Search by property
Jump to navigation
Jump to search
This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.
List of results
- Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/730 + (སློབ་དཔོན་པདྨས་ལྷའི་དབང་པོ་བརྒྱ་བྱིན་ལ་བཙུ … སློབ་དཔོན་པདྨས་ལྷའི་དབང་པོ་བརྒྱ་བྱིན་ལ་བཙུན་མོ་བཞི་ཡོད་དེ། ཆེ་བ་ཤ་མཚན་མ་ལ་བུ་བཅུ་གཉིས་ཡོད། དེ་འོག་ཟླ་མཚན་མ་ལ་ཉི་ཟླའི་བུ་བདུན་ཡོད། དེའི་འོག་ཤ་ཙི་ཀ་ལ་དྲག་པོའི་བུ་བདུན་ཡོད། ཆུང་བ་ཡེ་སྲིད་མ་ལ་སྟོབས་ལྡན་གྱི་བུ་དྲུག་ཡོད། དེ་ལྟར་སུམ་ཅུ་རྩ་གཉིས། བརྒྱ་བྱིན་རང་དང་སུམ་ཅུ་རྩ་གསུམ་ཞེས་གསུངས་སོ།ྒྱ་བྱིན་རང་དང་སུམ་ཅུ་རྩ་གསུམ་ཞེས་གསུངས་སོ།)
- Dictionaries/bod rgya nang don rig pai tshig mdzod/3862 + (སློབ་མ་རྣམས་དབུགས་དབྱུང་བ་དང་བཀྲ་ཤིས་པར་བྱ་བའི་ཕྱིར་ཙཀ་ལི་སོགས་ཀྱིས་རྒྱལ་སྲིད་སྣ་བདུན་དང་། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་སོགས་ཀྱི་དབང་བསྐུར་བའོ།།)
- Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/375 + (ཧོར་ཟླ་བདུན་པ། བརྒྱད་པ། དགུ་པ་གསུམ།)
- Dictionaries/bod rgya nang don rig pai tshig mdzod/6102 + (ཧོར་ཟླ་བདུན་པའི་ཚེས་བཅུ་དྲུག)
- Dictionaries/sngas rgyas chos gzhung tshig mdzod/8209 + (ཧོར་ཟླ་བདུན་པའི་ཚེས་བརྒྱད་ཉིན་འབྲས་སྤུངས་དགོན་ནང་གི་མཆོད་རྟེན་ཀླུ་འབུམ་ལ་དུས་མཆོད་བྱེད་པའི་དགའ་སྟོན་ཞིག)
- Dictionaries/bod rgya nang don rig pai tshig mdzod/6149 + (ཧོར་ཟླ་བདུན་པའི་ཚེས་བརྒྱད་ཉིན་འབྲས་སྤུངས་དགོན་ནང་གི་མཆོད་རྟེན་ཀླུ་འབུམ་ལ་དུས་མཆོད་བྱེད་པའི་དགའ་སྟོན་ཞིག)
- Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1533 + (ཨ་ཀྵ་ཙནྡྲ་དང་། ཛ་ཡ་ཙནྡྲ། དྷརྨ་ཙནྡྲ། ཀརྨ་ཙནྡྲ། བི་ག་མ་ཙནྡྲ། ཀཱ་མ་ཨ་ཙནྡྲ། བི་མ་ལ་ཙནྡྲ། བཅས་བདུན་པོ་དེ་རྣམས་སྲིད་དབང་བཟུང་ཡུན་རིང་ཞིང་སངས་རྒྱས་ཆོས་ལུགས་ལ་དད་གུས་དང་བྱས་རྗེས་ཆེན་པོ་ཅན་ཡིན་པས་རྒྱ་གར་གྱི་ལོ་རྒྱུས་ཐོག་ཙནྡྲ་བདུན་ཞེས་ཟེར།)
- Dictionaries/sngas rgyas chos gzhung tshig mdzod/2937 + (ཨུ་ད་ཀ་དང་ཡི་གེ་གསུམ་ལན་བདུན་བཟླས་པས་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་སེམས་པར་ཕྲེང་བར་གསུངས་པའོ།)
