92179

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
(CSV import MGD Import Part 6)
 
(No difference)

Latest revision as of 18:00, 14 September 2021

སི་ཏུ་ཨོ་རྒྱན་བསམ་འགྲུབ་ (1)
Part of speech མིང་ཚིག
Definition ཀཿདམ་པ་རིན་པོ་ཆེའི་སྐྱེ་སྲིད་སྐྱབས་རྗེ་སི་ཏུ་རིན་པོ་ཆེ་ནི། ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས་དཔལ་སྤུངས་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་དང་ཀརྨ་ཞྭ་དམར་པ་གཉིས་ལ་ཁྱེད་གཉིས་ཀཿཐོག་ཏུ་ཕེབས་ནས་ཕྱིན་ཆད་སྤྲུལ་སྐུ་རེ་ཡང་འབྱོན་རྒྱུའི་ཐུགས་འཇགས་གནང་དགོས་དང་བཀའ་རྙིང་གཉིས་ཀའི་ཕྱོགས་ལ་འགྲོ་དོན་དང་ཕྲིན་ལས་ཆེ་ངེས་ཡིན་ཞེས་ལུང་བསྟན་པ་ལྟར། དྲི་མེད་ཞིང་སྐྱོང་རིན་པོ་ཆེས་ཀཿཐོག་ཏུ་གདན་འདྲེན་ཞུས། ཀརྨ་ཞྭ་དམར་པ་རྟེན་འབྲེལ་འཆུགས་ནས་དེ་རྗེས་ཀར་རྙིང་གཉིས་ཀའི་ཕྱོགས་ལ་སྤྲུལ་སྐུ་བླུ་རྒྱུ་མ་གྲུབ། སི་ཏུ་རིན་པོ་ཆེ་ནི་དྲི་མེད་ཞིང་གིས་རྩ་བའི་བླ་མར་བཀུར། སོ་བྱང་སྔགས་གསུམ་གྱི་སྡོམ་པ་ཡོངས་རྫོགས་གསན། བླ་སློབ་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ནས་སྤྲུལ་སྐུ་རེ་འབྱོན་རྒྱུའི་ཞལ་བཞེས་གནང་བ་བཞིན། ཀཿཐོག་ཏུ་ཐོག་མར་སི་ཏུ་ཨོ་རྒྱན་བསམ་འགྲུབ་འཇིགས་མེད་ཆོས་ཀྱི་སེངྒེ་ནི་དྲི་མེད་ཞིང་སྐྱོང་དང༌། དགེ་རྩེ་པཎ་ཆེན་གཉིས་ཀས་ཀློང་གསལ་སྐུ་མཆེད་བཀྲ་ཤིས་འོད་ཟེར་དང༌། སི་ཏུ་ཟུང་གི་སྐུ་སྐྱེར་ངོས་བཟུང་ནས་གདན་སར་མངའ་གསོལ། སྐུ་ཞབས་རིན་པོ་ཆེ་དང་དགེ་པཎ། རྡོ་གྲུབ་ཀུན་བཟང་གཞན་ཕན་སོགས་ཕྱོགས་ཀྱི་མཁས་གྲུབ་དུ་མ་ལས་བཀའ་གཏེར་གསར་རྙིང་མང་པོའི་དབང་ཁྲིད་ལུང་བཅས་ཀྱི་རྒྱུན་རྣམས་གསན། ཁྱད་པར་ཀུན་མཁྱེན་འཇིགས་མེད་གླིང་པའི་མདུན་དུ་བྱོན་ནས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྨིན་གྲོལ་སྙན་བརྒྱུད་དང་བཅས་པ་ཡོངས་རྫོགས་གསན་ཏེ་སླར་དགེ་རྩེ་པཎ་ཆེན་དང་ངེས་དོན་ལ་རྨོག་རྩ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་རིག་འཛིན་འཇིགས་མེད་མགོན་པོ་སོགས་ལ་སྙིང་ཐིག་གི་དབང་ལུང་ཁྲིད་དང་བཅས་པ་གསུངས་པ་ལས། ཀཿཐོག་ཏུ་སྙིང་ཐིག་གི་བརྒྱུད་པ་བར་མ་ཆད་པར་ད་ལྟའི་བར་དུ་བཞུགས། གཞན་ཡང་ཁམས་དབུས་ཀུན་ཏུ་སྔ་འགྱུར་བཀའ་གཏེར་མང་པོའི་སྨིན་གྲོལ་འཆད་སྤེལ་མཛད་པ་དང༌། ཀཿཐོག་པའི་གདན་སའི་ཁུར་ཀྱང་ལོ་ཁ་ཤས་བཞེས།

{{#arraymap:སི་ཏུ་ཨོ་རྒྱན་བསམ་འགྲུབ་

|; |@@@ | | }}