Search by property
Jump to navigation
Jump to search
This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.
List of results
- Dictionaries/Brda dkrol gser gyi me long/7059 + ((3)ཟགས་པ་སོགས་ལ་འཇུག་པའི་བརྡ་རྙིང་གཟུགས་འག … (3)ཟགས་པ་སོགས་ལ་འཇུག་པའི་བརྡ་རྙིང་གཟུགས་འགྱུར་བའི་བྱ་ཚིག་ཅིག་སྟེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། སྐྲུ་བ་ཁ་ཟས་སློང་བ་དང་། ། གཞན་ལ་ཐབས་ཀྱིས་འབྲིད་པའོ། །ཞེས་གསུངས། དཔེར་ན། 《འདུལ་བ་ལུང་ཕྲན་ཚེགས》ལས། ཅལ་ལེ་ཅོ་ལེ་སྨྲ་བ་དང་། །གཉིས་པ་གོས་ངན་གྱོན་པ་དང་། །སྐྲུ་ཞིང་ཟ་བ་གང་ཡིན་པ། །དེ་གསུམ་བརྙས་པ་བྱ་བ་ཡིན། །ཞེས་པ་ལྟ་བུའོ། ། ཟགས་པ་ལ་འཇུག་པ་ནི། དཔེར་ན། 《ཇོ་བོའི་བསྟོད་པ》ལས། ཁྱོད་ཀྱི་ཡོན་ཏན་དྲན་པས་ན། ། མཆི་མ་སྐྲུ་ཞིང་བ་སྤུ་ལྡང་། །ཞེས་པ་ལྟ་བུའོ། །ི་མ་སྐྲུ་ཞིང་བ་སྤུ་ལྡང་། །ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/2784 + ((3)འོད་ཟེར་དང་སྤྲུལ་པ་འགྱེད་པ་སོགས་ལ་འཇུག་ … (3)འོད་ཟེར་དང་སྤྲུལ་པ་འགྱེད་པ་སོགས་ལ་འཇུག་སྟེ། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། བཀྱེ་བ་ཕོ་ཉ་སྟོན་མོ་དང་། ། འོད་སྤྲུལ་ལ་སོགས་འགྱེད་པའི་མིང་། །ཞེས་གསུངས། དཔེར་ན། 《ཏུན་ཧོང་གཏེར་ཡིག་བོད་ཀྱི་ཡིག་རྙིང》ལས།མྱང་ཙེང་སྐུ་དང་། མནོན་འདྲོན་པོ་གཉིས་ནི། སྟག་པ་ཤ་རུ་ལ་ཚུན་ཆད། བྱ་གཆོད་ཆིང་ཉན་རྣར་བཀྱེའོ། ཞེས་པ་ལྟ་བུ་དང་། 《མཁས་པའི་དགའ་སྟོན》ལས། མཐའ་ཡས་འོད་ཟེར་ཕྱོགས་ཀུན་བཀྱེ་བ་ཡིས། །དམྱལ་བའི་སེམས་ཅན་དེ་རྣམས་སྡུག་བསྔལ་ཞི། །ཞེས་པ་ལྟ་བུའོ། །ཅན་དེ་རྣམས་སྡུག་བསྔལ་ཞི། །ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/6251 + ((3)རྩ་བ་བཞི་ཡོངས་སུ་མ་ཉམས་པར་གནས་པའི་དོན་ཏ … (3)རྩ་བ་བཞི་ཡོངས་སུ་མ་ཉམས་པར་གནས་པའི་དོན་ཏེ། 《གྲུབ་མཐའ་ཁག་གི་ཆོས་འབྱུང》ལས། ཆགས་སེམས་སྐྱེས་ཏེ། མི་གཅིག་གི་ལོག་པར་ཞུགས་པ་བྱུང་། དེ་ནི་རྫོགས་ལྡན་ནས་གསུམ་ལྡན་དུ་སོང་བའི་དུས་སོ། ། དེ་ནས་རིམ་གྱིས་མ་བྱིན་པར་ལེན་པ་དང་། གཞན་གྱི་སྲོག་གཅོད་པ་དང་། རྫུན་སྨྲ་བ་སོགས་བྱུང་སྟེ། གསུམ་ལྡན་ནས་གཉིས་ལྡན་དང་། གཅིག་ལྡན་རྩོད་དུས་ལ་སོགས་པ་བྱུང་། ཞེས་གསུངས། གཞན་ཡང《བརྡ་སྐད་མིང་ཚིག་གསལ་བ》ལས། རྫོགས་ལྡན་དུས་ནི་འབྲས་བུའི་དུས་དང་བདེ་བའི་དུས་དང་བསྐལ་བ་བཟང་པའི་དུས་དང་། ཞེས་ཀྱང་བྱུང་བས་སྐབས་ཐོབ་ཏུ་གོ་བར་བྱའོ། ། ཞེས་ཀྱང་བྱུང་བས་སྐབས་ཐོབ་ཏུ་གོ་བར་བྱའོ། །)
- Dictionaries/Brda dkrol gser gyi me long/3926 + ((3)ཤའམ་ནང་ཁྲོལ་གྱི་མིང་སྟེ།《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། མཐང་ནི་ལུས་ཀྱི་སྨད་ཕྱོགས་སམ།། ཤའམ་ནང་ཁྲོལ་སོགས་ཀྱི་མིང་།། ཞེས་གསུངས་པ་ལྟར་རོ།།)
- Dictionaries/Brda dkrol gser gyi me long/3371 + ((4)བགྲངས་པའི་དོན་ལ་འཇུག་སྟེ།《དབྱངས་ཅན་དགའ་ … (4)བགྲངས་པའི་དོན་ལ་འཇུག་སྟེ།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། དགེ་སློང་རྣམས་བསྡོས་པ་ནི་དགེ་སློང་རྣམས་བགྲངས་པ་ཞེས་པའོ།། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། དགེ་བསྐོས་ཀྱིས་དགེ་སློང་རྣམས་བསྡོས་པ་ན་དེ་མ་ཚང་བར་ཤེས་ནས་ཕྱོགས་བཞིར་བལྟས་ཀྱང་མ་རྙེད་པ། ཞེས་པ་ལྟ་བུའོ།།གས་བཞིར་བལྟས་ཀྱང་མ་རྙེད་པ། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/6070 + ((4)རུས་མིང་ཞིག་སྟེ། 《ངག་སྒྲོན་གྱི་འགྲེལ་པ》ལས། རྨ་ལྷན་སྐྱེས་དང་གསར་བྱུང་གི་རྨ་དང་བུ་ག་དང་སྐྱོན་དང་རུས་ཤིག ཅེས་གསུངས། དཔེར་ན། དེ་ཉིད་ལས། ཁྲི་སྲོང་ལྡེ་བཙན་སྐབས་སད་མི་བདུན་གྱི་ནང་གསེས་གཞོན་གསུམ་གྱི་གྲས་རྨ་རིན་ཆེན་མཆོག ཅེས་པ་ལྟ་བུའོ། །)
