Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "Tibetan-Definition" with value "འབྱུང་རྩིས་སྐབས་ཀྱི་ལི་དང༌། ཁོན། དྭ། ཁེན། ཁམ། གིན། ཙིན། ཟོན་ཏེ་བརྒྱད།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/Brda dkrol gser gyi me long/3414  + ((3)སྐབས་འགར་འཕེན་པ་དང་བསྒྱུར་བའི་དོན་སོགས་ལ་འཇུག་སྟེ། 《བརྡ་སྦྱོར་རིན་ཆེན་གཏེར་ཁྱིམ》ལས། བིང་ནི་ལྷ་མིན་གྱི་དམག་སྐུང་བའི་གནས་དང་ཙན་དལ་བིང་ཟོར་ཞེས་པའི་སྐབས་སུ་ལག་ཆ་ལའང་འཇུག་ཅིང་སྐབས་འགར་འཕེན་པ་དང་བསྒྱུར་བ་ལའང་ཟེར། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/1579  + ((4)མཐའ་ཙམ་གྱི་བར་སོགས་ཀྱི་དོན་ལ་འཇུག་སྟེ།《(4)མཐའ་ཙམ་གྱི་བར་སོགས་ཀྱི་དོན་ལ་འཇུག་སྟེ།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ཐ་གི་ནི་ཅུང་ཟད་ཅུང་ཞིག་གམ་སྙིང་པོ་དང་ཞི་བ་ལ་འཇུག ཅེས་དང་། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། ཐ་གི་ནི་ཞི་བ་ཞེས་བརྡ་རྙིང་དུ་བྱུང་ཡང་སྐབས་འགར་མཐའ་ཙམ་གྱི་བར་རམ་ཅུང་ཟད་ཅེས་པ་ལའང་འཇུག་པར་མངོན། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། དེ་འདྲ་གཅིག་བཟང་མོ་ལ་བྱིན་ནས་ཐ་གི་ཙམ་གྱི་བར་དུ་ལྷན་ཅིག་སོང་སྟེ་བཟང་མོ་ཇི་ལྟར་འདོད་པར། ཞེས་པ་ལྟ་བུ་དང་། 《ཏུན་ཧོང་གཏེར་ཡིག་གནའ་བོའི་བོད་ཡིག་ཤོག་དྲིལ》ལས། བུད་མྱེད་སྨན་བཞིན་གཆིག(གཅིག)ས་གཞི་ཐ་གི་ཙམ་གྱི་སྟེང་དུ་བཞག ཅེས་པ་ལྟ་བུའོ།།ཞི་ཐ་གི་ཙམ་གྱི་སྟེང་དུ་བཞག ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/6070  + ((4)རུས་མིང་ཞིག་སྟེ། 《ངག་སྒྲོན་གྱི་འགྲེལ་པ》ལས། རྨ་ལྷན་སྐྱེས་དང་གསར་བྱུང་གི་རྨ་དང་བུ་ག་དང་སྐྱོན་དང་རུས་ཤིག ཅེས་གསུངས། དཔེར་ན། དེ་ཉིད་ལས། ཁྲི་སྲོང་ལྡེ་བཙན་སྐབས་སད་མི་བདུན་གྱི་ནང་གསེས་གཞོན་གསུམ་གྱི་གྲས་རྨ་རིན་ཆེན་མཆོག ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/5404  + ((4)སྐབས་ཐོབ་ཀྱིས་སྒོའི་ཡར་ཐེམ་ལའང་འཇུག་པར་(4)སྐབས་ཐོབ་ཀྱིས་སྒོའི་ཡར་ཐེམ་ལའང་འཇུག་པར་སྣང་སྟེ། 《བཀའ་ཆེམས་ཀ་ཁོལ་མ》ལས། ཕོ་བྲང་གི་ཡ་ལད་ལ་བཙན་པོའི་ལྷམ་བཏགས་ཏེ། དེའི་འོག་ན་ཕར་འཁོར་དང་བཅས་པ་འཛུལ་ནས། ངའི་རྒྱལ་ཁམས་འདི་བཙན་པོ་ཁྱོད་ཀྱི་ཞབས་འོག་ཏུ་འཛུལ་བས། ཁྱོད་ཀྱིས་ཆབ་སྲིད་བྱེད་དེ། བཅའ་དང་སྐྱེས་ལོ་ཐང་དུ་འཇལ་ལོ། ། ཞེས་པ་ལྟ་བུའོ། །སྐྱེས་ལོ་ཐང་དུ་འཇལ་ལོ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3343  + ((4)སྙིང་པོའི་དོན་ལའང་འཇུག་སྟེ།《བརྡ་གསར་རྙིང་གི་ཁྱད་པར་ལས་བྱུང་བའི་མིང་གི་རྣམས་གྲངས》ལས། བསྟི་གནས་ནི་འབྱུང་ཁུངས་ཀྱི་མཐིལ་ལམ་ཁྱིམ་མམ་སྙིང་པོ། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/3759  + ((5)ཆགས་པས་ཡིད་གདུངས་ཏེ་རྨོངས་པ་ལ་འཇུག་སྟེ།(5)ཆགས་པས་ཡིད་གདུངས་ཏེ་རྨོངས་པ་ལ་འཇུག་སྟེ། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། བློང་བློང་ནི་ཡི་མུག་གམ་རིག་པ་མི་གསལ་བ་སྟེ་སྐབས་འགར་ཆགས་པས་ཡིད་གདུངས་ཏེ་རྨོངས་པ་ལའང་འཇུག་གོ། ། ཞེས་གསུངས། དཔེར་ན། 《མི་དབང་རྟོགས་བརྗོད》ལས། དགེ་བའི་བཤེས་གཉེན་རྒྱལ་བའི་འབྱུང་གནས་ཐུགས་ཡིད་བློང་བློང་པོར་གྱུར་ཏེ་གསོལ་བ། ཇོ་བོ་ཆེན་པོ་གཟུགས་ཤིག