Search by property
Jump to navigation
Jump to search
This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.
List of results
- Dictionaries/Brda dkrol gser gyi me long/5329 + ((2)བྱོན་ཅིག་ཅེས་པའི་དོན་ལ་འཇུག་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། འོན་ཅིག་ནི་བྱོན་ཅིག ཅེས་གསུངས། དཔེར་ན། 《འདུལ་བ་གཞུང་དམ་པ》ལས། གཞོན་ནུ་མྱུར་དུ་རིངས་པར་སོང་ལ་རྐུན་པོ་དང་ནོར་རྣམས་ཟུང་ལ་འོན་ཅིག་ཅེས་བསྒོ་བ་དང་། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/6627 + ((2)བྲང་དཀྱིལ་གྱི་ལྷེན་གྱི་མིང་སྟེ།《ཏུན་ཧོང་གཏེར་ཡིག་བོད་ཀྱི་གསོ་རིག་ཡིག་ཆ》ལས། ནུ་མཇིང་གཉིས་ཀྱི་བར་བྲང་གྱི་ལྷེའུ་ཀྱིབ་ཀྱིབ་པོ་དབྱེ་བའི་མཚམས་སུ་བཏབ་ན། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/602 + ((2)མགུ་བའི་དོན་ལ་འཇུག་སྟེ། 《བརྡ་གསར་རྙིང་གི་རྣམ་དབྱེ》ལས། གཞའ་བ་ནི་མགུ་བ། ཞེས་གསུངས། དཔེར་ན། 《ཏུནཧོང་གཏེར་ཡིག་བཙན་པོགརིམ་བྱུང་གི་ལོ་རྒྱུས》ལས། རྗེ་ལིས་ནི་བཀའ་སྩལ་ན། གཞའ་བ་ནི་ཡུན་གྱི་སྲིང་། ། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/3266 + ((2)ཞིམ་པོའི་མིང་སྟེ།《གསར་རྙིང་བརྡའི་རྣམ་དབ … (2)ཞིམ་པོའི་མིང་སྟེ།《གསར་རྙིང་བརྡའི་རྣམ་དབྱེ》ལས། བསོད་པ་ནི་བཟང་པོའམ་ལེགས་པ། ཞེས་དང་།《འདུལ་བ་ལུང་རྣམ་འབྱེད》ལས། བསོད་པ་ཞེས་བྱ་བ་ནི་ཞིམ་པོའོ།། ཞེས་གསུངས། དཔེར་ན།《འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི》ལས། རང་གི་ལག་དར་དེ་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པས་ཡང་དག་པར་ཚིམ་པར་བྱེད། ཡང་དག་པར་སྟོབས་པར་བྱེད་དོ།། ཞེས་པ་ལྟ་བུའོ།།དག་པར་སྟོབས་པར་བྱེད་དོ།། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/4895 + ((2)འཇུར་ཐག་གི་མིང་སྟེ།《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། འཇུར་བུ་ཞེས་པ་ཏོག་རྩེ་དང་།། འཇུར་ཐག་གཉིས་ལ་སྐབས་ཀྱིས་དབྱེ།། ཞེས་གསུངས་པ་ལྟར་རོ།།)
