Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "Tibetan-Definition" with value "ཞང་པོ་དང་དེའི་བཟའ་ཟླ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sngas rgyas chos gzhung tshig mdzod/4809  + (ཛ་ལན་དྷ་ར་པས། ཐུན་བཞིར་བྱིན་གྱིས་བརླབས་པའི་རིམ་པ་ཞེས་བྱ་བ་ནི། ཐོ་རངས་དང་ཉི་མ་གུང་དང་ཕྱི་དྲོ་དང་མཚན་མོ་སྟེ་བསྒོམ་པའི་རིམ་པའོ། ཞེས་བཤད་པ་ལྟར་སྨན་ཞབས་ཀྱིས་ཀྱང་བཤད་པས་ཐུན་བཞི་བྱེད་ཚུལ་དེ་ལྟར་རོ།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/845  + (ཛམ་བྷ་ལ་ལ་ཆུ་སྦྱིན། ཁ་འབར་མ་ལ་གཏོར་མ། འཕྲོག་མ་མོ་ལ་ཆང་བུ། འཇུར་གེགས་ལ་ཆུ་གཙང་སྦྱིན་པའོ།)
  • Dictionaries/bod rgya nang don rig pai tshig mdzod/2101  + (ཛམྦྷ་ལ།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1408  + (ཛཱ་ཏི་སྙིང་གི་བཟང་པོ། ཅུ་གང་གློ་བའི་བཟང་པོ། གུར་ཀུམ་མཆིན་པའི་བཟང་པོ། ལི་ཤི་སྲོག་རྩའི་བཟང་པོ། སུག་སྨེལ་མཁལ་མའི་བཟང་པོ། ཀ་ཀོ་ལ་མཚེར་བའི་བཟང་བོའོ།)
  • Dictionaries/Le shing gur khang/773  + (ཛཱ་ཏི་སྟེ་སྣ་མའི་མེ་ཏོག)
  • Dictionaries/Brda dkrol gser gyi me long/7290  + (ཛཱ་ཏིའི་མེ་ཏོག་གི་མིང་སྟེ།《དབྱངས་ཅན་དགའ་བླཛཱ་ཏིའི་མེ་ཏོག་གི་མིང་སྟེ།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། སྣ་མའི་མེ་ཏོག་ནི་མངོན་བརྗོད་མང་པོར་ཛ་ཏི་ཡིན་པར་གསུངས་ལ། འགའ་ཞིག་ལ་སྣ་མ་ནི་ཛཱ་ཏི་ཡིན་པར་བཤད་པས་དེ་ལྟར་སྣ་མའི་མེ་ཏོག་ནི་ཛཱ་ཏིའི་མེ་ཏོག་ལ་བྱའོ།། ཞེས་གསུངས། དཔེར་ན།《བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས》ལས། སྣ་མའི་མེ་ཏོག་ནི་སྲིན་ཤིང་སྣ་མའི་མེ་ཏོག་སྟེ་ཛཱ་ཏིའི་འབྱུང་ཁུངས་དང་། ཞེས་གསུངས་པ་ལྟར་རོ།།་ཏིའི་འབྱུང་ཁུངས་དང་། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/sngas rgyas chos gzhung tshig mdzod/2360  + (ཛི་ན་མི་ཏྲ་དང་། སུ་རེནྟྲ་བོ་ངྷི། ཡེ་ཤེས་སྡེ་སོགས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་མཛད། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/8536  + (ཛྙཱ་ན་ཙ་ཀྵུཿ སོགས་ཀྱིས་མིག་འབྱེད་པ་ནི་འཕགས་པ་ལྷ་དང་ལྭ་བ་པ་སོགས་ཀྱིས་བཤད་ལ། ནག་པོ་སྤྱོད་པ་དང་དཱ་ར་ཀ་པ་སོགས་མང་པོས་མིག་ཐུར་གྱིས་མིག་འབྱེད་པའི་སྔགས་ཀྱིས་འབྱེད་པར་མཛད་དོ།)
  • Dictionaries/Brda dkrol gser gyi me long/4677  + (ཝ་དང་སྤྱང་དང་ཁྱི་སོགས་ཀྱི་སྐད་ཀྱི་མིང་སྟེ།ཝ་དང་སྤྱང་དང་ཁྱི་སོགས་ཀྱི་སྐད་ཀྱི་མིང་སྟེ། 《ཚིག་གཏེར》ལས། ཟུག་པ་ཝ་སྤྱང་ཁྱི་ཡི་སྐད་ཀྱི་མིང་། ། ཞེས་གསུངས། དཔེར་ན། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལས། བཅྭ་ཚེའི་ནང་དང་འགལ་བ་བྱུང་ན་རྩ་ར་གཏོང་བའི་ཁྲིམས་བསྒྲགས། ལྷ་ཁང་ཆེན་མོར་རིན་ཆེན་འོད་ཀྱིས་འགོ་བྱས་བརྒྱ་སྐོར་ཞིག་ཟུག་པར་བཞག ཅེས་པ་ལྟ་བུའོ། །བརྒྱ་སྐོར་ཞིག་ཟུག་པར་བཞག ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/4476  + (ཝ་མོའི་ལད་མོ་བྱེད་པའི་མིང་སྟེ། 《བཀའ་གདམས་ཝ་མོའི་ལད་མོ་བྱེད་པའི་མིང་སྟེ། 《བཀའ་གདམས་གཅེས་བཏུས》ལས། བསགས་སྦྱང་འབྲིང་དུ་བྱས་པ་ཅིག་གིས་བྱིས་པ་ལ་ཝ་སྐྱོག་ར་བྱེད་པ་བཞིན་དུ་གཟོད་འདྲ་ཙམ་ཅིག་ཡོང་བར་སྣང་། ཞེས་པ་ལྟ་བུའོ། ། གཞན་ཡང་། 《བཀའ་གདམས་གཅེས་བཏུས་ཀྱི་དཀའ་མིང》ལས། ཝ་སྐྱོག་ར་ནི་ལུས་སྐུར་རེ། ཞེས་ཀྱང་བྱུང་བས་བརྟག །་ར་ནི་ལུས་སྐུར་རེ། ཞེས་ཀྱང་བྱུང་བས་བརྟག །)
