་བྱེ་ཤས་ཆེ་ཙམ་ཡིན་པའི་གྲམ་ཐང༌། ཆུ་ཡུར་གྱི་ཉེ་འཁོར་སོགས་སུ་སྐྱེ་བ་མང་། ལོ་མ་དང་གསར་སྐྱེས་ཡལ་ཕྲན་བོད་ཟླ་བཞི་པའ་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་སྐམ་གསེད་བྱེད་རྒྱུ་དང༌། སྡོང་པོ་དང་ཡལ་གའི་བར་ཤུན་ཞེས་ཕྱིའི་པགས་པ་དོར་ཏེ་བར་ཤུན་དཀར་པོ་དེ་དཔྱིད་ལོ་མ་མ་རྒྱས་གོང་དུ་བཏུས་ཏེ་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་བསྐ་ལ་མངར་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་དུག་ཚད་རྒྱས་པ་དང༌། ཆུ་སེར་གྱི་ནད་རིགས། ཁྲག་ཚད་རྒྱས་པ། གློ་རྒྱག་པ། དུག་གི་ནད་རིགས་སོགས་ལ་ཕན་པ་ཡིན།
སྤོས་དཀར་མིང་ཚིགལོ་མང་སྐྱེ་བའི་ཚི་བ་ཐང་ཆུའི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྤོས་དཀར་ཞེས་པའི་ཐང་ཆུའི་ཚི་བ་འདི་ལ་རིགས་མི་འདྲ་བ་ཁ་ཤས་མཆིས་པའི་མཆོག་ནི་རྒྱ་གར་སོགས་ནས་ཐོན་པའི་ཁ་དོག་རྟ་སོ་འདྲ་བ་དེ་སྤོས་དཀར་ཤིང་ཞེས་པའི་ཐང་ཆུ་ཡིན་ཞིང༌། གནའ་རབས་ཀྱི་ཧིན་རྡུའི་སྐད་དུ་གུ་གུལ་དཀར་ནག་གཉིས་ལ་གུ་གུལ་དང༌། གུ་གུ་ལུ། གུ་གུ་ལ་ཟེར། ཤིང་སྡོང་པོ་སེར་སྨུག་མཁྲེགས་ཉམས་ལྡན་པར་ཡལ་ག་དང་ཡལ་ཕྲན་མང་ལ་སྐྱེ་དབྱིབས་སྟར་སྡོང་དང་ཧ་ལམ་མཚུངས་པ་དབྱར་དུས་དང་སྟོན་དཔྱིད་ལ་ཐང་ཆུ་འཛག་པ་དེ་རྒྱུན་རིང་སོང་རྗེས་ཁ་དོག་དཀར་པོ་རྟ་སོ་ལྟར་གྱུར་ཞིང༌། ལོ་མ་ལྗང་སེར་ཅུང་ཆེ་བ་སྒོང་དབྱིབས་ཀྱི་མཐའ་མཉམ་ལ་རྩ་རིས་གསལ་པོར་མངོན་ཞིང་སྤུ་དཀར་ཐུང་ངུ་ཡོད་པ་ཕན་ཚུན་ཁ་སྤྲོད་སྐྱེ་བ། མེ་ཏོག་སེར་པོ་འདབ་མ་ལྔ་དང་ལྡན་པ་ཡལ་གའི་མཚམས་ནས་འཆར་བ། སྨན་དུ་དགོས་པ་ནི་ཤིང་སྡོང་དེ་ཉིད་ལས་འཛགས་འཛག་པའི་ཚི་བ་ཐང་ཆུ་དེ་ཡིན་ཏེ། རྒྱ་གར་སོགས་ཀྱི་ནགས་རི་ཚ་བ་ཆེ་བའི་ཡུལ་དུ་སྐྱེ་བ། སྨན་ལ་ཤིང་སྡོང་ལས་འཛགས་འཛག་པའི་ཚི་བ་དེ་