གང་ཁྱོད་དགྱེས་པ་སྐྱེད་པར་བྱེད་པའི་གནས་སྙེའི་ན་མོ་ཆེ་དབྱར་གྱི་དུས་ཡུལ་གཞན་ན་ཚ་གདུང་གི་རེག་བྱས་ཉེན་པའི་ཚེ་དེ་ན་བསིལ་བས་ཆུ་བོ་ལ་ཆབ་རོམ་འབྱུང་ཞིང་། དགུན་གྱི་དུས་གྲང་རེག་བཟོད་པར་དཀའ་བའི་ཚེ་དེ་ན་དྲོ་བའི་མེ་ཏོག་གི་འདབ་བརྒྱ་བཞད་པར་བྱེད་པ་བདག་གིས་སྟ་གོན་བྱས་ཟིན་ཡོད་ཀྱི་དེར་གཤེགས་ཤིག ཅེས་པ་ལྟ་བུའོ། །ན་ཡོད་ཀྱི་དེར་གཤེགས་ཤིག ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/1422  + ((5)ཐ་སྙད་དམ་ཐོག་མ་སོགས་ལ་འཇུག་སྟེ།《བརྡ་ཡིག(5)ཐ་སྙད་དམ་ཐོག་མ་སོགས་ལ་འཇུག་སྟེ།《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། ཇེ་ནི་དེ་འམ་དང་པོ་དང་།། དབྱངས་དང་རེ་ཞིག་རྣམས་ལ་འཇུག། ཅེས་དང་། 《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། ཇེ་ནི་ཐ་སྙད་དམ་ཐོག་མ། བརྡ་རྙིང་ལས་ཇེ་ནི་དང་པོའམ་རེ་ཞིག་ཅེས་འབྱུང་ངོ་།། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་གཞི》ལས། ཉེ་རྒྱལ་གྱིས་པང་ནས་སྐྱེས་ལ་སྨྲས་པ། པང་ནས་སྐྱེས་ཅི་ཇེ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱའམ། འོན་ཏེ་གང་ལས་ཆོས་ཐོས་པ་དེ་ལ་བྱ། དེས་སྨྲས་པ། ཇེ་གང་ལས་ཆོས་ཐོས་པ་དེ་ལ་བྱའོ།། ཞེས་པ་ལྟ་བུ་དང་། 《འདུལ་བའི་མདོ་རྒྱ་ཆེར་འགྲེལ》ལས། ཁྲིའི་རྐང་པ་འཆོས་པའི་ལྟུང་བྱེད་སྨྲ་བར་འདོད་ནས་ཇེ་འདི་བརྗོད་པར་བྱ་སྟེ། ཞེས་པ་ལྟ་བུའོ།།ནས་ཇེ་འདི་བརྗོད་པར་བྱ་སྟེ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/2896  + ((5)ཐུབ་པ་སོགས་དུ་མར་འཇུག་སྟེ།《དཔེ་ཆོས་རིན་(5)ཐུབ་པ་སོགས་དུ་མར་འཇུག་སྟེ།《དཔེ་ཆོས་རིན་ཆེན་སྤུངས་པའི་བརྡ་དཀྲོལ》ལས། སྤྱིར་བཏུབ་པ་ནི་ཆོག་པ་དང་། ནུས་པ་དང་། འགྲོ་བ་སོགས་མང་པོར་འཇུག་པས་སྐབས་ཐོབ་ལ་སྦྱར་ནས་ཤེས་དགོས་སོ།། ཞེས་དང་། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། བཏུབ་ཅེས་པ་ནི་རུང་བའི་དོན། ཞེས་གསུངས། འགྲོ་བ་ལ་འཇུག་པ་ནི། དཔེར་ན།《དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ》ལས། ནུབ་མོ་ཤ་བས་ཞིང་རྣམས་ཟོས་པས་ནན་ཏར་འགྲངས་ནས་འགྲོ་མ་ཤེས་པར་ཉལ་ནས་འདུག་པ་ལ་བཙུན་པ་དེས་གོས་ཀྱི་ཐུ་བ་བརྒྱབ་པས་ཀྱང་འགྲོར་མ་ཉན་པས། ཁོ་ན་རེ། ཡུལ་བས་ཀྱི་ཤ་བ། སྐུ་སྤྱོད་འདི་དང་མ་བྲལ་ན། སྐུ་ཚེ་རིང་ལ་མ་རེ་ཅིག་བཙུན་པ་ང་ནི་བཏུབ་ཀྱི་ཟེར་ནས་སོང་ལོ། ཞེས་པ་ལྟ་བུའོ།། ཐུབ་པ་ལ་འཇུག་པ་ནི། དཔེར་ན། 《བེའུ་བུམ་སྔོན་པོའི་འགྲེལ་པ》ལས། པུ་གུར་སྡོད་ན། འདིས་དགེ་བཤིས་བཏུབ་པ་ཡིན། ཞེས་པ་ལྟ་བུའོ།། འདིས་དགེ་བཤིས་བཏུབ་པ་ཡིན། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/4908  + ((7)ཕན་པ་སོགས་ལ་འཇུག་སྟེ།《ལམ་རིམ་ཆེན་མོའི་བ(7)ཕན་པ་སོགས་ལ་འཇུག་སྟེ།《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། སྤྱིར་འཇེབས་པ་ནི། སྙན་པ་དང་། ལེགས་པ་དང་། འགྲོགས་པ་དང་། ཡིད་དུ་འིང་བ་དང་། ཤིན་ཏུ་དང་། བརྟན་པ་སོགས་སྐབས་ཐོབ་ཀྱིས་མང་པོ་ལ་འཇུག་ཅིང་། རླུང་དམར་འདེབས་པ་ཞེས་པའི་འཇེབས་པ་ནི་ཤིན་ཏུ་འམ་དྲག་པོའི་དོན། ཞེས་དང་། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། འཇེབས་པ་ནི་འགྲོགས་པའམ་ལེགས་པ་དང་སྙན་པ་དང་ཕན་པ་སོགས་སོ།། ཞེས་བྱུང་བ་ལྟར་རོ།།ྙན་པ་དང་ཕན་པ་སོགས་སོ།། ཞེས་བྱུང་བ་ལྟར་རོ།།)
