Semantic search

Jump to navigation Jump to search
ExpressionPart of SpeechDefinitionExample
སྤྱི་ཏི་ཡོ་གའི་འདུལ་ལུགས་གསུམ་མིང་ཚིགསྔགས། རྫོགས་ཆེན། རྙིང་མ། སྤྱི་ཏི་ཡོ་གའི་འདུལ་ལུགས་གསུམ་ནི། སྤྱི་ཏི་ཡོ་གའི་གདུལ་དཀའ་བ་གསུམ་བསྟན་མ་ཐག་ཏུ། ཉི་ཟླ་འབར་བའི་སྒྲོན་མ་ལས། དེ་འདུལ་བའི་ཐབས་ལ་གསུམ་སྟེ། ལྟ་བ་གཞི་ཐོག་ཏུ་མི་གཏང་སྟེ་སྐྱེ་བ་མེད་ཅིང་ཀ་ནས་དག་པ་དང་། གནས་ལུགས་ཀྱི་ཁ་ནས་རྟོགས་ལུགས་གཟེངས་བསྟོད་དེ་འོད་གསལ་ངང་དྭངས་ཤེས་རྒྱུད་དང་འབྱོར་བར་བྱ་བ་དང་། རྒྱུའི་ཆོས་ཞེ་འདོད་དང་རྩོལ་སྒྲུབ་ཏུ་མི་གཏང་སྟེ་བྱར་མེད་བློ་འདས་རྩོལ་སྒྲུབ་མེད་པར་བཞག་པ་དང་གསུམ་མོ། ། ཡང་ན། སྤྱི་ཏི་ཡོ་གའི་འདོད་ལུགས་ལ་གསུམ་སྟེ། སྤྱི་ཏི་བྱར་མེད་བློ་འདས་ཀྱིས་ཐེག་པ་རིམ་པ་དགུའི་བྱ་རྩོལ་བློས་བཏགས་རྣམས་འདུལ་བ་དང་གཅིག སྤྱི་ཏི་ཀ་དག་རྟེན་མེད་ཀྱིས་ཕྱོགས་འཛིན་གྱི་ལྟ་སྒོམ་རྣམས་འདུལ་བ་དང་གཉིས། སྐྱེ་མེད་རྣལ་མ་བྱར་མེད་སོ་མ་ཡིས་རྩོལ་སྒྲུབ་ཉམས་རྟགས་དྲོད་དང་མངོན་ཤེས་རྣམས་འདུལ་བ་དང་གསུམ་མོ། །ཞེས་གསུངས། །
སྤྱི་རྒྱུད་སྡེ་གསུམ་གྱི་འདུལ་ལུགས་གསུམ་མིང་ཚིགསྔགས། རྫོགས་ཆེན། རྙིང་མ། གདུལ་དཀའ་བ་ལྔའི་ཡ་གྱལ་སྔགས་ཕྱི་རྒྱུད་སྡེ་གསུམ་མམ་སྤྱི་རྒྱུད་སྡེ་གསུམ་གྱི་གདུལ་དཀའ་བ་བསྟན་མ་ཐག་ཏུ། ཉི་ཟླ་འབར་བའི་སྒྲོན་མ་ལས། དེ་ལ་འདུལ་ལུགས་ཀྱང་རྣམ་པ་གསུམ་སྟེ། ཀྲི་ཡས་རིགས་གསུམ་གྱི་མགོན་པོས་ཉོན་མོངས་པའི་དྲི་མ་འདུལ། ཨུ་པ་ཡས་ཁྲུས་དང་གཙང་སྦྲས་རྣམ་པར་རྟོག་པའི་དྲི་མ་འདུལ། ཡོ་གས་ཆོས་འཕྲུལ་བཞི་དང་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་ཉོན་མོངས་པ་དུག་རྣམ་པ་ལྔ་འདུལ་བ་དང་གསུམ་མོ། །ཞེས་གསུངས་སོ། །
སྨད་འདུལ་མིང་ཚིགབོད་ཀྱི་འདུལ་བའི་སྡོམ་རྒྱུད་ལས་ཁམས་སྨད་ཀྱི་ཡུལ་ནས་དར་ཞིང་བརྒྱུད་པའི་འདུལ་བའི་སྡོམ་རྒྱུན་ཏེ། དེ་ཡང་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་པ་ན། སྨར་གཡོ་གཙང་གསུམ་མདོ་སྨད་ཏན་ཏིག་གི་ཡུལ་གྲུར་བྱོན་ནས། རྒྱ་ནག་གི་ཧྭ་ཤང་ཀེ་ཝང་དང༌། གྱི་ཕན་གཉིས་བཅས་ལྔ་ཚོགས་ཀྱིས་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས། ཁོང་གིས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང༌། ལོ་སྟོན་རྡོ་རྗེ་དབང་ཕྱུག་སོགས་དབུས་གཙང་གི་མི་བཅུ་བསྙེན་པར་རྫོགས། དེ་ནས་རིམ་བཞིན་དབུས་གཙང་གི་ཕྱོགས་སུ་འདུལ་བའི་སྡོམ་རྒྱུན་སྤེལ་ཞིང་མཆེད་པ་དེ་ལ་ཟེར།
སྨད་ལུགས་འདུལ་བ་མིང་ཚིགམདོ་ཁམས་སྨད་ཀྱི་ཡུལ་ནས་དར་ཞིང་བརྒྱུད་པའི་འདུལ་བའི་སྡོམ་རྒྱུན་ཏེ། རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་པ་ན། དམར་གཡོ་གཙང་གསུམ་མདོ་སྨད་དན་ཏིག་གི་ཡུལ་གྱུར་བྱོན་ནས། རྒྱ་གག་ཧྭ་ཤང་ཀེ་ཝང་དང་། གྱི་ཕན་གཉིས་བཅས་ལྔ་ཚོགས་ཀྱིས་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས། ཁོང་གིས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང་། ལོ་སྟོན་རྡོ་རྗེ་དབང་ཕྱུག་སོགས་དབུས་གཙང་གི་ཕྱོགས་སུ་འདུལ་བའི་སྡོམ་རྒྱུན་སྤེལ་ཞིང་མཆེད་པའོ། །