- Dictionaries/Brda dkrol gser gyi me long/457 + ((2)ཡོད་པའམ་མཆིས་པ་སྟེ།《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། གདའ་བ་ཡོད་པའམ་མཆིས་པ་དང་།། ཞེས་གསུངས་པ་དང་། 《བཀའ་གདམས་ཕ་ཆོས》ལས། གཞུང་ལུགས་རྒྱ་མཚོ་ལྟ་བུ་ཉིན་མཚན་དུ་སྤྱད་པར་འདོད་པར་གདའ་བས། ཐུགས་རྗེ་ཆེན་པོས་གོ་སྐབས་དབྱེ་ཞིག ཅེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/39 + ((2)རྐྱང་ངམ་རྟ་ལའང་འཇུག་སྟེ། 《སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ》ལས། སུམ་པ་ཁ་ཚེར་བྱ་ཐུལ་ཅན་ལ་སོགས་པས་ནི། བོན་རྣམས་ཟངས་ཀྱི་ག་འུར་བཅུག་ནས་ཀུ་ཧྲང་ལ་བཀལ་ནས། སོག་པོ་སྤྲེ་སླག་ཅན་གྱི་ཡུལ་དུ་བྱོན། །ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/5901 + ((2)རྙིད་པའི་དོན་ལ་འཇུག་སྟེ།《ངག་སྒྲོན་གྱི་འགྲེལ་པ》ལས། རྙིས་པ་རློན་རྐྱང་མིན་པར་སྐམ་ཤས་ལྡན་པ། ཞེས་གསུངས། དཔེར་ན། 《འདུལ་བ་གཞུང་དམ་པ》ལས། མེ་ཏོག་གི་ཕྲེང་བ་ཕུལ་བ་དང་དེ་དག་རྙིས་ཏེ་མི་མཛེས་ནས། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/4535 + ((2)རྨང་གཞི་དང་གཞི་བཙུགས་པ་སོགས་ལ་འཇུག་སྟེ། … (2)རྨང་གཞི་དང་གཞི་བཙུགས་པ་སོགས་ལ་འཇུག་སྟེ། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ཞལ་བསྲོ་ནི་སྤྱན་དབྱེ་སྟེ་རབ་གནས་ལྟ་བུ་དང་རྨང་གཞི་བཙུགས་པ་དང་གཞི་བཙུགས་པ་ལ་ཡང་འཇུག་གོ ། ཞེས་གསུངས། དཔེར་ན། 《གཡུང་དྲུང་བོན་གྱི་བསྟན་འབྱུང》ལས། སྐུ་གསུང་ཐུགས་རྟེན་རྗེས་བཞག་ཐམས་ཅད་ལ །། མངའ་དབུལ་ཞལ་བསྲོ་རབ་གནས་མཛད་པ་དང་། ། ཞེས་པ་ལྟ་བུའོ། །བསྲོ་རབ་གནས་མཛད་པ་དང་། ། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/5402 + ((2)རྨོག་ལ་འཇུག་སྟེ། 《གསར་རྙིང་བརྡའི་རྣམ་ད … (2)རྨོག་ལ་འཇུག་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། ཡ་ལད་ནི་གོ་ཆ་སྤྱི་དང་སྐབས་ཐོབ་ཀྱི་རྨོག་གི་མིང་ལ་འཇུག་པའང་ཡོད། ཅེས་གསུངས། དཔེར་ན། 《མི་དབང་རྟོགས་བརྗོད》ལས། ལུས་མཚོན་ཆ་ལས་ཉེ་བར་སྐྱོབ་པའི་ཡ་ལད་ཀྱི་རིམ་པ་ལྕགས་ཀྱི་དྲ་མིག་ཅན་དང་། མན་ད་སུའི་ནང་ཚངས་ཅན་དང་། མཚོན་ཆ་མེའི་འཕྲུལ་འཁོར་དྲག་ཅིང་རྩུབ་པ་དང་། རལ་གྲི་རྣོ་དབལ་དང་ལྡན་པ་སོགས་མཆིས། ཞེས་པ་ལྟ་བུའོ། །་དབལ་དང་ལྡན་པ་སོགས་མཆིས། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/1114 + ((2)རྨོངས་པ་ལའང་འཇུག་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། གློས་པ་ནི་རྨོངས་པ། ཞེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/3182 + ((2)ཤུབ་བུས་སྨོད་པའི་དོན་ལ་འཇུག་སྟེ། 《གསར་ … (2)ཤུབ་བུས་སྨོད་པའི་དོན་ལ་འཇུག་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། བཤུང་བ་ནི་ངོས་ཀྱིས་སྐྱོན་བརྗོད་པའམ་ཤུབ་བུས་སྨོད་པ། ཞེས་གསུངས་པ་ལྟར་རོ། ། 《བསྟན་འགྱུར་དཀར་ཆག》ལས། ཡིད་འཕྲོག་སྒྲ་ངན་སྤངས་པ་མཐོ་རིས་སུ། ། བྲོས་ཏེ་རང་གི་གླིང་བུར་བཤུང་བ་འདྲ། ། ཞེས་པ་ལྟ་བུའོ། །ི་གླིང་བུར་བཤུང་བ་འདྲ། ། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/6759 + ((2)ཤེད་ཆེ་བ་དང་ཨོ་ཟོབ་མ་བྱེད་ཅེས་པའི་དོན་ཡ … (2)ཤེད་ཆེ་བ་དང་ཨོ་ཟོབ་མ་བྱེད་ཅེས་པའི་དོན་ཡིན་པར་བཞེད་པའང་ཡོད་དེ། 《བརྡ་གསར་རྙིང་གི་བརྡ་ཆད་འགའ་ཞིག་གི་དྲིས་ལན》ལས། ཤེད་དབྱེ་ཆེ་དང་སོམ་གཞིག་ཅེས་པ་སོམ་བརྫུའམ་ཨོ་ཟོབ། གཞིག་པ་ནི་གཤིག་པའི་དོན། དོན་དུ་ཆོས་ལ་ཤེད་ཆེ་དང་ཨོ་ཟོབ་མ་བྱེད་ཅེས་པ་ཡིན་གསུངས་པ་སོགས་སྣང་། ཞེས་གསུངས་པ་ལྟར་རོ། །་གསུངས་པ་སོགས་སྣང་། ཞེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/7643 + ((2)སྨྲ་བ་ཙམ་ལའང་འཇུག་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། སྨེང་ཚིག་ནི་གསང་ཚིག་དང་སྨྲ་བ་ཙམ་ལའང་འཇུག་གོ ། ཞེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/6122 + ((2)སྨྲ་བའི་དོན་ཏེ། 《གསར་རྙིང་བརྡའི་རྨ་དབྱེ》ལས། རྨེ་བ་ནི་སྨྲ་བ། ཞེས་གསུངས། དཔེར་ན། 《ལམ་རིམ་ཆེན་མོ》ལས། སྐྱོན་བཅབས་པས་སྔར་གྱི་དགེ་བ་དག་ཡོད་ཀྱང་སྡིག་པས་རྨེ་བར་བྱས་པས་ན། ད་ལྟ་རྣམ་པར་སྨིན་པ་མྱོང་བའི་རྒྱུ་ཡང་བསྒྱུར་ཏེ། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/6202 + ((2)སྲེད་ཞེན་ཆེ་བའི་མིང་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། རྩེད་ལོག་ནི་ཕྲན་ཚེགས་སམ་སྲེད་ཞེན་ཆེ་བ། ཞེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/608 + ((2)སླར་ཡང་ཞེས་པའི་དོན་ཏེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། གཞར་ཡང་ནི་ནམ་ཡང་དང་སླར་ཡང་། ཞེས་གསུངས། དཔེར་ན། 《འདུལ་བ་གཞི་གླེགས་བམ་དང་པོ》ལས། འཁོན་དུ་འཛིན་པ་ཤ་འཁོན་དག ། འདིར་ནི་གཞར་ཡང་ཞི་མི་འགྱུར། ། འདི་ནི་གཡུང་དྲུང་ཆོས་ཡིན་ནོ། ། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/5481 + ((2)ཧོར་ཟླ་གསུམ་པའི་མིང་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། ཡིད་སྲུབས་ཞེས་པ་འདོད་ལྷ་དང་། ། ཧོར་ཟླ་གསུམ་པའི་མིང་དུ་བཤད། ། ཅེས་དང་།)