- Dictionaries/sngas rgyas chos gzhung tshig mdzod/6867 + (ཨོཾ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བྷཱུར་བནྡྷ་བནྡྷ … ཨོཾ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བྷཱུར་བནྡྷ་བནྡྷ་ཧཱུྃ་ཕགས། ཅེས་པ་འདིས་སྤོས་ཆ་ལ་ལན་བདུན་བཟླས་ཏེ་ཕྱོགས་ཀུན་ཏུ་བསང་གཏོར་བྱ་ཞིང་། ལག་པ་གཉིས་ཀྱི་གུང་མོ་དང་སྲིན་ལག་རྣམས་ཕན་ཚུན་གདུ་བུ་ལྟར་བྱས་ལ་སོ་སོའི་དྲུང་དུ་རྩེ་མོ་སྦྱར་ཏེ་མཐེའུ་ཆུང་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེངས། མཐེ་བོ་ཕུར་པའི་ཚུལ་དུ་བྱས་ཏེ་ས་ལ་བཙུགས་པ་ཕུར་པའི་ཕྱག་རྒྱ་བྱ་ཞིང་། བཤད་མ་ཐག་པའི་སྔགས་བཏོན་ནས་བགེགས་རྣམས་པ་ཁྲོ་བོ་རྡོ་རྗེ་ཕུར་བུས་བཏབ་པས་གཡོ་འགུལ་མེད་པར་བསམ་སོ།རྗེ་ཕུར་བུས་བཏབ་པས་གཡོ་འགུལ་མེད་པར་བསམ་སོ།)
- Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/693 + (《མངོན་པ་མཛོད》ལས་བཤད་སྲོལ་ལ། འཇིག་རྟེན་ཁམས་ … 《མངོན་པ་མཛོད》ལས་བཤད་སྲོལ་ལ། འཇིག་རྟེན་ཁམས་ལ་མཐའ་དང་མུ་མེད་པའི་ནང་ནས་རང་ཅག་འཚོ་གནས་བྱེད་པའི་འཇིག་རྟེན་གྱི་ཁམས་འདི་ལ་གླིང་བཞི་གླིང་ཕྲན་བརྒྱད་ཉི་ཟླ་རྒྱུ་སྐར་བཅས་ཆ་ཚང་ཡོད་ཅིང༌། དེའི་ནང་གི་གླིང་བཞི་ནི། ཤར་ལུས་འཕགས་པའི་གླིང་། ལྷོར་འཛམ་བུ་གླིང་། ནུབ་ཏུ་བ་ལང་སྤྱོད་ཀྱི་གླིང་། བྱང་དུ་སྒྲ་མི་སྙན་གྱི་གླིང་བཅས་གླིང་གཙོ་བོ་བཞི་དང༌། དེ་རེ་རེ་ལ་གླིང་ཕྲན་ཆུང་བ་གཉིས་གཉིས་བཅས་གླིང་ཕྲན་བརྒྱད། གླིང་ཕྲན་དེ་དག་གི་ནང་དུ་ནང་གི་མཚོ་བདུན། ཕྱིའི་ཁོར་ཡུག་ཏུ་ཕྱིའི་རྒྱ་མཚོ་ཆེན་པོ། སྟེང་གི་ནམ་མཁའ་ལ་གནམ་གྱི་གོ་ལ་ཕུབ་ཀྱི་བང་རིམ་ལྟར་གནས་པའི་སྟེང་དུ་ཉི་ཟླ་རྒྱུ་སྐར་གྱི་འགྲོ་ལམ་དང་། ཉི་མའི་ཁྱིམ་བཅུ་གཉིས་བཅས་ཡོད་ཟེར།་ལམ་དང་། ཉི་མའི་ཁྱིམ་བཅུ་གཉིས་བཅས་ཡོད་ཟེར།)
- Dictionaries/Brda dkrol gser gyi me long/1573 + ((2)དགེ་བ་ལ་འབད་འབུངས་ཏེ་གཙུག་ལག་ཁང་དུ་དགེ་ … (2)དགེ་བ་ལ་འབད་འབུངས་ཏེ་གཙུག་ལག་ཁང་དུ་དགེ་བསྐོས་ལ་བསྡོངས་ནས་ལས་ཀྱི་གྲོགས་བྱེད་པའི་མིང་སྟེ། 《དག་ཡིག་ལེགས་བཤད་ཚིག་གཏེར》ལས། ཏྲོན་ནི་གཙུག་ལག་ཁང་དུ་དགེ་བསྐོས་ལ་བསྡོངས་ནས་ལས་ཀྱི་གྲོགས་བྱེད་པའི་མིང་། ཞེས་གསུངས། དཔེར་ན། 《འདུལ་བ》ལས། དེ་ན་དགེ་སྐོས་ཏྲོན་བྱེད་པའི་ཚེ་བཅུ་བདུན་སྡེ་ལས་གཅིག་ལ་བློ་བྱུང་བ་དག་ནི་ཆད་ཀྱིས་ཉལ་ལོ།། མི་བཅུ་དྲུག་གིས་ཅིའི་ཕྱིར་ཏྲོན་མི་ནུས་སྙམ། ཞེས་པ་ལྟ་བུའོ།།ཅིའི་ཕྱིར་ཏྲོན་མི་ནུས་སྙམ། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/4123 + ((2)དྲག་པོ་དང་དྲག་ཤུལ་དང་མི་སྡུག་པ་དང་ཚབས་ཆེན་དང་རྩུབ་དྲག་པ་སོགས་ལ་འཇུག་སྟེ། 《འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི》ལས། གཡུལ་ངོར་དཔའ་བོ་བལྟ་བྱ་སྟེ། ། མི་བཟད་དུག་ལ་གསང་སྔགས་བལྟ། ། བཟའ་བཏུང་ཚེ་ན་ཉེ་དུ་སྟེ། ། དོན་རྟོགས་བྱ་ལ་མཁས་པ་ལྟ། ། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/4463 + ((2)བྱ་བ་སྤྱིའི་དོན་ལ་འཇུག་པ་སྟེ། 《བརྡ་སྦྱོར་རིན་ཆེན་གཏེར་ཁྱིམ》ལས། ཛ་ལང་ནི་བྱ་བ་སྤྱི་དང་བྱེ་བྲག་གདུག་རྩུབ་ལ་འཇུག་གོ ། ཞེས་གསུངས་སོ། །)