  • Dictionaries/sngas rgyas chos gzhung tshig mdzod/4610  + ((མངོན་)གྲུབ་པ་ཐོབ་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་མཚན་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/3655  + ((མངོན་)པདྨ་འབྱུང་གནས་ཀྱི་མཚན་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/4917  + ((མངོན་)པདྨ་འབྱུང་གནས་ཀྱི་མཚན་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/4549  + ((རྒྱ་)ཅིག་ཆར་པ། ཁྲི་སྲོང་ལྡེ་བཙན་སྐབས་ཧྭ་ཤང་མ་ཧཱ་ཡ་ནས་རྒྱ་ནག་ནས་བོད་དུ་སྤེལ་བའི་སངས་རྒྱས་པའི་གྲུབ་མཐའ་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/12127  + ((རྒྱ་)ཇིན་རྒྱལ་རབས་དུས་བྱུང་བའི་ཧྭ་ཤང་ཧྥ་ཤ(རྒྱ་)ཇིན་རྒྱལ་རབས་དུས་བྱུང་བའི་ཧྭ་ཤང་ཧྥ་ཤེན་བྱ་བ་དང་། དྷུའུ་མིན་བྱ་བ་བཤད་པ་ལ་མཁས་པ་གཉིས་ཀྱིས་ཤེའུ་དང་ཏེའུ་གཉིས་ཀྱི་གཞུང་གི་དོན་སངས་རྒྱས་ཀྱི་ཆོས་ལུགས་དང་མཐུན་པར་བཀྲལ་བའི་ལོ་རྒྱུས་སྣང་ཞིང་། ཕྱིས་ཀྱི་རྒྱ་ནག་ཆོས་འབྱུང་དང་། ཤེའུ་སྟོན་ཁུང་ཙིའི་གཞུང་གིས་ཕྱི་ལྟར་སྲིད་བསྲུང་ལ་ནང་ལྟར་འཕགས་སམ་ལ་འཛེགས་པའི་རིམ་པ་བསྟན་པས་སངས་རྒྱས་ཀྱི་གསུངས་དང་མི་འགལ་ཞེས་བྲིས་འདུག་གོ། ཚིག་འདི་གསར་དུ་བཅོས་པ་ཡིན།ས་བྲིས་འདུག་གོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/11161  + ((ལེགས་)ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་བོད་དུ་གདན་དྲངས་པའི་རྒྱ་གར་གྱི་སློབ་དཔོན་ཞིག ཁོང་ནི་བོད་དུ་གསང་སྔགས་ཀྱི་ཆོས་སྤེལ་མཁན་དང་བསམ་ཡས་རབ་གནས་མཛད་མཁན་ཡིན་ཟེར། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/11316  + ((ལེགས་)དཔལ་ལྡན་སེང་གེ་སྟེ། རྒྱ་གར་གྱི་སློབ་དཔོན་ཞིག་ཡིན་པ་དེས་ཁྲི་སྲོང་ལྡེ་བཙན་གྱི་སྐབས་བོད་ལ་རྫོགས་པ་ཆེན་པོའི་སྙིང་ཐིག་ཐོག་མར་སྤེལ་ལོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/7493  + ((ལེགས་)དྲི་མེད་བཤེས་གཉེན་ཏེ། ཆོས་རྒྱལ་ཁྲི་(ལེགས་)དྲི་མེད་བཤེས་གཉེན་ཏེ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དུས་སུ་བོད་དུ་གདན་འདྲེས་ཞུས་པའི་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ཡ་གྱལ་ཞིག རབ་ཏུ་བྱུང་པའི་ཆ་བྱད་དུ་མེད་པར་རྣལ་འབྱོར་པའི་ཆ་བྱད་དུ་ཡོད་པས། རྒྱལ་བློན་རྣམས་ཕྱི་པ་དང་ནང་པ་གང་ཡིན་ཐེ་ཚོམ་ཟ་བའོ། གསུང་རྩོམ་ལ། སྐྱབས་འགྲོ་ཡན་ལག་དྲུག ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་བ་བཅས་སོ། ཚིག་འདི་གསར་དུ་བཅོས་པ་ཡིན།འགྲེལ་བ་བཅས་སོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/65  + ((ལེགས་)བྱི་མོ་ཞབས་སྟེ། གྲུབ་ཆེན་བརྒྱད་ཅུ་ནང་ཚན་གཅིག་ཡིན། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/8120  + ((ལེགས་)འབྱུང་པོ་སྟེ། གནོད་བྱེད་གཟུགས་མེད་གདོན་བགེགས་ཞིག་ལ་ཟེར། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/8437  + ((ལེགས་)ཡིད་འཛིན་མ་སྟེ། སློབ་དཔོན་པདྨ་འབྱུང་གནས་ཀྱི་གསང་ཡུམ་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/55  + ((ལེགས་)རྒྱ་གར་ཆུ་བོ་གངྒཱའི་འགྲམ་དུ་ཡོད་པའི(ལེགས་)རྒྱ་གར་ཆུ་བོ་གངྒཱའི་འགྲམ་དུ་ཡོད་པའི་གནས་ཞིག་སྟེ། དེ་གར་རྣམ་འདྲེན་བཞི་ཀའི་བཞུགས་ཁྲིའི་རྨང་རྡོ་དང་། དེ་བཞིན་གཤེགས་པའི་སྐྲ་སེན། ཚེམས་རིང་བསྲེལ་བཞུགས་པའི་མཆོད་རྟེན། དགོན་སྡེ་མང་ལྷག་ཡོད་ཅེས་མི་བཟང་མགོན་པོ་སྐྱབས་ཀྱིས་བརྩམས་པའི་རྒྱ་ནག་ཆོས་འབྱུང་དུ་བཤད་དོ།། ཚིག་འདི་གསར་དུ་བཅོས་པ་ཡིན།ྱུང་དུ་བཤད་དོ།། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/7498  + ((ལེགས་)རྣམ་དག་སེང་གེ་སྟེ། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོད་དུ་བྱོན་པའི་རྒྱ་གར་གྱི་སློབ་དཔོན་ཞིག)
  • Dictionaries/sngas rgyas chos gzhung tshig mdzod/66  + ((ལེགས་)རྣམ་སྲས་རྟ་བདག་བརྒྱད་ཀྱི་གྲས་ཤིག ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/8266  + ((ལེགས་)ལྷ་ཆེན་བརྒྱད་ཀྱི་ཡ་གྱལ་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/191  + ((ཨཱལཡབིཛྙཱནི)རྣམ་ཤེས་ཚོགས་བརྒྱད་ཀྱི་ནང་གསེས། མ་བསྒྲིབས་ལུང་མ་བསྟན་པའི་གཙོ་བོའི་རྣམ་ཤེས་གང་ཞིག་བག་ཆགས་ཀྱི་བགོ་གཞིར་གྱུར་པ་རྣམ་སྨིན་དང་ས་བོན་ཐམས་ཅད་ཀྱི་རྟེན་དུ་གྱུར་ཅིང་དོན་གྱི་ངོ་བོ་རིག་པ།)
  • Dictionaries/chos rnam kun btus/9920  + ("ལུགས་སོ་སོའི་མིང་། ཇོ་བོ་རྗེ་ཨ་ཏི་ཤའི་ལུག"ལུགས་སོ་སོའི་མིང་།</br>ཇོ་བོ་རྗེ་ཨ་ཏི་ཤའི་ལུགས།</br>ས་སྐྱ་པའི་ལུགས།</br>ཙན་དན་ཇོ་བོའི་ལོ་རྒྱུས་ཀྱི་ལུགས</br>ཕུག་པའི་ལུགས</br>གཡུང་སྟོན་དང་སྟག་ལོའི་ལུགས</br>མཚུར་ཕུའི་ལུགས</br>རྩིས་ཀུན་བཏུས་པའི་རྒྱས་འགྲེལ་ལུཊ</br>བུ་སྟོན་རིན་ཆེན་གྲུབ་ཀྱི་ལུགས</br>ཊཱིཀ་ཆེན་དེ་ཉིད་སྣང་བའི་ལུཊ</br>རྗེ་རང་བྱུང་རྡོ་རྗེའི་གཏན་རྩིས་ལུཊཾ</br>གནས་བརྟེན་སྡེ་སྡེ་པའི་ལུགས"</br>"འཁྲུངས་ལོ། (སྤྱི་སྔོན་ལོ་ཚིཊ)</br>ཤིང་གླང 2216</br>ས་འབྲུག 2213</br>ཤིང་སྟག་1027</br>ལྕགས་སྤྲེལ 961</br>ཤིང་བྱི 957</br>ཤིང་བྱི 957</br>ཤིང་གླང 956</br>མེ་རྟ 915</br>མེ་རྟ 915</br>མེ་ཡོས 774</br>མེ་སྤྲེལ 625"</br>"སངས་རྒྱུས་ལོ། (སྤྱི་སྔོན་ལོ་ཚིཊ)</br>ས་ཕོག 2182</br>ཆུ་སྟག 2179</br>མེ་ཕག་994</br>ཤིང་རྟ 927</br>ས་ཕག 922</br>ས་ཁྱི 923</br>ས་ཕག 922</br>ལྕཊ་སྦྲུལ 880</br>ཆུ་རྟ 879"</br>"མྱ་ངན་འདས་ལོ། (སྤྱི་སྔོན་ལོ་ཚིཊ)</br>ཤིང་སྤྲེལ 2137</br>ས་བྱི 2133</br>ཆུ་བྱ 948</br>ལྕཊ་འབྲུག 881</br>ཆུ་ལུག 878</br>ཆུ་ལུག 878</br>ཤིང་སྤྲེལ 877</br>མེ་སྟག 835</br>མེ་སྟག 835</br>མེ་ཁྱི 695</br>མེ་འབྲུག 545"</br>བསྟན་བཅོས་བཅུ་གཅིག</br>1. རྣལ་འབྱོར་སྤྱོད་པའི་ས།</br>2. གསུང་རབ་རབ་ཏུ་འབྱེད་པ།</br>3. མངོན་རྟོགས་རྒྱུན།</br>4. ཚད་མ་ཀུན་ལས་བཏུས་པ།</br>5. ས་བཅུ་པའི་རྣམ་བཤད།</br>6. དམིགས་བྱའི་རྐྱེན་བརྟག་པ།</br>7. ཉི་ཤུ་པ།</br>8. དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ།</br>9. ཆོས་མངོན་པར་ཀུན་ལས་བཏུས་པ།</br>10. ཐེག་པ་ཆེན་པོ་བསྡུས་པ།</br>11. རྣལ་འབྱོར་བསྟན་པ་བཅས་སོ། །པོ་བསྡུས་པ། 11. རྣལ་འབྱོར་བསྟན་པ་བཅས་སོ། །)