- Dictionaries/Brda dkrol gser gyi me long/7866 + ((2)ཧྭགས་ཞེས་བུ་རམ་གྱི་ཝུ་བའི་ཕྱེ་མ་རྡོག་པོ … (2)ཧྭགས་ཞེས་བུ་རམ་གྱི་ཝུ་བའི་ཕྱེ་མ་རྡོག་པོར་བྱས་པ་ནི་ཁ་རའམ་ཤ་ཁ་ར་དང་ཀ་ར་ཞེས་བྱ་སྟེ་ཧྭགས་དང་ལི་ཁ་ར་སོ་སོར་དབྱེ་བ་ཕྱེ་དགོས་པར་བཞེད་པ་ནི།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ཧྭགས་དང་ལི་ཁ་རའི་ཁྱད་པར་ནི།བུ་རམ་གྱི་ཝུ་བའི་ཕྱེ་མ་རྡོག་པོར་མ་བྱས་པ་ལ་ཧྭགས་དང་རྡོག་པོར་བྱས་པ་ནི་ལི་ཁ་ར་སྟེ་ཤ་ཁ་ར་དང་ཀ་ར་ཞེས་ཀྱང་བྱའོ།། ཞེས་མཚོ་ཊིཀ་ལས་གསུང་ངོ་།། ཞེས་གསུངས་པ་ལྟར་རོ།།ོ་ཊིཀ་ལས་གསུང་ངོ་།། ཞེས་གསུངས་པ་ལྟར་རོ།།)
- Dictionaries/Brda dkrol gser gyi me long/3667 + ((3)གལ་གྱི་མིང་སྟེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། མནའ་ཞེས་བྱ་བ་བདེན་པའི་གཏམ། ། དྲང་པོར་སྨྲས་པའི་དོན་མིང་སྟེ། ། བྲོ་དང་ཁྱད་པར་དབྱེ་བར་བྱ། ། བྲོ་ཞེས་བྱ་བ་གལ་གྱི་མིང་། ། ཞེས་ཀྱང་བྱུང་ངོ་། །)
- Dictionaries/Brda dkrol gser gyi me long/6649 + ((3)མཐུག་པའམ་བརླིང་བ་བཅས་ལ་འཇུག་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། ཤ་ཆགས་པ་ནི་བློ་ལ་ཡོད་པའམ་བབ་ཐོབ་ཡོད་པ་དང་འཐུག་པའམ་བརླིང་བ། ཞེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/3003 + ((3)མར་ཁུའི་སྙིགས་མ་སོགས་ཕྱིར་དབྱེ་བ་བཅས་ལ་ … (3)མར་ཁུའི་སྙིགས་མ་སོགས་ཕྱིར་དབྱེ་བ་བཅས་ལ་འཇུག་སྟེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། བཞུར་ནི་བཞོགས་པའམ་བཞར་བ་ཕྲ་བར་བྱས་པའི་མིང་དུ་མངོན་བརྗོད་ལས་བཤད། ངག་སྒྲོན་དྲིས་ལན་དུ་ཡལ་ག་སོགས་བཅད་པ་དང་མར་ཁུའི་སྙིགས་མ་སོགས་ཕྱིར་བཅད་པ་གཉིས་ཀ་ལ་བཞུར་ཟེར་བར་གསུངས། ཞེས་དང་། 《བརྡ་གསར་རྙིང་གི་བརྡ་ཆད་འགའ་ཞིག་གི་དྲིས་ལན》ལས། བཞུར་ཞེས་པ་ཡང་ཤིང་གི་ལོ་མ་དང་ཡལ་ག་བཅད་པ་ལ་ཤིང་གི་ཡལ་ག་དང་ལོ་མ་བཞུར་ཞེས་ཟེར། ངག་སྒྲོན་དུ་གཡོག་བཞུན་མར་ཁུ་བཞུར་ནས་བཞེས། ཞེས་པ་ལྟར་མར་ཁུའི་སྙིགས་མ་སོགས་ཕྱིར་དབྱེ་བ་ལ་བཞུར་ཞེས་ཐོབ། ཅེས་གསུངས་པ་ལྟར་རོ། །ེ་བ་ལ་བཞུར་ཞེས་ཐོབ། ཅེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/4840 + ((3)འཆད་པ་དང་། ཡང་ན་འཆང་བ་གང་རུང་ཞིག་ལ་འཇུག … (3)འཆད་པ་དང་། ཡང་ན་འཆང་བ་གང་རུང་ཞིག་ལ་འཇུག་པར་སྣང་སྟེ། 《ལི་ཤིའི་གུར་ཁང》དང་། 《དག་ཡིག་ཤེས་བྱ་རབ་གསལ》།《འདུལ་བའི་གླེང་གཞི》། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》རྣམས་ལས། འཆེལ་པ་ནི་འཆད་པ། ཞེས་བྱུང་ཞིང་། ཡང་《གསར་རྙིང་བརྡའི་རྣམ་དབྱེ》དང་།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》དག་ལས། འཆེལ་པ་ནི་འཆང་བ། ཞེས་བྱུང་བས་གང་འགབ་བརྟག། འཆེལ་པ་ནི་འཆང་བ། ཞེས་བྱུང་བས་གང་འགབ་བརྟག)
- Dictionaries/Brda dkrol gser gyi me long/5751 + ((3)ཡར་ལངས་པ་དང་དགའ་བ་སོགས་ལའང་སྐབས་འགར་འཇུག་སྟེ། 《བརྡ་སྦྱོར་རིན་ཆེན་གཏེར་ཁྱིམ》ལས། རེང་བུ་ནི་འབྲེལ་མེད་དེ་རྐྱང་པ་དང་མི་རེང་ཞེས་མི་རྐྱང་པ་དང་ཡར་ལངས་པ་དང་དགའ་བ་སོགས་སྐབས་སུ་བརྟག ཅེས་གསུངས་སོ། །)
- Dictionaries/Brda dkrol gser gyi me long/5908 + ((4)བྱུག་པའམ་ཞལ་བ་ལའང་འཇུག་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། རྙོང་ངམ་བྱུག་པའམ་སྐྱང་ནུལ་ནི་ཞལ་བ་དང་། ཞལ་ཞལ་ཀྱང་དེ་ཉིད་དོ།། ཞེས་གསུངས་པ་ལྟར་རོ།།)
- Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/2020 + (རྣམ་དབྱེ་མ་ཡིན་པའི་ཕྲད་རྐྱང་གཞན་དབང་ཅན་ཅིང་ཅེས་ཅེའོ་ཅེ་ན་ཅིག ཞིང་ཞེས་ཞེའོ་ཞེ་ན་ཞིག་ ཤིང་ཤེའོ་ཤེ་ན་ཤིག་བཅས་བསྡོམས་པས་བཅུ་བཞིའོ།)
- Dictionaries/Brda dkrol gser gyi me long/2101 + ((1) ཁྲུས་ཁང་གི་མིང་སྟེ།《གསར་རྙིང་བརྡའི་རྣམ་དབྱེ》ལས། དུགས་ཁང་ནི་ཁྲུས་ཁང་། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། ཡང་དུགས་ཁང་དུ་ཁྲུས་མཛད་ཀྱི་ཆར་གསོལ་ཞེས་བསྒོ་བར་བྱ། དུགས་ཁང་ལ་ཡོན་ཏན་རྣམ་པ་ལྔ་སྟེ། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/1589 + ((1) གང་བའམ་གཏམས་པའི་མིང་སྟེ།《གསར་རྙིང་བརྡའི་རྣམ་དབྱེ》ལས། ཐ་རམས་ནི་གཏམས་པ། ཞེས་གསུངས།)
