2550

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀོ་མཛོ་དགོན་ (1)
Part of speech མིང་ཚིག
Definition དཔལ་རྒྱལ་བ་འབའ་རོམ་པ་དར་མ་དབང་ཕྱུག་མཆོག་རྩི་ཀླུང་མཁའ་པས་གདན་དྲངས་ནས་ཁམས་སུ་ཕེབས་ཏེ་རྩི་ཆུ་རྒྱུད་དུ་རབ་བྱུང་གསུམ་པའི་ཤིང་ཁྱི་དང་ཕྱི་ལོ་༡༡༦༡ལོའི་རྗེས་སུ་ལོ་གཉིས་གསུམ་མཚམས་ནས་ཕྱག་བཏབ་མཛད་པའི་དགོན་རྙིང་ཞིག་ཡིན། རྒྱལ་བ་འབའ་རོམ་པ་དར་མ་དབང་ཕྱུག་འདས་རྗེས་སུ་ཁོང་གི་གཅེན་པོ་ཉི་ཁྲི་ལ་སྲས་བཞི་ཡོད་པའི་ཆུང་བ་གཅུང་ཤེས་རབ་དབང་ཕྱུག་གི་གདན་ས་བསྐྱངས། ད་ལྟ་ཡང་རྩི་ཆུ་རྒྱུད་དུ་ལུང་པ་སྤྱི་ལ་བྲག་རི་ནང་དང་དགོན་པ་ཆགས་སའི་ལུང་པ་ལ་ཡུལ་མིས་དགོན་རྙིང་ནང་ཟེར་ནས་མིང་མ་ཉམས་པར་འདུག མཐར་བེ་རུ་དང་སོག་དམག་གང་རུང་གིས་གཏོར་བ་འདྲ། ས་གནས་ཡུལ་ཤུལ་རག་སྨད་ཀྱི་མངའ་ཁོངས་སུ་ཡོད།