- Dictionaries/sngas rgyas chos gzhung tshig mdzod/5811 + ((མངོན་)ཆོས་སྐྱོང་སྟེ། བོད་དུ་ཕེབས་མྱོང་བའི་རྒྱ་གར་གྱི་སློབ་དཔོན་ཏེ། བོད་ཀྱི་པཱལ་རྣམ་གསུམ་གྱི་ཡ་གྱལ་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/281 + ((མངོན་)དབྱངས་ཅན་མ་དང་འོད་ཟེར་ཅན་མ། ལྷ་མོ་ཨུ་མཱ་བཅས་གསུམ་གྱི་མིང་གི་རྣམ་གྲངས་སོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/8770 + ((རྒྱ་)སྙིང་པོ་དོན་གྱི་བརྒྱུད་པ་འདི་ལ་ཙུང་མེན་ཞེས་ཟེར་ཞིང་། དོན་ལ་བོད་ཀྱི་བཀའ་བརྒྱུད་པ་དང་ཕྱོགས་མཚུངས་པ་ཕྱག་རྒྱ་ཆེན་བརྡའི་བརྒྱུད་པ་ཡིན་པར་སྣང་ངོ་། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/1309 + ((ལེགས་) བཟང་པོ་བསྐྱངས་ཏེ། བོད་དུ་ཕེབས་མྱོང་བའི་རྒྱ་གར་གྱི་སློབ་དཔོན་པཱ་ལ་རྣམ་གསུམ་ཞེས་པའི་གྲས་ཤིག ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/11081 + ((ལེགས་)ཁ་ཆེ་པཎ་ཆེན་རྒྱ་གར་ཤཱི་ནཱ་ལེནྡྲའི་ཁ … (ལེགས་)ཁ་ཆེ་པཎ་ཆེན་རྒྱ་གར་ཤཱི་ནཱ་ལེནྡྲའི་ཁྲི་རབས་ཐ་མ་འདི་རབ་བྱུང་གཉིས་པའི་མེ་ལུག་ལོར་འཁྲུངས། རབ་བྱུང་གསུམ་པའི་ཤིང་བྱི་ལོར་ཁྲོ་ཕུ་ལོ་ཙཱ་བ་བྱམས་དཔལ་གྱིས་གདན་དྲངས་ཏེ་བོད་དུ་བྱོན། ལོ་བཅུའི་རིང་ལ་རྭ་སྒྲེང་དང་། ལྷོ་བྲག་གཉའ་སྨད་སོགས་ཡུལ་ཁམས་མང་དུ་བཤད་སྒྲུབ་ཀྱི་བསྟན་པ་སྤེལ། ས་པཎ་གྱི་མཁན་པོ་མཛད། རབ་བྱུང་བཞི་པའི་ཤིང་བྱ་ལོ་ལ་འདས། ཚིག་འདི་གསར་དུ་བཅོས་པ་ཡིན།ིང་བྱ་ལོ་ལ་འདས། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/12100 + ((ལེགས་)ཁ་སྦྱོར་དང་གདན་བཞི་ལས་ཧ་ལས་སྣང་མཐའ་དང་། ཧོ་ལས་རྣམ་སྣང་དང་། ཧྲཱོཿ ལས་མི་བསྐྱོད་པ་སྒོམ་པར་གསུངས་བྱེད་ན་ཧ་ཧོ་ཧྲཱོཿ ལན་གསུམ་བརྗོད་ནས། སྐྱོན་བསལ་བའི་ཁ་དོག་དྲི་རོ་གསུམ་ལྷ་གསུམ་དུ་སྐྱེད་པར་གདན་བཞིའི་འགྲེལ་པ་ལས་བཤད་དོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/8769 + ((ལེགས་)ཆོས་གོས་རྣམས་གསུམ། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/11312 + ((ལེགས་)དགེ་ཚུལ་ཏེ། བསླབ་པའི་གཞི་བཅུ་དང་། ཆར་གཏོགས་བླངས་འདས་པོ་གསུམ་བསྲུང་བར་ཁས་ལེན་པའི་རབ་ཏུ་བྱུང་བའི་སྐྱེས་བུའོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/8115 + ((ལེགས་)དགེ་སློང་ཏེ་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྲུང་བར་ཁས་ལེན་ཅིང་དེའི་སྡོམ་པ་ཆོ་ག་བཞིན་ལེན་པའི་སྐྱེས་བུ། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/7570 + ((ལེགས་)བྱང་ཆུས་སེམས་དཔའ། མཁན་སློབ་ཆོས་གསུམ་གྱི་མཁན་པོ་ཞི་བ་འཚོའི་མཚན་གཞན་ཞིག ། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/12383 + ((ལེགས་)འཕྲེང་བ་སྐོར་གསུམ་སོགས་བརྩམས་ནས་གསང་སྔགས་ཀྱི་བསྟན་པ་རྒྱས་པར་མཛད་པའི་སློབ་དཔོན་ཞིག ། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/6609 + ((ལེགས་)ཡི་དྭགས། ངན་འགྲོ་གསུམ་གྱི་ནང་གསེས་ཤིག ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/7485 + ((ལེགས་)ཡུལ་སྟོང་ཉིད་དང་ཡུལ་ཅན་ཡེ་ཤེས་གཉིས་དབྱེར་མེད་པ་དེ་ཁོ་ན་རྡོ་རྗེ་སྟེ། མི་མཐུན་ཕྱོགས་ཀྱིས་མི་ཕྱེད་པའི་ཕྱིར་དང་མི་མཐུན་ཕྱོགས་འཇོམས་པའི་ཕྱིར་དང་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/6523 + ((ལེགས་)རྒྱ་གར་ལྷོ་ཕྱོགས་སུ་པོ་ཏ་ལ་གྲུ་འཛིན་ཞེས་དང་གྲུ་འཛིན་གཉིས་པ་སྟེ་ལྷ་སའི་རྩེ་ཕོ་བྲང་ལ་ཟེར། འཕགས་པ་ཕྱག་ན་པདྨོའི་ཕོ་བྲང་རི་བོ་གྲུ་འཛིན།༼ལ་ལྟོས།༽། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/6606 + ((ལེགས་)ཤེས་རབ་བསྐྱངས་ཏེ། རྒྱ་གར་པཱ་ལ་རྣམ་གསུམ་གྱི་ཡ་གྱལ་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/4223 + ((ལེགས་)སུམ་ཅུ་རྩ་གསུམ། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/12396 + ((ལེགས་)སྔར་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སྒྲ་སྒྲོག་གི་རྒྱལ་པོ་ཤཱཀྱ་ཐུབ་པ་དང་དུས་མཉམ་པ་དེས་རྒྱལ་པོ་གོ་གནས་བུ་ལ་སྤྲད་དེ་བཅོམ་ལྡན་འདས་ཀྱི་དྲུང་དུ་རབ་ཏུ་བྱུང་ནས་དགེ་སློང་བསྒྲུབས་པ་ཞིག་ལ་ཟེར། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/8404 + ((ལེགས་)སྔོན་མོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་གཡས་གསུམ་རྡོ་རྗེ་འཁོར་ལོ་ཨུཏྤལ་སྔོན་པོ་རྩ་བ་དམར་བ་འཛིན་པ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པར་མདོར་བྱས་སུ་བཤད་དོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/580 + ((宗)三宝:佛、法、僧。同དཀོན་མཆོག་གསུམ། 和 རིན་ཆེན་གསུམ།)
- Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/486 + (བོད་ཡུལ་དབུས་དང་། གཙང་དང་། ཁམས་ཕྱོགས་ཏེ་གསུམ།)
- Dictionaries/chos rnam kun btus/9920 + ("ལུགས་སོ་སོའི་མིང་། ཇོ་བོ་རྗེ་ཨ་ཏི་ཤའི་ལུག … "ལུགས་སོ་སོའི་མིང་།</br>ཇོ་བོ་རྗེ་ཨ་ཏི་ཤའི་ལུགས།</br>ས་སྐྱ་པའི་ལུགས།</br>ཙན་དན་ཇོ་བོའི་ལོ་རྒྱུས་ཀྱི་ལུགས</br>ཕུག་པའི་ལུགས</br>གཡུང་སྟོན་དང་སྟག་ལོའི་ལུགས</br>མཚུར་ཕུའི་ལུགས</br>རྩིས་ཀུན་བཏུས་པའི་རྒྱས་འགྲེལ་ལུཊ</br>བུ་སྟོན་རིན་ཆེན་གྲུབ་ཀྱི་ལུགས</br>ཊཱིཀ་ཆེན་དེ་ཉིད་སྣང་བའི་ལུཊ</br>རྗེ་རང་བྱུང་རྡོ་རྗེའི་གཏན་རྩིས་ལུཊཾ</br>གནས་བརྟེན་སྡེ་སྡེ་པའི་ལུགས"</br>"འཁྲུངས་ལོ། (སྤྱི་སྔོན་ལོ་ཚིཊ)</br>ཤིང་གླང 2216</br>ས་འབྲུག 2213</br>ཤིང་སྟག་1027</br>ལྕགས་སྤྲེལ 961</br>ཤིང་བྱི 957</br>ཤིང་བྱི 957</br>ཤིང་གླང 956</br>མེ་རྟ 915</br>མེ་རྟ 915</br>མེ་ཡོས 774</br>མེ་སྤྲེལ 625"</br>"སངས་རྒྱུས་ལོ། (སྤྱི་སྔོན་ལོ་ཚིཊ)</br>ས་ཕོག 2182</br>ཆུ་སྟག 2179</br>མེ་ཕག་994</br>ཤིང་རྟ 927</br>ས་ཕག 922</br>ས་ཁྱི 923</br>ས་ཕག 922</br>ལྕཊ་སྦྲུལ 880</br>ཆུ་རྟ 879"</br>"མྱ་ངན་འདས་ལོ། (སྤྱི་སྔོན་ལོ་ཚིཊ)</br>ཤིང་སྤྲེལ 2137</br>ས་བྱི 2133</br>ཆུ་བྱ 948</br>ལྕཊ་འབྲུག 881</br>ཆུ་ལུག 878</br>ཆུ་ལུག 878</br>ཤིང་སྤྲེལ 877</br>མེ་སྟག 835</br>མེ་སྟག 835</br>མེ་ཁྱི 695</br>མེ་འབྲུག 