- Dictionaries/Brda dkrol gser gyi me long/7704 + ((1) ངན་པར་སྨྲ་བའི་དོན་ལ་འཇུག་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། སྨྲེ་བ་ནི་ངན་པར་སྨྲ་བ། ཞེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/7620 + ((1) ཉམས་པའི་དོན་ལ་འཇུག་སྟེ། 《གསར་རྙིང་བརྡའ … (1) ཉམས་པའི་དོན་ལ་འཇུག་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། སྨས་པ་ནི་ཉམས་པ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། བདག་ཉིད་ཆེན་པོ་དེས་བསམས་པ། རྔོན་པ་ཉོན་མོངས་པ་འདི་ཧ་ཅང་སྨས་པ་དང་། ཉམས་པར་གྱུར་ན་རི་རུང་གིས། འདི་ལ་ལག་ནས་དྲང་བ་སྦྱིན་ནོ་སྙམ་ནས་དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས། ཞེས་པ་ལྟ་བུའོ། །མ་མཁའ་ལ་མངོན་པར་འཕགས་ནས། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/1718 + ((1) དང་པོའི་མིང་སྟེ།《གསར་རྙིང་བརྡའི་རྣམ་དབྱེ》ལས། ཐོག་ཐོག་ནི་དང་པོ། ཞེས་གསུངས། དཔེར་ན། 《མདོ་སྡེ་ལས་བརྒྱ་པ》ལས། ཐོག་ཐོག་ཙམ་ཞིག་བཤད་ཀྱིས་བརྟགས་པར་ཉོན་ཅིག ཅེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/978 + ((1) དབྱིབས་གྲུ་བཞིའི་མིང་སྟེ། 《འདུལ་བ་ལུང་རྣམ་འབྱེད》ལས། གོར་བུ་ཞེས་བྱ་བ་ནི་གྲུ་བཞིའོ། །ཞེས་གསུངས་པ་དང་།)
- Dictionaries/Brda dkrol gser gyi me long/7799 + ((1) བཙུན་མོའི་འཁོར་རམ་འཁོར་ནང་མའི་མིང་སྟེ། … (1) བཙུན་མོའི་འཁོར་རམ་འཁོར་ནང་མའི་མིང་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། སླས་ནི་བཙུན་མོའི་འཁོར། ཞེས་དང་། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། སླས་ནི་འཁོར་ནང་མ་ཞེས་ཀྱང་བྱུང་། ཞེས་གསུངས། དཔེར་ན། 《མགོན་པོ་མི་ཕམ་པའི་སྐྱེས་རབས》ལས། དེ་ནས་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེས་སྲས་ཐུ་བོ་རྒྱལ་སྲིད་ལ་བསྐོས་ཏེ། རང་ཉིད་སྲས་དང་སླས་དང་བློན་པོ་དང་ཡུལ་མིའི་གཙོ་བོ་རབ་ཏུ་མང་པོ་དག་དང་། ཞེས་པ་ལྟ་བུའོ། །ོ་བོ་རབ་ཏུ་མང་པོ་དག་དང་། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/1400 + ((1) བརྟག་པ་དང་གང་འདྲའི་ཚིག་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། ཇི་ཀ་ནི་བརྟག་པ། ཞེས་གསུངས་པ་དང་། 《སྤྱོད་འཇུག》ལས། འགྲོ་བ་ཐམས་ཅད་བསླུས་བྱས་ན།།། བདེ་འགྲོར་ཇི་ཀ་འགྲོ་འགྱུར་རམ།། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/3133 + ((1) བསངས་པ་ཞེས་པའི་དོན་ཏེ།《གསར་རྙིང་བརྡའི་རྣམ་དབྱེ》ལས། སྐད་གསར་བཅད་ཀྱིས་གཏན་ལ་མ་ཕབ་པ་ནི་བསངས་པ་ལ་བརྩངས་པ་དང་། ཞེས་གསུངས་པ་ལྟར་དང་།)