  • Dictionaries/Brda dkrol gser gyi me long/5367  + (ཝའི་མིང་སྟེ། 《འདུལ་བ》ལས། འྭ་ནི་དང་པོ་སྐྱེས་པའི་ཚེ། འྭའི་སྟབས་སུ་འགྲོ་ཞིང་འྭའི་སྐད་འབྱིན་པས་གཅན་གཟན་གྱི་ཚོགས་མང་བརྙས་ཤིང་གླགས་ལྟ་བས། ཞེས་པ་ལྟ་བུའོ། །)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/936  + (ཝུ་ཏཱ་རྟི་སུན་ཚོན། ཝུ་ཀུང་ཅི་ཝང་སུན་སླེའང་། ཝུ་ཅིང་རྟི་སུན་ཤིའུ། ཝུ་མུ་ཏ་རྟི་སུན་ཧའོ་བཅས་ཀྱིས་སྤྱི་ལོ 229-280 བར་ལོ་ 51 རིང་སྲིད་དབང་བཟུང་།)
  • Dictionaries/Le shing gur khang/754  + (ཞ་ཉེ་ནག་པོར་ཡན་ལག་བརྒྱད་པའི་འགྲེལ་པ་ཟླ་ཟེར་ལས་བཤད།)
  • Dictionaries/Brda dkrol gser gyi me long/4489  + (ཞ་ཉེ་ལས་བྱས་པའི་ཞབས་སྟེགས་ཀྱི་མིང་སྟེ། 《འཞ་ཉེ་ལས་བྱས་པའི་ཞབས་སྟེགས་ཀྱི་མིང་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ཞ་ཉེའི་འབྱར་འདབ་ནི་ཞ་ཉེ་ལས་བྱས་པའི་ཞབས་སྟེགས། ཞེས་དང་། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། ཞ་ཉེའི་འབྱར་འདབ་བྱ་བ་ནི། ། ལྷུང་བཟེད་ཀྱི་ནི་སྟེགས་བུའི་མིང་། ། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། ལྷུང་བཟེད་གར་བབ་བབ་ཏུ་མི་བཞག་པར་ལྷུང་བཟེད་དེའི་གཞིར་ཞ་ཉེའི་འབྱར་འདབ་བཞག་པར་བྱའོ། ། ཞེས་པ་ལྟ་བུའོ། །ི་འབྱར་འདབ་བཞག་པར་བྱའོ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Le shing gur khang/75  + (ཞ་ཉེ།)
  • Dictionaries/Le shing gur khang/76  + (ཞ་ཉེ།)
  • Dictionaries/sngas rgyas chos gzhung tshig mdzod/8276  + (ཞ་ལུ་པ་བཀྲ་ཤིས་རྒྱ་མཚོ་དང་། ཆོས་རྗེ་ཞ་ལུ་པ་ལེགས་པ་རྒྱལ་མཚན་བཅས་རྣམ་གཉིས་ལ་ཞུ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/7515  + (ཞ་ལུ་པ།༼ ལ་ལྟོས༽)
  • Dictionaries/bod rgya nang don rig pai tshig mdzod/4100  + (ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཕྱི་ནང་དུ་འགྲོ་འོང་བྱེད་པ་འབྱུང་འཇུག་གི་མཚན་ཉིད་ཅན།)
  • Dictionaries/chos rnam kun btus/11086  + (ཞག་པོ་ནི་ཟླ་བ་རེ་ལ་སུམ་ཅུ་ལས་མང་བ་མེད་དེ། ཞག་པོ་ནི་ཟླ་བ་རེ་ལ་སུམ་ཅུ་ལས་མང་བ་མེད་དེ། ཕོ་ཟླ་དྲུག་པོ་སྟག་གིས་ཚེས། ། མོ་ཟླ་དྲུག་པོ་སྤྲེའུས་ཚེས། ། ཚེས་གཅིག་བཅུ་གསུམ་ཉེར་ལྔ་ལ། ། གང་ཚེས་དེ་ཡི་ཉི་མ་འཆར། ། ཕོ་ཟླ་འབྲུག་ཉ་སྟོང་ལ་ལུག ། མོ་ཟླ་ཁྱིས་ཉ་སྟོང་ལ་གླང་། ། ཞག་རེར་ལོ་འགྲོས་རེ་རེ་ཞིང་། ། རིམ་པར་སྦྱར་བས་ཆད་ལྷག་མེད། ། ཅེས་པ་ལྟར་ཤེས་སླའོ། ། ཞེས་པའི་རེའུ་མིག་གཤམ་དུ་བཀོད་ཡོད།་སླའོ། ། ཞེས་པའི་རེའུ་མིག་གཤམ་དུ་བཀོད་ཡོད།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/914  + (ཞག་བདུན་པའི་སྨན། ཇི་སྲིད་འཚོ་བཅངས་ཀྱི་སྨན། ཐུན་ཚོད་ཀྱི་སྨན། དུས་རུང་གི་སྨན།)
  • Dictionaries/Brda dkrol gser gyi me long/4501  + (ཞག་མང་འདས་པ་ན་ཞེས་པའི་དོན་ཏེ། 《བེའུ་བུམ་སཞག་མང་འདས་པ་ན་ཞེས་པའི་དོན་ཏེ། 《བེའུ་བུམ་སྔོན་པོའི་མིང་བརྡ་བཤད་པ》ལས། ཞག་ཉབ་མདོ་ཙ་ན་ནི་ཞག་མང་འདས་པ་ན། ཞེས་གསུངས། དཔེར་ན། 《བེའུ་བུམ་སྔོན་པོའི་འགྲེལ་པ》ལས། ཐམས་ཅད་ཀྱིས་འབུལ་སར་བྱས་ནས་ཞག་ཉབ་བདོ་ཙ་ན། ཁོང་རང་དེར་ཚོགས་པ་ཙོ་མ་མཐུན་པར་བྱས་ན། ཞེས་པ་ལྟ་བུའོ། །གས་པ་ཙོ་མ་མཐུན་པར་བྱས་ན། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/4502  + (ཞག་སྡོད་མ་བྱས་པ་ཞེས་པའི་དོན་ཏེ། 《རྡོ་རིང་ཞག་སྡོད་མ་བྱས་པ་ཞེས་པའི་དོན་ཏེ། 《རྡོ་རིང་པཎྜི་ཏའི་རྣམ་ཐར》ལས། མི་རྗེ་དེ་ཉིད་དང་། མདའ་དཔོན་ཐའི་ཇི། ཁོ་བོ་བཅས་ངོ་མ་གསུམ་ཀས་དེའི་ནུབ་མོ་རང་ཡངས་པ་ཅན་ནས་ལྷ་སའི་བར་མཚན་གང་གཅིག་པོ་དེར་ཞག་པོར་མེད་པ་ལམ་རྐྱང་ཕེབས་གཤིས་ལྷ་ལྡན་རྡོ་རིང་དུ་ཉི་ཤར་འབོལ་ལ་འབྱོར་པ་བྱུང་། ཞེས་པ་ལྟ་བུའོ། །ཤར་འབོལ་ལ་འབྱོར་པ་བྱུང་། ཞེས་པ་ལྟ་བུའོ། །)
  • Dictionaries/sngas rgyas chos gzhung tshig mdzod/9035  + (ཞང་གཡུ་བྲག་པ་དར་མ་གཞོན་ནུ་ཡིས་ཕྱག་བཏབ་པའི་དགོན་སྡེ་ཞིག ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/10557  + (ཞང་ཐག་སག་པ་ཡིས་བརྩམས་མཛད། ཁོང་གིས་ཐང་སག་དགོན་པ་ཕྱག་བཏབ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/chos rnam kun btus/10942  + (ཞང་པོས་བྱིན་པའི་དཀོར་ནོར་ནི། 1.རྨུ་ཁྲབ་ཤོཞང་པོས་བྱིན་པའི་དཀོར་ནོར་ནི། </br>1.རྨུ་ཁྲབ་ཤོལ་མོ། </br>2.རྨུ་རྨོག་རླུ་ལུགས། </br>3.རྨུ་མདུང་ཟངས་གཡག </br>4.ཆུ་ཕུབ་གོང་ཁྲད། </br>5.རལ་གྲི་ཤེལ་གྱི་གླང་མཚོ་ཤལ་གྱི་རྨུ་ཚ། </br>6.རྨུ་སྐུས་རིམ་དགུ། </br>7.ཆུ་འབྲང་ཟངས་ཡག་བཅས།</br> ཡུམ་གྱིས་བྱིན་པའི་དཀོར་ནོར་ནི། </br>1.གཉན་གཡུ་འོད་འབར། </br>2.མེ་རང་འབར། </br>3.ཆུ་རང་འཆུ། </br>4.མཆིག་རང་གྲོལ། </br>5.སླང་ང་རང་རྔོད། </br>6.རང་ཐག་རང་བསྐོར། </br>7.སྡེར་རང་འདྲེན་བཅས། ། </br>ཡབ་ཀྱིས་བྱིན་པའི་དཀོར་ནོར་ནི། </br>1.དུང་འཕར་པོ་འཕར་ཆུང། </br>2.དཔལ་གྱི་གཞུ་རང་རྡུང་།</br>3.དཔལ་གྱི་མདའ་རང་འཕེན། </br>4.ཁྲབ་རང་གོན། </br>5.ཕུབ་རང་གོན། </br>6.མདུང་རང་འདེབས། </br>7.ཕྱག་ཚངས་པ་ཡོད་འདྲེན། </br>8.གཡོས་པ་རང་བྱེད། </br>9.དྲི་གཤེན་ལྡུམ་བུ། </br>10.འདར་གཤེན་ནར་ལ་སོགས་པ་བཅས་སོ། །ྡུམ་བུ། 10.འདར་གཤེན་ནར་ལ་སོགས་པ་བཅས་སོ། །)
  • Dictionaries/Brda dkrol gser gyi me long/4508  + (ཞང་བློན་ཞེས་པ་སྟེ། 《ཏུན་ཧོང་གཏེར་ཡིག་གནའ་བོའི་བོད་ཡིག་ཤོག་དྲིལ》ལས། ཞང་ལོན་ཆེན་པོ་དང་། ཁོང་ཏའི་མྱེས་པོ་དང་ཕ་འདི་རྣམས། ཞེས་པ་ལྟ་བུའོ། །)
  • Dictionaries/chos rnam kun btus/11499  + (ཞང་ཞུང་རྒན་པོའི་ངག་རྩིས་ཞེས་པ་ནི། སྔོན་ཚེ་ཞང་ཞུང་རྒན་པོའི་ངག་རྩིས་ཞེས་པ་ནི། སྔོན་ཚེ་ཞང་ཞུང་རྒྱལ་པོའི་མྱོས་ཡུལ་དུ་གཡུང་དྲུང་བོན་གྱི་བསྟན་པ་ཤིན་ཏུ་དར་ཞིང་རྒྱས་པའི་དུས་སུ། ཞང་རྩིས་རྒན་པོ་བེར་ཆུ་ཐོགས་པ་བརྒྱ་ཡི་ནང་དུ་རྒྱུད་ཁུངས་རྟོགས་པའི་མི་བདུན་ཡོད་པར་གསུངས་ཤིང་། དེ་ལས་ཀྱང་ཤེས་རབ་ཆེ་བའི་མི་བཞི་ཡིས་རྒྱ་ཞང་བོད་སོགས་ཀྱི་རྩིས་རིག་རྒྱ་མཚོའི་མཐའ་བཅད་དེ་བཀོད་པའི་དཔེ་རྙིང་ཁུངས་བཙུན་ཞིག་ལས་བྱུང་བར་གསུངས་སོ། ། དེའི་སྡོམ་ཚིག་སོགས་ནི་འདི་ལྟར། དགུན་ཉི་ལྡོག་ནས་ཉི་གཟའ་སོ་ལྔ་བགྲང་། ། བྱ་གཟའ་སོ་བརྒྱུད་སྨལ་ཞག་སོ་བདུན་དང་། ། ནུར་ཞག་གཉིས་དང་དབྱུག་ཞག་བཅོ་ལྔ་དང་། ། སོན་མཇུག་ཞག་ལྔ་ཁུ་བྱུག་སླེབ་ཞག་བཞི། ། དེ་ནས་བཅུ་དྲུག་གནའ་རེའུ་སྔ་ཤོས་སྐྱེ། ། དེ་ནས་བཅོ་ལྔར་ཉི་ཁྱིམ་ཟུག་ཅེས་དྲན། ། དེ་ནས་བཅུ་དྲུག་དབྱར་ཉི་ལྷོ་རུ་ལྡོག ། དེ་ཡི་རྩེ་ཉིན་དབྱར་གྱི་ཆུང་གསུམ་མམ། སྣུལོག་ཞག་ཉེར་གཅིག་སྨལ་ཞག་བཅོ་ལྔ་དང་། ། ནམ་བར་གསུམ་དང་སྲིན་མོའི་གདོང་ཆར་གསུམ། ། ཕག་བདུན་ནམ་གསུམ་ཝ་ཞག་བཅོ་ལྔ་དང་། ། གཞུང་ཞག་ཉེར་གཅིག་དབྱར་ཤུལ་ཞག་པོ་ལྔ། ། ལྷོ་སྒོའི་གནམ་སྐས་ཤྭ་ངུས་སུམ་ཅུ་བདུན། ། མཆེ་ཞག་ཉེར་གཉིས་སྣ་རུའི་འོད་ཞག་བརྒྱད། ། གཉན་གྱི་རུ་འཕྲག་ཞག་ནི་བཅོ་ལྔ་དང་། ། དགུན་ཉི་ཁྱིམ་ཞུགས་ཞག་བདུན་དེ་རྫོགས་མཚམས། ། དགུན་ཉི་ལྷོ་ནས་བྱང་ལྡོག་བྱ་གཟའ་སོགས། ། གོང་ལྟར་བགྲངས་པས་ལོ་གཅིག་ཉིན་ཞག་གྲངས། ། སུམ་བརྒྱ་རེ་ལྔ་ཡོད་པ་དེ་གྲངས་འགྲིག ། ཅེས་པ་དེ་དག་ལས།</br>1.དེ་ནས་ཉི་ལྡོག་རྗེས་མའི་ཞག་དེ་ནས། ། གཟའ་སོ་ལྔ་བགྲང་ངོ་དང་པོ་ནི། ། ཀྱེན་ཚེ་ཞག་བདུན་དེ་ཡི་སྔ་ཞག་བཞི། ། ཁ་བ་འབབ་བམ་ལྷགས་པ་ངད་གྲོང་འབྱུང་། ། ཕྱི་ཞག་གསུམ་ནི་ནམ་བར་ཞེས་སུ་གྲགས། །</br>2.དེ་ནས་ཀྱི་སྨན་ཞག་བདུན་ཕྱི་ཞག་གཉིས། ། ནམ་བར་ཞེས་བརྗོད་གུང་ལེན་ཞག་པོ་བདུན། ། སྔ་ཞག་ལྔ་ལ་ཁ་དུས་ཕྱི་ཞག་གཉིས། ། ནམ་བར་ཟེར་ཏེ་ལོག་ཞག་ཉེར་གཅིག་སོང་། ། དེ་ཉིད་དབྱར་གྱི་ཆུང་གསུམ་དོད་དུ་སྦྱར། ། དེ་ཡི་མིང་འདོགས་རྣམ་གྲངས་འགའ་ཞིག་གིས། ། དྲུག་སུ་གོང་བར་འོག་སྡེ་རེ་རེ་ལ། ། བདུན་བདུན་བགྲངས་པས་ལོག་ཞག་ཉེར་གཅིག་བརྗོད། ། དྲུག་སུའི་དོན་ནི་བྱ་རྒོད་གཤོག་རྩེ་དང་། ། སྤྱང་མོའི་གདོང་རྩེ་འབྲོང་གི་རྭ་རྩེ་དང་། ། ཁྱིམ་བྱའི་ཅོད་པན་འུག་པའི་སྤུ་རུ་དང་། ། མ་ཡི་དྲུག་ལག་དང་དྲུག་བཤད་སྲོལ་སྣང་། །</br>3.དེ་ནས་སུ་ལུ་ཞག་བདུན་དྲུག་ཤེལ་བདུན། ། རྫོགས་ཚེ་ཉི་གཟའ་སོ་ལྔ་ཐིམ་པ་ཡིན། ། ཉི་གཟའ་དེ་རྣམས་གྲང་རེས་དྲོ་རེས་བྱེད། ། དེ་སྐབས་སྲོད་ལ་རྒྱུ་སྐར་ཝ་འཆར་ཡོང་། ། ལ་སྐར་ཀྲོང་ཀྲོང་སྲོད་ལ་ཤར་དུས་སུ། ། རྐྱང་ཆུང་ཀྲོང་ཀྲོང་ང་ཡི་ཆུ་ཆག་ཟེར། །</br>4.དེ་ནས་བྱ་གཟའ་སོ་བརྒྱད་འདྲེན་པའི་ཚུལ། ། ལྷོ་གཤོག་བྱང་གཤོག་བྱ་བར་དག་དང་གསུམ། ། དང་པོ་ལྷོ་གཤོག་ཞག་ནི་བཅུ་གཅིག་ལ། ། དེ་ཡི་དང་པོ་དྲུག་གཤོག་ཞག་གསུམ་ཚེ། ། དྲུག་གཤོག་འཐབ་ཅེས་ཁ་རླུང་འཚུབ་ཉེན་ཡོད། །</br>5.དེ་ནས་གཤོག་ངོས་ཞག་བཞིར་གྲང་བའི་སྒང་། ། དཔུང་ཞག་གཅིག་དང་ཁ་གདོང་ཞིག་པོ་གསུམ། ། ཁ་གདོང་དཀྱིལ་ན་དགུན་གྱི་སྙིང་པོ་ཞེས། ། ཉི་ལྡོག་རྗེས་ནས་ཞག་པོ་ཞེ་ལྔ་སོང་། ། འདི་ཉིད་དྲོ་ཡང་ཁ་བ་ཡོང་ཉེན་ཆེ། ། ལྷོ་གཤོག་འདི་སྐབས་རོང་གི་ཤིང་བལ་ལམ། ། གྲོ་ག་ལ་སོགས་བྱུང་དུ་སླེབ་ཀྱང་སྲིད། ། ལྷོ་བྱང་གཤོག་བར་ཨ་ནུ་ཀུ་ཞེས་པ། ། ཞག་གཅིག་ས་གཏོར་རྡོ་གཏོར་རླུང་ཆེན་ལྡང་། །</br>6.དེ་ནས་བྱང་གཤོག་ཞག་ནི་བཅུ་གཉིས་ལ། ། དང་པོ་མཇིང་རིང་ཞག་གསུམ་མཇིང་ཐུང་གཅིག ། མཇིང་རིང་མཇིང་ཐུང་ཉི་མ་དྲོ་ཞེས་ཟེར། ། མཇིང་ཐུང་དག་ལ་ཁ་བ་བབས་པ་ན། ། བྱ་སྐྱུགས་ཟེར་བས་ཁ་བ་ཆུང་བར་འདོད། །</br>7.དེ་ནས་བྱ་མགོ་ཞག་གསུམ་ཞྭ་མོ་བཞི། ། ཁྲག་འཛག་རྣག་འཛག་ཞེས་པ་ཤིན་ཏུ་གྲང་། ། རྐང་ཕྲན་ཕྱི་ཕྲ་གཅིག་འདི་ཁ་དུས་ཡིན། ། བྱང་གཤོག་འདི་སྐབས་བྱང་གི་སྤུ་བལ་སོགས། ། རླུང་གིས་བསྐྱོད་ནས་ལྷོ་རོང་འབྱོར་ཞེས་སྨྲ། ། གསུམ་པ་བྱ་བར་ཟླ་ཕྱེད་འདྲེན་ལུགས་ཀྱང་། ། བྱེ་རྐང་གཡུ་རྐང་ནམ་བར་ཆུ་བོ་དང་། ། བྱ་ཕྲུག་དང་ལྔ་རེ་རེར་ཞག་གསུམ་རེ། ། བཅོ་ལྔ་དག་ལ་གཡུ་རྐང་ཚུགས་པ་ནས། ། མངའ་རིས་ཕྱོགས་སུ་རྟ་ལ་བྱི་ཆུ་བསྲུང་། ། ནམ་བར་གསུམ་ལ་ཤིན་ཏུ་གྲང་བའི་ངོ་། ། བྱ་ཕྲུག་གསུམ་ལ་ཁ་བ་འབབ་དུས་ཡིན། ། དེ་ཡིས་བྱ་གཟའ་སོ་བརྒྱད་རྫོགས་པ་སྟེ། ། ནམ་བྱ་མ་བུ་གྲོལ་རྟགས་ད་ཀྱི་དུས།[ ] ། རྟ་ཆུང་འཆར་རོ། ། </br>8.དེ་མཚམས་སྨལ་ཞག་གི། ། མགོ་ཟིན་སྨལ་པོའི་སྨད་ཚིགས་ཞག་བརྒྱད་ལ། ། ཕྱི་ཞག་གཉིས་ནི་ནམ་བར་ཞེས་སུ་གྲགས། ། དེ་ལ་གཤེར་བྱུང་སྨལ་ནི་ངེས་པ་ཟེར། ། མ་མོ་རེ་ལ་ལུ་གུ་རེ་ཡོང་བརྗོད། ། འདི་སྐབས་རྨིག་པ་ས་འོག་དག་ནས་ཐོན། ། རྨིག་པའི་ཁོང་སེལ་ཁ་བ་འབབ་ཅེས་ཟེར། ། ཟེར། །</br>9.