སྲུང་འཁོར་ཡོངས་རྫོགས་གདུག་པ་ཀུན་འདུལ་མིང་ཚིགརྙིང་མ། བླ་མ་དྲག་པོའི་ལས་ཚོགས་ལས། སྲུང་འཁོར་ཡོངས་རྫོགས་གདུག་པ་ཀུན་འདུལ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། རྗེ་བཙུན་ཨོ་རྒྱན་པདྨ་ཡིས༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་དང༔ ནམ་སྙིང་རྒྱལ་བ་མཆོག་དབྱངས་དང༔ ལང་འགྲོ་ཨ་ཙར་ས་ལེ་ལ༔ དྲག་པོའི་བཀའ་ལུང་གནང་ནས་ཀྱང༔ དེ་དུས་སྤེལ་བའི་དུས་མིན་པས༔ ཕྱོགས་བཞི་དབུས་ཀྱི་གཏེར་ཁ་རུ༔ སྲོག་ལྟར་གཅེས་པས་གཏེར་དུ་སྦས༔ མ་འོངས་ཕྱི་མར་གྱུར་པའི་ཚེ༔ དུས་ངན་བཅུ་གསུམ་དར་དུས་སུ༔ ཐུགས་ཀྱི་ཡང་གཏེར་འདི་ལྟར་ནས༔ བསྒྲུབས་པས་རྒྱུད་ལ་བྱིན་རླབས་འཇུག༔ གནས་སྐབས་བར་ཆད་སེལ་བ་དང༔ མཐར་ཐུག་རིག་འཛིན་འཐོབ་པར་འགྱུར༔ ཕྱི་མའི་དུས་ན་སྙིང་སྟོབས་ཅན༔ ཕྲིན་ལས་གདུལ་བྱའི་བཀའ་བབས་པའི༔ ཐུགས་ཀྱི་སྲས་དང་ཕྲད་ནས་ཀྱང༔ འགྲོ་དོན་བསྟན་པ་མཐའ་རྒྱས་ཤོག༔ ཅེས་གསུངས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གཏེར་ནས་དྲངས། འདིའི་ནང་དོན་ལ། མ་འོངས་དུས་ཀྱི་ཕྱི་མར་གྱུར་པའི་ཚེ་དུས་ངན་བཅུ་གསུམ་དར་བས་དེ་དག་བསྲུང་བ་དང་། བཟློག་པ། གསད་པ། གནན་པ། བསྐྲད་པ། བཅིང་བ་སོགས་ཕྲིན་ལས་ཀྱི་འདོད་པ་ཐམས་ཅད་འགྲུབ་པར་བྱ་བའི་ཕྱིར། སྲུང་བའི་འཁོར་ལོའི་རིམ་པ་རྣམས་བསྟན།
སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བའི་གཞུང་ལྔ་མིང་ཚིགསློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་བ་བམ་པོ་དགུ་ཡི་བདག་ཉིད་ཅན། དེ་ཡི་འགྲེལ་པ་ཡོན་ཏན་འོད་རང་གིས་མཛད་པའི་རང་འགྲེལ་སྟོང་ཕྲག་བཅུ་གཉིས་པ། ཡང་དེ་ཡི་དོན་བསྡུ། འགྲེལ་ཆུང་། ལས་བརྒྱ་རྩ་གཅིག་གི་འགྲེལ་པ་ཀརྨ་ཤ་ཏམ།
ཨ་ཏི་ཡོ་གའི་འདུལ་ལུགས་གསུམ་མིང་ཚིགསྔགས། སྔགས། རྫོགས་ཆེན། རྙིང་མ། ཉི་ཟླ་འབར་བའི་སྒྲོན་མ་ལས། ཨ་ཏི་ཡོ་གའི་འདུལ་ལུགས་ལ་གསུམ་སྟེ། རྫོགས་ཆེན་ལྟ་བ་ཁ་འབྱམས་པ་ལ། ཆོས་ཉིད་རོལ་པས་སྣང་བ་ཆོས་སྐུར་རྟོགས་པར་བྱས་ཏེ་འདུལ་བ་དང་། རྫོགས་ཆེན་རང་གི་གོལ་སར་སོང་བ་ལ། རང་བྱུང་གི་ཡེ་ཤེས་ཆེན་པོར་འདུལ་བ་དང་། རྫོགས་ཆེན་ནག་པོ་ཁ་འབྱམས་པ་སོ་སོ་སྐྱེ་བོ་དང་ཁྱད་མེད་པ་ལ། རིག་པ་གནད་ལ་ཕབས་ཏེ་ཆོས་ཉིད་ཀྱི་གནས་ལུགས་བསྟན་ལ་འདུལ་ལོ། །ཞེས་གསུངས།
ཨ་འཛོམས་འབྲུག་པ་རིན་པོ་ཆེ་འགྲོ་འདུལ་དཔའ་བོ་རྡོ་རྗེ་མིང་ཚིགའཇམ་དབྱངས་མཁྱེན་བརྩེའི་དབང་པོ། སི་ཏུ་ཆོས་ཀྱི་བློ་གྲོས། གྲུབ་ཆེན་པདྨ་བདུད་འདུལ་སོགས་ཀྱི་ཞལ་སློབ་ཡིན། ཀློང་གསལ་རྡོ་རྗེ་སྙིང་པོ་དང༌། ཀློང་ཆེན་སྙིང་ཐིག་བཅས་ཀྱི་བསྟན་པ་གསལ་བར་བྱེད་པའི་ཤིང་རྟ་ཆེན་པོར་གྱུར། ཁོང་གི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་རྒྱལ་སྲས་འགྱུར་མེད་རྡོ་རྗེ་ནི་མཁྱེན་རབ་མཁའ་ལྟར་ཡངས་ཤིང་མཁས་དང་གྲུབ་པའི་རྣམ་ཐར་ཚད་མེད་པས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་གསལ་བར་བྱེད་པའི་སྒྲོན་མེ་ལྟ་བུར་གྱུར་ཏོ། །
ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའ་འདུལ་བའི་མདོ་མིང་ཚིགཔཎྜི་ཏ་ཆེན་པོ་ཨཱ་ནནྡ་ཤྲཱིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོཙྪ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། སྐད་གཉིས་སྨྲ་བ་རྣམས་ཀྱི་གདན་ས། གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བཀའ་འགྱུར་ཤེས་རབ་སྣ་ཚོགས་ཀ་པར་བཞུགས།