545"</br>བསྟན་བཅོས་བཅུ་གཅིག</br>1. རྣལ་འབྱོར་སྤྱོད་པའི་ས།</br>2. གསུང་རབ་རབ་ཏུ་འབྱེད་པ།</br>3. མངོན་རྟོགས་རྒྱུན།</br>4. ཚད་མ་ཀུན་ལས་བཏུས་པ།</br>5. ས་བཅུ་པའི་རྣམ་བཤད།</br>6. དམིགས་བྱའི་རྐྱེན་བརྟག་པ།</br>7. ཉི་ཤུ་པ།</br>8. དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ།</br>9. ཆོས་མངོན་པར་ཀུན་ལས་བཏུས་པ།</br>10. ཐེག་པ་ཆེན་པོ་བསྡུས་པ།</br>11. རྣལ་འབྱོར་བསྟན་པ་བཅས་སོ། །པོ་བསྡུས་པ། 11. རྣལ་འབྱོར་བསྟན་པ་བཅས་སོ། །)
- Dictionaries/chos rnam kun btus/10252 + ("ས་མིང་། སྣེ་གདོང་རྫོང་། (སྣེ་གདོང་རྫོང་། … "ས་མིང་།</br>སྣེ་གདོང་རྫོང་། (སྣེ་གདོང་རྫོང་། སྣེའུ་གདོང་རྫོང་། ཡར་ལུང་སྣེ་གདོང་རྫོང་།)</br>གོང་དཀར་རྫོང་(གོང་རི་དཀར་པོ། གཞིས་ཀ་གོང་དཀར། གོང་དཀར་རྫོང་།)</br>གྲ་ནང་རྫོང་། (གྲྭ་ནང་གཞིས། གྲྭ་ནང་།)</br>ཟངས་རི་རྫོང་། (ཟངས་རི་གཞིས།)</br>རྒྱ་ཚ་རྫོང་།</br>འཕྱོངས་རྒྱས་རྫོང་། (མཆོང་། འཕྱོངས་རྒྱས། འཕྱིང་བ་སྟག་རྩེ། འཕྱིང་པ་རྫོང་། ། འཕྱོངས་རྒྱས་རྫོང་། ཕྱིང་བར་སྟག་རྩེ་རྫོང་།)</br>ཆུ་གསུམ་རྫོང་། (ལྷ་སྒྱུ་རེ། ཨེ་ལྷ་རྒྱ་རི།)</br>མཚོ་སྣ་རྫོང་། (མཚོ་ལྷ། མོན་མཚོ་སྣ་རྫོང་། མཚོ་སྣ་རྫོང་།)</br>ལྷོ་བྲག་རྫོང་། (རྡོ་རྫོང་། ལྷོ་བྲག་དྭ་རྫོང་། ལྷོ་བྲག་དོ་བ་རྫོང་། དོ་བ་རྫོང་། ལྷོ་རག)</br>ལྷུན་རྩེ་རྫོང་། (ལྷུན་རྩེ་རྫོང་། གཉལ་ལྷུན་རྩེ།)</br>མཚོ་སྨད་རྫོང་། (གྲི་གུ་གཞིས།)</br>སྣ་དཀར་རྫོང་། (སྣ་དཀར་རྫོང་། སྣ་རྩེ་རྫོང་། སྣ་དཀར་རྩེ་རྫོང་། སྣང་དཀར་རྩེ།) སྣང་དཀར་རྩེ།"</br>"སྲིད་གཞུང་ཡོད་ས། ད་ལྟ་བསྒྱུར་མིང་། སྔོན་གྱི་བསྒྱུར་མིང་།</br>སྣེ་གདོང་།</br>རྭ་སྨད།</br>གྲ་ཐང་།</br>ཟངས་རི།</br>བྲུམ་པ།</br>འཕྱོངས་རྒྱས་ཞོལ།</br>ཆུ་གསུམ།</br>ཞོལ་ཤར།</br>དཀར་པོ།</br>སྐྱིད་ཐང་།</br>གཏམ་ཞོལ།"</br>1. ཤེས་རབ་སེང་གེ།</br>2. རྡོ་རྗེ་རྒྱལ་མཚན།</br>3. བྱམས་པ་འབུམ།</br>4. སྤྱན་སྔ་རིན་པོ་ཆེ་ཞེས་དབོན་པོ་བསོད་ནམས་འབུམ།</br>5. དབུ་འོད་པ་ཡེ་ཤེས་འབུམ།</br>6. བྱང་ཆུབ་དཔལ་བ།</br>7. བསོད་ནམས་བཟང་པོ།</br>8. ཀུན་དགའ་འབུམ།</br>9. དབང་ཕྱུག་དཔལ་བ།</br>10. བློ་གྲོས་འབུམ་པ།</br>11. བློ་གྲོས་སེང་གེ།</br>12. བྱང་ཆུབ་བློ་གྲོས།</br>13. བྱང་ཆུབ་རྒྱལ་མཚན་བཅས་སོ། །བ་བློ་གྲོས། 13. བྱང་ཆུབ་རྒྱལ་མཚན་བཅས་སོ། །)
- Dictionaries/chos rnam kun btus/10282 + ("སྔོན་བྱོན་མཁས་པ། ལོ་ཆེན་ནམ་མཁའ་བཟང་པོ། རྣ … "སྔོན་བྱོན་མཁས་པ།</br>ལོ་ཆེན་ནམ་མཁའ་བཟང་པོ།</br>རྣམ་གླིང་པཎ་ཆེན།</br>སྨན་ལུང་པ་བློ་གྲོས་མཆོག་གི་སྡེ།</br>ཚོགས་གསོག་པ་བློ་བཟང་ཆོས་གྲགས།</br>སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར།</br>དབུས་པ་བློ་གསལ་འབུམ།</br>ཤཱཀྱ་མཆོག་ལྡན་པ།</br>འགྲེལ་བ་མཁས་(ངོ་བོའི་སྒོ་ནས་)</br>པའི་ཡིད་འཕྲོག (གྲོགས་ཀྱི་སྒོ་ནས་)</br>ལྕང་སྐྱ་རོལ་པའི་རྡོ་རྗེ།</br>ཟུར་མཁར་བློ་གྲོས་རྒྱལ་པོ།</br>ཞ་ལུ་ལོ་ཙཱ་བ།</br>འ་བོ་གཙུག་ལག་ཕྲེང་བ།</br>པྲ་ཏི་རིན་ཆེན་དོན་གྲུབ།"</br>བཞེད་པ།</br>"ཕོ</br>ས བ ག ད</br>ས བ ག ད</br>ས བ ག ད</br>ས བ ག ད</br>ས བ ག ད</br>ས བ ད</br>ས བ ད</br>ད ས</br>ས བ ད</br>ད ས བ</br>ད ས བ</br>ད ས བ</br>ད ས བ</br>ས ད བ"</br>"མོ་</br>ར་ལ་ང་ན་མ་</br>ར་ལ་ང་ན་མ་</br>ར ལ ང</br>ལ འ</br>ར་ལ་ང་ན་མ་</br>འ ར</br>ལ འ</br>འ</br>འ</br>འ ར</br>ག ང མ</br>འ ར</br>འ ར</br>ག་ར་ལ་ང་ན་མ་"</br>"མ་ནིང་</br>འ</br>འ</br>ན མ འ</br>ང ན མ ར</br>འ</br>ག་ན་ང་མ་ལ་</br>ག་ང་ན་མ་ར་</br>ག ང ན བ མ ར ལ</br>ག་ང་ན་མ་ར་ལ་</br>ག་ང་ན་མ་ར་ལ་</br>ན ར ལ འ</br>ག་ན་ང་མ་ལ་</br>ག་ན་ང་མ་ལ་</br>འ"་ན་མ་ར་ལ་ ན ར ལ འ ག་ན་ང་མ་ལ་ ག་ན་ང་མ་ལ་ འ")
- Dictionaries/chos rnam kun btus/10187 + ("ཧོར་གྱི་ཐ་སྙད། འཕགས་ཡུལ་གྱི་ཐ་སྙད། ཁྱིམ་ཟ … "ཧོར་གྱི་ཐ་སྙད།</br>འཕགས་ཡུལ་གྱི་ཐ་སྙད།</br>ཁྱིམ་ཟླའི་མིང་།"</br>"ཧོར་ཟླ་བདུན་པ།</br>གྲོ་བཞིན་ཟླ།</br>སེང་གེའི་ཁྱིམ།"</br>"ཧོར་ཟླ་བརྒྱད་པ།</br>ཁྲུམས་སྟོད་ཟླ།</br>བུ་མོའི་ཁྱིམ།"</br>"ཧོར་ཟླ་དགུ་པ།</br>དབྱུག་ཟླ།</br>སྲུང་ཁྱིམ།"</br>"ཧོར་ཟླ་བཅུ་པ།</br>སྨིན་དྲུག་ཟླ།</br>སྡིག་ཁྱིམ།"</br>"ཧོར་ཟླ་བཅུ་གཅིག་པ་།</br>མགོ་ཟླ།</br>གཞུ་ཁྱིམ།"</br>"ཧོར་ཟླ་བཅུ་གཉིས་པ།</br>རྒྱལ་ཟླ།</br>ཆུ་སྲིན་ཁྱིམ།"</br>ཟླ་བ་བཅུ་གཉིས་ནི་འབྱུང་རྩིས་ཟླ་བའི་འོད་ཟེར་ལས། དཔྱིད་ཟླ་ར་བ་བཅུ་གཅིག་སྟག ། བཅུ་གཉིས་དཔྱིད་འབྲིང་ཡོས་སུ་བརྩི། ། ཟླ་བ་དང་པོ་དཔྱིད་ཐ་འབྲུག ། དེ་བཞིན་དབྱར་ར་ག་ཉིས་པ་སྦྲུལ། ། དབྱར་འབྲིང་གསུམ་པ་རྟའི་ཟླ་བ། ། བཞི་པ་དབྱར་ཟླ་ཐ་ཆུང་ལུག ། ལྔ་པ་སྟོན་ཟླ་ར་བ་སྤྲེལ། ། དྲུག་པ་སྟོན་འབྲིང་བྱའི་ཟླ་བ། ། བདུན་པ་སྟོན་ཟླ་ཐ་ཆུང་ཁྱི། ། བརྒྱུད་པ་དགུན་ཟླ་ར་བ་ཕག ། དགུན་འབྲིང་དགུ་པ་བྱི་བའོ། ། བཅུ་པ་དགུན་ཐ་གླང་དུ་འདོད། ། ཅེས་འབྱུང་བ་དང་། བེ་དཀར་ཡང་འདི་དང་མཐུན་ནོ། ། བོད་དུ་དར་བའི་ནག་རྩིས་ཕལ་ཆེར་སྟག་ཟླ་དཔྱིད་ཟླ་ར་བར་བྱེད་པ་གཅིག་མཐུན་ཡིན་ཡང་། དེ་ཟླ་བ་གང་ལ་ངོས་འཛིན་བྱེད་སྟངས་ཐད་མི་འདྲ་བ་དུ་མ་འབྱུང་བ་གཙོ་བོ་ཁག་གསུམ་དུ་འདུ། སྟག་ཟླ་དེ་བཅུ་གཅིག་པ་མགོ་ཟླ་བར་བྱེད་པ་ནི་གོང་གསལ་སྡེ་སྲིད་སངས་རྒྱུས་རྒྱུ་མཚོ་དང་ལོ་ཆེན་དྷརྨ་ཤྲཱི་རྗེས་འབྲང་དང་བཅས་པ་འདོད།</br>བེ་དཀར་དང་འབྱུང་རྩིས་ཟླ་ཟེར་ལུགས་ཀྱི་ཟླ་བ་བཅུ་གཉིས།</br>"དུས་བཞི།</br>ཟླ་གྲངས།</br>ཟླ་བའི་མིང་།</br>ཉ་སྐར།"</br>"དཔྱིད་ཟླ་གསུམ།</br>11 12 1</br>སྟག ཡོས། འབྲུག</br>མགོ རྒྱལ། མཆུ།"</br>"དབྱར་ཟླ་གསུམ།</br>2 3 4</br>སྦྲུལ། རྟ། ལུག</br>དབོ། ནག་པ། ས་ག"</br>"སྟོན་ཟླ་གསུམ།</br>5 6 7</br>སྤྲེལ། བྱ། ཁྱི།</br>སྣོན། ཆུ་སྟོད། གྲོ་བཞིན།"</br>"དགུན་ཟླ་གསུམ།</br>8 9 10</br>ཕག བྱི་བ། གླང་།</br>ཁྲུམས་སྟོད། དབྱུ་གུ། སྨིན་དྲུག"</br>རྩིས་ཀྱི་བསྟན་བཅོས་བི་དཀར་དང་འབྱུང་རྩིས་ཟླ་བའི་འོད་ཟེར་གྱི་ལུགས་ཡིན། སྟག་ཟླ་དེ་བཅུ་གཉིས་པ་རྒྱལ་ཟླ་བར་བྱེད་པ་ནི་འབྲི་གུང་ཆོས་ཀྱི་གྲགས་པ་དང་། མཁས་མཆོག་ཀརྨ་ཆགས་མེད། དགེ་རྩེ་འགྱུར་མེད་བསྟན་པ་རྒྱ་མཚོ་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཨུཏྤལ་སྔོན་པོའི་དོ་ཤལ་སོགས་ཀྱི་ལུགས་ཡིན། སྟག་ཟླ་དེ་ཟླ་བ་དང་པོ་མཆུ་ཟླར་བྱེད་པ་ནི་ཀརྨ་ངེས་ལེགས་བསྟན་འཛིན་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཉེར་མཁོ་བུམ་བཟང་སོགས་ཀྱི་ལུགས་སོ། ། ཟླ་བ་དེ་དག་གི་ཁམས་བརྩི་སྟངས་ནི། གནམ་ལོ་མ་ལ་ཟླ་བ་བུ་ཞེས་པ་ལྟར་སྦྲགས་མར་བརྩི་དགོས། དེ་ཡང་ནག་རྩིས་ཉེར་མཁོ་བུམ་བཟང་ལས། དཔྱིད་ཟླ་ར་འབྲིང་གནམ་ལོའི་བུ། ། དཔྱིད་ཐ་དབྱར་ར་གནམ་ལོའི་མ། ། སྟོན་ཐ་དགུན་ར་གནམ་ལོ་རང་། ། དགུན་འབྲིང་དགུན་ཐ་གནམ་ལོའི་བུ། །ཞེས་པ་དང་དོན་གཅིག་གོ །གུན་ཐ་གནམ་ལོའི་བུ། །ཞེས་པ་དང་དོན་གཅིག་གོ །)
