24124

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
(CSV import MGD Import Part 2b)
 
(No difference)

Latest revision as of 11:46, 14 September 2021

དགའ་བཞི་བསྟན་འཛིན་དཔལ་འབྱོར་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་ཕྱི་ལོ་ ༡༧༦༠ འཁྲུངས། དགུང་ལོ་ལྔ་པར་ཡི་གེའི་སྦྱོར་ཀློག་བསླབས། བརྒྱད་པ་ནས་སེར་བྱེས་དགེ་བཤེས་སྤ་རི་དང་། སྨིན་གྲོལ་ཆོས་རྫོང་སོགས་བསྟེན། ཆོས་སྤྱོད་དང་། བརྡ་སྤྲོད། སྙན་ངག རྩིས་རིག ཚད་མ་བཅས་ལ་སྦྱངས། ཉེར་བཞི་བ་རབ་བྱུང་བཅུ་གསུམ་པའི་ཆུ་ཡོས་ཕྱི་ལོ་ ༡༧༨༣ ལོར་བཀའ་བློན་དུ་བཞུགས། སུམ་ཅུ་བ་རབ་བྱུང་བཅུ་གསུམ་པའི་ས་སྤྲེལ་ཕྱི་ལོ་ ༡༧༨༨ ལོར་གོར་བོས་ཆིངས་ཁྲ་བཀོད་པའི་གྲལ་དུ་ཞུགས། སོ་བཞི་པར་གོར་དམག་གིས་གཉའ་ནང་ཚོང་འདུས་ས་ནས་བཟུང་སྟེ་བལ་ཡུལ་དུ་བཙན་ཁྲིད་བྱས། གོར་དམག་མཐར་བསྐྲད་བྱས་པས་བཀའ་བློན་བསྟན་འཛིན་དཔལ་འབྱོར་སོགས་ལྷ་སར་ལོག། སོ་བརྒྱད་པར་ཞོལ་སྡེ་པའི་ལས་འགན་ཁུར། བོད་གཞུང་ལ་ཞབས་ཏོག་བསྒྲུབས། འདས་ལོ་མི་གསལ། གསུང་རྩོམ་ནི་རྒྱལ་བུ་མུ་ཁྱུད་གྲགས་པའི་བསྟན་བཅོས་དང་། སྙན་ངག་གི་བསྟན་བཅོས་ལེགས་པར་བཤད་པ་སྡེ་བཞི་སྒོ་འཕར་རབ་ཏུ་འབྱེད་པའི་གཏམ། བློ་གསལ་ཡིད་དབང་འདྲེན་བྱེད་རྣམ་དཔྱོད་གསེར་གྱི་ཤིང་རྟ། དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ་བཅས་བཞུགས།
Synonyms རྡོ་རིང་བསྟན་འཛིན་དཔལ་འབྱོར།

{{#arraymap:དགའ་བཞི་བསྟན་འཛིན་དཔལ་འབྱོར་

|; |@@@ | | }}