གྲུབ་ཆེན་པདྨ་བདུད་འདུལ་མིང་ཚིགམཚོ་ཕུ་སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ་གྱི་སློབ་མའི་གཙོ་བོ་གྲུབ་ཆེན་པདྨ་བདུད་འདུལ་ནི་ཉག་སྨད་ཤང་ལང་བྲག་དཀར་གྱི་ཉེ་འདབས་ཁང་ཚིག་ཟེར་བར་སྐུ་འཁྲུངས། ཆུང་ནས་བྱ་བཏང་རྣལ་འབྱོར་པའི་ཚུལ་གྱིས་ཇོ་འཁོར་གྱིས་འགྲོ་དོན་མཛད། བླ་མ་སྒྲུབ་ཆེན་དང་མཇལ་མ་ཐག་སངས་རྒྱས་དངོས་མཐོང་གི་དད་པ་ཐོབ། ཀློང་གསལ་རྡོ་རྗེ་སྙིང་པོའི་སྨིན་བྱེད་དབང་དང༌། རྫོགས་པ་ཆེན་པོ་ཁྲེགས་ཆོད་ཀྱི་གདམས་ངག་སྙན་བརྒྱུད་ཟབ་མོ་བུམ་པ་གང་བྱོས་ཀྱི་ཚུལ་གྱིས་ཡོངས་རྫོགས་གསན། རི་ཁྲོད་ཁོ་ན་ལ་བཞུགས་ནས་འཚོ་བ་བཅུད་ལེན་ལ་བརྟེན། རྫོགས་པ་ཆེན་པོའི་ལམ་རྟགས་ཡོངས་སུ་རྫོགས། ཟབ་ཆོས་མཁའ་ཁྱབ་རང་གྲོལ་གྱི་གཏེར་ཆོས་དང༌། དམ་རྫས་སོགས་གཏེར་ནས་དྲངས། སྐལ་བཟང་དགོན་རྟེན་དང་བརྟེན་པ་བཅས་གསར་དུ་བཏབ། སློབ་མའི་གཙོ་བོ་བླ་མ་རང་རིག་རིག་རྡོ་རྗེ་དང༌། བཅོམ་ལྡན་རྡོ་རྗེ། འགྲོ་འདུལ་དཔའ་བོ་རྡོ་རྗེ། བླ་མ་ཡེ་ཤེས་རྡོ་རྗེ། ཛཿསྤྲུལ་ཀུན་བཟང་རྣམ་རྒྱལ་སོགས་རྣལ་འབྱོར་འཁྲུལ་ཞིག་མང་པོས་ས་སྟེང་ཁྱབ་པར་བྱུང༌། སྐུ་ཚེའི་མཐར་ཀཿཐོག་ཏུ་ཕེབས་རྩིས་ཀྱིས་ཡེ་ཚེ་ལྷའང་སུམ་མདོ་དང་ཉེ་བར་ཕེབས་ཏེ་སྐུ་ལུས་འོད་ཀྱི་ཕུང་པོར་ཡལ། གྲུབ་ཆེན་འདི་ནི་ཀཿཐོག་པའི་འཇའ་ལུས་པ་འབུམ་ཕྲག་བྱོན་པའི་མཐའ་མ་ཡིན་ཞེས་བླ་མ་དག་གསུངས་སོ། །
གླིང་གི་འདུལ་ཁྲིམས་བཅུ་གསུམ་མིང་ཚིགསྟག་ལུང་པའི་རྣམ་ཐར་སོ་དགུའི་ནང་ཚན་ཞིག་སྟེ། དང་པོ། དགེ་འདུན་ཐམས་ཅད་ཀྱང་སྤྱིར་ཕྱི་སོ་ཐར། ནང་བྱང་སེམས། གསང་བ་རིག་འཛིན་གྱི་སྡོམ་པ་རྣམ་དག་ཉམས་སུ་ལེན་དགོས་པའི་སྟེང་བྱེ་བྲག་ཏུ་གླིང་གསེབ་ལ་ཤ་ཆང་མི་འགྲིམ་པ། གཉིས་པ། རྗེ་ཉིད་ཀྱི་ཡུམ་ཡང་སྐྲོད་པ་ལྟར་མཛད་ཅིང་ཆོས་སྐྱོང་ལ་གཉེར་གཏད་ནས་གཟིམ་ཁང་དུ་བུད་མེད་གཏན་དུ་འོང་ས་མེད་པ། གསུམ་པ། མཁན་སློབ་ཀྱིས་དགེ་ཚུལ་སློང་གི་སྡོམ་པ་འབོགས་ཤིང་བསླབ་བྱ་སྟོན་དགོས་པ། བཞི་པ། སྡོམ་པ་དང་དབང་བསྐུར་ཞུ་དགོས་པ་རྣམས་བགྲེས་སྟག་བརྒྱད་ཀྱིས་ཕྱོགས་གཅིག་ཏུ་བསགས་ནས་གཟའ་སྐར་སྦྱོར་བྱེད་བཟང་བ་ལ་རིན་པོ་ཆེ་དང་མཁན་སློབ་ལ་ཞུས་ནས་དེ་དག་མཛད་པ། ལྔ་པ། གོས་སྤུ་ཆགས་དང་ཡུ་ཅན་མི་གྱོན་པ། དྲུག་པ། མི་སྐྱས་ཆུ་མི་ལན་པ། བདུན་པ། ཐོག་ཁར་མི་མི་འགྲོ་བ། བརྒྱད་པ། ཐོག་ཏུ་ཁྱི་མི་གསོ་བ། དགུ་པ། ཉ་ཕག་སྒོང་གསུམ་དང་སྒོག་ཙོང་གི་ཉོ་ཚོང་མི་རྒྱུག་པ། བཅུ་པ། གསོ་སྦྱོང་གཉིས་ཁས་ལེན་དགོས་པ། བཅུ་གཅིག་པ། དབྱར་ཁས་བླངས་ནས་ཟླ་བ་གསུམ་དུ་གནས་དགོས་པ། བཅུ་གཉིས་པ། དགག་དབྱེ་ཚུལ་བཞིན་དུ་མཛད་དགོས་པ། བཅུ་གསུམ་པ། གཙུག་ལག་ཁང་ལ་ཆུའི་གནོད་པ་བསྲུང་ཕྱིར། ཕུ་ཆུ་ལ་རགས་དང་། ཐིགས་ལེན་པ། ཆུ་ལ་བཀྱག་འཛུགས་པ། ཟམ་པ་ཡར་ཕྱིར་འཆོས་པ། སྟོན་དུས་སུ་ས་འབུམ་ཚ་ཁང་ལ་སྐུ་དཀར་གསོལ་བ། ལམ་འཕྲང་འཆོས་པ་སྟེ་ཀློག་པ་ཐོས་བསམ། སྤོང་བ་བསམ་གཏན། བྱ་བ་ལས་ཀྱི་འཁོར་ལོ་གསུམ་ལྡན། སྡོམ་པ་གསུམ་གྱི་ལག་ལེན་ཟབ་མོ་ལྟ་བ་རྒྱ་ཆེན་སྤྱོད་པ་ཉམས་ལེན་བྱིན་རླབས་མོས་གུས་ཕྱག་ཆེན་ཏེ་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་རྣམ་ཐར་གླིང་གི་འདུལ་ཁྲིམས་བཅུ་གསུམ་ཞེས་གྲགས་སོ། །
གླུ་སྣ་ཚོགས་དང་རོལ་མོའི་སྒྲ་དང་གར་དང་འདུལ་བར་འཇུག་པ་དང་ཆར་དབབ་པ་དང་མི་གཡོ་བའི་བདག་ཉིད་ཆེ་བའི་ལེའུ་མིང་ཚིགའཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་བརྟག་པའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ང་པར་བཞུགས།
གཤིན་རྗེ་བྲང་དམར་གྱི་གདོན་འདུལ་བའི་ལེའུ་མིང་ཚིགཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ཅེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཇ་པར་བཞུགས།