དེ་ནས་ཚིགས་ངན་ཞག་གཅིག་དེ་ཡི་ཚེ། ། མཐོ་དམའ་མཉམ་པའི་ཞིང་ལ་སྔ་འདེབས་རན། ། འདི་ཡི་སྐབས་སུ་སྨལ་པོའི་རྐེད་པ་ལ། ། ལྷག་སོར་ཟངས་མའི་ཀོ་ལྷན་བརྒྱབ་པས་ན། ། ཁྲག་འཛག་རྣག་འཛག་ཞེས་ཟེར་ཤིན་ཏུ་གྲང་། །</br>10.དེ་ནས་སྟོད་ཚིགས་དྲུག་གི་ཕྱི་ཞག་གཉིས། ། ནམ་བར་བརྗོད་ལ་སྟོད་ཚིགས་ཞག་གཉིས་མཚམས། ། བྱ་ལོང་ལྷོ་ནས་བྱང་བགྲོད་དེ་ཡི་དུས། ། བྱ་ལོང་འོང་སྐྱེས་ཁ་ཆར་འབབ་ངོ་ཡོད། ། སྟོད་ཚིགས་དྲུག་སྐབས་ཉ་མོའི་འགུལ་རླུང་ལྡང་། ། ཉ་མཁར་རྒྱུ་མཚོའི་གཏིང་ནས་འཇིག་པར་བྱེད། ། སྙིང་ཞག་གཅིག་སྐབས་དཔྱིད་ཀྱི་ཉིན་མཚན་མཉམ། ། འོལ་པ་དག་ཀྱང་བོད་དུ་སླེབ་པའི་དུས། ། དཔྱིད་སྟོན་ཉིན་མཚན་མཉམ་པའི་ཉི་མ་དེར། ། དྲོ་ཞིང་རླུང་མེད་མཆིལ་པས་སྐད་འདོན་ན། ། སྔ་ཆུ་ལེགས་ཤིང་ཡུལ་ངད་ངར་བ་ཚ། ། སྤྲིན་ཁུག་སྣ་རིང་ཕོ་རོག་སྐད་སྒྲོག་ཚེ། ། བར་ཆུ་ལེགས་ལ་སྤྲིན་རྒྱ་བར་མེད་འཐིབས། ། ཐལ་རླུང་རླངས་ཆུང་དྲེའུ་སྐད་འདོན་ན། ། དེ་ཚེ་ཕྱི་ཆུ་ལེགས་པའི་མཚན་མར་བཟུང་། ། འདྲེས་མ་བྱུང་ན་ལེགས་ཉེས་ཅི་ཡང་སྲིད། ། གོང་ནས་སྨལ་པོའི་ལག་གཡས་ཞག་བདུན་ལ། ། སྔ་ཞག་གསུམ་ནི་ཕོ་མཆིན་ཕྱི་ཞག་བཞི། ། ནམ་བར་འདོད་ལ་ལག་གཡས་དེ་བདུན་སྐབས། གཤེར་རློན་བྱུང་ཚེ་སླར་ཡང་བདུན་བདུན་མཚམས། ། རླན་གཤེར་འབྱུང་ངོ་གཡུ་ལག་ཞག་བཞིའི་དུས། ། གཡུ་ལག་བོད་ཀྱི་སོ་ནམ་རེམ་དགོས་ཟེར། ། འདི་ཡི་ཟིན་ཉིན་བར་འདེབས་ཚུགས་པ་ཡིན། །</br>11.དེ་ནས་རྐེད་སྟོང་ཞག་བཞི་དབུ་ཞག་གསུམ། ། གྲང་ངར་བྱུང་ན་རལ་དཀྲུགས་ཞག་པོ་གསུམ། ། དེ་ལ་ཁ་ཆར་འབེབས་ངོ་སྨལ་ཞག་རྫོགས། ། སྨལ་ཞག་དེ་རྣམས་གྲང་ན་ལུག་ལ་ངན། ། ཁྱོན་བསྡོམས་དགུན་ཞག་བརྒྱ་དང་བཅུ་ཐམ་རྫོགས། །</br>12.དེ་ནས་ནུར་ཞག་གཉིས་མཐར་ཕྱི་འདེབས་ཚུགས། ། དེ་མཚམས་ཉི་སྐར་དབྱུག་ཟིན་དབྱུག་པའི་ཞག ། བཅོ་ལྔའི་བར་དུ་ཁ་བ་བབས་པ་ན། ། ཕྱུག་པོའི་སྔོ་ཐུད་ཐུལ་ཞེས་དགེ་བའི་འབྲས། ། དེ་སྐབས་དབྱུག་པ་ཉི་མའི་འོད་ཀྱིས་སྒྲིབ། ། དབྱུག་ཞག་ཐིམ་དང་ཕྱི་འདེབས་རྫོགས་དང་མཚུངས། ། </br>13.དེ་ནས་སོན་མཇུག་ཞག་པོ་ལྔ་དང་བཅས། ། འདེབས་ཞག་ལྔ་བཅུ་ཐེམ་མོ་འདི་ཕན་ལ། ། སོ་ནམ་བྱས་ཀྱང་སྨིན་པར་དཀའ་བ་ཡིན། །</br>14.དེ་ནས་ཞག་བཞིར་ཁུ་བྱུག་བོད་དུ་སླེབ། ། དེ་ཉིན་ཁ་ལྷགས་ཆེ་ལ་སྤྲིན་སྣ་ཐུང་། ། སྐྱ་རིགས་འཁོར་བུར་འཆའ་ལ་སྦལ་སྐད་འདོན། ། དེ་ཚེ་སེར་བ་རྒོད་ལ་གནམ་སྤྲིན་མེད། ། ས་ལ་སྦྲུམ་འདར་འུག་སྐད་སྒྲོག་སེར་མེད། ། སྤྱིར་ན་ཁུ་བྱུག་ཁྱོས་མ་ཆར་འབེབ་ངོ་། ། ཡར་མར་ཁུ་བྱུག་སྟོང་གསུམ་དག་ཀྱང་བགྲང་། ། དེ་སྐབས་སྲོད་ལ་ལག་སོར་འཆར་བའི་དུས། ལུག་རིད་རིགས་ཀྱང་དྭངས་ཤིང་ཆུ་བཟང་འགྲོ། ། </br>15.དེ་ནས་བཅུ་དྲུག་རྫོགས་མཐར་གནའ་རེའུ་སྐྱེ། ། དེ་རྗེས་བཅོ་ལྔ་ཉི་ཁྱིམ་ཟུག་ཅེས་སྨྲ། །</br>16.དེ་ནས་ཞག་བཅུར་ཉི་མའི་དུག་ཆར་དང་། ། ལྷག་མ་དྲུག་ནི་ཉི་མ་ལོག་ཆར་བཅས། ། བཅོ་ལྔ་བཅུ་དྲུག་གང་རུང་དབྱོར་ཉི་ནི། ། སྲིད་གསུམ་རྒྱལ་མོའི་ཞལ་ངད་བ་དན་གྱིས། ། ལྷོ་རུ་འཕེན་ཅིང་རྟ་ལྗང་ལྡོག་པར་བྱེད། །</br>17.དེ་ཡི་ཕྱི་ཉིན་ལོག་ཞག་ཉེར་གཅིག་གམ། ། དབྱར་གྱི་ཆུང་གསུམ་ཞེས་གྲགས་དང་པོ་ནི། ། སྒྱེད་པུ་ཞག་བཞི་ནམ་བར་ཞག་པོ་གསུམ། ། སྨིན་དྲུག་བཞི་དང་ནམ་གསུམ་བི་རྫི་བཞི། ། ནམ་བར་གསུམ་སྟེ་ལོག་ཞག་ཉེར་གཅིག་ཐེམ། ། དེ་ཚེ་རྟ་ལ་ཆུ་དཔྱད་བྱས་ན་ལེགས། །</br>18.