- Dictionaries/Brda dkrol gser gyi me long/217 + ((1) ཁམ་བུ་གང་གི་དོན་ལ་འཇུག་པ་ཡོད་དེ། དཔེར་ན། 《ཏུན་ཧོང་གཏེར་ཡིག་བོད་ཀྱི་གསོ་རིག་ཡིག་ཆ》ལས། ཐལ་བ་རྒྱ་ལྒ་མ་བཀུས་པའི་ཁུ་བ་དང་དེ་རྣམས་བསྲེ་ཏེ་ཁུར་བ་དོ་གསུམ་ཙམ་འཐུངས་ན་མྱི་འཇད་མྱི་སྲིད་དོ། །ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/4706 + ((1) གདོང་པ་སོགས་ལ་ཞག་སོགས་བྱུག་པའི་སོར་རིས … (1) གདོང་པ་སོགས་ལ་ཞག་སོགས་བྱུག་པའི་སོར་རིས་ཀྱི་མིང་སྟེ། 《བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ》ལས། ལི་ཤིའི་གུར་ཁང་ལས་སོར་མོ་གསུམ་གྱི་རི་མོ་ལ་ཞག་གི་ཟོ་རིས་ཞེས་པ་སྣང་། གཞན་སྡེའི་སྒྲས་སྡེབ་ལས་ནུ་མ་དང་གདོང་བར་དྲི་མ་བྱུག་པས་བགོས་པ་ཟུར་ཆག་པས་ཟོ་རིས་ཟེར་ཏེ་སོར་རིས་ཀྱང་ཟེར། ཞེས་གསུངས་པ་ལྟར་རོ། །ཏེ་སོར་རིས་ཀྱང་ཟེར། ཞེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/2440 + ((1) གཟབ་གཟབ་བམ། རེམ་རེམ་གྱི་དོན་ཏེ།《དབྱངས་ … (1) གཟབ་གཟབ་བམ། རེམ་རེམ་གྱི་དོན་ཏེ།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། པྲད་པྲད་བྱེད་པ་ནི་སྤྲད་སྤྲད་བྱེད་པའམ་རེམ་རེམ་བྱེད་པ། ཞེས་དང་། དཔེར་ན། 《དཔེ་ཆོས་རིན་ཆེན་སྤུངས་པའི་འབུལ་འགྲེལ》ལས། སྔོན་ཁྱིམ་བདག་དཔལ་སྐྱེས་ལྟ་བུ་ཡོད་པས། མ་ཤི་བར་དུ་ཆོས་ཕྱོགས་སུ་པྲད་པྲད་བྱེད་དགོས། ཞེས་པ་ལྟ་བུའོ།།ྱོགས་སུ་པྲད་པྲད་བྱེད་དགོས། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/7616 + ((1) གསེར་དངུལ་གྱི་མིང་སྟེ། 《ངག་སྒྲོན་གྱི་ … (1) གསེར་དངུལ་གྱི་མིང་སྟེ། 《ངག་སྒྲོན་གྱི་འགྲེལ་པ》ལས། སྨར་གཅེས་པ་གསེར་དངུལ་ལྟ་བུ། ཞེས་གསུངས། དཔེར་ན། 《དེབ་ཐེར་རྫོགས་ལྡན་གསར་པའི་ཉི་གཞོན》ལས། དེ་སྔ་སྤྲོད་མཇལ་གྱི་སྐབས་ཀྱང་། སྟོང་དཀར་དང་སྟོང་ཁྲ་སྟོང་ནག་གསུམ། འཇལ་མ་སྨར་དང་ཁྲ་དང་ཟོང་དང་གསུམ། ཞེས་པ་ལྟ་བུའོ། །ྨར་དང་ཁྲ་དང་ཟོང་དང་གསུམ། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/1583 + ((1) ཉོན་མོངས་པ་ཆགས་སྡང་གཏི་མུག་གི་ཐ་བ་གསུམ … (1) ཉོན་མོངས་པ་ཆགས་སྡང་གཏི་མུག་གི་ཐ་བ་གསུམ་ཡོད་དེ། 《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། ཐ་བ་ནི་རྒྱུད་རེངས་པའམ་གྱོང་པ་སྟེ། ཀུན་བཏུས་ལས། ཆགས་སྡང་གཏི་མུག་གི་ཐ་བ་གསུམ་གསུངས་སོ།། ཞེས་གསུངས། དཔེར་ན། 《ཏིང་ངེ་འཛིན་གྱི་མདོ》ལས། གལ་ཏེ་དེས་དེ་ལ་མནར་སེམས་སམ་ཐ་བའམ་སྡང་བའི་སེམས་ཀྱིས་གནས་ན་ཡོན་ཏན་ཐོབ་པ་ནི་གནས་མེད་དོ།། ཞེས་པ་ལྟ་བུའོ།།ན་ཏན་ཐོབ་པ་ནི་གནས་མེད་དོ།། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/3102 + ((1) ཐུག་པའམ་འཇིགས་པའི་དོན་ལ་འཇུག་པར་སྣང་སྟེ།《མཁས་པའི་དགའ་སྟོན》ལས། བོད་ཀྱི་བློན་པོ་བློ་རྣོ་བ་བཅུ་དྲུག་ལ་གསེར་བསྐུར་ནས་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་བས་ལ་ལ་ཐང་འདྲེ་ཅན་རྣམ་པ་གསུམ་ལ་བརྡུགས་ནས་འགྲོ་མ་ནུས། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/5338 + ((1) ཐེངས་གཅིག་གམ་ལན་ཅིག་ཅེས་པའི་དོན་ཏེ། 《 … (1) ཐེངས་གཅིག་གམ་ལན་ཅིག་ཅེས་པའི་དོན་ཏེ། 《དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ》ལས། འོར་ཅིག་ནི་ཐེངས་གཅིག་གམ་ལན་ཅིག་ཆེས་གསུངས། དཔེར་ན། 《དཔེ་ཆོས་རིན་ཆེན་སྤུངས་པ》ལས། འོ་སྐོལ་ཀྱང་འོར་ཅིག་ངན་སོང་གསུམ་ལས་ཐར་ནས་ལྷ་མི་ཙམ་ཅིག་ཐོབ་ཀྱང་གཏན་གྱི་རྩན་པ་ཟིན་པའི་ངེས་པ་མེད་དོ། ། ཞེས་པ་ལྟ་བུའོ། །པ་ཟིན་པའི་ངེས་པ་མེད་དོ། ། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/456 + ((1) ཐོན་པའམ། སླེབས་པ་སྟེ།《ཏུན་ཧོང་གཏེར་ཡིག་གནའ་བོའི་བོད་ཡིག་ཤོག་དྲིལ 》ལས། བདག་གི་དྲུང་ན། སྤྲེ་འུ་གསུམ་མཆིས་པ། ཁྱེད་གདའ་བ་དང་བྲོས་ནས།ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/3874 + ((1) དུར་ཁྲོད་ཀྱི་མིང་སྟེ།《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། མཆད་པ་ཞེས་པ་དུར་ཁྲོད་མིང་། ཞེས་གསུངས། དཔེར་ན།《སྦ་བཞེད》ལས། ཞང་བློན་སུ་ཆེ་བ་ཟུང་ཞིག་དགུང་ལོ་གསུམ་མཆད་པའི་ནང་དུ་དལ་དུ་བཅུག་ན་རྗེའི་སྐུ་ཚེ་དང་ཆབ་སྲིད་འཕེལ་ལོ།། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/2867 + ((1) ཕྱོགས་གཅིག་ཏུ་སྤུངས་པའི་དོན་ཏེ།《འདུལ་བ … (1) ཕྱོགས་གཅིག་ཏུ་སྤུངས་པའི་དོན་ཏེ།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། བཅེར་བ་ནི་སྤུངས་པ་སྟེ། མེ་མི་འཆི་བའི་ཕྱིར་ཕྱོགས་གཅིག་ཏུ་སྤུངས་པ། ཞེས་གསུངས། དཔེར་ན། 《འདུལ་བ》ལས། མེ་མི་འཆི་བར་བྱ་བའི་ཕྱིར་སྦ་བར་བྱའོ།། ཅིས་བཅེར་བ་མི་ཤེས་ནས་དེའི་ཆེད་དུ་ལྕགས་ཀྱི་ཐལ་ཕྱག་བཅང་བར་བྱའོ།། ཞེས་པ་ལྟ་བུའོ།།ས་ཀྱི་ཐལ་ཕྱག་བཅང་བར་བྱའོ།། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/671 + ((1) ཕྱོགས་ལྷུང་སྤངས་པའི་དཔང་པོ་དང་།)
- Dictionaries/Brda dkrol gser gyi me long/2592 + ((1) བཙོན་དོང་གི་མིང་སྟེ།《བརྡ་གསར་རྙིང་གི་ཁ … (1) བཙོན་དོང་གི་མིང་སྟེ།《བརྡ་གསར་རྙིང་གི་ཁྱད་པར་ལས་བྱུང་བའི་མིང་གི་རྣམ་གྲངས》ལས། ཕྱག་སྦལ་ནི་བཙོན་ཁང་། ཞེས་དང་། 《འདུལ་བ་གླེང་འབུམ》ལས། ཕྱག་སྦལ་རིམ་པ་གསུམ་ཡོད་པས་དེ་མི་གཏེ་པོ་ཡིན་པའི་ཕྱིར་སྟེང་རིམ་དུ་བཞག་གོ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ངས་མི་འདི་ཡོངས་སུ་བཏང་གིས། འདིའི་ཉེ་དུ་རྣམས་ཀྱང་ཕྱག་སྦལ་དུ་ཆུག་ལ། འདིའི་ནོར་ཐམས་ཅད་ཀྱང་རྒྱལ་པོའི་ཕོ་བྲང་དུ་ཕུལ་ཅིག དེ་ནས་བློན་པོ་རྣམས་ཀྱིས་ལྷ་བཀའ་བཞིན་འཚལ་ཞེས་ལུས་འཕགས་མའི་ཉེ་དུ་རྣམས་ཀྱང་བཙོན་རར་བཅུག ཅེས་པ་ལྟ་བུའོ།།ེ་དུ་རྣམས་ཀྱང་བཙོན་རར་བཅུག ཅེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/1572 + ((1) བརྩོན་འགྲུས་ཀྱི་མིང་སྟེ།《འདུལ་བ་ལུང་གཞི》ལས། དགེ་བའི་ཕྱོགས་ལ་ཏྲོན་བྱེད་པར་འགྱུར་རོ།། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/866 + ((1) བོད་ཀྱི་རུས་རྒྱུད་བྱེ་བྲག་པ་ཞིག་གི་མིང་སྟེ། 《བོད་མི་བུ་གདུང་དྲུག་གི་རུས་མཛོད་པད་དཀར་སྐྱེད་ཚལ》ལས། རུས་ཆེན་སྒོ་དེ་ལ་བྱེ་བྲག་ཏུ། གསུང་གསེར་འབྲོམ་གསུམ་སོགས་བཅོ་བརྒྱད་ཡོད། ཅེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/3243 + ((1) བོད་མིའུ་བཞིའི་ཡ་གྱལ་སེའམ་བསེ་ཞེས་པ་དེ … (1) བོད་མིའུ་བཞིའི་ཡ་གྱལ་སེའམ་བསེ་ཞེས་པ་དེའི་མིང་སྟེ། འདི་ལ་བསེ་ཆུང་སྦྲ་ཞེས་བྲིས་པའང་སྣང་སྟེ།《བོད་མི་བུ་གདུང་དྲུག་གི་རུས་མཛོད་པད་དཀར་སྐྱེད་ཚལ》ལས། བསེ་ཁྱུང་སྦྲ་ནི་སྔོན་སྤྲེའུ་བྱང་ཆུབ་སེམས་དཔའ་རང་གིས་མི་ཚན་བཞིར་བཅད་པའི་ནང་གི་བསེ་ཞེས་པ་དེ་ཡིན་ལ། དེ་ལ་བསེ་ཆུང་སྦྲ་ཡང་ཟེར། གནའ་སྒྲུང་ལས། འགག་དོག་མོ་གསུམ་དེ་སྦྲ་ལ་ཐོབ། སྦྲ་དཔའ་རྩལ་ཆེ་བ་དེ་ནས་བྱུང་ཞེས་འབྱུང་། ཞེས་གསུངས་པ་ལྟར་རོ།།ས་བྱུང་ཞེས་འབྱུང་། ཞེས་གསུངས་པ་ལྟར་རོ།།)
- Dictionaries/Brda dkrol gser gyi me long/59 + ((1) ཚང་མའམ་ཕྱོགས་ཐམས་ཅད་ཅེས་པའི་དོན་ཏེ། 《དེབ་དམར》ལས། ཀོ་ལེར་ནི་གློ་བུར་དུ་གནས་ངེས་མེད་ནས་ལྡང་དུབ་བྱེད་པའི་ན་ཟུག་གི་མིང་། ཞེས་གསུངས།)
- Dictionaries/Brda dkrol gser gyi me long/3890 + ((1) ཞལ་ཅེའམ་གྱོད་བཤད་པ་སྟེ།《ཏུན་ཧོང་གཏེར་ཡིག་བོད་ཀྱི་ཡིག་རྙིང》ལས། བློན་ཆེ་བཙན་སྙས། འདུན་མ་དབུ་རུ་ཤོད་ཀྱི་རེ་སྐམ་དུ་བསྡུས་ཏེ། ཁུ་འདུས་ཙན་དང་། རྔེགས་ཁྱི་མ་རེ་དང་། འ་ཞ་གསུམ་མཆིད་ཤགས་འཚལ་ཤིང་། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/6422 + ((1) འཁོན་ལན་ནམ་ཤ་འཁོན་གྱི་མིང་སྟེ། 《ཁྱད་པ … (1) འཁོན་ལན་ནམ་ཤ་འཁོན་གྱི་མིང་སྟེ། 《ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ》ལས། ཁྱབ་འཇུག་གིས་ནི་གཉེན་འདུན་དང་། ། ལེ་ལན་གྱིས་ནི་གཏུགས་པར་གྱུར། ། ཁྱབ་འཇུག་གིས་གཉེན་རྣམས་ཕན་ཚུན་ལེ་ལན་ནམ་ཤ་འཁོན་གྱིས་གཏུགས་པ་སྟེ་ཟད་པར་གྱུར་ཞིང་། ཞེས་གསུངས། དཔེར་ན། 《ལམ་རིམ་ཆེན་མོ》ལས། ཉེས་སྐྱོན་ཅི་བྱུང་ཡང་ཕྱོགས་ངན་དང་མཁར་ལན་ལ་ལེ་ལན་མ་བདས་པར། ཞེས་པ་ལྟ་བུའོ། །མཁར་ལན་ལ་ལེ་ལན་མ་བདས་པར། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/6013 + ((1) འཁྲིག་པའི་མིང་སྟེ།《དག་ཡིག་མཁས་པའི་འབྱུང་གནས》ལས། རྒྱ་སྣ་རུ་རྣ་རུ། བཤོ་བ་གསུམ་འཁྲིག་པའི་མིང་། ཞེས་གསུངས།)
- Dictionaries/Brda dkrol gser gyi me long/3950 + ((1) འགྲན་པའི་དོན་ཏེ།《ངག་སྒྲོན་གྱི་འགྲེལ་པ》ལས། མཐོ་བཙམས་པ་ནི་མཐོ་འཚམས་པ་ཅོ་འདྲི་བ་འགྲན་པ། ཞེས་དང་། དཔེར་ན།《ཇོ་བོ་རྗེའི་རྣམ་ཐར》ལས། འགྲོ་བ་ཐམས་ཅད་སྲིད་པའི་མཚོ་ལས་སྒྲོལ་བྱེད་ན།། དེང་སང་ནག་པོའི་ཕྱོགས་ཀྱིས་འདི་ལྟར་མཐོ་བཙམས་སོ།། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/5030 + ((1) འགྲོ་བའམ་བསྐྱོད་པའི་དོན་ལ་འཇུག་སྟེ།《འད … (1) འགྲོ་བའམ་བསྐྱོད་པའི་དོན་ལ་འཇུག་སྟེ།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། འཕགས་པ་ནི་འགྲོ་བའམ་འཕགས་སོ་ནི་སོང་ངོ་ཞེས་པའོ། ། ཞེས་དང་། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། འཕགས་པ་ནི་གནས་དང་བསྐྱོད་པའི་དོན་ལའང་འཇུག ཅེས་གསུངས། ། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། ཇི་ཙམ་དུས་གཞན་ཞིག་ན་དགའ་འདུན་ལྔ་བརྒྱ་སྐྱེད་མོས་ཚལ་དུ་འཕགས་པ་དང་དེ་དག་གིས་གྲོས་བྱ་བར་བརྩམས་པ། ཞེས་དང་། ཡང་དེ་ཉིད་ལས། མཉམ་ཡོད་དུ་འདོང་ངོ་སྙམ་དུ་རིག་ནས་ཚོང་བ་ལྔ་བརྒྱ་བྱང་ལམ་ནས་ཟོང་དག་ཐོགས་ཏེ་ཡུལ་དབུས་སུ་འཕགས་སོ། ། ཞེས་པ་ལྟ་བུའོ། །་ཡུལ་དབུས་སུ་འཕགས་སོ། ། ཞེས་པ་ལྟ་བུའོ། །)