- Dictionaries/Brda dkrol gser gyi me long/3568 + ((2)འདུག་སར་རེའུ་ཆུང་འབྲི་བའི་མིང་སྟེ། 《གནམ … (2)འདུག་སར་རེའུ་ཆུང་འབྲི་བའི་མིང་སྟེ། 《གནམ་རྩེ་ལྡེང་མའི་བརྡ་དོན》ལས། བྱུག་རིས་ནི་གྲལ་གྱི་མིང་དུ་བཤད་ལ། དེ་ཡང་བཀད་ས་སྟེ་གཡོས་ཁང་ངམ་འདུག་སར་ཆུས་བྱུགས་ཏེ་རེའུ་ཆུང་འདྲི་བར་བཤད་དོ། ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས འདི་ནི་དགེ་འདུན་གྱི་གནས་མལ་ཅུང་ཟད་མ་མཆིས་སམ། བཞིན་བཟང་མང་དུ་ཡོད་དེ་རེ་ཞིག་ཁོ་བོའི་བྱུག་རིས་སུ་ཡང་དངོས་པོ་བདུན་པོ་དག་ཐོབ་པའོ། ། ཞེས་པ་ལྟ་བུའོ། །པོ་བདུན་པོ་དག་ཐོབ་པའོ། ། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/844 + ((2)ཡུར་བའི་མིང་སྟེ། 《ངག་སྒྲོན་གྱི་འགྲེལ་པ》ལས། གཤོར་སྣོད་ཅིག་དང་ཡུར་བའི་གཤོར་དང་། ཞེས་གསུངས། དཔེར་ན། 《དེབ་ཐེར་སྔོན་པོ》ལས། ཆང་རྒོད་གཤོར་བདུན་བདུན་བསྟུད་མར་གསོལ་ཡང་བཟི་བ་མེད་པ། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/1386 + ((2)རྐང་ལག་བཀྲུ་བའི་སྣོད་ཀྱི་མིང་སྟེ།《འདུལ་ … (2)རྐང་ལག་བཀྲུ་བའི་སྣོད་ཀྱི་མིང་སྟེ།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ཆོལ་ཟངས་ནི་རྐང་ལག་བཀྲུ་བའི་སྣོད་ཅེས་རྒྱ་ཆེར་འགྲེལ་དུ་གསུངས་ཏེ། དེ་ནི་ས་དང་ཟངས་ལྕགས་སོགས་ལས་བྱས་པ་དབྱིབས་གླང་པོ་ཆེའི་རྨིག་མཐིལ་འདྲ་བ་ནང་གི་དབུས་མཐོ་བ་ཀ་དམ་པའི་མེ་ཏོག་ལྟར་ལྕོག་ལྕོག་པོ་རྩུབ་པ་ཞེས་བཤད་དོ།། ཞེས་གསུངས།ྕོག་ལྕོག་པོ་རྩུབ་པ་ཞེས་བཤད་དོ།། ཞེས་གསུངས།)
- Dictionaries/Brda dkrol gser gyi me long/5402 + ((2)རྨོག་ལ་འཇུག་སྟེ། 《གསར་རྙིང་བརྡའི་རྣམ་ད … (2)རྨོག་ལ་འཇུག་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། ཡ་ལད་ནི་གོ་ཆ་སྤྱི་དང་སྐབས་ཐོབ་ཀྱི་རྨོག་གི་མིང་ལ་འཇུག་པའང་ཡོད། ཅེས་གསུངས། དཔེར་ན། 《མི་དབང་རྟོགས་བརྗོད》ལས། ལུས་མཚོན་ཆ་ལས་ཉེ་བར་སྐྱོབ་པའི་ཡ་ལད་ཀྱི་རིམ་པ་ལྕགས་ཀྱི་དྲ་མིག་ཅན་དང་། མན་ད་སུའི་ནང་ཚངས་ཅན་དང་། མཚོན་ཆ་མེའི་འཕྲུལ་འཁོར་དྲག་ཅིང་རྩུབ་པ་དང་། རལ་གྲི་རྣོ་དབལ་དང་ལྡན་པ་སོགས་མཆིས། ཞེས་པ་ལྟ་བུའོ། །་དབལ་དང་ལྡན་པ་སོགས་མཆིས། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/7675 + ((2)ལྟོགས་པ་དང་སྐོམ་པ་དང་ཟས་བཅད་པའི་མིང་སྟེ། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། སྨྱུང་བ་ནི་ལྟོགས་པའམ་སྐོམ་པའམ་ཟས་བཅད་པའི་མིང་སྟེ། སྨྱུང་གནས་ཟེར་བ་ལྟ་བུ། ཞེས་གསུངས་པ་ལྟར་རོ།།)
