1764
Jump to navigation
Jump to search
(CSV import of sgom sde tshig mdzod chenmo) |
(No difference)
|
Latest revision as of 11:38, 26 May 2022
| གྲེས་མ | |
| Tibetan Definition | (གསོ་རིག) ) སྤང་ལས་འཁྲུངས་ཤིང་ལོ་མང་སྐྱེ་བའི་སྔོ་ལྡུམ་ཞིག་གི་མིང་དུ་བཤད། ཕྱི་རྒྱལ་དུ་སྐད་དུ་Iris bulleyana Dykes forma alba Y. I. Zhoa ཟེར། མེ་ཏོག་སྔོ་སྐྱ་འདབ་མ་གསུམ་དང་འདབ་ཕྲན་གསུམ་རེ་ཅན། དྲི་མེད་ཤེལ་ཕྲེང་ལས། གྲེས་མའི་གེ་སར་སྲིད་གསོད་གླང་ཐབས་འཇོམས། ཞེས་འབྱུང་། འདིའི་ལོ་མའི་རྩྭ་ཐག་བཟོ་རུང་། ཚོམས་ལས་ཀྱང་། ལྕགས་ཤིང་གྲེས་མ་ལས་བྱས་ཆིངས་མ་གང་། །ཞེས་པའི་ཐད་ཀྱི་ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་༼ ཏུ ༽༩༣ན༡ལས། གྲེས་མ་ནི་རྩྭ་ལས་བྱས་པ་སྟེ། ཐག་པ་ལ་སོགས་པའོ། །ཞེས་གསུངས་སོ། ། |
|---|---|