5060
Jump to navigation
Jump to search
(CSV import of sgom sde tshig mdzod chenmo) |
(No difference)
|
Latest revision as of 12:20, 26 May 2022
| བདུད་རྩིའི་འོད་ཅན | |
| Tibetan Definition | ཟླ་བའི་མིང་གི་རྣམ་གྲངས་ཤིག ཟླ་བ་ལ་བདུད་རྩིའི་འོད་ཅན་ཟེར་བའི་རྒྱུ་མཚན་ནི། ཕྱི་རོལ་པའི་རིག་བྱེད་ལས། སྔོན་རྒྱ་མཚོ་ཆེན་པོ་བསྲུབས་པ་ལས་ཤིན་ཏུ་རྩ་ཆེའི་བདུད་རྩི་བུམ་པ་གང་བྱུང་ཞིང་། དེ་བགོ་བཤར་བྱས་པའི་ཚེ་བདུད་རྩིའི་རླངས་པ་ཕྱོགས་བཅུར་ཡན་པ་དེ་འཐོར་དུ་མ་བཅུག་པར་འདོད་ཁམས་དབང་ཕྱུག་མས་བསྡུས་ཏེ་ཟླ་བ་ལ་བསྟིམས་པས། དེའི་རྒྱུ་མཚན་གྱིས། མངོན་བརྗོད་ཀྱི་བསྟན་བཅོས་རྣམས་ལས། ཟླ་བ་ལ། བདུད་རྩིའི་འོད་ཅན་དང་། བདུད་རྩི་སྤྲོ། བདུད་རྩིའི་སྙིང་པོ། བདུད་རྩི་འཆང་བ་སོགས་ཟེར་བར། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་༼ དྲི་མེད་ཤེལ་ཕྲེང ༽ལས་བཤད་དོ། ། |
|---|---|