  • Dictionaries/chos rnam kun btus/10187  + ("ཧོར་གྱི་ཐ་སྙད། འཕགས་ཡུལ་གྱི་ཐ་སྙད། ཁྱིམ་ཟ"ཧོར་གྱི་ཐ་སྙད།</br>འཕགས་ཡུལ་གྱི་ཐ་སྙད།</br>ཁྱིམ་ཟླའི་མིང་།"</br>"ཧོར་ཟླ་བདུན་པ།</br>གྲོ་བཞིན་ཟླ།</br>སེང་གེའི་ཁྱིམ།"</br>"ཧོར་ཟླ་བརྒྱད་པ།</br>ཁྲུམས་སྟོད་ཟླ།</br>བུ་མོའི་ཁྱིམ།"</br>"ཧོར་ཟླ་དགུ་པ།</br>དབྱུག་ཟླ།</br>སྲུང་ཁྱིམ།"</br>"ཧོར་ཟླ་བཅུ་པ།</br>སྨིན་དྲུག་ཟླ།</br>སྡིག་ཁྱིམ།"</br>"ཧོར་ཟླ་བཅུ་གཅིག་པ་།</br>མགོ་ཟླ།</br>གཞུ་ཁྱིམ།"</br>"ཧོར་ཟླ་བཅུ་གཉིས་པ།</br>རྒྱལ་ཟླ།</br>ཆུ་སྲིན་ཁྱིམ།"</br>ཟླ་བ་བཅུ་གཉིས་ནི་འབྱུང་རྩིས་ཟླ་བའི་འོད་ཟེར་ལས། དཔྱིད་ཟླ་ར་བ་བཅུ་གཅིག་སྟག ། བཅུ་གཉིས་དཔྱིད་འབྲིང་ཡོས་སུ་བརྩི། ། ཟླ་བ་དང་པོ་དཔྱིད་ཐ་འབྲུག ། དེ་བཞིན་དབྱར་ར་ག་ཉིས་པ་སྦྲུལ། ། དབྱར་འབྲིང་གསུམ་པ་རྟའི་ཟླ་བ། ། བཞི་པ་དབྱར་ཟླ་ཐ་ཆུང་ལུག ། ལྔ་པ་སྟོན་ཟླ་ར་བ་སྤྲེལ། ། དྲུག་པ་སྟོན་འབྲིང་བྱའི་ཟླ་བ། ། བདུན་པ་སྟོན་ཟླ་ཐ་ཆུང་ཁྱི། ། བརྒྱུད་པ་དགུན་ཟླ་ར་བ་ཕག ། དགུན་འབྲིང་དགུ་པ་བྱི་བའོ། ། བཅུ་པ་དགུན་ཐ་གླང་དུ་འདོད། ། ཅེས་འབྱུང་བ་དང་། བེ་དཀར་ཡང་འདི་དང་མཐུན་ནོ། ། བོད་དུ་དར་བའི་ནག་རྩིས་ཕལ་ཆེར་སྟག་ཟླ་དཔྱིད་ཟླ་ར་བར་བྱེད་པ་གཅིག་མཐུན་ཡིན་ཡང་། དེ་ཟླ་བ་གང་ལ་ངོས་འཛིན་བྱེད་སྟངས་ཐད་མི་འདྲ་བ་དུ་མ་འབྱུང་བ་གཙོ་བོ་ཁག་གསུམ་དུ་འདུ། སྟག་ཟླ་དེ་བཅུ་གཅིག་པ་མགོ་ཟླ་བར་བྱེད་པ་ནི་གོང་གསལ་སྡེ་སྲིད་སངས་རྒྱུས་རྒྱུ་མཚོ་དང་ལོ་ཆེན་དྷརྨ་ཤྲཱི་རྗེས་འབྲང་དང་བཅས་པ་འདོད།</br>བེ་དཀར་དང་འབྱུང་རྩིས་ཟླ་ཟེར་ལུགས་ཀྱི་ཟླ་བ་བཅུ་གཉིས།</br>"དུས་བཞི།</br>ཟླ་གྲངས།</br>ཟླ་བའི་མིང་།</br>ཉ་སྐར།"</br>"དཔྱིད་ཟླ་གསུམ།</br>11 12 1</br>སྟག ཡོས། འབྲུག</br>མགོ རྒྱལ། མཆུ།"</br>"དབྱར་ཟླ་གསུམ།</br>2 3 4</br>སྦྲུལ། རྟ། ལུག</br>དབོ། ནག་པ། ས་ག"</br>"སྟོན་ཟླ་གསུམ།</br>5 6 7</br>སྤྲེལ། བྱ། ཁྱི།</br>སྣོན། ཆུ་སྟོད། གྲོ་བཞིན།"</br>"དགུན་ཟླ་གསུམ།</br>8 9 10</br>ཕག བྱི་བ། གླང་།</br>ཁྲུམས་སྟོད། དབྱུ་གུ། སྨིན་དྲུག"</br>རྩིས་ཀྱི་བསྟན་བཅོས་བི་དཀར་དང་འབྱུང་རྩིས་ཟླ་བའི་འོད་ཟེར་གྱི་ལུགས་ཡིན། སྟག་ཟླ་དེ་བཅུ་གཉིས་པ་རྒྱལ་ཟླ་བར་བྱེད་པ་ནི་འབྲི་གུང་ཆོས་ཀྱི་གྲགས་པ་དང་། མཁས་མཆོག་ཀརྨ་ཆགས་མེད། དགེ་རྩེ་འགྱུར་མེད་བསྟན་པ་རྒྱ་མཚོ་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཨུཏྤལ་སྔོན་པོའི་དོ་ཤལ་སོགས་ཀྱི་ལུགས་ཡིན། སྟག་ཟླ་དེ་ཟླ་བ་དང་པོ་མཆུ་ཟླར་བྱེད་པ་ནི་ཀརྨ་ངེས་ལེགས་བསྟན་འཛིན་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཉེར་མཁོ་བུམ་བཟང་སོགས་ཀྱི་ལུགས་སོ། ། ཟླ་བ་དེ་དག་གི་ཁམས་བརྩི་སྟངས་ནི། གནམ་ལོ་མ་ལ་ཟླ་བ་བུ་ཞེས་པ་ལྟར་སྦྲགས་མར་བརྩི་དགོས། དེ་ཡང་ནག་རྩིས་ཉེར་མཁོ་བུམ་བཟང་ལས། དཔྱིད་ཟླ་ར་འབྲིང་གནམ་ལོའི་བུ། ། དཔྱིད་ཐ་དབྱར་ར་གནམ་ལོའི་མ། ། སྟོན་ཐ་དགུན་ར་གནམ་ལོ་རང་། ། དགུན་འབྲིང་དགུན་ཐ་གནམ་ལོའི་བུ། །ཞེས་པ་དང་དོན་གཅིག་གོ །གུན་ཐ་གནམ་ལོའི་བུ། །ཞེས་པ་དང་དོན་གཅིག་གོ །)
