1800
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་ཆེན་པོའི་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ནང་ཚན་ལས་ཀྱི་འཕྱོང་ཞེས་བྱ་ལ། སྤྱི་སྤུངས་བསྙེན་བསྒྲུབ་(བསྙེན་པ་དགུ་དང་བསྒྲུབ་པ་བཅོ་བརྒྱད་ལ་གོ)གཉིས་ཀྱི་ལས་རིམ་ལ་དངོས་སུ་འཇུག་སྐབས་གུད་དུ་བསྟན་པའི་ཁ་ཚར་ཟུར་བཀོལ་གྱི་ལྟ་བའི་སྐོར་ཞིག་ཡིན། དེ་ཡང་བཀའ་ལྷ་ཡེ་གཏེར་ལུགས་ཀྱི་ཐེག་པ་དགུ་ལས་ཐེག་པ་འོག་མ་རྒྱུ་འབྲས་ཀྱི་ཐེག་པ་བརྒྱད་ལས་ཡང་རྩེར་སོན་པ་ཡང་རྩེ་བླ་མེད་ཐེག་པའི་ལྟ་བའི་སྐོར་ཡིན་ཏེ། ཐེག་པ་བདུན་པ་ཨ་དཀར་གྱི་མདོ་ལས། ཀུན་ཁྱབ་ཡངས་པ་ལྟ་བའི་འཕྱོང་། །བླ་མེད་ཐེག་པའི་དོན་དང་སྦྱར། །ཞེས་པས་བསྟན་པ་ཡིན་ནོ། །འོ་ན་ལྟ་བ་འདི་ཉིད་ཟུར་བཀོལ་གྱི་བོན་དུ་བསྟན་པ་ཅི་ཞེ་ན། གདུལ་བྱ་བཀྲི་དྲང་གི་ཆེད་དུ་སྟེ། འོག་མའི་སྐབས་སུ་ཟུར་དུ་བསྟན་པས་སྐལ་ལྡན་འགའ་ཞིག་གིས་འདིའི་དོན་མཐོང་ནས་བྲོད་པ་བསྐྱེད་ཅིང་བློ་ཕུགས་ཡང་རྩེ་བླ་མེད་ལ་ཕྱོགས་པའི་དགོས་ཆེད་ཤིན་ཏུ་ནས་ཆེ་བ་ཡོད་པ་འདི་ནི་རིག་པར་བྱའོ། ། |
| Domain | ཆོས་ལུགས། |