2385
Jump to navigation
Jump to search
(CSV import of sgom sde tshig mdzod chenmo) |
(No difference)
|
Latest revision as of 11:48, 26 May 2022
| ཆོས་རྒྱལ་ཕྱི་སྒྲུབ | |
| Tibetan Definition | མ་ཧེའི་གདོང་ཅན་གྱི་ཆོས་རྒྱལ་ལ་ཟེར། འདི་ལ་ཀཱ་ལ་རཱུ་པ་ཡང་ཟེར། ཆོས་རྒྱལ་ནང་སྒྲུབ་ཀྱི་འཁོར་ལ་ཞི་རྒྱས་དབང་དྲག་གི་གཤིན་རྗེ་བཞི་ཡོད་པའི་ནང་ནས། བྱང་གི་དྲག་པོའི་གཤིན་རྗེ་དང་ཆོས་རྒྱལ་ཕྱི་སྒྲུབ་གཉིས་དོན་གཅིག་ཅིང་། དམྱལ་བའི་གནས་ཀྱི་དགེ་སྡིག་ཤན་འབྱེད་གཤིན་རྗེ་ཆོས་རྒྱལ་དང་དོན་གཅིག་ཡིན་པར་གཙུག་ཏོར་རྣམ་རྒྱལ་ལས་བཤད་ཅིང་། རྒྱལ་དབང་བསྐལ་བཟང་རྒྱལ་རྒྱ་མཚོའི་གསུང་ལས་ཕྱོགས་སྐྱོང་བཅོ་ལྔའི་ནང་གི་ལྷོ་ཕྱོགས་གཤིན་རྗེ་དང་། ཆོས་རྒྱལ་ཕྱི་སྒྲུབ་གཉིས་དོན་གཅིག་ཡིན་གསུངས་པའམ་ཐོས། ཞེས་ཀློང་རྡོལ་བླ་མ་གསུང་བ་ལྟར་རོ། ། |
|---|---|