  • Dictionaries/Brda dkrol gser gyi me long/5088  + ((1) ཁོང་དུ་ཆུད་པའམ་དོན་རགས་རིམ་ཤེས་པའི་དོན(1) ཁོང་དུ་ཆུད་པའམ་དོན་རགས་རིམ་ཤེས་པའི་དོན་ལ་འཇུག་སྟེ། 《དག་ཡིག་མཁས་པའི་འབྱུང་གནས》ལས། འཕྲིག་ཚུད་པ་ནི་དོན་རགས་རིམ་ཤེས་པ། ཞེས་གསུངས། དཔེར་ན། 《ལམ་རིམ་ཆེན་མོ》ལས། དེས་ན་ནང་དུ་ཅུང་ཟད་བསམ་པའི་འཕྲིག་ཚུད་པ་ཞིག་ལ་ཕྱིའི་དངོས་པོ་ཐམས་ཅད་ཀྱིས་མི་རྟག་པ་མི་སྟོན་པ་མེད། ཅེས་པ་ལྟ་བུའོ། །་མི་རྟག་པ་མི་སྟོན་པ་མེད། ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2035  + ((1) གདོན་བགེགས་སམ་འབྱུང་པོའི་བྱེ་བྲག་ཅིག་གི་མིང་སྟེ། 《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། དམུ་ཞེས་བྱ་བ་འབྱུང་པོ་ཡི། ། བྱེ་བྲག་ཅིག་ལ་གྲགས་པ་ཡོད། ། ཅེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/4721  + ((1) གནང་བའི་དོན་ཏེ། 《དགེ་སློང་གི་བསླབ་བྱ་ཆེན་མོའི་བརྡ་དཀྲོལ》ལས། ཟླུག་པ་ནི་གནང་བ་ཞེས་བརྡ་རྙིང་དུ་འབྱུང་ལ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/7616  + ((1) གསེར་དངུལ་གྱི་མིང་སྟེ། 《ངག་སྒྲོན་གྱི་(1) གསེར་དངུལ་གྱི་མིང་སྟེ། 《ངག་སྒྲོན་གྱི་འགྲེལ་པ》ལས། སྨར་གཅེས་པ་གསེར་དངུལ་ལྟ་བུ། ཞེས་གསུངས། དཔེར་ན། 《དེབ་ཐེར་རྫོགས་ལྡན་གསར་པའི་ཉི་གཞོན》ལས། དེ་སྔ་སྤྲོད་མཇལ་གྱི་སྐབས་ཀྱང་། སྟོང་དཀར་དང་སྟོང་ཁྲ་སྟོང་ནག་གསུམ། འཇལ་མ་སྨར་དང་ཁྲ་དང་ཟོང་དང་གསུམ། ཞེས་པ་ལྟ་བུའོ། །ྨར་དང་ཁྲ་དང་ཟོང་དང་གསུམ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3492  + ((1) གློ་བུར་ཞེས་པའི་དོན་ཏེ། 《བརྡ་གསར་རྙིང(1) གློ་བུར་ཞེས་པའི་དོན་ཏེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། བླ་ཐབས་ཞེས་པ་གློ་བུར་མིང་། ། ཞེས་གསུངས་པ་ལྟར་དང་། 《དག་ཡིག་མཁས་པའི་འབྱུང་གནས》ལས། དོན་དེ་ལྟར་ཡིན་མིནགཏོལ་མེད་པ་རྣམས་ལ་ནི་མིང་གི་མགོ་མཇུག་ཇེ་ལྟར་རིགས་པར་རྒྱལ་པོ་དང་། མེ་ཏོག་སོགས་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་བསྣན་ནས། ཞེས་པ་ལྟ་བུའོ།།་གཅིག་བླ་ཐབས་སུ་བསྣན་ནས། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/6249  + ((1) དགེ་བ་བཅུ་ཡོངས་སུ་རྫོགས་པར་ལྡན་པའི་དོན་ཏེ། 《བསྟན་འབྱུང་གཏེར་མཛོད》ལས། དེ་ཡང་གྲགས་མེད་འབུམ་པའི་དུས། ། མི་དགེ་མེད་ཅིང་དགེ་བ་བཅུ། ། ངང་གིས་རྫོགས་པའི་རྫོགས་ལྡན་ནོ། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/4524  + ((1) དོ་དམ་པའི་མིང་སྟེ། 《གནམ་རྩེ་ལྡང་མའི་བརྡ་དོན》ལས། ཞལ་ཏ་པ་ནི་དོ་དམ་པ་ཞེས་པ་སྟེ། དོ་དམ་བྱེད་པ་ལ་ཞལ་ཏ་བྱེད་པ་ཞེས་སྐབས་མང་པོར་འབྱུང་ངོ་། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/6137  + ((1) ནས་ཀྱི་བརྡ་རྙིང་སྟེ། 《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། ཡུངས་འཛིན་ཁྲི་ཆེན་ངག་དབང་སྙན་གྲགས་དཔལ་བཟང་པོས། རྨེའུ་ནི་ནས་ཀྱི་བརྡ་རྙིང་། ། དེ་ལ་སྣེའུ་དང་སྣེ་ཞེས་ཀྱང་འབྱུང་སྟེ། འགའ་ཞིག་རྨེའུ་ནི་མར་ཟན་ཡིན་ཟེར། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/7361  + ((1) བཅོལ་བའི་དོན་ལ་འཇུག་སྟེ།《བརྡ་གསར་རྙིང་(1) བཅོལ་བའི་དོན་ལ་འཇུག་སྟེ།《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། སྤངས་པ་ཞེས་པ་བཅོལ་བའི་མིང་། ཞེས་དང་། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། སྤངས་པ་ནི་བཅོལ་བ་ལ་འཇུག་སྟེ། སྤང་ལྟུང་ཕྱིར་བཅོས་སྐབས་ལྷུང་བཟེད་དགེ་འདུན་ལ་སྤངས་ཟེར་བ་ལྟ་བུའོ།། ཞེས་གསུངས་པ་ལྟར་རོ།།་སྤངས་ཟེར་བ་ལྟ་བུའོ།། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/3237  + ((1) བསྣུབས་པའམ་ནུབ་པའི་དོན་ལ་འཇུག་སྟེ།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། བསྣུབས་པ་ནི་བསུབས་པའམ་ནུབ་པ་སྟེ་སྲོལ་བསྣུབས་ཟེར་བ་ལྟ་བུ་འདི་ལ་གནུབ་ཐོབ་པའི་སྐབས་ཀྱང་ཡོད་པ་འདྲ། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/7043  + ((1) བོད་ཀྱི་རིགས་རུས་ཤིག་གི་མིང་སྟེ། 《དེབ་ཐེར་སྔོན་པོ》ལས། གྲྭ་ཕྱི་བའི་སྐྱོགས་ཤེས་རབ་འབྱུང་གནས། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/866  + ((1) བོད་ཀྱི་རུས་རྒྱུད་བྱེ་བྲག་པ་ཞིག་གི་མིང་སྟེ། 《བོད་མི་བུ་གདུང་དྲུག་གི་རུས་མཛོད་པད་དཀར་སྐྱེད་ཚལ》ལས། རུས་ཆེན་སྒོ་དེ་ལ་བྱེ་བྲག་ཏུ། གསུང་གསེར་འབྲོམ་གསུམ་སོགས་བཅོ་བརྒྱད་ཡོད། ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3243  + ((1) བོད་མིའུ་བཞིའི་ཡ་གྱལ་སེའམ་བསེ་ཞེས་པ་དེ(1) བོད་མིའུ་བཞིའི་ཡ་གྱལ་སེའམ་བསེ་ཞེས་པ་དེའི་མིང་སྟེ། འདི་ལ་བསེ་ཆུང་སྦྲ་ཞེས་བྲིས་པའང་སྣང་སྟེ།《བོད་མི་བུ་གདུང་དྲུག་གི་རུས་མཛོད་པད་དཀར་སྐྱེད་ཚལ》ལས། བསེ་ཁྱུང་སྦྲ་ནི་སྔོན་སྤྲེའུ་བྱང་ཆུབ་སེམས་དཔའ་རང་གིས་མི་ཚན་བཞིར་བཅད་པའི་ནང་གི་བསེ་ཞེས་པ་དེ་ཡིན་ལ། དེ་ལ་བསེ་ཆུང་སྦྲ་ཡང་ཟེར། གནའ་སྒྲུང་ལས། འགག་དོག་མོ་གསུམ་དེ་སྦྲ་ལ་ཐོབ། སྦྲ་དཔའ་རྩལ་ཆེ་བ་དེ་ནས་བྱུང་ཞེས་འབྱུང་། ཞེས་གསུངས་པ་ལྟར་རོ།།ས་བྱུང་ཞེས་འབྱུང་། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/7860  + ((1) བོན་ཞེས་པ་སྟེ།《བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ》ལས། ཧོས་ནི་བོན་ཞེས་པ་རྒྱལ་ས་ཕོ་བྲང་གླིང་བརྒྱད་ཀྱི་སྐད་དོ་ཞེས་སྟོང་རྒྱུུང་སྒྲུབ་ཐབས་ལས་གསུངས་སོ།། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/4294  + ((1) བྱ་གོང་མོ་དང་སྲེག་པའི་མིང་སྟེ། 《ངག་སྒྲོན་གྱི་འགྲེལ་པ》ལས། ཙ་ཀོ་ར་བྱ་གོང་མ་སྲེག་གམ་མིག་མཛེས་ཤིང་ཟླ་བའམ་བདུད་རྩིས་འཚོ་བའི་བྱ་དང་། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/3475  + ((1) བྱ་ཚིག་བཟླ་བའམ་བརྗོད་པ་ཞེས་པའི་དོན་ཏེ།(1) བྱ་ཚིག་བཟླ་བའམ་བརྗོད་པ་ཞེས་པའི་དོན་ཏེ། 《བོད་ཀྱི་རྒྱལ་རབས་གཟི་ཡི་འཕྲེང་བ》ལས། བོན་ཟེར་བ་དེ་ནས་བོད་ཀྱི་བརྡ་རྙིང་པ་ཞིག་སྟེ། དེང་དུས་ཀྱི་དབང་དུ་བྱས་ན་བྱེད་ཚིག་བཟླ་ཟེར་བའི་དོན་རེད། སྔོན་གྱི་ཡིག་རྙིང་རྣམས་སུ་བོན་ཟེར་བའི་བྱེད་ཚིག་དོད་དུ་གྱེར་ཞེས་སྤྱད་པའི་སྐབས་ཀྱང་བྱུང་ཡོད། མིང་དེའི་ཐོག་མའི་འབྱུང་ཁུངས་ནི། གནའ་དུས་ཀྱི་བོན་པོ་དེ་ཚོས་སྔགས་མང་དུ་བཟླས་པའི་སྒོ་ནས་རང་དང་གཞན་གྱི་ནད་སོགས་དྲག་པོའི་ལས་མཐའ་དག་སྒྲུབ་ཀྱི་ཡོད་པས་མིང་དེ་ལྟར་བཏགས། ཞེས་གསུངས་པ་ལྟར་དང་། 《བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ》ལས། བོན་ནི་བརྗོད་པ་དང་། བོན་པ་ནི་བཟླས་པ། ཞེས་གསུངས་པ་ལྟར་རོ།ང་། བོན་པ་ནི་བཟླས་པ། ཞེས་གསུངས་པ་ལྟར་རོ།)