- Dictionaries/Brda dkrol gser gyi me long/7039 + ((2)ལྡེ་གུའི་མིང་གི་རྣམ་གྲངས་ཏེ། 《འདུལ་བའི་ … (2)ལྡེ་གུའི་མིང་གི་རྣམ་གྲངས་ཏེ། 《འདུལ་བའི་གླིང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། སྐྱོ་མ་དང་ཐུག་པ་དང་ཟན་དྲོན་གསུམ་གྱི་ཁྱད་པར་ནི། རིམ་བཞིན་གཟར་བུས་གྱེན་དུ་བསྒྲེང་མི་ནུས་པ་དང་། ནུས་པ་དང་། སོར་མོ་ལྔའི་རྗེས་དོད་ནུས་པ་ལ་བཤད་ཅིང་། ལྡེ་གུ་དང་སྐྱོ་མ་དོན་གཅིག་སྟེ། སྐོམ་གྱི་ནང་དུ་ཕྱེ་བཏབ་པ་ལྟ་བུ་ཐུག་པ་སླ་མོའོ། །ཞེས་གསུངས་པ་ལྟར་རོ། །ྟ་བུ་ཐུག་པ་སླ་མོའོ། །ཞེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/4711 + ((2)སྔོའི་བྱེ་བྲག་ཅིག་གི་མིང་སྟེ། 《བརྡ་སྤྲོད་ཉི་ཤུ་བདུན་པའི་རང་འགྲེལ》ལས། ཟྭ་ནི་སྔོ་ཡི་བྱེ་བྲག་སྟེ། ། ཞེས་གསུངས་པ་ལྟར་རོ། །)
- Dictionaries/Brda dkrol gser gyi me long/2797 + ((3)ཧམ་པའི་མིང་སྟེ། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། བཀྲེས་རྔབ་ནི། ནད་ཀྱི་བྱེ་བྲག་དང་ནི་ཧམ་པའི་མིང་། ཞེས་གསུངས་པ་ལྟར་རོ། །འདི་ལ་བཀྲེས་སྔབ་བྲིས་པའང་སྣང་།)
- Dictionaries/Brda dkrol gser gyi me long/6070 + ((4)རུས་མིང་ཞིག་སྟེ། 《ངག་སྒྲོན་གྱི་འགྲེལ་པ》ལས། རྨ་ལྷན་སྐྱེས་དང་གསར་བྱུང་གི་རྨ་དང་བུ་ག་དང་སྐྱོན་དང་རུས་ཤིག ཅེས་གསུངས། དཔེར་ན། དེ་ཉིད་ལས། ཁྲི་སྲོང་ལྡེ་བཙན་སྐབས་སད་མི་བདུན་གྱི་ནང་གསེས་གཞོན་གསུམ་གྱི་གྲས་རྨ་རིན་ཆེན་མཆོག ཅེས་པ་ལྟ་བུའོ། །)
- Dictionaries/sngas rgyas chos gzhung tshig mdzod/21 + ((ལེགས་) སྒྲ་ཡི་བསྟན་བཅོས་ཞིག ལོ་ཙྭ་བ་བདུན་པའི་གོ་ཆས་སྒྱུར། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/11160 + ((ལེགས་)གཙུག་ཏོར་ཅན་ཏེ། སངས་རྒྱས་རབས་བདུན་གྱི་ཡ་གྱལ་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/sngas rgyas chos gzhung tshig mdzod/7550 + ((ལེགས་)བོད་མངའ་རིས་སྙེ་མོ་ས་ཁུལ་གན་ཇག་པ་གོར་ཟེར་བའི་བུར་སྐྱེལ། སད་མི་མི་བདུན་གྱི་ཡ་གྱལ་ཞིག ། ཚིག་འདི་གསར་དུ་བཅོས་པ་ཡིན།)
- Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1529 + (ལྕི། ཡང་། འཇམ། རྩུབ། བཀྲེས། སྐོམ། གྲང་བ་བདུན་ལའང་།)
- Dictionaries/chos rnam kun btus/10187 + ("ཧོར་གྱི་ཐ་སྙད། འཕགས་ཡུལ་གྱི་ཐ་སྙད། ཁྱིམ་ཟ … "ཧོར་གྱི་ཐ་སྙད།</br>འཕགས་ཡུལ་གྱི་ཐ་སྙད།</br>ཁྱིམ་ཟླའི་མིང་།"</br>"ཧོར་ཟླ་བདུན་པ།</br>གྲོ་བཞིན་ཟླ།</br>སེང་གེའི་ཁྱིམ།"</br>"ཧོར་ཟླ་བརྒྱད་པ།</br>ཁྲུམས་སྟོད་ཟླ།</br>བུ་མོའི་ཁྱིམ།"</br>"ཧོར་ཟླ་དགུ་པ།</br>དབྱུག་ཟླ།</br>སྲུང་ཁྱིམ།"</br>"ཧོར་ཟླ་བཅུ་པ།</br>སྨིན་དྲུག་ཟླ།</br>སྡིག་ཁྱིམ།"</br>"ཧོར་ཟླ་བཅུ་གཅིག་པ་།</br>མགོ་ཟླ།</br>གཞུ་ཁྱིམ།"</br>"ཧོར་ཟླ་བཅུ་གཉིས་པ།</br>རྒྱལ་ཟླ།</br>ཆུ་སྲིན་ཁྱིམ།"</br>ཟླ་བ་བཅུ་གཉིས་ནི་འབྱུང་རྩིས་ཟླ་བའི་འོད་ཟེར་ལས། དཔྱིད་ཟླ་ར་བ་བཅུ་གཅིག་སྟག ། བཅུ་གཉིས་དཔྱིད་འབྲིང་ཡོས་སུ་བརྩི། ། ཟླ་བ་དང་པོ་དཔྱིད་ཐ་འབྲུག ། དེ་བཞིན་དབྱར་ར་ག་ཉིས་པ་སྦྲུལ། ། དབྱར་འབྲིང་གསུམ་པ་རྟའི་ཟླ་བ། ། བཞི་པ་དབྱར་ཟླ་ཐ་ཆུང་ལུག ། ལྔ་པ་སྟོན་ཟླ་ར་བ་སྤྲེལ། ། དྲུག་པ་སྟོན་འབྲིང་བྱའི་ཟླ་བ། ། བདུན་པ་སྟོན་ཟླ་ཐ་ཆུང་ཁྱི། ། བརྒྱུད་པ་དགུན་ཟླ་ར་བ་ཕག ། དགུན་འབྲིང་དགུ་པ་བྱི་བའོ། ། བཅུ་པ་དགུན་ཐ་གླང་དུ་འདོད། ། ཅེས་འབྱུང་བ་དང་། བེ་དཀར་ཡང་འདི་དང་མཐུན་ནོ། ། བོད་དུ་དར་བའི་ནག་རྩིས་ཕལ་ཆེར་སྟག་ཟླ་དཔྱིད་ཟླ་ར་བར་བྱེད་པ་གཅིག་མཐུན་ཡིན་ཡང་། དེ་ཟླ་བ་གང་ལ་ངོས་འཛིན་བྱེད་སྟངས་ཐད་མི་འདྲ་བ་དུ་མ་འབྱུང་བ་གཙོ་བོ་ཁག་གསུམ་དུ་འདུ། སྟག་ཟླ་དེ་བཅུ་གཅིག་པ་མགོ་ཟླ་བར་བྱེད་པ་ནི་གོང་གསལ་སྡེ་སྲིད་སངས་རྒྱུས་རྒྱུ་མཚོ་དང་ལོ་ཆེན་དྷརྨ་ཤྲཱི་རྗེས་འབྲང་དང་བཅས་པ་འདོད།</br>བེ་དཀར་དང་འབྱུང་རྩིས་ཟླ་ཟེར་ལུགས་ཀྱི་ཟླ་བ་བཅུ་གཉིས།</br>"དུས་བཞི།</br>ཟླ་གྲངས།</br>ཟླ་བའི་མིང་།</br>ཉ་སྐར།"</br>"དཔྱིད་ཟླ་གསུམ།</br>11 12 1</br>སྟག ཡོས། འབྲུག</br>མགོ རྒྱལ། མཆུ།"</br>"དབྱར་ཟླ་གསུམ།</br>2 3 4</br>སྦྲུལ། རྟ། ལུག</br>དབོ། ནག་པ། ས་ག"</br>"སྟོན་ཟླ་གསུམ།</br>5 6 7</br>སྤྲེལ། བྱ། ཁྱི།</br>སྣོན། ཆུ་སྟོད། གྲོ་བཞིན།"</br>"དགུན་ཟླ་གསུམ།</br>8 9 10</br>ཕག བྱི་བ། གླང་།</br>ཁྲུམས་སྟོད། དབྱུ་གུ། སྨིན་དྲུག"</br>རྩིས་ཀྱི་བསྟན་བཅོས་བི་དཀར་དང་འབྱུང་རྩིས་ཟླ་བའི་འོད་ཟེར་གྱི་ལུགས་ཡིན། སྟག་ཟླ་དེ་བཅུ་གཉིས་པ་རྒྱལ་ཟླ་བར་བྱེད་པ་ནི་འབྲི་གུང་ཆོས་ཀྱི་གྲགས་པ་དང་། མཁས་མཆོག་ཀརྨ་ཆགས་མེད། དགེ་རྩེ་འགྱུར་མེད་བསྟན་པ་རྒྱ་མཚོ་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཨུཏྤལ་སྔོན་པོའི་དོ་ཤལ་སོགས་ཀྱི་ལུགས་ཡིན། སྟག་ཟླ་དེ་ཟླ་བ་དང་པོ་མཆུ་ཟླར་བྱེད་པ་ནི་ཀརྨ་ངེས་ལེགས་བསྟན་འཛིན་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཉེར་མཁོ་བུམ་བཟང་སོགས་ཀྱི་ལུགས་སོ། ། ཟླ་བ་དེ་དག་གི་ཁམས་བརྩི་སྟངས་ནི། གནམ་ལོ་མ་ལ་ཟླ་བ་བུ་ཞེས་པ་ལྟར་སྦྲགས་མར་བརྩི་དགོས། དེ་ཡང་ནག་རྩིས་ཉེར་མཁོ་བུམ་བཟང་ལས། དཔྱིད་ཟླ་ར་འབྲིང་གནམ་ལོའི་བུ། ། དཔྱིད་ཐ་དབྱར་ར་གནམ་ལོའི་མ། ། སྟོན་ཐ་དགུན་ར་གནམ་ལོ་རང་། ། དགུན་འབྲིང་དགུན་ཐ་གནམ་ལོའི་བུ། །ཞེས་པ་དང་དོན་གཅིག་གོ །གུན་ཐ་གནམ་ལོའི་བུ། །ཞེས་པ་དང་དོན་གཅིག་གོ །)
