5091

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
(CSV import of sgom sde tshig mdzod chenmo)
 
(No difference)

Latest revision as of 12:20, 26 May 2022

བདེ་མཆོག
Tibetan Definition (གསང་སྔགས) བདེ་མཆོག་གི་སྐུ་མདོག་ཕྱག་མཚན་སོགས་ཀྱི་ཁྱད་པར་ནི། སྐུ་མདོག་མཐིང་ག་ཞལ་བཞི་ཕྱག་བཅུ་གཉིས། །རྩ་ཞལ་ནས་བརྩམས་གཡོན་སྐོར་རིམ་པ་བཞིན། །མཐིང་ག་ལྗང་དང་དམར་དང་སེར་བའི་ཞལ། །རྩ་ཕྱག་གཉིས་ཀྱིས་རྡོ་དྲིལ་འཛིན་པ་ཡི། །སྐུ་མདོག་དམར་པོ་ཕྱག་གཉིས་གྲི་ཐོད་འཛིན།། བྱིན་པ་གཉིས་ཀྱིས་ཡབ་ཀྱི་བརླ་ལ་འཁྲིལ། །མི་མགོ་སྐམ་པོའི་ཐོད་དང་དོ་ཤལ་ཅན། །ཕྱག་རྒྱ་ལྔས་བརྒྱན་རྡོ་རྗེ་ཕག་མོར་འཁྱུད། །དེ་ཡི་འོག་མ་གཉིས་ཀྱིས་གླང་པགས་འཛིན། །ལྷག་པ་གཡས་པ་བཞི་ཡིས་རིམ་པ་བཞིན། །ཊ་མ་རུ་དང་དགྲ་སྟ་གྲི་གུག་དང༌། །མདུང་རྩེ་གསུམ་པ་བསྒྲེང་ཞིང་གཡོན་པ་བཞིས། །རིམ་བཞིན་ཁ་ཊཱཾ་ག་དང་ཐོད་ཁྲག་དང༌། །རྡོ་རྗེའི་ཞགས་པ་ཚངས་མགོ་གདོང་བཞི་བསྣམས། །ཞབས་གཡས་བརྐྱངས་པས་དྲག་པོ་འཇིགས་བྱེད་ནག །ལག་པ་བཞི་ཡི་དང་པོ་ཐལ་མོ་སྦྱར། །ལྷག་མས་ཌ་མ་རུ་དང་རལ་གྲི་འཛིན། །ཁ་སྦུབས་བསྒྱེལ་བའི་མགོ་བོའི་སྟེང་ནས་བརྫིས། །གཡོན་པ་བསྐུམས་པས་དུས་མཚན་དམར་མོ་ཡི། །ལག་པ་དང་པོ་གཉིས་ཀྱིས་ཐལ་མོ་སྦྱར། །ལྷག་མས་ཐོད་པ་དང་ནི་ཁ་ཊཱཾ་འཛིན། །གན་རྐྱལ་བསྒྱེལ་བའི་ནུ་མའི་སྟེང་དུ་མནན། །རལ་པའི་ཐོར་ཅོག་སྣ་ཚོགས་རྡོ་རྗེས་མཚན། །ཐོད་པ་སྐམ་པོ་ལྔ་ལྔས་དབུ་ལ་བརྒྱན། །དབུ་ཡི་གཡོན་དུ་ཟླ་བ་ཕྱེད་པ་འཕྱང༌། །ཕྱག་རྒྱ་དྲུག་གིས་རྒྱས་བཏབ་སྟག་ཤམ་གསོལ། །པད་ཉིའི་སྟེང་དུ་སྐུ་ལས་འཕྲོས་པ་ཡི། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས། །བདེ་ཆེན་རྒྱལ་པོ་འཁོར་ལོ་སྡོམ་པའམ། །བདེ་མཆོག་འཁོར་ལོ་ཡུམ་བཅས་ལ་ཕྱག་འཚལ། །སྙིང་པོ་ནི། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀྃ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་སྭཱཧཱ། །ཞེས་པ་ལྟར་རོ། །