14930
< Dictionaries | Monlam Grand
Jump to navigation
Jump to search
(CSV import MGD Import Part 1) |
(No difference)
|
Latest revision as of 15:08, 13 September 2021
Part of speech | མིང་ཚིག |
---|---|
Definition | ཐུགས་སྒྲུབ་དྲག་པོའི་ལས་ཚོགས་སྐོར་ལས། ངག་མནན་རང་གཤེད་གནན་པའི་འཁོར་ལོ་དང་། སྡེ་བརྒྱད་གནན་པའི་འཁོར་ལོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། འདི་ནི་ཤིན་ཏུ་ཟབ་ཆེ་བས༔ བླ་མ་དྲག་པོའི་ལས་ཚོགས་སུ༔ གཟིམ་ཁང་འདི་རུ་སྦས་ཏེ་བཞག༔ མ་འོངས་དུས་ཀྱི་ཐ་མ་ལ༔ ཆོས་བདག་བུ་དང་ཕྲད་ནས་ཀྱང༔ སངས་རྒྱས་བསྟན་པ་བསྲུང་བར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་མཁར་ཆུ་ཕུག་རིང་ནས་གདན་དྲངས། འདིའི་ནང་དོན་ལ། སྙིགས་མའི་དུས་སུ་སྔགས་པ་ཞེ་སྡང་ཅན་རྣམས་ཀྱིས་བྱང་ཆུབ་བསྒྲུབ་མི་ནུས་ཀྱང་ངན་སྔགས་བསྒྲུབ་ནུས་པས། དེའི་ངན་སྔགས་བསྒྲུབ་པའི་ནུས་པ་བཟློག་པར་བྱ་བའི་ཐབས་བསྟན། |
{{#arraymap:ངག་མནན་རང་གཤེད་གནན་པའི་འཁོར་ལོ་དང་སྡེ་བརྒྱད་གནན་པའི་འཁོར་ལོ་
|; |@@@ | | }}