གསང་བདག་གཏུམ་ཆེན་དྲེགས་པ་ཀླུ་འདུལ་རྡོ་རྗེའི་ཕྲེང་བའི་གསོལ་འདེབས་མིང་ཚིགབཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་པ་ཡོངས་ཀྱི་སྡེ་ཚན། གསང་བདག་གཏུམ་ཆེན་དྲེགས་པ་ཀླུ་འདུལ་རྡོ་རྗེའི་གསོལ་འདེབས། རིག་འཛིན་བདུད་འདུལ་རྡོ་རྗེས་བཀོད་པའི་གཏེར་ཆོས་ཤིག
གསང་བདག་གཏུམ་པོ་ཆེན་པོ་དྲེགས་པ་ཀླུ་འདུལ་གྱི་ལས་བྱང་མིང་ཚིགབཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་ཡོངས་འདུས་ལས། རིག་འཛིན་བདུད་འདུལ་རྡོ་རྗེས་གཡུ་མཚོ་རིན་ཆེན་བྲག་ནས་གདན་དྲངས་པའི་གསང་བདག་གཏུམ་ཆེན་པོ་དྲེགས་པ་ཀླུ་འདུལ་གྱི་ལས་བྱང་རྡོ་རྗེ་ཕྲེང་བའི་ཆོས་ཚན།
གསང་བདག་གཏུམ་པོ་ཆེན་པོ་དྲེགས་པ་ཀླུ་འདུལ་གྱི་ལས་བྱང་རྡོ་རྗེའི་ཕྲེང་བ་མིང་ཚིགབཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་པ་ཡོངས་ཀྱི་སྡེ་ཚན། གསང་བདག་གཏུམ་པོ་ཆེན་པོ་དྲེགས་པ་ཀླུ་འདུལ་གྱི་ལས་བྱང་། རིག་འཛིན་བདུད་འདུལ་རྡོ་རྗེས་གཡུ་མཚོ་རིན་ཆེན་བྲག་ནས་གདན་དྲངས་པའི་གཏེར་ཆོས་ཤིག
གསང་བདག་དྲེགས་པ་ཀླུ་འདུལ་གྱི་གསང་སྒྲུབ་མིང་ཚིགབཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་ཡོངས་འདུས་ལས། རིག་འཛིན་བདུད་འདུལ་རྡོ་རྗེས་ཕོ་བྲང་གཡུ་མཚོ་བྲག་ནས་གདན་དྲངས་པའི་གསང་བདག་དྲེགས་པ་ཀླུ་འདུལ་གྱི་གསང་སྒྲུབ་ཀྱི་ཆོས་ཚན།
གསང་བདག་དྲེགས་པ་ཀླུ་འདུལ་གྱི་དབང་ཆོག་མིང་ཚིགབཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་ཡོངས་འདུས་ལས། རིག་འཛིན་བདུད་འདུལ་རྡོ་རྗེས་ཕོ་བྲང་གཡུ་མཚོ་ནས་གདན་དྲངས་པའི་གཏེར་ཆོས་གསང་བདག་དྲེགས་པ་ཀླུ་འདུལ་གྱི་དབང་ཆོག
གསང་བདག་དྲེགས་པ་ཀླུ་འདུལ་གྱི་དབང་ཆོག་བྱིན་རླབས་སྤྲིན་འཕྲོ་རྡོ་རྗེའི་ཕྲེང་བ་མིང་ཚིགབཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་པ་ཡོངས་ཀྱི་སྡེ་ཚན། གསང་བདག་དྲེགས་པ་ཀླུ་འདུལ་གྱི་དབང་ཆོག རིག་འཛིན་བདུད་འདུལ་རྡོ་རྗེས་ཕོ་བྲང་གཡུ་མཚོ་ནས་གདན་དྲངས་པའི་གཏེར་ཆོས་ཤིག
གསང་བདག་དྲེགས་པ་ཀླུ་འདུལ་གྱི་མཚན་དོན་ཁཱ་ཧི་མིང་ཚིགབཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་པ་ཡོངས་ཀྱི་སྡེ་ཚན། གསང་བདག་དྲེགས་པ་ཀླུ་འདུལ་གྱི་མཚན་དོན། རིག་འཛིན་བདུད་འདུལ་རྡོ་རྗེས་བཀོད་པའི་གཏེར་ཆོས་ཤིག
གསང་བའི་རྒྱུད་རྣམས་ཀྱི་རྣམ་པར་འབྱེད་པ་དྲག་པོ་གསུམ་འདུལ་ཞེས་བྱ་བ་མིང་ཚིགརྒྱ་གར་གྱི་མཁན་པོ་དེ་བ་པཱུརྞྞ་མ་ཏི་དང་། ལོཙྪ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར། བཀའ་འགྱུར་རྒྱུད་འབུམ་ཇ་པར་བཞུགས།
གུ་ཕུ་ཚེ་སྤྲུལ་བཞི་པ་འགྲོ་འདུལ་ཆོས་ཀྱི་བཤེས་གཉེན་མིང་ཚིགགུ་ཕུ་ཚེ་ཆོག་སྤྲུལ་སྐུ། སྐུ་ཕྲེང་བཞི་པ་འགྲོ་འདུལ་ཆོས་ཀྱི་བཤེས་གཉེན་མཆོག་ནི། ས་ཡོས་ ༡༧༥༩ ལོར་སྐུ་འཁྲུངས། ཆུ་སྟག་ ༡༧༨༢ ལོར་སྐུ་གཤེགས། རྣམ་ཐར་མ་རྙེད།
གུ་རུ་གནམ་ལྕགས་མེ་འབར་བདུད་འདུལ་རྡོ་རྗེ་རྩལ་གྱི་གསང་སྒྲུབ་མིང་ཚིགདམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། གུ་རུ་གནམ་ལྕགས་མེ་འབར་བདུད་འདུལ་རྡོ་རྗེ་རྩལ་གྱི་གསང་སྒྲུབ་ཀྱི་ཆོས་ཚན། རིག་འཛིན་བདུད་འདུལ་རྡོ་རྗེས་ཚ་བ་སྒྲོ་བྲག་ནས་གདན་དྲངས་པའི་གཏེར་ཆོས་ཤིག
