50890
< Dictionaries | Monlam Grand
Jump to navigation
Jump to search
(CSV import MGD Import Part 4) |
(No difference)
|
Latest revision as of 12:36, 14 September 2021
Part of speech | མིང་ཚིག |
---|---|
Definition | པཎ་ཆེན་ཨེར་ཏི་ནིའི་སྐུ་ཕྲེེང་དང་པོ་ཡིན། རབ་བྱུང་དྲུག་པའི་ཤིང་གླང་ཕྱི་ལོ་ ༡༣༨༥ ལོར་གཙང་ལ་སྟོད་ཆུ་འོག་ཏུ་ལི་ཡུལ་ལྕང་ར་སྨུག་པོ་ནས་འོངས་པའི་སེའི་རིགས་ཀྱི་བརྒྱུད་པ་ཡབ་ཀུན་དགའ་བཀྲ་ཤིས་དཔལ་བཟང་དང་། ཡུམ་བུ་འདྲེན་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། མཁན་ཆེན་སེང་གེ་རྒྱལ་མཚན་ལས་རབ་ཏུ་བྱུང་དང་དགེ་ཚུལ་བསྒྲུབས། མཚན་ལ་དགེ་ལེགས་དཔལ་བཟང་པོ་ཞེས་གསོལ། བཅུ་དྲུག་པར་ངམ་རིང་ཆོས་སྡེ་རུ་བོ་དོང་པཎ་ཆེན་དང་། རིགས་ལམ་འགྲན་པས་རིགས་པའི་རྩལ་རྫོགས་པར་མཁྱེན། ཉེར་གཅིག་པར་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་མཁན་པོ་དང་། ཆོས་རྗེ་དཔལ་འབྱོར་ཤེས་རབ་ཀྱིས་ལས་སློབ། གཉལ་བ་བློ་གྲོས་མཚུངས་མེད་ཀྱིས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། རྗེ་བཙུན་རེད་མདའ་བ་ལས་ཚད་མ་སྡེ་བདུན་དང་། མངོན་པ་གོང་འོག བྱམས་ཆོས་སྡེ་ལྔ། དབུ་མ་རིགས་ཚོགས། འདུལ་བ་བཅས་ལ་སྦྱངས། ཉེར་གསུམ་པར་དབུས་སུ་རྗེ་ཙོང་ཁ་པ་དང་མཇལ། མདོ་སྔགས་ཀྱི་མན་ངག་དང་གདམས་པ་མ་ལུས་པ་མནོས། ཐུགས་སྲས་གཅིག་པུར་གྱུར། རྒྱལ་ཚབ་དར་མ་རིན་ཆེན་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན་སོགས་ལས་ཆོས་བཀའ་མང་དུ་གསན། གཙང་གི་ལྕང་ར་དགོན་གྱི་མཁན་པོ་གནང། རི་བོ་མདངས་ཆེན་དགོན་ཕྱག་འདེབས་པའི་ཐུགས་འགན་བཞེས། སོ་བཞི་པར་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱིས་སྦྱིན་བདག་མཛད་ནས་དཔལ་འཁོར་ཆོས་སྡེ་གླིང་ཕྱག་བཏབ། ཞེ་བདུན་པར་དགའ་ལྡན་གསེར་ཁྲིར་ཕེབས། རབ་བྱུང་བདུན་པའི་ས་རྟ་ཕྱི་ལོ་ ༡༤༣༨ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་མཁན་ཆེན་བསོད་ནམས་མཆོག་གྲུབ་དང་། ཀུན་མཁྱེན་འཕགས་པ་འོད། གསང་མདའ་བ་ཆོས་ལྡན་རབ་འབྱོར། སྤྱན་སྔ་བློ་གྲོས་རྒྱལ་མཚན་བཅས་ཡིན། གསུང་རྩོམ་ནི་རྣམ་ཐར་དང་། ཕར་ཕྱིན་རྣམ་བཤད། རྣམ་འགྲེལ་ཊིཀ་ཆེན། སྒྲུབ་ཐབས། བསྟོད་ཚོགས་བཅས་པོ་ཏི་བཅུ་གཉིས་ཡོད། |
Synonyms | མཁས་གྲུབ་རྗེ། |
{{#arraymap:མཁས་གྲུབ་དགེ་ལེགས་དཔལ་བཟང་
|; |@@@ | | }}