50824
< Dictionaries | Monlam Grand
Jump to navigation
Jump to search
(CSV import MGD Import Part 4) |
(No difference)
|
Latest revision as of 12:36, 14 September 2021
Part of speech | མིང་ཚིག |
---|---|
Definition | མཁར་ནང་ཀེ་ལུ་ཆུང་དགོན་ནི། ཕྱི་ལོ་ ༡༨༠༦ ཡས་མས་སུ་ཀེ་ལུ་ཆུང་བྲག་དཀར་ཏུ་ཀཿཐོག་སི་ཏུ་རིན་པོ་ཆེའི་སློབ་མ་ཞིག་གིས་རི་ཁྲོད་བཏབ་ནས་རིམ་བཞིན་དར། དེ་ནས་བླ་མ་བདུད་འཇོམས་གྱི་ཆོས་བདག་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་དང་། མཁན་བདེ་ཆེན་བཟང་པོ་སོགས་ཀཿཐོག་རྡོ་རྗེ་གདན་དུ་གྲྭ་སར་བྱོན། ཕྱིས་སུ་ཁོང་རྣམས་ཀྱི་སྐུ་གསུམ་ཚེས་བཅུ་པདྨ་འོད་འབར་སོགས་ཀཿཐོག་སྒྲུབ་རྒྱུད་བཟུང་ནས་བསྟན་པ་ཆེས་ཆེར་སྤེལ། གཞན་ཡང་བླ་མ་ཆོས་དབྱིངས་རང་གསལ། རིག་ལོ། ནོར་བུ་སོགས་དང་། སྤྲུལ་སྐུ་ཆེན། བསོད་ནམས་ལྡེ་བཙན་སོགས་ཀྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱས་ནས་དར་རྒྱུས་བྱུང་། དུས་འགྱུར་རྗེས་གཏེར་སྟོན་རྟ་མགྲིན་དབང་རྒྱལ་དང་། འབྲོང་རྫོང་སོགས་ཀྱིས་དགོན་སྡེ་སླར་གསོ་བྱས། ད་ལྟ་ཡང་སྤྲུལ་བསྟན་འཛིན་དང་། ལུང་རིགས་སོགས་ཀྱིས་དགོན་པ་འདི་ལ་ཐུགས་ཁུར་ལེགས་པོ་བཞེས་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་པའི་ངང་ཡིན་ལགས། ། |
{{#arraymap:མཁར་ནང་དགོན་
|; |@@@ | | }}