- Dictionaries/Brda dkrol gser gyi me long/3811 + ((1) ཀྱེ་མའམ་ཀྱི་ཧུད་ཀྱི་དོན་ལ་འཇུག་སྟེ། 《 … (1) ཀྱེ་མའམ་ཀྱི་ཧུད་ཀྱི་དོན་ལ་འཇུག་སྟེ། 《དག་ཡིག་ཤེས་བྱ་རབ་གསལ》ལས། མ་ལ་ཞེས་པ་ཀྱེ་མའམ་ཀྱི་ཧུད། ཅེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། མ་ལ་ངས་དེ་དག་བདེ་བ་ལ་རེག་པའི་ཕྱིར་དང་། སྦྱིན་བདག་གིས་སྦྱིན་པའི་ཆོས་ཡོངས་སུ་སྤྱད་པའི་ཕྱིར་ཞག་བདུན་རྗེས་སུ་གནང་བར་བྱའོ། ། ཞེས་པ་ལྟ་བུའོ། །ུན་རྗེས་སུ་གནང་བར་བྱའོ། ། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/23 + ((1) གཏིང་ནས་ཁྲོ་བའི་མིང་སྟེ། 《དཔེ་ཆོས་རིན་ཆེན་སྤུངས་པ》ལས། ཞེ་ལ་རྩུབ་པའི་སེམས་ཀར་ཀར་བ། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/440 + ((1) མཆུ་ཞེང་གི་ཚད་ཀྱི་མིང་སྟེ།《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། དེ་བཞིན་གཏོས་ཞེས་བྱ་བ་ནི།། མཆུ་ཞེང་སོགས་ཀྱི་ཚད་ཀྱི་མིང་།། ཞེས་གསུངས། དཔེར་ན། 《བཤེས་སྤྲེངས》ལས། ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན།། ཞེས་པ་ལྟ་བུའོ།།)
- Dictionaries/Brda dkrol gser gyi me long/3202 + ((1) རྩུབ་པོའམ་གཟེངས་པའི་མིང་སྟེ། 《དག་ཡིག་ … (1) རྩུབ་པོའམ་གཟེངས་པའི་མིང་སྟེ། 《དག་ཡིག་ལེགས་བཤད་རབ་གསལ》ལས། བཤོར་བ་རྩུབ་པའམ་གཟེངས་པའོ། ། ཞེས་གསུངས། དཔེར་ན། 《མཛངས་བླུན་ཞེས་བྱ་བའི་མདོ》ལས། བཞིན་རབ་ཏུ་མི་སྡུག་པ། ལུས་ཀྱི་ཤ་ཤིན་ཏུ་རྩུབ་པ་སྟག་ལྤགས་ལྟར་སྲ་བ། སྐྲ་ཡང་རྟ་རྔོག་ལྟར་བཤོར་བ་ཞིག་སྟེ། ཞེས་པ་ལྟ་བུའོ། །རྔོག་ལྟར་བཤོར་བ་ཞིག་སྟེ། ཞེས་པ་ལྟ་བུའོ། །)
- Dictionaries/Brda dkrol gser gyi me long/2795 + ((1) ལྟོགས་པའི་དོན་ལ་འཇུག་སྟེ། 《ངག་སྒྲོན་གྱི་འགྲེལ་པ》ལས། བཀྲེས་རྔབ་ནི། བཀྲེས་པ་ཆགས་པ་དང་། རྔབ་པ་ལྟོགས་པ། ཞེས་གསུངས།)
- Dictionaries/Brda dkrol gser gyi me long/7723 + ((1) སོའི་མིང་སྟེ། 《བརྡ་སྤྲོད་ཉི་ཤུ་བདུན་པའི་རང་འགྲེལ》ལས། སྭོ་ནི་ཁ་ནང་སྐྱེས་པའོ། ། ཞེས་གསུངས། དཔེར་ན། 《འདུལ་བ་ཀུན་བཏུས》ལས། ཁམ་ཚད་སྭོ་ཡིས་མི་གཅོད་ཅིང་། ། ཞེས་པ་ལྟ་བུའོ། །)
- Dictionaries/bod rgya nang don rig pai tshig mdzod/8476 + ((ཀནཀམུནི:)བསྐལ་བཟང་འདིའི་རྣམ་འདྲེན་གཉིས་པ་དང་། སངས་རྒྱས་དཔའ་བོ་བདུན་གྱི་ལྔ་པའོ།།)
- Dictionaries/bod rgya nang don rig pai tshig mdzod/4973 + ((ཀལལཾ)མངལ་གྱི་གནས་སྐབས་ལྔའི་དང་པོའམ། མི་ལུས་མངལ་དུ་ཆགས་པའི་བདུན་ཕྲག་དང་པོ་སྟེ་ཕ་མའི་ཁུ་ཁྲག་ཞོ་སླ་པོ་ལྟ་བུར་གྱུར་ལ་སྤྲིས་མ་ཆགས་མེད་པའི་དུས་འདི་ལ་ཡུངས་དཀར་ཙམ་གྱི་དུས་ཀྱང་ཟེར།)
- Dictionaries/bod rgya nang don rig pai tshig mdzod/875 + ((ཀྲཀུཙྪིནྡཿ)སངས་རྒྱས་དཔའ་བོ་བདུན་གྱི་གྲས་ཤིག)
- Dictionaries/bod rgya nang don rig pai tshig mdzod/1032 + ((གྷནཿ)མངལ་གྱི་གནས་སྐབས་ལྔའི་བཞི་པའམ། མི་ལུས་མངལ་དུ་ཆགས་པའི་བདུན་ཕྲག་བཞི་པ་སྟེ། ནར་ནར་པོ་ལས་ཤ་སྐ་བར་གྱུར་པའི་ཐོག་མནན་བཟོད་ཙམ་དུ་བྱུང་བའི་དུས།)
