From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀུན་སྣང་ (1)
| Part of speech
|
མིང་ཚིག
|
| Definition
|
ཕུང་པོ་གསུམ་པའི་མདོ་ནས་གསུང་བའི་བདེ་གཤེགས་སོ་ལྔའི་ཡ་གྱལ་ཀུན་ནས་སྣང་བ་བཀོད་པ་སྟེ། སྐུ་མདོག་དམར་པོ་ཕྱག་གཡས་སྐྱབས་སྦྱིན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། སྐུ་ལ་ཆོས་གོས་གསོལ་ཞིང༌། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །
|
| Domain
|
ཆོས་ལུགས།
|
ཀུན་སྣང་ (2)
| Part of speech
|
མིང་ཚིག
|
| Definition
|
ཏིང་འཛིན་རྣམ་པ་གསུམ་གྱི་ཡ་གྱལ་ཏེ། རིན་དྲྭ་ལས། དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་ཀུན་ལ་སྙིང་རྗེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་པ་ལྟར། གནས་ལུགས་དེ་བཞིན་ཉིད་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་ནམ་མཁའ་དང་མཉམ་པར་བསྒོམ་པའོ། །
|
ཀུན་སྣང་ (3)
| Part of speech
|
མིང་ཚིག
|
| Definition
|
ཉི་མའི་འོད་ཟེར་ཏེ། ཕྱོགས་ཀུན་ཏུ་སྣང་བར་བྱེད་པས་སོ། །
|
| Type
|
མངོན་བརྗོད།
|