Search by property
Jump to navigation
Jump to search
This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.
List of results
- Dictionaries/sngas rgyas chos gzhung tshig mdzod/4030 + (སྲོག་མི་གཅོད་དང་། མ་བྱིན་པ་མི་ལེན། མི་ཚངས་མི་སྤྱོད། རྫུན་མི་སྨྲ། ཆང་མི་འཐུང་། ཁྲི་སྟན་ཆེ་མཐོ་མི་འདུག གླུ་གར་དང་དྲི་རྒྱན་མི་བྱ། ཕྱི་དྲོའི་ཁ་ཟས་མི་ཟ་བཅས་བརྒྱད་དོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/2088 + (སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་ས་མི་དང་བཅས … སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་ས་མི་དང་བཅས་པ་བྲན་བདག་རྣམས་ལ་བགོ་བཤའ་བརྒྱབ་སྟེ་སྤྲད་པའི་མངའ་ཁོངས་ས་ཁུལ་བཅོ་བརྒྱད་ནི། 1. དབུ་རུ་ཤོད་ཆེན། 2. ཕོ་བྲང་སྟེ་ཆེ། 3. ཡར་ལུང་། 4. འཆིང་ང་། 5. བྱ་འུག 6. བྲད་དང་ཞོང་པ། 7. བྲག་རུམ་སྟོད་སྨད། 8. གཙང་སྟོད་སྨད། 9. ཀླུང་ཤོད་ནམ་པོ། 10. འཕན་ཡུལ། 11. ཉང་རོ་གྲམ་པ། 12. ཤངས་དང་གླེ་ཕྱི། 13. ཡུང་བ་ཆེ་ཆུང་། 14. ཞ་ག་སྡེ་གསུམ། 15. ནམ་ར། 16. ཆག་གོང་། 17. འདམ་ཤོད་དཀར་མོ། 18. མདོ་ཁམས། ཆག་གོང་། 17. འདམ་ཤོད་དཀར་མོ། 18. མདོ་ཁམས།)
- Dictionaries/sngas rgyas chos gzhung tshig mdzod/5798 + (སློབ་དཔོན་གྱིས་དབང་བསྐུར་བའི་སྐབས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྟོན་པའི་ངེས་པ་སྟེར་བ་དེ་བཞིན་ཉིད་རྟོགས་པ་ལ་སྦྱར་བའི་ཆེད་དུ་སྒྲ་དང་བཅས་པའི་དྲིལ་བུའི་དམ་ཚིག་གོ།)
- Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1694 + (སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བྱཱ་ཀ་ར་ … སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བྱཱ་ཀ་ར་ཎ་སྡེ་བརྒྱད་ནི། མདོ་སྡེ་རྒྱན་གྱི་འགྲེལ་བ། དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་བ། ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་བ། རྣམ་བཤད་རིག་པ། ལས་གྲུབ་པའི་རབ་ཏུ་བྱེད་པ། ཕུང་བོ་ལྔའི་རབ་ཏུ་བྱེད་པ། ཉི་ཤུ་པ། སུམ་ཅུ་པའི་རབ་བྱེད་རྣམས་སོ། ཁ་ཅིག་ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་བ་མི་འདྲེན་པར་རྟེན་འབྲེལ་གྱི་མདོ་འགྲེལ་འདྲེན་ནོ།དྲེན་པར་རྟེན་འབྲེལ་གྱི་མདོ་འགྲེལ་འདྲེན་ནོ།)
- Dictionaries/bod rgya nang don rig pai tshig mdzod/5265 + (སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བྱམས་ཆོས་ཀྱི་སྡེ་ཚན་རབ་ཏུ་བྱེད་པ་བརྒྱད་དེ། མདོ་སྡེ་རྒྱན་དང་འབྱེད་རྣམ་གཉིས་ཏེ་གསུམ་གྱི་འགྲེལ་བ་དང་། རྣམ་བཤད་རིགས་པ་དང་། ལས་སྒྲུབ་པའི་རབ་བྱེད། ཕུང་པོ་ལྔའི་རབ་བྱེད། ཉི་ཤུ་པའི་རབ་བྱེད། སུམ་ཅུ་པའི་རབ་བྱེད་དེ་བརྒྱད་དོ།།)
- Dictionaries/sngas rgyas chos gzhung tshig mdzod/9000 + (སློབ་དཔོན་ཕྱོགས་གླང་གི་མཛད། རྟོག་གེའི་ཚིག་ … སློབ་དཔོན་ཕྱོགས་གླང་གི་མཛད། རྟོག་གེའི་ཚིག་དོན་བརྒྱད་དང་ཁྱད་པར་དུ་ཡང་དག་པའི་ཤེས་པ་དོན་ཚན་དྲུག་ཏུ་བསྡུས་ནས་གཏན་ལ་འབེབས་པར་བྱེད་པ་སྟེ། མངོན་སུམ་གྱི་ལེའུ་དང་། རང་དོན་གྱི་ལེའུ་དང་། སེལ་བ་བརྟགས་པ་དང་། གཞན་དོན་ལེའུ་དང་། དཔེ་བརྟག་པ་དང་། སུན་འབྱིན་བརྟག་པ་བཅས་ལེའུ་དྲུག་གི་བདག་ཉིད་ཅན་གྱི་ཚད་མའི་གཞུང་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།ཚད་མའི་གཞུང་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/11517 + (སློབ་དཔོན་ཕྱྭ་པའི་སློབ་ཆེན་བརྒྱད་དེ། བརྩོན … སློབ་དཔོན་ཕྱྭ་པའི་སློབ་ཆེན་བརྒྱད་དེ། བརྩོན་འགྲུས་སེང་གེ་དང་། ངན་བག་པ་སྨྲ་བའི་སེང་གེ། བྲུ་ཤ་བསོད་ནམས་སེང་གེ། རྨ་བྱ་རྩོད་པའི་སེང་གེ། རྩགས་དབང་ཕྱུག་སེང་གེ། མྱང་བྲན་ཆོས་ཀྱི་སེང་གེ། ལྡན་མ་དཀོན་མཆོག་སེང་གེ། གཉན་པ་ཡོན་ཏན་སེང་གེ་བཅས་སོ། ཚིག་འདི་གསར་དུ་བཅོས་པ་ཡིན།་སེང་གེ་བཅས་སོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/4442 + (སློབ་མ་མཐུན་པ་ཟབ་པ་ཉིད་ཀྱིས་ལྟེ་བའི་རི་མོ་གཡས་སུ་འཁྱིལ་བ། སངས་རྒྱས་ཀྱི་དཔེ་བྱད་བརྒྱད་ཅུའི་ནང་གསེས་ཤིག)
- Dictionaries/bod rgya nang don rig pai tshig mdzod/3862 + (སློབ་མ་རྣམས་དབུགས་དབྱུང་བ་དང་བཀྲ་ཤིས་པར་བྱ་བའི་ཕྱིར་ཙཀ་ལི་སོགས་ཀྱིས་རྒྱལ་སྲིད་སྣ་བདུན་དང་། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་སོགས་ཀྱི་དབང་བསྐུར་བའོ།།)
- Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/375 + (ཧོར་ཟླ་བདུན་པ། བརྒྱད་པ། དགུ་པ་གསུམ།)
- Dictionaries/sngas rgyas chos gzhung tshig mdzod/8209 + (ཧོར་ཟླ་བདུན་པའི་ཚེས་བརྒྱད་ཉིན་འབྲས་སྤུངས་དགོན་ནང་གི་མཆོད་རྟེན་ཀླུ་འབུམ་ལ་དུས་མཆོད་བྱེད་པའི་དགའ་སྟོན་ཞིག)
- Dictionaries/bod rgya nang don rig pai tshig mdzod/6149 + (ཧོར་ཟླ་བདུན་པའི་ཚེས་བརྒྱད་ཉིན་འབྲས་སྤུངས་དགོན་ནང་གི་མཆོད་རྟེན་ཀླུ་འབུམ་ལ་དུས་མཆོད་བྱེད་པའི་དགའ་སྟོན་ཞིག)
- Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1935 + (ཨོ་རྒྱན་པདྨའི་བོད་དུ་གྲགས་པ་མཛད་པ་བཅུ་གཅིག … ཨོ་རྒྱན་པདྨའི་བོད་དུ་གྲགས་པ་མཛད་པ་བཅུ་གཅིག་ནི། འགྲོ་དྲུག་དོན་མཛད་བརྒྱད་ལྔ་ཆེ་བ་མཛད། ལྷ་འདྲེ་བཏུལ་མཛད་གཙུག་ལག་ཁང་བཞེངས་མཛད། མདོ་རྒྱུད་བསྒྱུར་མཛད་འཕྲིན་ལས་རྣམ་བཞི་མཛད། སྦྱོར་སྒྲོལ་གཉིས་མཛད་མནན་བསྲེག་འཕང་གསུམ་མཛད། དུས་བཞི་མཁྱེན་མཛད་བསྟན་ཞབས་གཏེར་སྐྱོང་མཛད། རྒྱ་བོད་དྲིན་ཆེན་གང་ལ་གང་འདུལ་མཛད། ཨོ་རྒྱན་རྣམ་ཐར་མདོར་བསྡུས་མཛད་པ་འདི། སུས་བྲིས་པ་དང་མཐོང་ཐོས་གཞན་ལ་སྟོན། དེ་དག་འཇིག་རྟེན་བདེ་བ་ཅན་དུ་སྐྱེ་ཞེས་གསུངས་སོ།ག་འཇིག་རྟེན་བདེ་བ་ཅན་དུ་སྐྱེ་ཞེས་གསུངས་སོ།)
- Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/693 + (《མངོན་པ་མཛོད》ལས་བཤད་སྲོལ་ལ། འཇིག་རྟེན་ཁམས་ … 《མངོན་པ་མཛོད》ལས་བཤད་སྲོལ་ལ། འཇིག་རྟེན་ཁམས་ལ་མཐའ་དང་མུ་མེད་པའི་ནང་ནས་རང་ཅག་འཚོ་གནས་བྱེད་པའི་འཇིག་རྟེན་གྱི་ཁམས་འདི་ལ་གླིང་བཞི་གླིང་ཕྲན་བརྒྱད་ཉི་ཟླ་རྒྱུ་སྐར་བཅས་ཆ་ཚང་ཡོད་ཅིང༌། དེའི་ནང་གི་གླིང་བཞི་ནི། ཤར་ལུས་འཕགས་པའི་གླིང་། ལྷོར་འཛམ་བུ་གླིང་། ནུབ་ཏུ་བ་ལང་སྤྱོད་ཀྱི་གླིང་། བྱང་དུ་སྒྲ་མི་སྙན་གྱི་གླིང་བཅས་གླིང་གཙོ་བོ་བཞི་དང༌། དེ་རེ་རེ་ལ་གླིང་ཕྲན་ཆུང་བ་གཉིས་གཉིས་བཅས་གླིང་ཕྲན་བརྒྱད། གླིང་ཕྲན་དེ་དག་གི་ནང་དུ་ནང་གི་མཚོ་བདུན། ཕྱིའི་ཁོར་ཡུག་ཏུ་ཕྱིའི་རྒྱ་མཚོ་ཆེན་པོ། སྟེང་གི་ནམ་མཁའ་ལ་གནམ་གྱི་གོ་ལ་ཕུབ་ཀྱི་བང་རིམ་ལྟར་གནས་པའི་སྟེང་དུ་ཉི་ཟླ་རྒྱུ་སྐར་གྱི་འགྲོ་ལམ་དང་། ཉི་མའི་ཁྱིམ་བཅུ་གཉིས་བཅས་ཡོད་ཟེར།་ལམ་དང་། ཉི་མའི་ཁྱིམ་བཅུ་གཉིས་བཅས་ཡོད་ཟེར།)
