10746
(CSV import of chos rnam kun btus dataset) |
(No difference)
|
Latest revision as of 14:28, 22 August 2022
Tibetan | སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། |
---|---|
Tibetan Alternate | |
Tibetan Definition | འདི་ལ་ཁག་དྲུག་ཡོད་པ་སྟེ།
ཁག་དང་པོ། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་བ་བསྟན་པའི་མདོ་ལས་བྱུང་བ་སྟེ། 1.དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་བ། 2.ཅ་ཅོ་མི་མངའ་བ། 3.བསྙེལ་བ་མི་མངའ་བ། 4.སེམས་མཉམ་པར་མ་བཞག་པ་མི་མངའ་བ། 5.ཐ་དད་པའི་འདུ་ཤེས་མི་མངའ་བ། 6.སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ། 7.འདུན་པ་ཉམས་པ་མི་མངའ་བ། 8.བརྩོན་འགྲུས་ཉམས་པ་མི་མངའ་བ། 9.དྲན་པ་ཉམས་པ་མི་མངའ་བ། 10.ཏིང་ངེ་འཛིན་ཉམས་པ་མི་མངའ་བ། 11.ཤེས་རབ་ཉམས་པ་མི་མངའ་བ། 12.རྣམ་པར་གྲོལ་བ་ཉམས་པ་མི་མངའ་བ། 13.ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། 14.ངག་གི་ལས་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། 15.ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། 16.འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ། 17.མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ། 18.ད་ལྟར་གྱི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་བཅས་སོ། ། |
Tibetan Source | 《མདོ་ད་པ་》ཤ་131ན་1ས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |