1951
Jump to navigation
Jump to search
(CSV import of sgom sde tshig mdzod chenmo) |
(No difference)
|
Latest revision as of 11:39, 26 May 2022
| ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ | |
| Tibetan Definition | (འདུལ་བ) འདིའི་དབང་དུ་བྱས་ཏེ་ཞེས་པའི་དོན་གང་ཡིན་ཞེ་ན། སློབ་དཔོན་ཡོན་ཏན་འོད་ཁྱེད་ཀྱིས་ཚུལ་ཁྲིམས་འཆད་པར་འདོད་ན། ཚུལ་ཁྲིམས་ལ་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་དང་། ལེགས་སྨོན་གྱི་ཚུལ་ཁྲིམས། ངེས་འབྱུང་གི་ཚུལ་ཁྲིམས་གསུམ་ཡོད་པའི་གང་འཆད་ཅེ་ན། ངེས་འབྱུང་གི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་འཆད་པར་བྱེད་དོ། །ཞེས་པའི་དོན་ནོ། །དེ་ཡང་མཚོ་ཊཱིཀ་མཆན་བུ་ལས། འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་ཀྱི་དབང་དུ་མ་བྱས། ལེགས་སྨོན་གྱི་ཚུལ་ཁྲིམས་ཀྱི་དབང་དུ་ཡང་མ་བྱས་ཀྱི། ཞེས་གསུངས་སོ། ། |
|---|---|