- Dictionaries/chos rnam kun btus/10150 + (《རྗེ་འབངས་རྣམས་ཀྱི་རིགས་རུས་གསལ་བའི་སྒྲོན་ … 《རྗེ་འབངས་རྣམས་ཀྱི་རིགས་རུས་གསལ་བའི་སྒྲོན་མེ་》ལས་དྲངས་པ་སྟེ།</br>རྗེ་བཞི་ནི།</br>1. ཅོག་ས་རྗེ།</br>2. ཆང་རྗེ་ཐོད་དཀར་རྗེ།</br>3. ཏེ་ཅོག་ཉལ་པོ་རྗེ།</br>4. སྙགས་རྗེ་ཐོག་སྒམ་རྗེ་དང་རྗེ་བཞི།</br>ཁོལ་བརྒྱད་ནི།</br>5. དམར།</br>6. མར་མ།</br>7. སྙལ།</br>8. སྙལ་དབེན།</br>9. རྔོག</br>10. ཁྲོག</br>11. རོག</br>12. སྦས་བཅས་ཁོལ་བརྒྱུད་བཅས་སོ། །ག 11. རོག 12. སྦས་བཅས་ཁོལ་བརྒྱུད་བཅས་སོ། །)
- Dictionaries/Brda dkrol gser gyi me long/1074 + ((2)ཉེས་པ་ལ་འཇུག་སྟེ། 《བརྒྱད་སྟོང་འགྲེལ་ཆེན … (2)ཉེས་པ་ལ་འཇུག་སྟེ། 《བརྒྱད་སྟོང་འགྲེལ་ཆེན》ལས། གླགས་ཞེས་བྱ་བ་ནི་ཉེས་པ་དང་བུ་ག་ཞེས་བྱ་བའི་དོན་ནོ། །ཞེས་གསུངས། གཞན་ཡང་། སྐབས་དང་ཐབས་དང་བར་མཚམས་སོགས་དུ་མར་འཇུག་པ་ནི། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། གླགས་ཞེས་བྱ་བ་སྐབས་དང་ནི། །ཐབས་དང་ཉེས་པ་བར་མཚམས་དང་། །བུ་གར་སོགས་འཇུག་སྐབས་ཀྱིས་ཕྱེ། །ཞེས་གསུངས་པ་ལྟར་རོ། །འཇུག་སྐབས་ཀྱིས་ཕྱེ། །ཞེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/5889 + ((2)དོན་ལྡན་གྱིས་བསྔགས་པའི་མིང་སྟེ།《བརྡ་ཡིག … (2)དོན་ལྡན་གྱིས་བསྔགས་པའི་མིང་སྟེ།《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། རྗེད་པ་ཞེ་སའམ་བཀུར་སྟི་དང་།། དོན་ལྡན་གྱིས་ནི་བསྔགས་པའི་མིང་། ཞེས་དང་།《བརྒྱད་སྟོང་འགྲེལ་ཆེན》ལས། རྗེད་པར་བྱ་བ་ནི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཕུ་དུད་བྱེད་པའོ།། ཞེས་གསུངས་པ་ལྟར་དང་། 《བསྟན་འགྱུར་དཀར་ཆག》ལས། མཆོད་པའི་སྤྲིན་རྣམས་ཀྱིས་མངོན་པར་མཆོད་ཅིང་རྗེད་པར་མཛད། ཅེས་པ་ལྟ་བུའོ།།ན་པར་མཆོད་ཅིང་རྗེད་པར་མཛད། ཅེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/2977 + ((2)བོད་ཀྱི་རུས་མིང་ཞིག་སྟེ། 《བོད་མི་བུ་གདུང་དྲུག་གི་རུས་མཛོད་པད་དཀར་སྐྱེད་ཚལ》ལས། རུས་ཆེན་སྒོ་དེ་ལ་བྲེ་བྲག་ཏུ་ཇི་འབུམ་བཞག་གསུམ་སོགས་བཅོ་བརྒྱད་ཡོད་དོ། ། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/7915 + ((2)རྡོ་ལེབ་བམ་ལྷའི་རྡོའི་མིང་སྟེ།《བརྡ་སྤྲོ … (2)རྡོ་ལེབ་བམ་ལྷའི་རྡོའི་མིང་སྟེ།《བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ》ལས། ཨར་མོ་ནིག་ཅེས་པའི་མཆན་དུ་སྟན་ཁྲ་བོ་རིང་བའམ་རྡོ་ལེབ། ཅེས་གསུངས། དཔེར་ན།《འདུལ་བ་ལུང་རྣམ་འབྱེད》ལས། ཨར་མོ་ནིག་གིས་བཀབ་པ། རྣམ་པར་རྒྱལ་བྱེད་ཡིད་དུ་འོང་བ་དང་ལྡན་པའི་ཤིང་རྟ་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ།། ཞེས་པ་ལྟ་བུའོ།།མས་ལ་སྦྱིན་པར་བྱིན་ནོ།། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/2318 + ((2)སྡིགས་ཚིག་གི་མིང་སྟེ།《མངོན་བརྗོད་ལེགས་བ … (2)སྡིགས་ཚིག་གི་མིང་སྟེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། ནན་ཏུར་དང་ནི་ཚར་གཅོད་ཚིག། བརྒྱད་བཀག་འབར་ཤ་སྡིགས་ཚིག་མིང་།། ཞེས་གསུངས། དཔེར་ན།《འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི 》ལས། དགེ་ཚུལ་ཞིག་ལ་དེས་ནན་ཏུར་བྱས་པ་དང་། དེ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ཁྲེ་ངུ་ཞིང་འདུག་གོ། ཞེས་པ་ལྟ་བུའོ།།ྱི་སྒོ་ཁྲེ་ངུ་ཞིང་འདུག་གོ། ཞེས་པ་ལྟ་བུའོ།།)