- Dictionaries/Brda dkrol gser gyi me long/7396 + ((1) བསྟུན་པའི་དོན་ལ་འཇུག་སྟེ།《གསར་རྙིང་བརྡའི་རྣམ་དབྱེ》ལས། སྤུན་པ་ནི་བསྟུན་པ། ཞེས་གསུངས་པ་དང་།)
- Dictionaries/Brda dkrol gser gyi me long/6758 + ((1) བློ་བྱང་བར་སོམ་མམ་བརྡ་དོན་བྱང་བར་སོམ་ཞ … (1) བློ་བྱང་བར་སོམ་མམ་བརྡ་དོན་བྱང་བར་སོམ་ཞེས་པའི་དོན་ཏེ། 《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། དམར་མཆན་དུ། ཤེད་དབྱེ་སོམ་གཞིག་ནི་བློ་བྱང་བར་སོམ་ཞེས་པའི་དོན་ཡིན་གསུང་། ཞེས་གསུངས། དཔེར་ན། 《ལམ་རིམ་ཆེན་མོ》ལས། ཆོས་དང་བསྟན་ཙ་ན་རོ་ཁུར་བ་ལྟར་རྒྱབ་བསྣོལ་དུ་སོང་བ་ལ་ཆོས་པ་དང་མཁས་བཙུན་གྱི་ཡང་རྩེར་རེ་ན་བྱིས་པ་ཐ་ཆད་ཡིན་ཏེ་ཚོམས་ལས། བྱིས་པ་གང་ཞིག་མཁས་སེམས་པ། ། དེ་ནི་བྱིས་པ་ཞེས་བརྗོད་དོ། ། ཞེས་གསུངས་པས། མ་ཐ་ནའང་ཆོས་ལ་ཤེད་དབྱེ་སོམ་གཞིག་གསུངས་སོ། ། ཞེས་པ་ལྟ་བུའོ། །བྱེ་སོམ་གཞིག་གསུངས་སོ། ། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/605 + ((1) མཐུན་པའི་མིང་སྟེ། 《བརྡ་གསར་རྙིང་གི་རྣམ་དབྱེ》ལས། གཞར་བ་ནི་མཐུན་པ། ཞེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/2182 + ((1) མདུན་གྱི་མིང་སྟེ།《གསར་རྙིང་བརྡའི་རྣམ་དབྱེ》ལས། དོག་མ་ནི་མདུན། ཞེས་གསུངས།)
- Dictionaries/Brda dkrol gser gyi me long/5758 + ((1) ཞ་ཉེ་ནག་པོའི་མིང་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། རོ་ཉེ་ནི་ཞ་ཉེ་ནག་པོར་ཡན་ལག་བརྒྱད་པའི་འགྲེལ་པར་བཤད། ། ཅེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/4876 + ((1) ཞེན་ཆགས་ཆེ་བའི་མིང་སྟེ།《གསར་རྙིང་བརྡའི་རྣམ་དབྱེ》ལས། འཇུངས་པ་ནི་ཞེན་ཆགས་ཆེ་བ། ཞེས་གསུངས། དཔེར་ན། 《བཀའ་གདམས་པའི་གསུང་བགྲོས་ཐོར་བུ》ལས། ཟང་ཟིང་གི་དངོས་པོ་ལ་འཇུངས་པའི་རྣམ་ཐར་མེད་བཞིན་དུ་ཟང་ཟིང་ཤུགས་ཀྱིས་འདུ་བ། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/7433 + ((1) ཟ་བའི་དོན་ལ་འཇུག་སྟེ།《གསར་རྙིང་བརྡའི་རྣམ་དབྱེ》ལས། སྤོན་པ་ནི་ཟ་བ། ཞེས་གསུངས།)
