3500

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁང་པའི་ལྷག་མ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་གིས་ས་གཞི་མི་རུང་བ་དང་རྩོད་པ་དང་བཅས་པ་དང་རྩོམ་དུ་མི་རུང་བའི་སྟེང་དུ་དཀོན་མཆོག་ལས་གཞན་རང་དང་གཞན་གྱི་ཆེད་དུ་ཁང་པ་བརྩེགས་ཏེ་ཕལ་ཆེར་ཟིན་པ་ཁང་པའི་ལྷག་མ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གིས་ས་གཞི་ཡོ་བྱད་བརྩལ་བའི་གཞིར་མི་རུང་བ་དང་། རྩོད་པ་དང་བཅས་པ་དང་། རྩོམ་དུ་མི་རུང་བའི་སྟེང་དུ། དགེ་འདུན་ལ་གནང་བ་མ་གསོལ་བ་དེར་དཀོན་མཆོག་ལས་གཞན་པའི་ཆེད་དུ་དངོས་ཀྱི་བདག་པོ་གཅིག་གི་དོན་དུ་སྦྱོར་བ་རང་ངམ། གཞན་བྱེད་དུ་བཅུག་པ་གང་རུང་གིས་ཁང་པ་བརྩིགས་པ་ན་ལྷག་མ་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་ཁང་པ་བརྩིགས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་འདོད་པ་ཆེས་པ་དང་། སྲོག་ཆགས་ལ་གནོད་པ་དང་། རྩོད་པ་རྒྱས་པ་དང་། དོན་དང་བྱ་བ་མང་བའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཁང་པའི་ལྷག་མ་

|; |@@@ | | }}

ཁང་པའི་ལྷག་མ་ (2)
Part of speech མིང་ཚིག
Definition དགེ་འདུན་ལྷག་མ་བཅུ་གསུམ་ལས། ཡོ་བྱད་ལ་ཆགས་པ་ལས་གྱུར་པ་གཉིས་ཀྱི་ཡ་གྱལ་ཏེ། བྱུང་རྐྱེན་ནམ་གླེང་གཞི་ནི། སྟོན་པ་མཉན་ཡོད་ནའོ། །དགེ་སློང་རྣམས་ལ་ཁང་པ་མང་པོར་གྱུར་ཏེ། ཁ་ཅིག འདི་ཧ་ཅང་རིང་ངོ་ཞེས་དེ་བོར་ནས་གཞན་བྱེད་དུ་འཇུད་དོ། །འདི་ཧ་ཅང་ཐུང་ངོ༌། །ཧ་ཅང་ཡངས་སོ། །ཧ་ཅང་དོག་གོ ། ཧ་ཅང་བརྙིངས་སོ། །ཧ་ཅང་སྟོབས་ཆུང་ངོ༌། །ཧ་ཅང་རྩིག་ཉེས་སོ་ཞེས་བོར་ནས་གཞན་བྱེད་དུ་འཇུག་པས་བྱ་བྱེད་མང་སྟེ། ཀློག་པ་དང་བསམ་གཏན་ལ་གནོད་པས་ཁྱིམ་པ་རྣམས་མ་དད་པར་གྱུར་ཏོ། །དེའི་ཚེ་འོད་སྲུང་ཆེན་པོ་མཉན་ཡོད་ན་ཤར་གྱི་ཀུན་དགའ་ར་བ་རི་དྭགས་འཛིན་གྱི་མའི་ཁང་བཟང་ན་བཞུགས་པ་དེས་ཐོས་ཏེ་ཕྱི་དྲོ་ནང་དུ་ཡང་དག་འཇོག་ལས་ལངས་ནས་སྟོན་པའི་སྤྱན་སྔར་སོང་སྟེ་ཞབས་གཉིས་ལ་ཕྱག་བཙལ་ནས་མཐའ་གཅིག་ཏུ་འདུག་སྟེ་གསོལ་བ། དགེ་སློང་རྣམས་ལ་ཁང་པ་མང་པོར་གྱུར་ཏེ་བྱ་བྱེད་མང་བས་ཀློག་པ་དང་བསམ་གཏན་ལ་གནོད་པས་ཁྱིམ་པ་རྣམས་ཁ་བགྱིད་པར་གྱུར་ན། ཐུགས་བརྩེ་བའི་སླད་དུ་དགེ་སློང་རྣམས་ལ་ཁང་པ་དང༌། ཁང་པའི་གཞི་ལེགས་པར་བསྟན་དུ་གསོལ། ཅང་མི་གསུང་བས་གནང་ངོ༌། །དེ་ནས་འོད་སྲུང་ཆེན་པོ་དེ་ཉིད་ཀྱི་མཚན་མོ་འདས་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་སེམས་བསྲུང་བའི་ཕྱིར་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ལྗོངས་རྒྱུར་སོང་ངོ༌། །དེ་ནས་སྟོན་པས། བྱུང་བ་འདི་དང་སྔར་བཞིན། དགེ་སློང་དག ཁྱེད་ཅག་ལ་ཁང་པ་མང་པོར་གྱུར་ཏེ། ཁ་ཅིག་ནི། འདི་ཧ་ཅང་རིང་ངོ་ཞེས་བོར་ནས་གཞན་དུ་འཇུག ཁ་ཅིག་ནི། ཧ་ཅང་ཐུང་ངོ༌། །ཡངས་སོ། །དོག་གོ ། བརྙིངས་སོ། །རྩིག་ཉེས་སོ་ཞེས་དེ་བོར་ནས་གཞན་བྱེད་དུ་འཇུག་པ་བདེན་ནམ། བཙུན་པ། མད་དོ། །སྟོན་པས་འདོད་པ་ཆེ་དང་ཆོག་མི་ཤེས་པ་སྨད། འདོད་པ་ཆུང་བ་དང་ཆོག་ཤེས་པའི་བསྔགས་པ་བརྗོད་ནས། དེ་བས་ན་ཕན་ཡོན་བཅུ་གསུངས་ཤིང་། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་བདག་གིས་བླངས་པ་བདག་པོ་མེད་པ། བདག་གི་ཕྱིར་ཁང་བ་རྩིག་ཏུ་འཇུག་ན་དགེ་སློང་དེས་ཁང་པ་ཚད་བཞིན་དུ་བྱེད་དུ་ཆུག་ཅིག དེ་ལ་ཁང་པའི་ཚད་ནི་འདི་ཡིན་ཏེ། ནང་སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུ་གཉིས། ཞེང་དུ་མཐོ་བདུན་ནོ། །གཞི་བལྟ་བའི་ཕྱིར་དགེ་སློང་དེས་དགེ་སློང་དག་བཀྲི་བར་བྱའོ། །ཁྲིད་པའི་དགེ་སློང་དག་གིས་ཀྱང་གཞི་མི་རུང་བའམ། །རྩོད་པ་དང་བཅས་པའམ། བརྩམ་དུ་མི་རུང་བར་བདག་གིས་བླངས་པ་བདག་པོ་མེད་པ་བདག་གི་ཕྱིར་ཁང་བ་རྩིག་ཏུ་འཇུད་དམ། གཞི་ལྟ་བའི་དགེ་སློང་དག་ཀྱང་མི་འཁྲིད་དམ། དགེ་སློང་ཁྲིད་པ་དག་ལ་གཞི་མི་སྟོན་ནམ། ཚད་ལས་འདས་ན་དགེ་འདུན་ལྷག་མའོ་ཞེས་བཅས། །ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ས་གཞི་དང་ཡོ་བྱད་བཙལ་བས་ས་གཞི་མ་དག་པར་དཀོན་མཆོག་ལས་གཞན་པའི་ཆེད་དུ་མངོན་གྱུར་གྱི་བདག་པོ་གཅིག་གི་དོན་དུ་ཁང་པ་ཚད་ལས་ལྷག་པ་བརྩིགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །དགག་བྱ་ནི་འདོད་པ་ཆེ་བ་དང༌། སྲོག་ཆགས་ལ་གནོད་པ་དང༌། རྩོད་པ་རྒྱས་པ་དང༌། དོན་དང་བྱ་བ་མང་བའོ། །ས་གཞི་དང་ཡོ་བྱད་གཞན་ལས་བཙལ་བ་ཡན་ལག་ཏུ་གསུངས་པ་དང༌། སྐྱེ་བ་པོ་ཕྲ་མོའི་གནས་དང་རྩོད་པ་དང་བཅས་པ་དང་རྩོམ་དུ་མི་རུང་བ་ཡན་ལག་ཏུ་དགོས་པར་གསུངས།

{{#arraymap:ཁང་པའི་ལྷག་མ་

|; |@@@ | | }}