དེ་ནས་སྨྲལ་ཞག་བཅོ་ལྔ་བགྲང་བའི་སྐབས། ། སྨལ་ཆར་ཞག་བདུན་གསེར་སྲང་ཁྲི་རི་མ། ། ཞེས་གྲགས་དེ་ཚེ་རྒྱལ་གྱི་ཆུ་དམར་རྒྱས། ། རྐྱང་ཕྲུག་སྐྱེ་ཞིང་རྟ་ལ་ཆུ་བཤན་རོན། ། སྨལ་པོ་སྐེམ་ན་ཝ་ལ་གཤེར་ཞེས་གྲགས། །</br>19.དེ་ནས་ནམ་བར་གསུམ་དང་སྲིན་མོ་ཡི། ། ཞག་གསུམ་རིང་ལ་སྲིན་མོའི་གདོང་ཆར་འབེབས། །</br>20.དེ་ནས་གསང་ཕག་ཞག་བདུན་དཀྱིལ་མ་ལ། ། ཕག་སྙིང་ཞེས་གྲགས་མར་སོགས་བཅུད་མཆོག་འགྱུར། ། ཕག་མོའི་ཉན་ཆེར་མཚན་མོར་འབབ་པར་འདོད། ། ཟ་ལེ་འབྲི་ཡི་འོ་མའི་དུས་ཀྱང་ཟེར། ། དེ་ལ་སེར་བ་འབེབ་པའི་ཉེན་ཡང་སྲིད། ། སྨལ་ཞོད་ཕག་སྐེམ་ཞིང་ལ་ལོ་ལེགས་ཤིང་། ། སྨྲལ་ཕག་གཉིས་ཀར་བབས་ནས་རྩྭ་སྤུངས་སྐྱེ། ། དུད་འགྲོ་དག་ལ་རྨིག་སྐྱོན་ཡོང་ཞེས་འཛེར། ། དེ་སྐབས་གྲོག་མ་འབུ་ལ་གཤོག་པ་འཐོག །</br>21.དེ་ནས་ནམ་བར་གསུམ་དང་ཝ་ཟླ་ཕྱེད། ། སྔ་ཞག་ལྔ་ལ་ལ་ཕག་འཛིང་པ་ཟེར། ། ཆར་ཆེར་འབབ་ལ་ལྷག་མ་ཞག་བཅུ་ལ། ། ཝ་ཆར་ཟིམ་བུར་འབབ་ཅིང་འདི་ཡི་སྐབས། ། ཝ་ལྷགས་སེ་བོ་སྐྱ་ནི་ཤ་ར་ར། ། གོས་མེད་རྣམས་ལ་གོས་ཤིག་དགོས་ཟེར་ཞིང་། ། སྟོན་སེར་རླུང་གི་མགོ་བོ་ཚུགས་པ་ཡིན། །</br>22.དེ་ནས་གཞུང་ཞག་ཉེར་གཅིག་དག་ལའང་། ། དང་པོ་བོང་བུ་ཞུག་པོ་དགུ་ཡི་རིང་། ། རླན་ནམ་གཤེར་བྱུང་སྟོན་རྫི་མི་ཡོང་བཤད། ། འདི་སྐབས་བོང་བུའི་འདྲེ་སད་འོང་ངོ་ཡོད། །</br>23.དེ་ནས་ནམ་བར་ཞིག་དང་ཕུག་རོན་ཞག ། དགུ་ཡི་ཚེ་ལ་གཤེར་རམ་རླན་བབས་ན། ། སྟོན་རྫི་ཡོང་ཞེས་སྟོན་ཀ་ཁ་བ་འབབ། ། འདི་སྐོར་ཕུག་རོན་ལྡིང་སད་འབྱུང་ཞེས་བཤད། ། པུ་ཤུད་ལྷོ་ནས་བྱང་ཐོན་གཞུང་ཞག་ཐིམ། །</br>24.དེ་ནས་བཟུང་སྟེ་རྟ་ལ་སྟོན་རྩྭ་བསྲུང་། ། དེ་རྗེས་དབྱར་ཤུལ་ཞག་པོ་བཞིའམ་ལྔ།་། སྐབས་བསྟུན་དཔྱད་ལ་དེ་སྐོར་ཉིན་མོ་འགྱུར། ། མཚན་མོ་མི་འགྱུར་བ་ཡི་དུས་ཞེས་གྲགས། །</br>25.དེ་མཚམས་སྟོན་གྱི་ཉིན་མཚན་མཉམ་ཞིབ་ལྟོས། ། དེ་ཡི་དང་པོར་བྱ་ལོང་ལྷོ་རུ་བགྲོད། ། བྱ་ལོང་སོང་ཤུལ་གཤེར་རླན་འབྱུང་དོགས་ཡོད། ། ཉིན་མཚན་མཉམ་པའི་བརྟག་པ་དཔྱིད་ལྟར་དྲན། ། འདི་ནས་ལྷོ་སྤྲིན་སྨུག་པོ་མཁའ་རུ་དྭངས། ། ས་གཞིའི་དྲོད་ནི་གཏིང་ནས་འཆོར་ཞེས་བརྗོད། །</br>26.དེ་ནས་ཤྭ་ངུ་ཞག་ནི་སོ་བདུན་ནམ། ། འགའ་ཞིག་སྟོན་གྱི་ལྷོ་སྒོའི་གནམ་སྐས་བརྗོད། ། དང་པོ་ཁྲ་སྐོར་ཞག་བཞི་བགྲང་བའི་སྐབས། ། ཐོ་རེངས་རྒྱུ་སྐར་ཁྲ་དབོ་འཆར་བ་མངོན། ། ཤཱ་ངུ་སྙིང་པོ་དག་ལ་ཞག་པོ་བརྒྱད། ། དེ་ལ་ཤུ་པོའི་རྭ་སད་འབྱུང་ངོ་ཟེར། ། འདི་ཕན་ལོ་ཏོག་བཞག་ཀྱང་སྨིན་མི་འགྱུར། ། བཙས་མ་ལ་འབད། །</br>27.དེ་ནས་བྱ་མ་ལ། ། ཞག་ནི་བཅོ་ལྔ་དེ་ཚེ་ཁ་ཆར་བབས། ། ཡར་ཀྱེན་ཁ་བའི་སྒོ་ལྕགས་ཞེས་གྲགས་པས། ། དགུན་ཉི་ལྡོག་བར་ཁ་བ་མི་ཡོང་བཤད། །</br>28.དེ་ནས་བྱ་ཕྲུག་དག་ལ་ཞག་བཅུ་སྟེ། ། ཁ་བ་བབས་ན་སྟོན་བྱ་སྐྱུགས་པའམ། ། མར་རྐྱེན་ཁ་བའི་ལྡེ་མིག་ཀྱང་ཟེར་བས། ། དགུན་ཉི་ལྡོག་བར་དུས་མིན་ཁ་ཆར་འབྱུང་། ། དེ་མཐར་ལྷོ་སྒོའི་གནམ་སྐས་ཤུ་ཞག་ཐེམ། །</br>29.དེ་ནས་མཆེ་ཞག་ཉེར་གཅིག་བརྩི་བ་ལ། ། དང་པོ་དམུ་ཡི་མཆེ་བ་ཞག་པོ་བདུན། ། དེ་ནས་བདུད་ཀྱི་མཆེ་བ་ཞག་བདུན་དང་། ། བཙན་གྱི་མཆེ་བ་ཞག་བདུན་མ་མོ་ཡི། ། མཆེ་ཞག་གཅིག་སྟེ་བྱ་ལས་རྔམ་ཆེན་འཛེམ། །</br>30.དེ་ནས་ཞག་བརྒྱད་བར་དུ་ཐོ་རེངས་དུས། ། སྐར་མ་སྣ་རུ་ཞེས་པ་བྱང་ནས་འཆར། ། དེ་ཡི་འོད་ལ་ཤིན་ཏུ་བཀའ་གཉན་ཟེར། །</br>31.