102222

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
(CSV import MGD Import Part 7)
 
(No difference)

Latest revision as of 21:57, 14 September 2021

སྨན་རིའི་དགོན་ (1)
Part of speech མིང་ཚིག
Definition བོད་ལྗོངས་གཞིས་རྩེ་ཁུལ། གནམ་གླིང་རྫོང་ཁོངས་གཡས་རུ་གཙང་གི་ས་ཆ། ཐོབ་རྒྱལ་ཤར་རི་ཕོ་བ་རི་ཡི་མགུལ་དུ། རབ་བྱུང་བདུན་པའི་ཤིང་བྱ་ཕྱི་ལོ་༼༡༤༠༥༽ལོར་༧ རྒྱལ་བ་གཉིས་པ་༧ མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་གསར་དུ་ཕྱག་བཏབ་སྟེ། གཡུང་དྲུང་བོན་གྱི་གདན་ས་གཙོ་བོ་ཞིག་ཏུ་གྱུར་ཡོད། དེ་ལ་དཔལ་ལྡན་བཀྲ་ཤིས་སྨན་རིའི་གླིང་ཞེས་གསོལ་ཏེ། སྨན་རིའི་དགོན་ཞེས་པ་ཡང་དེ་ནས་བྱུང་བའོ། །དེ་ལ་བླ་བྲང་། དེ་བཞིན་གླིང་སྟོད། གླིང་སྨད། གླིང་སྐེད། གླིང་ཟུར་བཅས་གྲྭ་ཚང་བཞི་དང། ཁང་ཚན་བཅུ་གཉིས་དང་གྲྭ་ཤག་དྲུག་ཅུ་བཅས་ཡོད་དེ། ཁང་ཚན་བཅུ་གཉིས་ནི། ལ་དབྱི་དང་། སྒོ་བེ། བྲིས་པ། ཨ་སྟག ཁྱུང་དཀར། ཏི་ཚ། དགེ་བཤེས། རྩ་ཁང་། འགྲོ་མགོན། དགུ་རྩེ་ཁང་། གྲུབ་ཐོབ་ཁང་ཚན་དང་བཅས་སོ། །ཕྱི་འདུས་སྡེའི་བཅའ་སྒྲིག་གི་སྐོར་དང་། ནང་འཆད་ཉན་ཉམས་ལེན་སོགས་ནི་སྔོན་རྒྱལ་བ་བྲུ་ཡི་གདན་ས་གཡས་རུ་དབེན་ས་ཁའི་རིང་ལུགས་འཁྲུལ་མེད་ཀྱི་གཞིར་བསླངས་ནས། ཡར་ངོ་ལ་འཆད་ཉན་དང་། མར་ངོ་ལ་བསྙེན་སྒྲུབ་གཙོ་བོའི་སྒོ་ནས་བཤད་སྒྲུབ་གཉིས་ཀྱིས་བསྟན་པ་ཡ་མ་བྲལ་བར་སྐྱོང་ཞིང་། མདོ་སྔགས་སེམས་གསུམ་གྱི་བརྒྱུད་པ་ཡོངས་རྫོགས་ཀྱི་འདུས་སོ་ཡིན་ལུགས་ཇི་བཞིན་གནས་ཡོད། བསྟན་པ་འདི་ཉིད་ཀྱི་མངའ་བདག་ནི་༧རྗེ་མཉམ་མེད་ཆེན་པོ་ནས་བཟུང་༧་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མའི་བར་སྨན་རིའི་མཁན་རབས་སོ་གསུམ་ཕྱིན་ཡོད། ལྷག་པར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། སྒོས་སུ་གཡུང་དྲུང་བོན་དང་བོད་མདོ་དབུས་ཁམས་གསུམ་བཅས་བོན་འབངས་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་ཆེད་དུ་མར་ངོ་སྒྲུབ་པ་དང་སྒྲུབ་དང་འབྲེལ་སྒྲུབ་པ་བཅུ་གཉིས་དེ་ལོ་ལྟར་བྱེད་བཞིན་ཡོད། དགོན་པའི་འཛིན་སྐྱོང་དོ་དམ་མཁན་ནི། མཁན་པོ་གཅིག དཔོན་སློབ་གཅིག ཚོགས་ཆེན་དབུ་འཛིན་གཅིག དགེ་སྐོས་གཅིག བླ་བྲང་གཉེར་པ་གསུམ། གྲྭ་ཚང་སྤྱི་གཉེར་གསུམ། སྤྱི་ཁྱབ་པ་གསུམ། ལས་པ་མི་བཞི། དཀོར་གཉེར་དྲུག ཁང་ཚན་རྒན་བཅུ་གཉིས་བཅས་ཡིན། རྒྱུན་དུ་གྲྭ་བ་སུམ་བརྒྱ་ཙམ་དང་སྒྲུབ་ཆེན་སོགས་དམིགས་བསལ་གྱི་བྱེད་སྒོ་ཡོད་སྐབས་གྲྭ་བ་བདུན་བརྒྱ་ལྷག་འཛོམས་ཡོད་ཅེས་སོ། །ཕྱིས་སུ་དུས་འགྱུར་ཁྲོད་བོད་དུ་བསྟན་པ་སྤེལ་མ་ཐུབ་པར་བརྟེན་ནས། ཕྱི་ལོགས་རྒྱལ་ཁབ་ཏུ་གྲྭ་ས་སྨན་རི་དང་གཡུང་དྲུང་གླིང་གི་མཁན་ཆེན་རྣམས་ཀྱིས་དབུས་མདོ་དབུས་ཁམས་གསུམ་ནས་བླ་སྤྲུལ་དགེ་བཤེས་གང་མང་ཕེབས་ཏེ། སླར་རྒྱ་གར་ཧི་མ་ཅལ་གྱི་ཁུག་སོ་ན་དཔལ་གཤེན་བསྟན་སྨན་རིའི་གླིང་ཞེས་ཁོར་ཡུག་བཀོད་པ་ལེགས་པོ་ཞིག་ཏུ་ཕྱག་བཏབ་ཡོད། དེའི་ལོ་རྒྱུས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཐད་ལ་གཟིགས།

{{#arraymap:སྨན་རིའི་དགོན་

|; |@@@ | | }}