  • Dictionaries/Brda dkrol gser gyi me long/5328  + ((1) ཚུར་སྤྲོད་མ་ཁྱེར་ཤོག་ཅེས་པའི་དོན་ཏེ། 《དག་ཡིག་མཁས་པའི་འབྱུང་གནས》ལས། འོན་ཅིག་ཅེས་ཚུར་ལ་སྤྲོད་ཅེས་པའམ་ཁྱེར་ཤོག་ཅེས་པའོ། ། ཞེས་དང་། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། ཞང་པོ་གཤོལ་འོན་ཅིག་དང་ཁོ་བོས་རྨོ་ཁྱོད་རེ་ཞིག་ངལ་སོས་ཤིག ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/1873  + ((1) ཚེ་སྔོན་གར་སྐྱེས་པའི་མཚན་མ་ཚེ་འདིར་གསལ(1) ཚེ་སྔོན་གར་སྐྱེས་པའི་མཚན་མ་ཚེ་འདིར་གསལ་བའི་དོན་ཏེ།《དག་ཡིག་ཤེས་བྱ་རབ་གསལ》ལས། དན་རྟགས་ནི་ཚེ་སྔོན་གར་སྐྱེས་པའི་མཚན་མ་ཚེ་འདིར་གསལ་བའོ།། ཞེས་དང་།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། དན་རྟགས་ནི་སྐྱེ་བ་སྔ་མའི་གནས་སྐབས་ཀྱི་ཆ་ལུགས་དང་། བྱ་བ། ཞེས་གསུངས། དཔེར་ན། 《 བསྟོད་སྤྲིན་རྒྱ་མཚོ》ལས། རང་གཞན་ཚེ་རབས་དན་རྟགས་དང་བཅས་པ།། ཞེས་གསུངས་པ་ལྟ་བུའོ།།ས་དན་རྟགས་དང་བཅས་པ།། ཞེས་གསུངས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/5758  + ((1) ཞ་ཉེ་ནག་པོའི་མིང་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། རོ་ཉེ་ནི་ཞ་ཉེ་ནག་པོར་ཡན་ལག་བརྒྱད་པའི་འགྲེལ་པར་བཤད། ། ཅེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/4515  + ((1) ཞབས་འབྲིང་ངམ་འཁོར་གཡོག་གི་མིང་སྟེ།《བོད(1) ཞབས་འབྲིང་ངམ་འཁོར་གཡོག་གི་མིང་སྟེ།《བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས》ལས། ཞམ་རིང་ཞབས་འབྲིང་སྐུ་ཡི་གཡོག་འཁོར་རོ། ། ཞེས་གསུངས། དཔེར་ན། 《བརྒྱད་སྟོང་འགྲེལ་ཆེན་གྱི་རྣམ་བཤད》ལས། རིགས་དང་སྟོབས་འབྱོར་གྱིས་མཐོ་བའི་སྐྱེས་བུ་བློ་གྲོས་དང་དཔའ་རྩལ་གྱིས་ཁེངས་པའི་སྐྱེ་བོ་སོགས་ཐམས་ཅད་ཀྱང་ཞམ་རིང་དུ་བཏུད་ནས་ངང་གིས་འདུ། ཞེས་པ་ལྟ་བུའོ། །ང་དུ་བཏུད་ནས་ངང་གིས་འདུ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/5234  + ((1) ཟས་ཀྱི་མིང་སྟེ། 《འདུལ་བ་ལུང་གཞི 》ལས། (1) ཟས་ཀྱི་མིང་སྟེ། 《འདུལ་བ་ལུང་གཞི 》ལས། བརྡ་རྙིང་ལས་འཛར་བ་ནི་མཛའ་བ་ཞེས་འབྱུང་ལ། སྐབས་འདིར་འཛར་བ་ནི་ཁ་ཟས་ཀྱི་མིང་ངོ་། ། ཞེས་གསུངས། དཔེར་ན། 《བེའུ་བུམ་སྔོན་པོའི་འགྲེལ་པ 》ལས། ཁྱིམ་དུ་འཛར་བ་ལ་ཕྱིན་གྱི་བར་དུ་བྱིས་པས་ཆུ་ནང་ནས་ཉ་བཟུང་ནས་ཕ་བོང་གི་འོག་ཏུ་བཅུག་པས། ཞིང་བདག་རྟོག་པ་སྐྱེས་ནས། ཞེས་པ་ལྟ་བུའོ། །ཞིང་བདག་རྟོག་པ་སྐྱེས་ནས། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/6013  + ((1) འཁྲིག་པའི་མིང་སྟེ།《དག་ཡིག་མཁས་པའི་འབྱུང་གནས》ལས། རྒྱ་སྣ་རུ་རྣ་རུ། བཤོ་བ་གསུམ་འཁྲིག་པའི་མིང་། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/716  + ((1) འཇིགས་སྣང་སྐྱེ་བའི་མིང་སྟེ། 《ཏུན་ཧོང་གཏེར་ཡིག་གནའ་བོའི་བོད་ཡིག་ཤོག་དྲིལ》ལས། རྒྱལ་པོའི་གནང་ཅེན་དུ་གྱུར་གྱང་ཁྱོད་ལ་མྱི་དགའ་ཞིང་བློན་པོ་ལས་འབྱུང་ཟེར་བ་མང་བས། ཆུ་སྲིས་མྱི་བརྟན་ལ་གཡང་ཟའོ། ། ཞེས་པ་ལྟ་བུའོ། །)