དེ་ནས་གཉན་བར་ཞག་ནི་བཅོ་ལྔ་ལ། ། གཉན་གྱི་རུ་འཕྲག་ཞེས་པ་ཤིན་ཏུ་གཉོན། ། དེ་ཡང་སྲོད་ལ་སྨལ་པོའི་གཞུ་གཉན་ཅིང་། ། ནམ་ཕྱེད་རྟ་ཕོའི་དབལ་གཉན་ཐོ་རེངས་སུ། ། ལག་སོར་རྩེ་གཉན་ཞེས་གྲགས་བཤད་སྲོལ་གཅིག ། སྨལ་པོ་ལག་རིང་ལག་གིས་མདའ་གཞུ་རྡེག ། ཟངས་མཆུ་དམར་པོ་ཤ་དང་ཁྲག་ལ་རྔམ། ། མ་མོ་ཐང་ཆེན་ས་ལ་ཡུལ་ཞེས་ཟེར། ། དེ་ཚེ་བག་མ་གཏོང་ལེན་མི་རུང་ཞིང་། ། བུ་ཚ་གང་སྐྱེས་ཅུང་ཟད་ངན་པའི་ལྟས། ། འགྲོགས་པའི་གྲོགས་ནི་སོ་སོར་དབྱེ་བ་ཡིན། ། ཕྱི་ནང་གང་ཡང་ལ་ཆའི་དུད་པ་འཛེམ། ། སྦྲ་མི་ཚེམ་ཞིང་རིམ་གྲོ་འགྱུར་ཆེ་འོ། །</br>32.དེ་མཚམས་དགུན་གྱི་ཉི་མ་ཁྱིམ་དུ་ཞུགས། ། དེ་ཚེ་ཁ་བ་བྱུང་ན་དགུན་གྱི་དུས། ། ཁ་བ་ཆུང་ཞེས་བརྗོད་ལ་དེ་ནས་ཞག ། བརྒྱད་ཀྱི་ཐོག་ནས་དགུན་ཉི་ལྡོག་པར་བྱེད། ། ས་བདག་སྐྱེས་སོགས་རིམ་བཞིན་བྱེད་པར་འགྱུར། ། དེ་ཉིན་ཁ་བ་བབས་ན་དགུན་གྱི་རིང་། ། གཟའ་མིག་དེ་ལ་ཁ་བ་འབབ་ཅེས་གླེང་། ། དེ་དག་ཞང་ཞུང་རྒན་རྩིས་ཞེས་སུ་འདོད། ། ཅེས་འབྱུང་བ་ལྟར། ། རྩིས་ལུགས་འདི་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན། འདིའི་ལུགས་ལ་ལོ་གཅིག་ཧྲིལ་པོར་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔ་ཡོད་པར་ངོས་འཛིན་བྱས་ཡོད་པ་མ་ཟད། ལྡོག་གཉིས་མཉམ་གཉིས་ཀྱང་གསལ་པོར་ངོས་ འཛིན་བྱས་ཡོད་པ་མ་ཟད། ལྡོག་གཉིས་མཉམ་གཉིས་ཀྱང་གསལ་པོར་ངོས་འཛིན་བྱས་ཡོད། འོན་ཀྱང་ཟླ་བ་བཅུ་གཉིས་ཀྱི་ཐ་སྙད་ཡེ་མ་སྦྱར་བར་སྣ་ཚོགས་ཞག་གི་ཐ་སྙད་ལོ་གཅིག་ཁོར་མོ་ཡུག་ཏུ་རྫོགས་པར་སྦྱར་ཡོད། ཞག་པོ་དེ་རྣམས་ཀྱི་སྐབས་སོ་སོར་ཡང་ཕྱི་རང་བྱུང་ཁམས་སུ་འགྱུར་བ་སྣ་ཚོགས་འབྱུང་གི་ཡོད་པར་བརྟེན། དེ་དག་གི་མིང་ཡང་དེ་དང་མཐུན་པའི་ཆ་ནས་སྣ་ཚོགས་སུ་བཏགས་ཡོད་པ་ཀུན་ཀྱང་སྣོད་བཅུད་ཀྱི་དེ་དང་མཐུན་པའི་ཆ་ནས་སྣ་ཚོགས་སུ་བཏགས་ཡོད་པ་ཀུན་ཀྱང་སྣོད་བཅུད་ཀྱི་ཁམས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་ནོ། ། ཞུག་དེ་དག་འདྲེན་ལུགས་མདོར་བསྡུས་ན་འདི་ལྟར། དགུན་ཉི་ལྡོག་ནས་ཉི་གཟའ་སོ་ལྔ། དེ་རྗེས་བྱ་གཟའ་སོ་བརྒྱད། དེ་རྗེས་སྨྲལ་ཞག་སོ་བདུན། དེ་རྗེས་ནུར་ཞག་གཉིས། དེ་རྗེས་དབྱུག་ཞག་བཅོ་ལྔ། དེ་རྗེས་སོན་མཇུག་ཞག་ལྔ། དེ་རྗེས་ཁུ་བྱུག་སླེབ་་ཞག་བཞི། དེ་རྗེས་གནའ་རེའུ་སྐྱེ་ཞག་བཅུ་དྲུག དེ་རྗེས་ཉི་ཁྱིམ་ཟུག་ཞག་བཅོ་ལྔ། དེ་རྗེས་དབྱར་ཉི་ལྷོ་རུ་ལྡོག་ཞག་བཅུ་དྲུག དེ་རྗེས་ལོག་ཞག་ཉེར་གཅིག དེ་རྗེས་སྨྲལ་ཞག་བཅོ་ལྔ། དེ་རྗེས་ནམ་བར་ཞག་གསུམ། དེ་རྗེས་སྲིན་མོའི་གདོང་ཆར་ཞག་གསུམ། དེ་རྗེས་གསང་ཕག་ཞག་བདུན། དེ་རྗེས་ནམ་བར་ཞག་གསུམ། དེ་རྗེས་ཝ་ཞག་བཅོ་ལྔ། དེ་རྗེས་གཞུང་ཞག་ཉེར་གཅིག དེ་རྗེས་དབྱར་ཤུལ་ཞག་ལྔ། དེ་རྗེས་ཤུ་ངུ་ཞག་སོ་བདུན་དེ་རྗེས་མཆེ་ཞག་ཉེར་གཉིས། དེ་རྗེས་སྣ་རུའི་འོད་ཞག་བརྒྱད། དེ་རྗེས་གཉན་བར་ཞག་བཅོ་ལྔ། དེ་རྗེས་དགུན་ཉི་ཁྱིམ་ཞུགས་ཞག་བདུན་བཅས་ཞག་པོ་སུམ་བརྒྱ་དྲུག་ཅུ་རེ་ལྔའོ། །བདུན་བཅས་ཞག་པོ་སུམ་བརྒྱ་དྲུག་ཅུ་རེ་ལྔའོ། །)
  • Dictionaries/sngas rgyas chos gzhung tshig mdzod/1829  + (ཞང་ཞུང་སྐད་དུ་སྒོ་རུམ་ནི་སྒུལ་དུ་མི་རུང་བའི་དོན་ཏེ། ས་སྐྱ་དགོན་པའི་མཚན་གཞན་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/9384  + (ཞང་འགྲོ་བའི་མགོན་པོ་གཡུ་བྲག་པ་བརྩོན་འགྲུས་གྲགས་པ།༼ ལ་ལྟོས༽ ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/4453  + (ཞང་སྟོན་སྔགས་སེ་དང་། ཁྱུང་པོ་རྟ་ཆུང་གྲགས་སེ་རྣམ་གཉིས་ལ་ཞུ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/Le shing gur khang/605  + (ཞན་པ།)
  • Dictionaries/Le shing gur khang/730  + (ཞན་པ།)