- Dictionaries/bod rgya nang don rig pai tshig mdzod/2816 + ((ཏཀྵཀཿ)གླུ་རྒྱལ་བརྒྱད་ཀྱི་གྲས་ཤིག མིངང་གི་རྣམ་གྲངས་ལ་གདེངས་ཀ་བདུན་པ་དང་། གདེངས་ཅན་བདག་པོ། གདེངས་ཅན་འདྲེན་པ། ནོར་རྒྱས་བུ། ནོར་ལས་རྒྱལ། ཕྱུགས་བདག སྦྲུལ་གྱི་རྒྱལ་པོ། ཡུལ་འཁོར་སྐྱོང་བཅས་སོ།།)
- Dictionaries/bod rgya nang don rig pai tshig mdzod/7270 + ((པྟེཏཱ)ངན་འགྲོ་གསུམ་གྱི་ནང་ཚན་ཞིག་སྟེ། ཟས་སྐོམ་ཡིད་ལ་བཏགས་པས་ན་ཡི་དྭགས། མིང་གི་རྣམ་གྲངས་ལ་ངན་ཁྱབ་དང་། ཆུ་བོ་རབ་མེད། དཔལ་མིན། ཕུན་ཚོགས་མིན་བཅས་སོ། །)
- Dictionaries/bod rgya nang don rig pai tshig mdzod/4715 + ((བཛ྄དྷཱར) རིགས་ཀུན་གྱི་ཁྱབ་བདག་རྒྱུད་ཀྱི་སྟོན་པ། ཤཱཀྱ་ཐུབ་པས་གསང་སྔགས་ཆོས་གསུང་སྐབས་ཀྱི་སྐུ་ཡི་རྣམ་པར་ཟེར། མིང་གི་རྣམ་གྲངས་ལ་ཁ་སྦྱོར་བདུན་ལྡན་དང་། ངེས་པ་ལྔ་ལྡན། རྡོ་རྗེ་ཅན། རྡོ་རྗེ་འཆང་ཆེན། རིགས་ཀུན་ཁྱབ་བདག རིགས་བརྒྱའི་བདག གསང་སྔགས་རྒྱལ་བཅས་སོ།།)
- Dictionaries/bod rgya nang don rig pai tshig mdzod/5125 + ((བིཔཤྱཱི)སངས་རྒྱས་རབས་བདུན་གྱི་ཡ་གྱལ་ཞིག)
- Dictionaries/bod rgya nang don rig pai tshig mdzod/3660 + ((བིཤཱབྷུཀྲ)སངས་རྒྱས་དཔའ་བོ་བདུན་གྱི་ཡ་གྱལ་ཞིག)
- Dictionaries/bod rgya nang don rig pai tshig mdzod/1345 + ((བྟིཀྵུཿ)སོ་ཐར་རིས་བདུན་གྱི་ནང་གསེས། འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྲུང་བར་ཁས་ལེན་ཅིང་དེའི་སྡོམ་པ་ཆོ་ག་བཞིན་ལེན་པའི་གང་ཟག མིང་གི་རྣམ་གྲངས་ལ་ནགས་གནས་དང་ཚངས་སྤྱོད་དོ།།)
- Dictionaries/bod rgya nang don rig pai tshig mdzod/1356 + ((བྷིཀྵུཎིཿ)སོ་ཐར་རིས་བདུན་གྱི་ནང་གསེས། བསླབ་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི་བསྲུང་བར་ཁས་བླངས་པའི་སྡོམ་ལྡན་གྱི་བུད་མེད།)
- Dictionaries/chos rnam kun btus/10310 + ((མངོན་པའི་ལུགས) 1. རྡུལ་ཕྲ་རབ་བདུན་ལ་རྡུལ་ … (མངོན་པའི་ལུགས)</br>1. རྡུལ་ཕྲ་རབ་བདུན་ལ་རྡུལ་གཅིག</br>2. དེ་བདུན་ལ་ལྕགས་འདུལ་གཅིག</br>3. དེ་བདུན་ལ་གླང་རྡུལ་གཅིག</br>4. དེ་བདུན་ལ་ཉི་ཟེར་གྱི་རྡུལ་གཅིག</br>5. དེ་བདུན་ལ་སྲོ་མ་གཅིག</br>6. དེ་བདུན་ལ་ཤིག་གཅིག</br>7. དེ་བདུན་ལ་ནས་གཅིག</br>8. དེ་བདུན་ལ་སོར་མོ་དབུས་མའི་ཚིགས་གཅིག</br>9. སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་ངོ་། །</br>10. ཁྲུ་བཞི་ལ་གཞུ་གང་སྟེ་འདོམ་ག་ང་ངོ་། །</br>11. གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་སྟེ་དེ་གྲོང་ལས་དེ་སྲིད་འཕགས་པ་ལ་དགོན་པ་ཞེས་བྱའོ། །</br>12. དེ་ལས་ཉེ་བ་རྒྱང་གྲགས་ཕྱེད་ལ་བས་མཐའ་ཞེས་བྱའོ། །</br>13. རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་སྟེ་གཞུ་འདོམ་བཞི་སྟོང་ངོ་། །ལ་དཔག་ཚད་གཅིག་སྟེ་གཞུ་འདོམ་བཞི་སྟོང་ངོ་། །)