སྟོན་མཚམས་སུ་ས་རྡོ་དང་རྩྭ་སྙིགས་སོགས་མ་འདྲེས་པར་གཙང་མ་བཟོས་རྗེས་བསྐམས་ནས་སྤྱོད་རྒྱུ། རོ་ཁ་ལ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྟུལ་བས་ཆུ་སེར་གྱི་ནད་སེལ་ཞིང་སྐེམ་པར་བྱེད་པ་དང༌། རླུང་ནད་དང༌། པགས་པའི་ནད། རླིག་རླུགས་སྐྲངས་པ་སོགས་སེལ་བ་ཡིན།
སྤོས་དཀར་ཤིང་མིང་ཚིགཤིང་སཱ་ལའི་མིང་སྟེ། ལོ་མང་སྐྱེ་བའི་ཚི་བ་ཐང་ཆུའི་རིགས་ཀྱི་སྐྱེ་དངོས་ཤིག སྤོས་དཀར་ཞེས་པའི་ཐང་ཆུའི་ཚི་བ་འདི་ལ་རིགས་མི་འདྲ་བ་ཁ་ཤས་མཆིས་པའི་མཆོག་ནི་རྒྱ་གར་སོགས་ནས་ཐོན་པའི་ཁ་དོག་རྟ་སོ་འདྲ་བ་དེ་སྤོས་དཀར་ཤིང་ཞེས་པའི་ཐང་ཆུ་ཡིན་ཞིང༌། གནའ་རབས་ཀྱི་ཧིན་རྡུའི་སྐད་དུ་གུ་གུལ་དཀར་ནག་གཉིས་ལ་གུ་གུལ་དང༌། གུ་གུ་ལུ། གུ་གུ་ལ་ཟེར། ཤིང་སྡོང་པོ་སེར་སྨུག་མཁྲེགས་ཉམས་ལྡན་པར་ཡལ་ག་དང་ཡལ་ཕྲན་མང་ལ་སྐྱེ་དབྱིབས་སྟར་སྡོང་དང་ཧ་ལམ་མཚུངས་པ་དབྱར་དུས་དང་སྟོན་དཔྱིད་ལ་ཐང་ཆུ་འཛག་པ་དེ་རྒྱུན་རིང་སོང་རྗེས་ཁ་དོག་དཀར་པོ་རྟ་སོ་ལྟར་གྱུར་ཞིང༌། ལོ་མ་ལྗང་སེར་ཅུང་ཆེ་བ་སྒོང་དབྱིབས་ཀྱི་མཐའ་མཉམ་ལ་རྩ་རིས་གསལ་པོར་མངོན་ཞིང་སྤུ་དཀར་ཐུང་ངུ་ཡོད་པ་ཕན་ཚུན་ཁ་སྤྲོད་སྐྱེ་བ། མེ་ཏོག་སེར་པོ་འདབ་མ་ལྔ་དང་ལྡན་པ་ཡལ་གའི་མཚམས་ནས་འཆར་བ། སྨན་དུ་དགོས་པ་ནི་ཤིང་སྡོང་དེ་ཉིད་ལས་འཛགས་འཛག་པའི་ཚི་བ་ཐང་ཆུ་དེ་ཡིན་ཏེ། རྒྱ་གར་སོགས་ཀྱི་ནགས་རི་ཚ་བ་ཆེ་བའི་ཡུལ་དུ་སྐྱེ་བ། སྨན་ལ་ཤིང་སྡོང་ལས་འཛགས་འཛག་པའི་ཚི་བ་དེ་སྟོན་མཚམས་སུ་ས་རྡོ་དང་རྩྭ་སྙིགས་སོགས་མ་འདྲེས་པར་གཙང་མ་བཟོས་རྗེས་བསྐམས་ནས་སྤྱོད་རྒྱུ། རོ་ཁ་ལ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྟུལ་བས་ཆུ་སེར་གྱི་ནད་སེལ་ཞིང་སྐེམ་པར་བྱེད་པ་དང༌། རླུང་ནད་དང༌། པགས་པའི་ནད། རླིག་རླུགས་སྐྲངས་པ་སོགས་སེལ་བ་ཡིན།