- Dictionaries/Brda dkrol gser gyi me long/768 + ((1) འབངས་མིའམ་བྲན་གཡོག་གི་མིང་སྟེ། 《མཁས་པའི་དགའ་སྟོན》ལས། གཡུང་ངམ་ཁེང་ཞེས་པ་འབངས་མི་ལས་བྱེད་ཀྱི་མིང་། ཞེས་གསུངས། དཔེར་ན། 《ཏུན་ཧོང་གཏེར་ཡིག་བོད་ཀྱི་ཡིག་རྙིང》ལས། བློན་ཆེ་སྟོང་རྩན་གྱིས་མོང་པུ་སྲལ་མཛོང་དུའ་བསྡུ་སྟེ་རྒོད་གཡུང་དབྱེ་ཤིང་། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/5749 + ((1) འབྲེལ་མེད་དམ་རྐྱང་པའི་མིང་སྟེ། 《ལི་ཤིའི་གུར་ཁང》ལས། རེང་བུ་ནི་འབྲེལ་མེད་དམ་རྐྱང་པ། ཞེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/5330 + ((1) འོན་ཀྱང་ཞེས་པའི་དོན་ལ་འཇུག་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། འོན་ཏང་ནི་འོན་ཀྱང་། ཞེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/4497 + ((1) རྣ་བ་མེད་པའི་མིང་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། ཞ་སྒྲེ་ནི་རྣ་མེད། ཅེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/2634 + ((1) ལྷའམ་ཕ་མེས་ཀྱི་མིང་སྟེ།《གསར་རྙིང་བརྡའི་རྣམ་དབྱེ》ལས། ཕྱི་བི་ནི་ལྷའམ་ཕ་མེས། ཞེས་གསུངས་པ་དང་།)
- Dictionaries/Brda dkrol gser gyi me long/2124 + ((1) སེར་སྣ་ཆེ་བའམ། འཛིན་པ་ཆེ་བའི་དོན་ཏེ།《གསར་རྙིང་བརྡའི་རྣམ་དབྱེ》ལས། དུས་པོ་ཆེ་ནི་འཛིན་པ་ཆེ་བ། ཞེས་གསུངས།)
- Dictionaries/Brda dkrol gser gyi me long/801 + ((1) སྣང་གཡེལ་ཅན་གྱི་མིང་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། གཡེར་བག་ནི་སྣང་གཡེལ་ཅན། དགེ་སློང་མས་གནས་གཡེར་བག་ཅན་དུ་མི་སྡོད་པར་བཤད་པ་ལྟ་བུ། ཞེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/4534 + ((1) སྤྱན་དབྱེ་སྟེ་རབ་གནས་དང་།)
- Dictionaries/bod rgya nang don rig pai tshig mdzod/1799 + ((ཏཱརཱ)འཇིགས་པ་བརྒྱད་ལས་སྒྲོལ་བའི་ཆ་ནས་བཏགས … (ཏཱརཱ)འཇིགས་པ་བརྒྱད་ལས་སྒྲོལ་བའི་ཆ་ནས་བཏགས་པའི་ཡི་དམ་ལྷ་མོའི་རིགས་ཤིག་སྟེ། ནང་གསེས་སུ་སྐུ་མདོག་དང་ཕྱག་མཚན་མི་འདྲ་བར་བརྟེན་ནས་དབྱེ་བ་ཉེར་གཅིག་སོགས་ཡོད། མིང་གི་རྣམ་གྲངས་ལ་རྒྱལ་ཡུམ་དང་། ཆོས་ཀྱི་དཔལ་མོ། མཆོག་གི་མ། འཇིག་རྟེན་དབང་ཕྱུག་སྲས་མོ། མྱུར་སྐྱོབ། ཕོངས་སྐྱོབ། ཞི་མ། ལེགས་བྱིན་མ། ཨོཾ་མཛད་བཅས་སོ།།སྐྱོབ། ཞི་མ། ལེགས་བྱིན་མ། ཨོཾ་མཛད་བཅས་སོ།།)