ཆུ་ཡག་ཐུགས་རྗེ་འགྲོ་འདུལ་གླིང་མིང་ཚིགགནའ་དུས་མ་ཎི་རྡོ་འབུམ་དང་། ཁང་བརྩེགས་མཆོད་རྟེན་མང་པོ་ལ་དད་ལྡན་རྣམས་ཀྱིས་ཕྱག་སྐོར་སྒྲིབ་སྦྱོང་བྱེད་པའི་རྟེན་ཁྱད་པར་འཕགས་པ་དང་མཐོང་ཐོས་དྲན་རེག་གི་འགྲོ་བ་སྒྲོལ་བའི་ཕྲིན་ལས་ཅན་དང་། ཚེ་དཔག་མེད། ཐུགས་རྗེ་ཆེན་པོ། རྗེ་བཙུན་སྒྲོལ་མ་རྣམས་ཀྱི་གནས་སུ་གྲགས། མཁས་གྲུབ་ཀརྨ་ཆགས་མེད། སྟག་ཤམ་ནུས་ལྡན་རྡོ་རྗེ་སོགས་སྐྱེས་ཆེན་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་ལོ་རྒྱུས་མང་པོ་ཡོད། ཁྱད་པར་དུས་འགྱུར་རྗེས་ཕྱི་ལོ་༡༩༨༤ བསྟན་པ་བསྐྱར་གསོའི་སྐབས་རྦ་ཤ་བླ་མ་ཨོ་རྒྱན་དཔལ་འབྱོར་གྱི་ཡང་སྲིད། མཆོག་སྤྲུལ་པདྨ་རྣམ་རྒྱལ་རིན་པོ་ཆེས། ལྷ་ཁང་། ཆ་བརྒྱད་མཆོད་རྟེན། ཡིག་བརྒྱའི་དུང་འཁོར་སོགས་རྟེན་བཞེངས་པ་དང་། ཚེས་བཅུ། ཉེར་ལྔ། སྒྲུབ་པ་དུས་མཆོད་སོགས་བཙུགས། དེ་ལ་བརྟེན་ནས་སྨྱུང་གནས་དང་། དུས་མཆོད། རྟེན་བཞེངས་སོགས་གོང་འཕེལ་དུ་གྱུར། བླ་གྲྭ་ཕལ་ཆེ་བ་རྒྱལ་བ་ཀཿཐོག་པའི་མཁན་ཆེན་པདྨ་རང་གྲོལ། མཁན་ཆེན་ཚུལ་ཁྲིམས་མཐར་ཕྱིན། མཁན་ཆེན་འཇམ་དབྱངས་རྒྱལ་མཚན་སོགས་ལས་སྨིན་གྲོལ་གྱི་གདམ་པ་མང་དུ་གསན་པས་རྒྱལ་བ་ཀཿཐོག་པའི་ཆོས་བརྒྱུད་འཛིན་པའོ། །
ཆོས་ཀྱི་མངོན་སུམ་དུ་འདུལ་བར་འོས་པ་སྦྱིན་པ་བཅུ་དྲུག་མིང་ཚིགའདུལ་བ་གཞི་ལས་བྱུང་བ་སྟེ། ༡ གང་ཟག་ཆོས་དང་མཐུན་པས། གང་ཟག་ཆོས་དང་མི་མཐུན་པ། ༢ གང་ཟག་ཆོས་དང་མཐུན་པས། གང་ཟག་ཆོས་དང་མི་མཐུན་པ་གཉིས། ༣ གང་ཟག་ཆོས་དང་མཐུན་པས། གང་ཟག་ཆོས་དང་མི་མཐུན་པ་མང་པོ། ༤ གང་ཟག་ཆོས་དང་མཐུན་པས། དགེ་འདུན་ཆོས་དང་མི་མཐུན་པ། ༥ གང་ཟག་ཆོས་དང་མཐུན་པ་གཉིས་ཀྱིས། གང་ཟག་ཆོས་དང་མི་མཐུན་པ། ༦ གང་ཟག་ཆོས་དང་མཐུན་པ་གཉིས་ཀྱིས། གང་ཟག་ཆོས་དང་མི་མཐུན་པ་གཉིས། ༧ གང་ཟག་ཆོས་དང་མཐུན་པ་གཉིས་ཀྱིས། གང་ཟག་ཆོས་དང་མི་མཐུན་པ་མང་པོ། ༨ གང་ཟག་ཆོས་དང་མཐུན་པ་གཉིས་ཀྱིས། དགེ་འདུན་ཆོས་དང་མི་མཐུན་པ། ༩ གང་ཟག་ཆོས་དང་མཐུན་པ་མང་པོས། གང་ཟག་ཆོས་དང་མི་མཐུན་པ། ༡༠ གང་ཟག་ཆོས་དང་མཐུན་པ་མང་པོས། གང་ཟག་ཆོས་དང་མི་མཐུན་པ་གཉིས། ༡༡ གང་ཟག་ཆོས་དང་མཐུན་པ་མང་པོས། གང་ཟག་ཆོས་དང་མི་མཐུན་པ་མང་པོ། ༡༢ གང་ཟག་ཆོས་དང་མཐུན་པ་མང་པོས། དགེ་འདུན་ཆོས་དང་མི་མཐུན་པ། ༡༣ དགེ་འདུན་ཆོས་དང་མཐུན་པས། གང་ཟག་ཆོས་དང་མི་མཐུན་པ། ༡༤ དགེ་འདུན་ཆོས་དང་མཐུན་པས། གང་ཟག་ཆོས་དང་མི་མཐུན་པ་གཉིས། ༡༥ དགེ་འདུན་ཆོས་དང་མཐུན་པས། གང་ཟག་ཆོས་དང་མི་མཐུན་པ་མང་པོ། ༡༦ དགེ་འདུན་ཆོས་དང་མཐུན་པས། དགེ་འདུན་ཆོས་དང་མི་མཐུན་པ་སྟེ། འདི་དག་ནི། ཆོས་ཀྱི་མངོན་སུམ་དུ་འདུལ་བར་འོས་པ་སྦྱིན་པ་བཅས་སོ། །
ཆོས་མ་ཡིན་པའི་མངོན་སུམ་དུ་འདུལ་བར་འོས་པ་སྦྱིན་པ་བཅུ་དྲུག་མིང་ཚིགའདུལ་བ་གཞི་ལས་བྱུང་བ་སྟེ། ༡ གང་ཟག་ཆོས་དང་མི་མཐུན་པས། གང་ཟག་ཆོས་དང་མཐུན་པ། ༢ གང་ཟག་ཆོས་དང་མི་མཐུན་པ་གཉིས་ཀྱིས། གང་ཟག་ཆོས་དང་མཐུན་པ། ༣ གང་ཟག་ཆོས་དང་མཐུན་པ་མང་པོས། གང་ཟག་ཆོས་དང་མཐུན་པ། ༤ དགེ་འདུན་ཆོས་དང་མི་མཐུན་པས། གང་ཟག་ཆོས་དང་མཐུན་པ། ༥ གང་ཟག་ཆོས་དང་མི་མཐུན་པ་གཉིས་ཀྱིས། གང་ཟག་ཆོས་དང་མཐུན་པ། ༦ གང་ཟག་ཆོས་དང་མི་མཐུན་པ་གཉིས་ཀྱིས། གང་ཟག་ཆོས་དང་མི་མཐུན་པ། ༧ གང་ཟག་ཆོས་དང་མི་མཐུན་པ་གཉིས་ཀྱིས། གང་ཟག་ཆོས་དང་མི་མཐུན་པ་མང་པོ། ༨ གང་ཟག་ཆོས་དང་མི་མཐུན་པ་གཉིས་ཀྱིས། དགེ་འདུན་ཆོས་དང་མཐུན་པ། ༩ གང་ཟག་ཆོས་དང་མི་མཐུན་པ་མང་པོས། གང་ཟག་ཆོས་དང་མཐུན་པ། ༡༠ གང་ཟག་ཆོས་དང་མི་མཐུན་པ་མང་པོས། གང་ཟག་ཆོས་དང་མཐུན་པ་གཉིས། ༡༡ གང་ཟག་ཆོས་དང་མི་མཐུན་པ་མང་པོས། གང་ཟག་ཆོས་དང་མཐུན་པ་མང་པོ། ༡༢ གང་ཟག་ཆོས་དང་མི་མཐུན་པ་མང་པོས། དགེ་འདུན་ཆོས་དང་དང་མཐུན་པ། ༡༣ དགེ་འདུན་ཆོས་དང་མི་མཐུན་པས། གང་ཟག་ཆོས་དང་མཐུན་པ། ༡༤ དགེ་འདུན་ཆོས་དང་མི་མཐུན་པས། གང་ཟག་ཆོས་དང་མཐུན་པ་གཉིས། ༡༥ དགེ་འདུན་ཆོས་དང་མི་མཐུན་པས། གང་ཟག་ཆོས་དང་མཐུན་པ་མང་པོ། ༡༦ དགེ་འདུན་ཆོས་དང་མི་མཐུན་པས། དགེ་འདུན་ཆོས་དང་མཐུན་པ་སྟེ། འདི་དག་ནི། ཆོས་མ་ཡིན་པའི་མངོན་སུམ་དུ་འདུལ་བར་འོས་པ་སྦྱིན་པ་བཅས་སོ། །
ཆོས་འདུལ་བ་མིང་ཚིགལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པའི་གཞུང་སྟེ་འདུལ་བ་ལུང་སྡེ་བཞི་ལྟ་བུའོ།
ཆོས་འདུལ་བ་ལེགས་པར་བསྟན་པ་མིང་ཚིགབཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་གཞན་ཕྱི་རོལ་པ་དང་མི་འདྲ་བར་ལེགས་པར་བསྟན་ཅིང་གོ་བར་བྱས་ཏེ། རིགས་པ་དང་ལྡན་པས་ན་ཆོས། ཉོན་མོངས་པ་ཞི་ཞིང་དུལ་བར་བྱེད་པས་ན་འདུལ་བ་སྟེ་ཚིག་བསྡུས་ན་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལེགས་པར་བསྟན་པ་ཞེས་བྱའོ།
ཆོས་འདུལ་བའི་སྙིང་པོར་གྱུར་པ་ཚན་པ་བཅུ་མིང་ཚིགའཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་བྱུང་བ་སྟེ། དྲན་པ་ཉེ་བར་བཞག་པ་བཞི། ཡང་དག་པར་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་པའི་ལམ་ཡན་ལག་བརྒྱད། ཞི་གནས། ལྷག་མཐོང༌། རྣམ་པར་ཐར་པའི་སྒོ་གསུམ་མོ། །
ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་ཉེས་པ་སྟོན་པར་མི་ནུས་པ་ལྔ་མིང་ཚིགབྱུང་བ་མི་ཤེས་པ། བཅས་པ་མི་ཤེས་པ། རྗེས་སུ་བཅས་པ་མི་ཤེས་པ། སྤང་བ་མི་ཤེས་པ། རྗེས་སུ་གནང་བ་མི་ཤེས་པའོ། །
ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་ཉེས་པ་སྟོན་པར་མི་ནུས་པ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ཉེས་པ་མི་ཤེས་པ། ཉེས་པ་མེད་པར་མི་ཤེས་པ། ལྕི་བ་མི་ཤེས་པ། ཡང་བ་མི་ཤེས་པ། འདིས་སོ་སོར་ཐར་པའི་མདོ་ཁ་ཏོན་མ་ལོབས་པའོ། །
ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་རྗེས་སུ་སྟོན་པར་བྱེད་མི་ནུས་པ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། རྗེས་སུ་བསྟན་པའི་ངག་ལྔ་མི་ཤེས་པ། སླར་རྒོལ་བ་མི་ཤེས་པ། ཆོས་ཀྱི་རྗེས་སུ་སྦྱོར་བ་མི་ཤེས་པ། ཆོས་མ་ཡིན་པའི་རྗེས་སུ་སྦྱོར་བ་མི་ཤེས་པ། ཡི་དམ་མ་བཅས་པའོ། །
ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་རྩོད་པ་ཞི་བར་བྱེད་མི་ནུས་པ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ཤེད་དམན་པར་འགྱུར་བ། ལོགས་ཤིག་ཏུ་འགྲོ་བ། ངན་དུ་སྨྲ་བར་འགྱུར་བ། ཚིག་ཀྱལ་པར་སྨྲ་བ། མི་ཕན་པ་སྡུད་པར་གྱུར་པའོ། །
ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་རྩོད་པ་ཞི་བར་བྱེད་མི་ནུས་པ་ལྔ་མིང་ཚིགའཁྲུལ་པ་འཛིན་པ། གསང་བའི་ཚིག་འཛིན་པ། ཚིག་མང་པོ་འཛིན་པ། མ་ངེས་པར་འཛིན་པ། ལན་གསུམ་གྱི་བར་དམ་བཅར་མ་བཅུག་པར་མཆོད་པའོ། །
ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་རྩོད་པ་ཞི་བར་བྱེད་མི་ནུས་པ་ལྔ་མིང་ཚིགམ་བསྒོ་བ་སྒོ་བར་མི་བྱེད་པ། ཡང་དག་པར་མ་བསྒོ་བ་ཡང་དག་པར་སྒོ་བར་མི་བྱེད་པ། མི་སེམས་པ་སེམས་པར་མི་བྱེད་པ། རྒོལ་བ་དང་སླར་རྒོལ་བའི་དགེ་སློང་རྣམས་འཐབ་པ་དང་། མཚང་འདྲུ་བ་དང་། འཁོན་པ་དང་། རྩོད་པ་རྣམས་སུ་སྐུལ་བ། རྒོལ་བ་དང་སླར་རྒོལ་བའི་དགེ་སློང་རྣམས་ཆོས་མ་ཡིན་པའི་ཕྱོགས་ལ་བརྟེན་པའོ། །
ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་རྩོད་པ་ཞི་བར་བྱེད་མི་ནུས་པ་ལྔ་མིང་ཚིགམ་བསྐོས་པ་ལས་ཞི་བར་བྱེད་པ། ཉེས་པ་མི་སྟོན་པ། ཆད་པའི་ལས་མི་གཅོད་པ། རྣམ་པར་དག་པ་ཉེས་པར་མི་སྟོན་པ། འདིས་དགེ་འདུན་གྱིས་བསྒོ་བ་བཞིན་མ་བྱས་པར་གྱུར་པའོ། །
ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་ལས་བྱེད་མི་ནུས་པ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། དེས་དོན་སྦྱིན་པ་ལ་ཤིན་ཏུ་རྣམ་པར་མ་དག་ཅིང་གཅིག་ནས་གཅིག་ཏུ་བསྒོ་བ་ཡིན་ཏེ། དགེ་ཚུལ་གྱི་ཚིག་གིས་བསྒོ་ཞིང་མདོ་སྡེའི་ཚིག་མི་ཤེས་པ། གསོལ་བའི་ལས་མི་ཤེས། གསོལ་བ་དང་གཉིས་ཀྱི་ལས་མི་ཤེས་པ། གསོལ་བ་དང་བཞིའི་ལས་མི་ཤེས་པ། བསྒོ་བའི་ལས་མི་ཤེས་པ། བྱིན་གྱིས་བརླབས་པའི་ལས་མི་ཤེས་པ།
ཆོས་རྣམ་པ་ལྔ་ལྡན་པའི་འདུལ་བ་འཛིན་པ་མདོ་སྡེའི་ཡོན་ཏན་ཤེས་པར་མི་ནུས་པ་ལྔ་མིང་ཚིགཉེས་པའི་འདུལ་བ། རྩོད་པའི་འདུལ་བ། ཉི་ཚེ་བ། ཐམས་ཅད་དང་ལྡན་པ། རེ་ཞིག་པ་དང་། དུས་ཐམས་ཅད་པ་རྣམས་ལ་ངེས་པར་མ་གྱུར་པ་མ་ཡིན་པའོ། །
ཆོས་རྣམ་པ་ལྔ་ལྡན་པའི་འདུལ་བ་འཛིན་པ་མདོ་སྡེའི་ཡོན་ཏན་ཤེས་པར་མི་ནུས་པ་ལྔ་མིང་ཚིགཉི་ཚེ་བ་ཐམས་ཅད་དང་ལྡན་པའི་འདུལ་བ་མི་ཤེས་པ། རེ་ཞིག་པ་དང་དུས་ཐམས་ཅད་པའི་འདུལ་བ་མི་ཤེས་པ། ཉེས་པའི་འདུལ་བ་མི་ཤེས་པ། རྩོད་པའི་འདུལ་བ་མི་ཤེས་པ། ཉོན་མོངས་པའི་འདུལ་བ་མི་ཤེས་པ།
ཆོས་རྣམ་པ་ལྔ་ལྡན་པའི་འདུལ་བ་འཛིན་པ་མདོ་སྡེའི་ཡོན་ཏན་ཤེས་པར་མི་ནུས་པ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། མདོ་སྡེ་ལ་མི་མཁས་པ། འདུལ་བ་ལ་མི་མཁས་པ། མ་ལྟ་བུ་ལ་མི་མཁས་པ། རྣམ་པར་འབྱེད་པ་ལ་མི་མཁས་པ། ལུང་ཁ་ཏོན་དུ་མ་ལོབས་པའོ། །
ཉན་ཐོས་ཀྱི་དཀའ་ཐུབ་འདུལ་བ་ནས་གསུངས་པ་བསླབ་པ་གསུམ་མིང་ཚིགསློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་མན་ངག་ལྟ་བའི་ཕྲེང་བའི་མཆན་འགྲེལ་ནོར་བུའི་བང་མཛོད་ལས་བྱུང་བ་སྟེ། ༡ སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་བྱས་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་ལས་ཀྱང་། ཤིན་ཏུ་ལྕི་བ་སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། རྫུན་སྨྲ་ལྟ་བུ་ཕམ་པར་གྱུར་པའི་ཆོས་བཞི་སོགས་བྱ་བ་མ་ཡིན་པ་ལས་ལྡོག་པའོ། ། ༢ དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་ཤེས་རབ་ཀྱི་བསླབ་པའི་དབང་དུ་བྱས་ཏེ། བདེན་པ་བཞིའི་དོན་ཕྱིན་ཅི་ལོག་པར་རྟོགས་པའི་ཤེས་རབ་ཀྱིས་བསྡུས་པ། འཕགས་པའི་ལམ་དང་འབྲས་བུའི་ཆོས་སྤྱད་ཅིང་ཐོབ་པར་བྱ་བ་རྣམས་སོ། ། ༣ རང་གི་སེམས་ནི་ཡོངས་སུ་འདུལ། །ཞེས་སེམས་ཀྱི་བསླབ་པའི་དབང་དུ་བྱས་ཏེ། སེམས་ཕྱི་རོལ་གྱི་གཡེངས་པ་ལས་བཟློག་སྟེ་རྩེ་གཅིག་མཉམ་པར་བཞག་པའི་བསམ་གཏན་ལ་བསླབ་པའོ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཚད་མར་བྱེད་པའི་ཚིག་སྟེ། ཕྱི་རོལ་དབང་ཕྱུག་སོགས་ཀྱི་ལུང་དང་མི་འདྲ་སྟེ། ཀུན་གྱིས་ཡིད་བརྟན་དུ་རུང་བའི་ཚད་མས་སངས་རྒྱས་ཀྱིས་བསྟན་པ། དམ་པའི་ཆོས་འདུལ་བ་ལེགས་པར་གསུངས་པ་ཡིན་ནོ། །