  • Dictionaries/Brda dkrol gser gyi me long/6156  + (ཞན་པའི་མིང་སྟེ། 《དག་ཡིག་ཤེས་བྱ་རབ་གསལ》ལས། རྨྱེ་བ་ཞན་པའོ། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/1264  + (ཞབས་ཀྱིས་བཅགས་པའམ་ཕེབས་པའི་དོན་ཏེ།《བཀའ་ཆེམས་ཀ་ཁོལ་མ》ལས། རྗེ་གཉའ་ཁྲི་བཙན་པོ་དེ་ཡར་ལུང་བཙན་ཐང་སྒོ་བཞིར་ཆགས་ཕེབས་ནས་ཕོ་བྲང་བཏབ། ཅེས་པ་ལྟ་བུའོ།།)
  • Dictionaries/bod rgya nang don rig pai tshig mdzod/804  + (ཞབས་གཅིག་བརྐྱངས་གཅིག་བསྐུམས་ཀྱི་བཞུགས་སྟངས།)
  • Dictionaries/bod rgya nang don rig pai tshig mdzod/1574  + (ཞབས་གཡས་བརྐྱངས་གཡོན་བསྐུམས་ཀྱི་འདུག་ཚུལ།)
  • Dictionaries/bod rgya nang don rig pai tshig mdzod/6513  + (ཞབས་གཡས་བསྐུམས་གཡོན་བསྐྱངས་ཀྱི་བཞུགས་ཚུལ།)
  • Dictionaries/bod rgya nang don rig pai tshig mdzod/513  + (ཞབས་གཡས་བསྐུམས་ཤིང་། གཡོན་ཅུང་ཟད་བརྐྱངས་པ་སྟེ་སེམས་དཔའི་སྐྱིལ་ཀྲུང་ཡང་ཟེར།)
  • Dictionaries/Brda dkrol gser gyi me long/7314  + (ཞབས་ཕྱི་ནང་མའམ་གསོལ་དཔོན་གྱི་མིང་སྟེ།《ལྷ་སའི་གཙུག་ལག་ཁང་མདུན་གྱི་ཁྲང་ཆིང་མཐུན་འབྲེལ་རྡོ་རིང་གི་ཡི་གེ》ལས། ཕྱི་བློན་བཀའ་ལ་གཏོགས་པ་ཅོག་རོ་བློན་བཙན་བཞེར་ལྷོ་གོང་། སྣམ་ཕྱི་པ་མཆིམས་ཞང་བརྟན་བཞེར་སྟག་ཙབ། ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1265  + (ཞབས་ཕྱིའི་མིང་སྟེ།《ཇོ་བོ་རྗེའི་རྣམ་ཐར》ལས། ཡབ་སྲས་གཉིས་ལ་རྟ་པ་བརྒྱའི་ཚོགས་དང་བཅས་ཤིང་ཇོ་བོའི་ཆགས་ཕྱི་ལ་མཆིས་སོ།། ཞེས་པ་ལྟ་བུའོ།།)
  • Dictionaries/sngas rgyas chos gzhung tshig mdzod/691  + (ཞབས་བརྟན་དང་། རིམ་གྲོ། སྐུ་རིམ་ཟེར་བའི་མིང་གི་རྣམ་གྲངས་ཡིན།)
  • Dictionaries/bod rgya nang don rig pai tshig mdzod/7621  + (ཞབས་བརྟན།)
  • Dictionaries/bod rgya nang don rig pai tshig mdzod/7629  + (ཞབས་མཐིལ་ནས་ཆུ་ཚགས་ཐུབ་པའི་བུམ་པ།)
  • Dictionaries/Brda dkrol gser gyi me long/4512  + (ཞབས་འཁུམས་པའམ་རིད་པའི་དོན་ཏེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། ཞབས་རྙོབས་པ་ཞེས་བྱ་བ་ནི། ། ཞབས་ཁུམ་པའམ་རིད་པའི་དོན། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Le shing gur khang/653  + (ཞབས་འབྲིང་།)
  • Dictionaries/Le shing gur khang/654  + (ཞབས་འབྲིང་།)
  • Dictionaries/Brda dkrol gser gyi me long/4514  + (ཞབས་འབྲིང་ངམ་གཡོག་པོའི་མིང་སྟེ། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ཞམ་འབྲིང་ནི་ཞབས་འབྲིང་སྟེ་གཡོག་པོ། ཞེས་གསུངས། དཔེར་ན། 《རྒྱུད་བླ་མའི་འགྲེལ་པ》ལས། ཞམ་འབྲིང་ཚིགས་སུ་བཅད་པས་བསྟོད་དེ། ཞམ་འབྲིང་དུ་འབྲངས་པས། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/4492  + (ཞབས་འབྲིང་ནང་མ་ཞེས་པ་སྟེ། 《ཏུན་ཧོང་གཏེར་ཡིག་བཙན་པོ་རིམ་བྱུང་གི་ལོ་རྒྱུས》ལས། འུང་གི་རྗེས་ལ། མྱང་སྨོན་ཏོ་རེ་གློ་བ་ཉེ་བའི་བུ། ཞང་སྣང་བཙན་པོའི་ཞ་འབྲིང་སྣང་མ་པ་འཚལ་ཞིང་མཆིས་སོ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/7310  + (ཞབས་འབྲིང་ནང་མའི་མིང་སྟེ།《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》ལས། འུང་ནས་ཞང་སྣང་པེ་འུ་ཟུར་འབྲིང་པོ་བཅས་པ་ཙམ་ཞིག་སྣང་མ་ལྟོམ་ཞིག་མཆིས་པ་ལ། ཞེས་པ་ལྟ་བུའོ།།)