10050
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་བུ་མོ་རྣམ་དག་དད་པས་ཞུས་པའི་ལེའུ་ལས་བྱུང་བ་སྟེ། ཆོས་ལ་བླ་མར་བྱེད་པའི་ཕྱིར་གཟུངས་དང་། ཐོགས་པ་མེད་པའི་སྤོབས་པ་ཐོབ་པར་འགྱུར་རོ། །མཁན་པོ་དང་། སློབ་དཔོན་ལ་རིམ་གྲོ་བྱེད་པའི་ཕྱིར་གཟུངས་དང་། ཐོགས་པ་མེད་པའི་སྤོབས་པ་ཐོབ་པར་འགྱུར་རོ། །ཆོས་ཡོངས་སུ་གཉེར་བ་ལ་སྐྱོ་བ་མེད་པའི་ཕྱིར་གཟུངས་དང་། ཐོགས་པ་མེད་པའི་སྤོབས་པ་ཐོབ་པར་འགྱུར་རོ། །ཇི་སྐད་ཐོས་པ་བཞིན་དུ་ཡང་དག་པར་བསྟན་པར་བྱེད་པའི་ཕྱིར་གཟུགས་དང་། ཐོགས་པ་མེད་པའི་སྤོབས་པ་ཐོབ་པར་འགྱུར་རོ། །ཆོས་ལ་སེར་སྣ་མི་བྱེད་པའི་ཕྱིར་གཟུགས་དང་། ཐོགས་པ་མེད་པའི་སྤོབས་པ་ཐོབ་པར་འགྱུར་རོ། །གཞན་གྱི་ཉེས་པ་སྒྲོགས་པར་མི་བྱེད་པའི་ཕྱིར་གཟུངས་དང་། ཐོགས་པ་མེད་པའི་སྤོབས་པ་ཐོབ་པར་འགྱུར་རོ། །ཆོས་སྨྲ་བ་དག་ལ་མཁན་པོ་བཞིན་དུ་གུས་པས་སྲི་ཞུ་བྱེད་པའི་ཕྱིར་གཟུངས་དང་། ཐོགས་པ་མེད་པའི་སྤོབས་པ་ཐོབ་པར་འགྱུར་རོ། །གཞན་གྱི་ཉེས་པ་མི་མཐོང་ཞིང་ཉེས་པ་སྤངས་པར་སྐུལ་བར་བྱེད་པའི་ཕྱིར་གཟུགས་དང་། ཐོགས་པ་མེད་པའི་སྤོབས་པ་ཐོབ་པར་འགྱུར་བའོ། ། |
| Domain | ཆོས་ལུགས། |