ཉེས་པར་བཤད་པའི་ཆོས་འདུལ་བ་ལ་ལེགས་པར་གསུངས་པའི་ཆོས་འདུལ་བ་དང་མི་མཐུན་པའི་ཆོས་བཞི་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་པ་ལས་བྱུང་བ་སྟེ། ངར་འཛིན་པ་དང་ང་ཡིར་འཛིན་པ་རྣམས་འཇིག་ཚོགས་ལ་ལྟ་བ། ངའོ་སྙམ་པའི་ང་རྒྱལ། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པ། བག་ལ་ཉལ་མ་སྤངས་པའོ། །
ཀུན་འདུལ་རྟ་མིང་ཚིགརླུང་ཆེན་པོ་སྟེ། རླུང་ཆེན་པོ་གཡུགས་པ་རྟ་ལས་མགྱོགས་ཤིང་གར་སླེབས་སར་སྡོང་པོ་ཁང་པ་སོགས་རློག་པར་བྱེད་པས་སོ། །
ཐབས་སྣ་ཚོགས་ཀྱིས་འདུལ་བའི་མདོར་བསྡུས་ཆེན་པོ་མིང་ཚིགབཀའ་འགྱུར་དྲི་མེད་འོད་ཤྲཱི་པར་བཞུགས།
ཐམས་ཅད་འདུལ་མིང་ཚིགམེ་མོ་ཕག
ཐམས་ཅད་འདུལ་མིང་ཚིགསངས་རྒྱས་ཀྱི་མཚན་ཏེ། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་འདུལ་བར་བྱེད་པས་ན་མཚན་དེ་ལྟར་བཏགས་པར་བཤད།
ཐམས་ཅད་འདུལ་བ་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། སྤྲུལ་སྐུའི་གསུང་གི་ཁྱད་ཆོས་སམ་རང་བཞིན་བཅུར་གསུངས་པའི་གཅིག་ཡིན། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། ཀུན་གྱི་སྐད་དང་མཐུན་པའི་སྒོ་ནས་ཚིག་གི་ཡོན་ཏན་གྱིས་དོན་རིག་པས་ཐམས་ཅད་འདུལ་བའོ། །ཞེས་གསུངས།
ཐུབ་པ་ཆེན་པོ་བཅོམ་ལྡན་འདས་ཀྱིས་ཀླུའི་ཚོགས་ཀྱི་གདུག་པའི་ལས་འདུལ་བའི་ལེའུ་མིང་ཚིགབཀའ་འགྱུར་རྙིང་རྒྱུད་ཁ་པར་བཞུགས།
དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་འདུལ་བ་བསྡུས་པ་སེམས་ལ་སོ་སོར་བརྟག་པར་བྱ་བ་དྲུག་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ཁྱད་དུ་གསོད་པའི་སེམས་ལ་སོ་སོར་བརྟག་པར་བྱ་བ་ནི། བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་རྣམས་ལ་སྤོང་བར་སེམས་པ་ཉིད་དང༌། མི་མོས་པའི་སེམས་ཉིད་དང༌། བརྙས་པའི་སེམས་ཉིད་དང་གང་ཡིན་པ་དེ་ནི་ཁྱད་དུ་གསོད་པའི་སེམས་ཞེས་བྱའོ། ། ལེ་ལོ་དང་ལྡན་པའི་སེམས་ལ་སོ་སོར་བརྟག་པར་བྱ་བ་ནི། ལེ་ལོ་དང་གླག་དལ་དང་བག་མེད་པས་ཀུན་ནས་དཀྲིས་པའི་སེམས་ནི་ལེ་ལོ་དང་ལྡན་པའི་སེམས་ཞེས་བྱའོ། ། བསྒྲིབས་པའི་སེམས་ལ་སོ་སོར་བརྟག་པར་བྱ་བ་ནི། འདོད་པ་ལ་འདུན་པ་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་གང་ཡང་རུང་བས་ཀུན་ནས་དཀྲིས་པའི་སེམས་ནི་བསྒྲིབས་པའི་སེམས་ཞེས་བྱའོ། །བརྩལ་བ་ལས་ཡོངས་སུ་སྐྱོ་བའི་སེམས་ལ་སོ་སོར་བརྟག་པ་ནི། བརྩོན་འགྲུས་བརྩམས་ཤིང་གནས་པའི་ལུས་ཀྱི་ངལ་བ་དང་སེམས་ཀྱིས་འཁྲུག་པས་ཟིལ་གྱིས་གནོན་པའི་སེམས་ནི་བརྩལ་བས་ཡོངས་སུ་ངལ་བའི་སེམས་ཞེས་བྱའོ། །གནོད་པ་དང་ལྡན་པའི་སེམས་ལ་སོ་སོར་བརྟག་པར་བྱ་བ་ནི། གནོད་པ་གང་ཡང་རུང་བས་ཟིལ་གྱིས་ནོན་པའི་སེམས་སྦྱོར་བར་བཟོད་པའི་མཐུ་མེད་པ་དེ་ནི་གནོད་པ་དང་ལྡན་པའི་སེམས་ཞེས་བྱའོ། །བར་ཆད་དང་ལྡན་པའི་སེམས་ལ་སོ་སོར་བརྟག་པར་བྱ་བ་ནི། སྨྲ་བ་ལ་དགའ་བ་ལ་སོགས་པ་བར་ཆད་དང་ལྡན་པའི་སེམས་ནི་བར་ཆད་དང་ལྡན་པའི་སེམས་ཞེས་བྱའོ། །
དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་མིང་ཚིགཁ་ཆེའི་མཁན་པོ་སརྦ་ཛྙཱ་དེ་བ་དང་། དྷརྨ་ཀ་ར་དང་། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོཙྪ་བ་བན་དེ་དཔལ་གྱི་ལྷུན་པོས་བསྒྱུར། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའོ། །སྔ་ཞུས་ཀུན་དགའོ་ཤཱཀྱ་དཔལ། །གཉིས་ཀྱིས་མ་དག་དྲི་མ་བསལ། །གསུམ་ཞུས་མཁས་པ་སྣར་ཐང་དཔོན་སློབ་པས། །ས་ཡི་སྟེང་འདིར་ལེགས་པར་དག་བགྱིས་སོ། །