3681
Jump to navigation
Jump to search
(CSV import of sgom sde tshig mdzod chenmo) |
(No difference)
|
Latest revision as of 11:53, 26 May 2022
| དམིགས་བརྩེ་མ་བརྒྱད་སྐོར | |
| Tibetan Definition | དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང་། །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །གངས་ཅན་མཁས་པའི་གཙུག་རྒྱན་བློ་བཟང་གྲགས། །སྐྱབས་གནས་ཀུན་འདུས་བླ་མ་སངས་རྒྱས་ལ། །ཤུགས་དྲག་དང་བའི་ཡིད་ཀྱིས་གསོལ་བ་འདེབས། །བསམ་དོན་གེགས་མེད་འགྲུབ་པར་བྱིན་གྱིས་རློབས། །ཞེས་བྱ་བ་འདིའོ། །འདི་ནི་དབེན་ས་སྙན་བརྒྱུད་ཀྱི་ལུགས་ཡིན་པར། པཎ་ཆེན་སྐུ་ཕྲེང་གསུམ་པ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དམིགས་བརྩེ་མའི་ལས་ཚོགས་ཀྱི་དོན་ཞིབ་ཏུ་བཤད་པ་ཤོག་གྲངས་བདུན་པའི་མདུན་གཟིགས་སུ་གསུངས་སོ། ། |
|---|---|