- Dictionaries/bod rgya nang don rig pai tshig mdzod/2692 + ((མཉྫུགྷོཥ)ངོ་བོ་རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་ཏུ་འདུས་པའི་རང་གཟུགས། རྣམ་པ་ས་བཅུའི་བྱང་ཆུབ་སེམས་དཔའི་ཚུལ་འཆང་བ། ངག་གི་ཉེས་པའི་རྩུབ་རེག་དང་བྲལ་ཞིང་། འཇམ་པའི་ཡོན་ཏན་དང་ལྡན་པའི་གསུང་དབྱངས་ཀྱི་བདག་ཉིད་དོ།།)
- Dictionaries/bod rgya nang don rig pai tshig mdzod/7203 + ((མཧཱཀཱཤྱཔཱ:)སངས་རྒྱས་ཤཱཀྱ་ཐུབ་པའི་ཉན་ཐོས་ཉེ་འཁོར་བཅུའི་ནང་གསེས། སྦྱངས་པའི་ཡོན་ཏན་གྱི་མཆོག་ཏུ་གྱུར་པ་ཞིག་དང་། ཆོས་མངོན་པའི་སྡེ་སྣོད་ཀྱི་བཀའ་བསྡུ་དང་པོ་བྱེད་མཁན་གཙོ་བོ། གཏད་རབས་བདུན་གྱི་དང་པོ།)
- Dictionaries/bod rgya nang don rig pai tshig mdzod/6911 + ((ཤནྟརཀྵིཏ)སྔར་བྷངྒ་ལའི་ཡུལ་དུ་ཟ་ཧོར་རྒྱལ་པ … (ཤནྟརཀྵིཏ)སྔར་བྷངྒ་ལའི་ཡུལ་དུ་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས། དཔལ་ན་ལེནྡྲར་སློབ་དཔོན་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། རྒྱ་གར་གྱི་དབུ་མ་རང་རྒྱུད་པའི་སློབ་དཔོན་ཞིག་དང་། དབུ་མ་ཤར་པ་གསུམ་གྱི་ཡ་གྱལ་ཞིག་ཡིན། དབུ་མ་རྒྱན་ལ་སོཊ་པའི་བསྟན་བཅོས་བརྩམས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་དུ་ཕེབས། བསམ་ཡས་གཙུག་ལག་ཁང་བཞེངས་པའི་བཀོད་པ་མཛད། སད་མི་མི་བདུན་རབ་ཏུ་བྱུང་ནས་དགེ་འདུན་གྱི་སྡེ་བོད་དུ་ཐོག་མར་བཙུགས། འདུལ་བ་དང་དབུ་མ་སྤེལ། མཚན་མཁན་བོ་དྷི་སཏྭྭ་ཞེས་གྲགས། མཁན་ཆེན་འདི་དང་། སློབ་དཔོན་པད་མ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གསུམ་ལ་མཁན་སློབ་ཆོས་གསུམ་དུ་གྲགས། སྔ་ཕྱིར་བོད་དུ་ལོ་བཅུ་ལྷག་ཙམ་བཞུགས་ཏེ་གཤེགས།་ཕྱིར་བོད་དུ་ལོ་བཅུ་ལྷག་ཙམ་བཞུགས་ཏེ་གཤེགས།)
- Dictionaries/bod rgya nang don rig pai tshig mdzod/1363 + ((ཤིཀྵམཱཎཿ)སོ་ཐར་རིས་བདུན་གྱི་ཡ་གྱལ་ཞིག་སྟེ། དགེ་ཚུལ་མ་རྣམས་ཀྱིས་དགེ་སློང་མའི་སྡོམ་པ་མ་ཞུས་གོང་ལོ་གཉིས་སུ་རྩ་བའི་ཆོས་དྲུག་དང་། རྗེས་མཐུན་གྱི་ཆོས་དྲུག་བཅས་བསྲུང་བའི་སྡོམ་པ་རྒྱུད་ལྡན་གྱི་བུད་མེད།)
- Dictionaries/bod rgya nang don rig pai tshig mdzod/6490 + ((ཤིཁིནྲ)སངས་རྒྱས་རབས་བདུན་གྱི་ཡ་གྱལ་ཞིག)
- Dictionaries/bod rgya nang don rig pai tshig mdzod/1336 + ((ཤྲམཎིརིཀཱ)སོ་ཐར་རིས་བདུན་གྱི་ཡ་གྱལ། དགེ་ཚུལ་གྱི་སྡོམ་པ་རྒྱུད་ལྡན་གྱི་བུད་མེད།)