- Dictionaries/sngas rgyas chos gzhung tshig mdzod/7493 + ((ལེགས་)དྲི་མེད་བཤེས་གཉེན་ཏེ། ཆོས་རྒྱལ་ཁྲི་ … (ལེགས་)དྲི་མེད་བཤེས་གཉེན་ཏེ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དུས་སུ་བོད་དུ་གདན་འདྲེས་ཞུས་པའི་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ཡ་གྱལ་ཞིག རབ་ཏུ་བྱུང་པའི་ཆ་བྱད་དུ་མེད་པར་རྣལ་འབྱོར་པའི་ཆ་བྱད་དུ་ཡོད་པས། རྒྱལ་བློན་རྣམས་ཕྱི་པ་དང་ནང་པ་གང་ཡིན་ཐེ་ཚོམ་ཟ་བའོ། གསུང་རྩོམ་ལ། སྐྱབས་འགྲོ་ཡན་ལག་དྲུག ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་བ་བཅས་སོ། ཚིག་འདི་གསར་དུ་བཅོས་པ་ཡིན།འགྲེལ་བ་བཅས་སོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/65 + ((ལེགས་)བྱི་མོ་ཞབས་སྟེ། གྲུབ་ཆེན་བརྒྱད་ཅུ་ནང་ཚན་གཅིག་ཡིན། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/66 + ((ལེགས་)རྣམ་སྲས་རྟ་བདག་བརྒྱད་ཀྱི་གྲས་ཤིག ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/8266 + ((ལེགས་)ལྷ་ཆེན་བརྒྱད་ཀྱི་ཡ་གྱལ་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/191 + ((ཨཱལཡབིཛྙཱནི)རྣམ་ཤེས་ཚོགས་བརྒྱད་ཀྱི་ནང་གསེས། མ་བསྒྲིབས་ལུང་མ་བསྟན་པའི་གཙོ་བོའི་རྣམ་ཤེས་གང་ཞིག་བག་ཆགས་ཀྱི་བགོ་གཞིར་གྱུར་པ་རྣམ་སྨིན་དང་ས་བོན་ཐམས་ཅད་ཀྱི་རྟེན་དུ་གྱུར་ཅིང་དོན་གྱི་ངོ་བོ་རིག་པ།)
- Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1614 + (ཉེ་བའི་སྲས་ཆེན་བརྒྱད་ལའང་།)
- Dictionaries/chos rnam kun btus/10187 + ("ཧོར་གྱི་ཐ་སྙད། འཕགས་ཡུལ་གྱི་ཐ་སྙད། ཁྱིམ་ཟ … "ཧོར་གྱི་ཐ་སྙད།</br>འཕགས་ཡུལ་གྱི་ཐ་སྙད།</br>ཁྱིམ་ཟླའི་མིང་།"</br>"ཧོར་ཟླ་བདུན་པ།</br>གྲོ་བཞིན་ཟླ།</br>སེང་གེའི་ཁྱིམ།"</br>"ཧོར་ཟླ་བརྒྱད་པ།</br>ཁྲུམས་སྟོད་ཟླ།</br>བུ་མོའི་ཁྱིམ།"</br>"ཧོར་ཟླ་དགུ་པ།</br>དབྱུག་ཟླ།</br>སྲུང་ཁྱིམ།"</br>"ཧོར་ཟླ་བཅུ་པ།</br>སྨིན་དྲུག་ཟླ།</br>སྡིག་ཁྱིམ།"</br>"ཧོར་ཟླ་བཅུ་གཅིག་པ་།</br>མགོ་ཟླ།</br>གཞུ་ཁྱིམ།"</br>"ཧོར་ཟླ་བཅུ་གཉིས་པ།</br>རྒྱལ་ཟླ།</br>ཆུ་སྲིན་ཁྱིམ།"</br>ཟླ་བ་བཅུ་གཉིས་ནི་འབྱུང་རྩིས་ཟླ་བའི་འོད་ཟེར་ལས། དཔྱིད་ཟླ་ར་བ་བཅུ་གཅིག་སྟག ། བཅུ་གཉིས་དཔྱིད་འབྲིང་ཡོས་སུ་བརྩི། ། ཟླ་བ་དང་པོ་དཔྱིད་ཐ་འབྲུག ། དེ་བཞིན་དབྱར་ར་ག་ཉིས་པ་སྦྲུལ། ། དབྱར་འབྲིང་གསུམ་པ་རྟའི་ཟླ་བ། ། བཞི་པ་དབྱར་ཟླ་ཐ་ཆུང་ལུག ། ལྔ་པ་སྟོན་ཟླ་ར་བ་སྤྲེལ། ། དྲུག་པ་སྟོན་འབྲིང་བྱའི་ཟླ་བ། ། བདུན་པ་སྟོན་ཟླ་ཐ་ཆུང་ཁྱི། ། བརྒྱུད་པ་དགུན་ཟླ་ར་བ་ཕག ། དགུན་འབྲིང་དགུ་པ་བྱི་བའོ། ། བཅུ་པ་དགུན་ཐ་གླང་དུ་འདོད། ། ཅེས་འབྱུང་བ་དང་། བེ་དཀར་ཡང་འདི་དང་མཐུན་ནོ། ། བོད་དུ་དར་བའི་ནག་རྩིས་ཕལ་ཆེར་སྟག་ཟླ་དཔྱིད་ཟླ་ར་བར་བྱེད་པ་གཅིག་མཐུན་ཡིན་ཡང་། དེ་ཟླ་བ་གང་ལ་ངོས་འཛིན་བྱེད་སྟངས་ཐད་མི་འདྲ་བ་དུ་མ་འབྱུང་བ་གཙོ་བོ་ཁག་གསུམ་དུ་འདུ། སྟག་ཟླ་དེ་བཅུ་གཅིག་པ་མགོ་ཟླ་བར་བྱེད་པ་ནི་གོང་གསལ་སྡེ་སྲིད་སངས་རྒྱུས་རྒྱུ་མཚོ་དང་ལོ་ཆེན་དྷརྨ་ཤྲཱི་རྗེས་འབྲང་དང་བཅས་པ་འདོད།</br>བེ་དཀར་དང་འབྱུང་རྩིས་ཟླ་ཟེར་ལུགས་ཀྱི་ཟླ་བ་བཅུ་གཉིས།</br>"དུས་བཞི།</br>ཟླ་གྲངས།</br>ཟླ་བའི་མིང་།</br>ཉ་སྐར།"</br>"དཔྱིད་ཟླ་གསུམ།</br>11 12 1</br>སྟག ཡོས། འབྲུག</br>མགོ རྒྱལ། མཆུ།"</br>"དབྱར་ཟླ་གསུམ།</br>2 3 4</br>སྦྲུལ། རྟ། ལུག</br>དབོ། ནག་པ། ས་ག"</br>"སྟོན་ཟླ་གསུམ།</br>5 6 7</br>སྤྲེལ། བྱ། ཁྱི།</br>སྣོན། ཆུ་སྟོད། གྲོ་བཞིན།"</br>"དགུན་ཟླ་གསུམ།</br>8 9 10</br>ཕག བྱི་བ། གླང་།</br>ཁྲུམས་སྟོད། དབྱུ་གུ། སྨིན་དྲུག"</br>རྩིས་ཀྱི་བསྟན་བཅོས་བི་དཀར་དང་འབྱུང་རྩིས་ཟླ་བའི་འོད་ཟེར་གྱི་ལུགས་ཡིན། སྟག་ཟླ་དེ་བཅུ་གཉིས་པ་རྒྱལ་ཟླ་བར་བྱེད་པ་ནི་འབྲི་གུང་ཆོས་ཀྱི་གྲགས་པ་དང་། མཁས་མཆོག་ཀརྨ་ཆགས་མེད། དགེ་རྩེ་འགྱུར་མེད་བསྟན་པ་རྒྱ་མཚོ་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཨུཏྤལ་སྔོན་པོའི་དོ་ཤལ་སོགས་ཀྱི་ལུགས་ཡིན། སྟག་ཟླ་དེ་ཟླ་བ་དང་པོ་མཆུ་ཟླར་བྱེད་པ་ནི་ཀརྨ་ངེས་ལེགས་བསྟན་འཛིན་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཉེར་མཁོ་བུམ་བཟང་སོགས་ཀྱི་ལུགས་སོ། ། ཟླ་བ་དེ་དག་གི་ཁམས་བརྩི་སྟངས་ནི། གནམ་ལོ་མ་ལ་ཟླ་བ་བུ་ཞེས་པ་ལྟར་སྦྲགས་མར་བརྩི་དགོས། དེ་ཡང་ནག་རྩིས་ཉེར་མཁོ་བུམ་བཟང་ལས། དཔྱིད་ཟླ་ར་འབྲིང་གནམ་ལོའི་བུ། ། དཔྱིད་ཐ་དབྱར་ར་གནམ་ལོའི་མ། ། སྟོན་ཐ་དགུན་ར་གནམ་ལོ་རང་། ། དགུན་འབྲིང་དགུན་ཐ་གནམ་ལོའི་བུ། །ཞེས་པ་དང་དོན་གཅིག་གོ །གུན་ཐ་གནམ་ལོའི་བུ། །ཞེས་པ་དང་དོན་གཅིག་གོ །)
- Dictionaries/Brda dkrol gser gyi me long/866 + ((1) བོད་ཀྱི་རུས་རྒྱུད་བྱེ་བྲག་པ་ཞིག་གི་མིང་སྟེ། 《བོད་མི་བུ་གདུང་དྲུག་གི་རུས་མཛོད་པད་དཀར་སྐྱེད་ཚལ》ལས། རུས་ཆེན་སྒོ་དེ་ལ་བྱེ་བྲག་ཏུ། གསུང་གསེར་འབྲོམ་གསུམ་སོགས་བཅོ་བརྒྱད་ཡོད། ཅེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/7860 + ((1) བོན་ཞེས་པ་སྟེ།《བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ》ལས། ཧོས་ནི་བོན་ཞེས་པ་རྒྱལ་ས་ཕོ་བྲང་གླིང་བརྒྱད་ཀྱི་སྐད་དོ་ཞེས་སྟོང་རྒྱུུང་སྒྲུབ་ཐབས་ལས་གསུངས་སོ།། ཞེས་གསུངས་པ་ལྟར་རོ།།)
- Dictionaries/Brda dkrol gser gyi me long/5758 + ((1) ཞ་ཉེ་ནག་པོའི་མིང་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། རོ་ཉེ་ནི་ཞ་ཉེ་ནག་པོར་ཡན་ལག་བརྒྱད་པའི་འགྲེལ་པར་བཤད། ། ཅེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/4515 + ((1) ཞབས་འབྲིང་ངམ་འཁོར་གཡོག་གི་མིང་སྟེ།《བོད … (1) ཞབས་འབྲིང་ངམ་འཁོར་གཡོག་གི་མིང་སྟེ།《བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས》ལས། ཞམ་རིང་ཞབས་འབྲིང་སྐུ་ཡི་གཡོག་འཁོར་རོ། ། ཞེས་གསུངས། དཔེར་ན། 《བརྒྱད་སྟོང་འགྲེལ་ཆེན་གྱི་རྣམ་བཤད》ལས། རིགས་དང་སྟོབས་འབྱོར་གྱིས་མཐོ་བའི་སྐྱེས་བུ་བློ་གྲོས་དང་དཔའ་རྩལ་གྱིས་ཁེངས་པའི་སྐྱེ་བོ་སོགས་ཐམས་ཅད་ཀྱང་ཞམ་རིང་དུ་བཏུད་ནས་ངང་གིས་འདུ། ཞེས་པ་ལྟ་བུའོ། །ང་དུ་བཏུད་ནས་ངང་གིས་འདུ། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/1434 + ((1) འདི་ལ་བཞེད་ཚུལ་དུ་མ་སྣང་སྟེ། བུད་མེད་ཀ … (1) འདི་ལ་བཞེད་ཚུལ་དུ་མ་སྣང་སྟེ། བུད་མེད་ཀྱི་མིང་ཡིན་པར་བཞེད་པ་ནི།《བློ་སྦྱོང་བརྡ་དོན》ལས། ཉ་མའི་ཆོས་ཞེས་པའི་ཉ་མ་ལ་འགའ་ཞིག་གིས་ཉ་སྟོང་བརྒྱད་སོགས་ལ་བསྙེན་གནས་སྲུང་བའི་ཡོན་བདག་མ་ལ་བྱེད་ཟེར་ཡང་རྒྱལ་དབང་སྐལ་བཟང་རྒྱ་མཚོས་ཉ་མ་ནི་བུད་མེད་ཀྱི་མིང་ཡིན་གསུངས། ཞེས་དང་།ཉ་མ་ནི་བུད་མེད་ཀྱི་མིང་ཡིན་གསུངས། ཞེས་དང་།)
- Dictionaries/Brda dkrol gser gyi me long/5390 + ((1) སེམས་གཡེང་བར་གྱུར་པའི་དོན་ཏེ། 《འདུལ་བ … (1) སེམས་གཡེང་བར་གྱུར་པའི་དོན་ཏེ། 《འདུལ་བའི་སྡེ་སྣོད་ཀྱི་མིང་དོན་བརྡ་དཀྲོལ》ལས། ཡ་ཡ་བོ་ནི་སེམས་གཡེང་བ། ཞེས་དང་། 《མདོ་དོན་ལྟ་བའི་མིག་འབྱེད》ལས། ཡ་ཡ་བོ་ནི་བརྒྱད་སྟོང་པ་ལས་ཡ་ཡ་བོར་མི་འགྱུར་རོ་ཞེས་བྱ་བ་ཡེང་ཡེང་པོར་མི་འགྱུར་བ་སྟེ་ཕྱི་རོལ་དུ་གཡེང་བར་མི་འགྱུར་ཞིང་དགའ་བ་བསྐྱེད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ནོ། ། ཞེས་གསུངས་པ་ལྟར་རོ། །ཞེས་བྱ་བའི་དོན་ནོ། ། ཞེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/549 + ((1) སྒྲ་བཤད་ནི། 《བཀའ་ཆེམས་ཀ་ཁོལ་མ》ལས། དེ་ན … (1) སྒྲ་བཤད་ནི། 《བཀའ་ཆེམས་ཀ་ཁོལ་མ》ལས། དེ་ནས་སྤོར་ཐང་ཁྲ་མོ་མེས་ཚིག་འཕྲོ་ལ་ཨོང་ཅུང་ (ཀོང་ཇོ) གིས་འདི་ང་ལ་བོད་ལ་འགྲོ་བའི་བསྲུང་བ་ལ་དགོས་གསུངས་ནས་འཁྱེར་བས། ཨོང་ཅུང་གིས་སྙིང་བརྩེ་ནས་གབ་པས་གབ་རྩེ་ཞེས་པའི་མིང་ཡང་ཆགས་པ། ཞེས་དང་། ཡང་《མ་ཎི་བཀའ་འབུམ》ལས། སྲས་རྒྱལ་བུ་ཐེ་བས་གབ་རྩེ་བརྒྱད་ཅུ་སྐོར་མེ་ལ་བསྲེགས་པ་ལ་རྩིས་མཁན་གྱིས་གབ་པས། ཁང་པ་གང་གབ་པའི་འོག་ཏུ་ཚུད་དེ། གབ་རྩེ་བྱ་བ་དེ་ནས་བྱུང་ངོ་། །ཞེས་གསུངས། ནང་དོན་ནི། ཁུ་བ་ལྡུག་སའི་སྣོད་ལ་འཇུག་སྟེ། 《འདུལ་བ》ལས། མེ་ཏོག་གི་མིག་སྨན་ནི་སྣོད་ཀྱི་ནང་དུའོ། ། ཁུ་བའི་མིག་སྨན་ནི་གབ་རྩེའི་ནང་དུའོ། །ཕྱེ་མའི་མིག་སྨན་ནི་དོང་བུའི་ནང་དུའོ། ། ཞེས་པ་ལྟ་བུའོ། །ྨན་ནི་དོང་བུའི་ནང་དུའོ། ། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/7235 + ((1) སྔར་བོད་ཀྱི་རུས་རྙིང་ཞིག་གི་མིང་ལའང་འཇ … (1) སྔར་བོད་ཀྱི་རུས་རྙིང་ཞིག་གི་མིང་ལའང་འཇུག་སྟེ།《བཀའ་ཆེམས་ཀ་ཁོལ་མ》ལས། མེས་པོ་སྤྲེ་སྒོམ་གྱིས་བུ་ཚ་བོ་ཡང་ཚ་རྣམས་ལ་བརྟག་གཞི་བྱས་པས། ཚན་པ་གཅིག་ལ་འགྲམ་ཤ་སྟོང་ངེ་བྱས་པ་ཞིག་བྱུང་ནས། མིང་རུས་སྟོང་བྱ་བར་བཏགས་ཏེ། སྟོང་ལ་རྗེ་ཁོལ་བརྒྱད་བྱ་བ་བྱུང་ངོ་།། ཞེས་དང་། 《དེབ་ཐེར་སྔོན་པོ》ལས། རྒྱལ་བ་ཡང་དགོན་པ་ཆུ་མོ་བྱའི་ལོ་ལ་སྐུ་བལྟམས། གདུང་རུས་ནི་སྟོང་ཡིན། ཞེས་པ་ལྟ་བུའོ།།ྟམས། གདུང་རུས་ནི་སྟོང་ཡིན། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/7857 + ((1) སྲིད་གཞུང་གི་སྐུ་ཚབ་བང་ཆེན་ནམ་དཔྱ་ཁྲལ་ … (1) སྲིད་གཞུང་གི་སྐུ་ཚབ་བང་ཆེན་ནམ་དཔྱ་ཁྲལ་བསྡུ་བའི་མངག་གཞུག་པའི་མིང་སྟེ།《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། ཧོར་འདྲ་ཞེས་པ་ཆེན་པོའི་བཀའ་ཡིས་ནི།། དཔྱ་ཁྲལ་བསྡུ་བའི་མངག་གཞུག་པ་ཡི་མིང་། ཞེས་གསུངས། དཔེར་ན།《བརྒྱད་སྟོང་འགྲེལ་ཆེན་གྱི་རྣམ་བཤད》ལས། ཁ་དྲག་གི་བླ་དཔོན། རང་དོན་གྱི་ཚོང་པ། ཤེད་སྤྱོད་ཀྱི་ཧོར་འདྲ་སོགས་དོན་མེད་ཟིན་མེད་ཀྱི་དོས་ཉིན་མཚན་ཁོར་ཡུག་ཏུ་སྐྱེལ་དགོས་ཀྱི་ཚུལ་ལ།ཞེས་པ་ལྟ་བུའོ།།ུག་ཏུ་སྐྱེལ་དགོས་ཀྱི་ཚུལ་ལ།ཞེས་པ་ལྟ་བུའོ།།)
- Dictionaries/bod rgya nang don rig pai tshig mdzod/100 + ((3) གསང་སྔགས་རྙིང་མའི་རྒྱུད་སྡེ་ཞིག་གི་བསྡུས་མིང་སྟེ། རྒྱས་པར་བྱས་ན་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལྟ་བ་ནམ་མཁའ་ལྟར་མཐའ་དབུས་མེད་པའི་རྒྱུད་ལེའུ་བརྒྱད་ཅུ་རྩ་བཞི་པ། ཤྲི་སེདྷ་ཀ་ལ་དང་། བཻ་རོ་ཙ་ནས་བསྒྱུར་བ།)
- Dictionaries/bod rgya nang don rig pai tshig mdzod/1751 + ((ཀཽརབཱཿ)བྱང་སྒྲ་མི་སྙན་ཟེར་བའི་གླིང་ཆེན་གྱི་ནུབ་ན་ཡོད་པའི་གླིང་གཡོག་སྟེ་གླིང་ཕྲན་བརྒྱད་ཀྱི་ཡ་གྱལ་ཞིག)
- Dictionaries/bod rgya nang don rig pai tshig mdzod/859 + ((ཁཀྵིརཿ)རབ་བྱུང་ལ་གནོད་འཚེ་བསྲུང་བའི་ཕྱིར་ … (ཁཀྵིརཿ)རབ་བྱུང་ལ་གནོད་འཚེ་བསྲུང་བའི་ཕྱིར་དུ་སྟོན་པས་གནང་བའི་སིལ་སྙན་བཅུ་གཉིས་དང་ལྡན་པའི་འཁར་བ་སྟེ། རྒྱུ་ལྕགས་དང་ཤིང་གཉིས་ལས་གྲུབ་པ། རིམ་པ་གསུམ་བྲེང་ཆགས་སུ་ཡོད་པའི་སྟོད་སྨད་གཉིས་ལྕགས་དང་བར་མ་ཤིང་ཡིན་ལ། སྟོད་སྨད་ཀྱི་ལྕགས་བརྒྱད་བཞོག་བྱས་ཤིང་། འོག་མ་ལ་རྒྱ་མདུད་ཡོད་པ། དུམ་བུ་སྟེང་མ་ལ་འཁོར་ལོ་དང་ལྕགས་ཀྱུ་ཡོད་ཅིང་། རྭ་བཞིའམ། གཉིས་སུ་ངེས་པ། དེ་ལ་སིལ་སྙན་བཅུ་གཉིས། སྟེང་དང་ནང་ལ་མཆོད་རྟེན་ཡོད་པ། རྭའི་བར་སྟོང་པ། རྭའི་དཔང་མཐོ་གང་སོར་བཞི་དང་རྭ་མན་ཆད་ལུས་ཚད་དང་མཉམ་པའོ།།གང་སོར་བཞི་དང་རྭ་མན་ཆད་ལུས་ཚད་དང་མཉམ་པའོ།།)
- Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1610 + ((ཉན་ཐོས་དམན་པའི་ས།) 1. དཀར་པོ་རྣམ་པར་མཐོང་བའི་ས། 2. རིགས་ཀྱི་ས། 3. བརྒྱད་པའི་ས། 4. བསྲབ་པའི་ས། 5. འདོད་ཆགས་དང་བྲལ་བའི་ས། 6. བྱས་པ་རྟོགས་པའི་ས། 7. ཉན་ཐོས་ཀྱི་ས། 8. རང་སངས་རྒྱས་ཀྱི་སའོ།)
- Dictionaries/bod rgya nang don rig pai tshig mdzod/2816 + ((ཏཀྵཀཿ)གླུ་རྒྱལ་བརྒྱད་ཀྱི་གྲས་ཤིག མིངང་གི་རྣམ་གྲངས་ལ་གདེངས་ཀ་བདུན་པ་དང་། གདེངས་ཅན་བདག་པོ། གདེངས་ཅན་འདྲེན་པ། ནོར་རྒྱས་བུ། ནོར་ལས་རྒྱལ། ཕྱུགས་བདག སྦྲུལ་གྱི་རྒྱལ་པོ། ཡུལ་འཁོར་སྐྱོང་བཅས་སོ།།)
- Dictionaries/bod rgya nang don rig pai tshig mdzod/1799 + ((ཏཱརཱ)འཇིགས་པ་བརྒྱད་ལས་སྒྲོལ་བའི་ཆ་ནས་བཏགས … (ཏཱརཱ)འཇིགས་པ་བརྒྱད་ལས་སྒྲོལ་བའི་ཆ་ནས་བཏགས་པའི་ཡི་དམ་ལྷ་མོའི་རིགས་ཤིག་སྟེ། ནང་གསེས་སུ་སྐུ་མདོག་དང་ཕྱག་མཚན་མི་འདྲ་བར་བརྟེན་ནས་དབྱེ་བ་ཉེར་གཅིག་སོགས་ཡོད། མིང་གི་རྣམ་གྲངས་ལ་རྒྱལ་ཡུམ་དང་། ཆོས་ཀྱི་དཔལ་མོ། མཆོག་གི་མ། འཇིག་རྟེན་དབང་ཕྱུག་སྲས་མོ། མྱུར་སྐྱོབ། ཕོངས་སྐྱོབ། ཞི་མ། ལེགས་བྱིན་མ། ཨོཾ་མཛད་བཅས་སོ།།སྐྱོབ། ཞི་མ། ལེགས་བྱིན་མ། ཨོཾ་མཛད་བཅས་སོ།།)
- Dictionaries/bod rgya nang don rig pai tshig mdzod/2211 + ((ནིར་སྦྱདཿ)གྲང་དམྱལ་བརྒྱད་ཀྱི་གཉིས་པ།།)
- Dictionaries/bod rgya nang don rig pai tshig mdzod/2048 + ((བརཙཱམརཿ)ལྷོ་འཛམ་བུའི་གླིང་གི་ཤར་ན་ཡོད་པའི་གླིང་གཡོག་སྟེ། གླིང་ཕྲན་བརྒྱད་ཀྱི་ཡ་གྱལ་ཞིག)
- Dictionaries/bod rgya nang don rig pai tshig mdzod/7840 + ((བིདེཧ:)ཤར་ལུས་འཕགས་པོའི་ལྷོ་ན་ཡོད་པའི་གླིང་གཡོག་སྟེ་གླིང་ཕྲན་བརྒྱད་ཀྱི་ཡ་གྱལ་ཞིག)
- Dictionaries/bod rgya nang don rig pai tshig mdzod/4574 + ((བིནཡ)ལྟུང་བ་སྡེ་ལྔ་དང་། ལྟུང་བ་འབྱུང་བའི་རྒྱུ་དང་། ལྟུང་བ་ལས་ལྡང་བ་དང་། ལྷུང་བ་ལས་ངེས་པར་འབྱུང་བ་དང་། གང་ལ་བརྟེན་ནས་བསླབ་པ་བཅའ་བ་གང་ཟག བསླབ་པ་བཅས་པ་དངོས། དེའི་རབ་ཏུ་དབྱེ་བ། ལྟུང་བ་དང་ལྟུང་མེད་རྣམ་པར་ངེས་པ་བཅས་དོན་རྣམ་པ་བརྒྱད་སྟོན་པས་འདུལ་བ་ཞེས་བྱའོ།།)
- Dictionaries/chos rnam kun btus/9101 + ((བོད་ཀྱི་རུ་བཞི་དང་། ཞང་ཞུང་། སུམ་པ་དང་། བ … (བོད་ཀྱི་རུ་བཞི་དང་། ཞང་ཞུང་། སུམ་པ་དང་། བཅས་པའི་སྟོང་སྡེ་དྲུག་ཅུ་རྩ་གཅིག) དེ་ཡང་། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ལས་བྱུང་བ་སྟེ། སྡེ་བཅུ་ནི་བོད་རུ་རེ་རེ་ལ་སྟོང་སྡེ་བརྒྱད་བརྒྱད་སྟོང་བུ་ཆུང་དང་དགུ། སྐུ་སྲུང་དང་བཅུ་སྟེ། རུ་ལག་གི་སྟོང་སྡེ་ནི།</br>1. མང་དཀར་དང་ཁྲི་བོམ་གཉིས། </br>2. སྒྲོམ་པ་དང་། ལྷ་རྩེ་གཉིས།</br>3. མྱང་རོ་དང་། ཁྲི་ཐང་གཉིས། </br>4. མཁར་གསར་དང་། གད་སྲམ་གཉིས།</br>5. མཚོ་ངམ་སྟོང་བུ་ཆུང་དང་དགུ</br>6. སྐུ་སྲུང་ལྷོ་ཕྱོགས་པ་དང་བཅུའོ། ། </br>གཡས་རུའི་སྟོང་སྡེ་ནི།</br>1. ལྟོ་ཡོའི་སྟོང་སྡེ་དང་ཤངས་ཀྱི་སྟོང་སྡེ་གཉིས། </br>2. ལང་མི་དང་ཕོད་དཀར་གཉིས། </br>3. ཉེན་མཁར་དང་འགྲངས་རྩང་གཉིས།</br>4. ཡོ་རབས་དང་གཟོང་སྡེ་གཉིས།</br>5. ཤངས་ལ་སྟོང་བུ་ཆུང་དང་དགུ</br>6. སྐུ་སྲུང་ནུབ་ཕྱོགས་པ་དང་བཅུའོ། །</br>དབུ་རུའི་སྟོང་སྡེ་ནི། </br>1. དོར་སྡེ་དང་སྡེ་མཚམས་གཉིས།</br>2. ཕྱུགས་མཚམས་དང་འགྲངས་འཚམས་གཉིས།</br>3. གཅོང་པ་དང་འབྲིང་མཚམས་གཉིས། </br>4. ཀྱི་སྟོད་ཀྱི་སྨད་གཉིས།</br>5. ཡེལ་རབས་སྟོང་བུ་ཆུང་དང་དགུ</br>6. སྐུ་སྲུང་ཤར་ཕྱོགས་པ་དང་བཅུའོ། ། </br>གཡོ་རུའི་སྟོང་སྡེ་ནི། </br>1. ཡར་ལུང་ལ་སྟོང་སྡེ་གཅིག </br>2. འཆིང་ལུང་ལ་སྟོང་སྡེ་གཅིག</br>3. ཡར་རྒྱང་ཡུང་ང་གཉིས། </br>4. དྭགས་པོ་མྱག་མི་གཉིས། </br>5. དམྱལ་ལྷོ་བྲག་གཉིས། </br>6. ལོ་རོ་སྟོང་བུ་ཆུང་དང་དགུ</br>7. སྐུ་སྲུང་ཤར་ཕྱོགས་པ་དང་བཅུའོ། ། དེ་ནི་བོད་དང་རུ་བཞིའི་སྟོང་སྡེ་བཞི་བཅུའོ། །</br>བོད་དང་གྲུ་གུའི་སོ་མཚམས་ན་ཞང་ཞུང་སྟོད་ཀྱི་སྟོང་སྡེ་ལྔ་ཡོད་དེ།</br>1. འོ་ཅོ་དང་བག་གཅིག </br>2. མང་མ་བག་དང་གཉིས། </br>3. སྙེ་མ་བག་དང་གསུམ། </br>4. རྩ་མོ་བག་དང་བཞི།</br>5. བ་ག་སྟོང་བུ་ཆུང་དང་ལྔའོ། ། </br>བོད་དང་སུམ་པའི་སོ་མཚམས་ན། ཞང་ཞུང་སྨད་ཀྱི་སྟོང་སྡེ་ལྔ་ཡོད་དེ།</br>1. གུག་གེ་གུ་ཅོག་གཉིས།</br>2. སྤྱིར་རྩང་ཡར་རྩང་གཉིས།</br>3. སྤྱི་ཏི་སྟོང་བུ་ཆུང་དང་ལྔའོ། ། དེ་དག་ནི། ཞང་ཞུང་ཁྲི་སྡེ་སྟོད་སྨད་ཀྱི་སྟོང་སྡེ་བཅུའོ། །</br>སྤྱིར་སུམ་པའི་སྟོང་སྡེའི་མིང་ནི་ལྟེ་ཁྱབ་རྒྱ་ལྡན་གྱི་སྟོང་སྡེ་ཞེས་བྱ་སྟེ། དེའི་ནང་ནས་སྟོང་སྡེ་བཅུ་གཅིག་སྲོང་བཙན་སྒམ་པོས་ཚུར་བཅད་དེ།</br>1. རྩེ་མཐོན་དང་ཡོ་མཐོན་གཉིས། </br>2. རྒོད་ཚང་སྟོད་སྨད་གཉིས། </br>3. འཛོམ་སྟོད་འཛོམ་སྨད་གཉིས། </br>4. ཏྲེ་སྟོད་ཏྲེ་སྨད་གཉིས། </br>5. ཁ་རོ་ཁ་བཟང་གཉིས།</br>6. ནག་ཤོད་སྟོང་བུ་ཆུང་དང་བཅུ་གཅིག་གོ ། དེ་ཚོ་ནི་བོད་རུ་བཞི། ཞང་ཞུང་ཁྲི་སྡེ་སྟོད་སྨད། སུམ་པའི་རུ་ལག་དང་བཅས་པ་དེ་རྣམས་ལ་བོད་ཀྱི་སྟོང་སྡེ་དྲུག་ཅུ་ཞེས་བྱའོ། །ྣམས་ལ་བོད་ཀྱི་སྟོང་སྡེ་དྲུག་ཅུ་ཞེས་བྱའོ། །)
- Dictionaries/chos rnam kun btus/10310 + ((མངོན་པའི་ལུགས) 1. རྡུལ་ཕྲ་རབ་བདུན་ལ་རྡུལ་ … (མངོན་པའི་ལུགས)</br>1. རྡུལ་ཕྲ་རབ་བདུན་ལ་རྡུལ་གཅིག</br>2. དེ་བདུན་ལ་ལྕགས་འདུལ་གཅིག</br>3. དེ་བདུན་ལ་གླང་རྡུལ་གཅིག</br>4. དེ་བདུན་ལ་ཉི་ཟེར་གྱི་རྡུལ་གཅིག</br>5. དེ་བདུན་ལ་སྲོ་མ་གཅིག</br>6. དེ་བདུན་ལ་ཤིག་གཅིག</br>7. དེ་བདུན་ལ་ནས་གཅིག</br>8. དེ་བདུན་ལ་སོར་མོ་དབུས་མའི་ཚིགས་གཅིག</br>9. སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་ངོ་། །</br>10. ཁྲུ་བཞི་ལ་གཞུ་གང་སྟེ་འདོམ་ག་ང་ངོ་། །</br>11. གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་སྟེ་དེ་གྲོང་ལས་དེ་སྲིད་འཕགས་པ་ལ་དགོན་པ་ཞེས་བྱའོ། །</br>12. དེ་ལས་ཉེ་བ་རྒྱང་གྲགས་ཕྱེད་ལ་བས་མཐའ་ཞེས་བྱའོ། །</br>13. རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་སྟེ་གཞུ་འདོམ་བཞི་སྟོང་ངོ་། །ལ་དཔག་ཚད་གཅིག་སྟེ་གཞུ་འདོམ་བཞི་སྟོང་ངོ་། །)
- Dictionaries/bod rgya nang don rig pai tshig mdzod/2046 + ((ཙཱམརཿ)ལྷོ་འཛམ་བུའི་གླིང་གི་ནུབ་ལ་ཡོད་པའི་གླིང་གཡོག་སྟེ་གླིང་ཕྲན་བརྒྱད་ཀྱི་ཡ་གྱལ་ཞིག ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ།)
- Dictionaries/bod rgya nang don rig pai tshig mdzod/5276 + ((ཡོཛནཾ)1.མངོན་པའི་ལུགས་ལ་རྒྱང་གྲགས་བརྒྱད་ཀྱི་ཚད་དེ་རྒྱང་གྲགས་རེར་གཞུ་འདོམ་ལྔ་བརྒྱ་ཡོད།)
- Dictionaries/bod rgya nang don rig pai tshig mdzod/7435 + ((ཤཱཋ:)ནུབ་བ་ལང་སྤྱོད་ཀྱི་བྱང་ལ་ཡོད་པའི་གླིང་གཡོག་སྟེ་གླིང་ཕྲན་བརྒྱད་ཀྱི་ཡ་གྱལ་ཞིག)