Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
1. དགོན་པ་བཤིག་པ། 2. བསྟན་པ་བཤིག་པ། 3. དགེ་འདུན་གྱི་སྤྱི་རྫས་འཕྲོགས་པ། 4. སྐུ་གསུང་ཐུགས་རྟེན་བཤིག་པ། 5. རྒྱལ་ཁབ་གྱི་རྒྱུ་ནོར་བརྐུས་པ། 6. མི་དམངས་ལ་གནོད་འཚེ་བྱས་པ། 7. ལྷ་དང་བླ་མ་ལ་བརྙས་སྨོད་བྱས་པ། 8. ཕ་མ་གསོད་པ། 9. ཆབ་སྲིད་ལ་གནོད་འཚེ་བྱས་པ། 10. ལོག་པར་ལྟ་བ་སྟེ་བཅུའོ། +
ཟད་པ་བཅུ་དང་ོདན་གཅིག +
ཟད་པར་སྔོན་པོའི་ཏིང་ངེ་འཛིན། ཟད་པར་སེར་པོའི་ཏིང་ངེ་འཛིན། ཟད་པར་དམར་པོའི་ཏིང་ངེ་འཛིན། ཟད་པར་དཀར་པོའི་ཏིང་ངེ་འཛིན། ཟད་པར་སའི་ཏིང་ངེ་འཛིན། ཟད་པར་ཆུའི་ཏིང་ངེ་འཛིན། ཟད་པར་མེའི་ཏིང་ངེ་འཛིན། ཟད་པར་རླུང་གི་ཏིང་ངེ་འཛིན། ཟད་པར་ནམ་མཁའི་ཏིང་ངེ་འཛིན། ཟད་པར་རྣམ་ཤེས་ཀྱི་ཏིང་ངེ་འཛིན་རྣམས་སོ། +
ཉི་མ་དང༌། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། སྒྲ་གཅན། དུས་མེ། མཇུག་རིང་བཅས་བཅུ། +
ཁང་ས་ཞིང་ས་ས་ཡི་དགེ འཐུང་ཆུ་ཞིང་ཆུ་ཆུ་ཡི་དགེ གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ། ཁང་ཤིང་འབུད་ཤིང་ཤིང་གི་དགེ ཁང་རྡོ་ཐབ་རྡོ་རྡོ་ཡི་དགེ +
ཁ་ཆ་ཐ་ཕ་ཚ་ཝ་ཞ་ཡ་ཤ་ཨ། +
རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་བཅུ། རིག་གནས་ཆེ་བ་ལྔ་ནི། བཟོ་རིག་པ་དང༌། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པ་སྟེ་ལྔའོ། ཆུང་བ་ལྔ་ནི། སྙན་ངག་དང་། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་ཏེ་ལྔའོ། +
སོ་ཐར་གྱི་སྡོམ་པ་མ་གཏོགས་པའི་བྱང་སེམས་ཀྱི་སྡོམ་པ་དང་། གསང་སྔགས་ཀྱི་སྡོམ་པ་གཉིས། +
གསེར་དང་། དངུལ། ཟངས། བཻཌཱུརྱ། མརྒད། མུ་ཏིག། མུ་མེན། པདྨ་རཱཀ ཀེ་ཀེ་རུ། ཕ་ལམ། +
1. ས་རླུང་སེར་པོ། 2. ཆུ་རླུང་དཀར་པོ། 3. མེ་རླུང་དམར་པོ། 4. རླུང་གི་རླུང་ལྗང་ཁུ། 5. ནམ་མཁའི་རླུང་མཐིང་ནག་སྟེ་ཕྱི་ཡི་རླུང་ལྔ། 6. སྲོག་འཛིན། 7. ཁྱབ་བྱེད། 8. མེ་མཉམ། 9. གྱེན་རྒྱུ། 10. ཐུར་སེལ་ཏེ་ནང་གི་རྩ་བའི་རླུང་ལྔ་དང་བཅུའོ། +
གསལ་བྱེད་སུམ་ཅུའི་ནང་ནས་ཀ་ག་ང་ཅ་ཇ་ཏ་ད་པ་བ་ཧ་བཅས་ནི་ལ་མགོ་ཅན་བཅུའོ། +
མཛོད་ལས་བཤད་པའི་ཤེས་པ་བཅུ་ནི། སངས་རྒྱས་ཀྱི་སའི་ཆོས་ཤེས་དང་། རྗེས་ཤེས། སྡུག་བསྔལ་ཤེས་པ། ། ཀུན་འབྱུང་ཤེས་པ། འགོག་པ་ཤེས་པ། ལམ་ཤེས་པ། ཀུན་རྫོབ་ཤེས་པ། གཞན་གྱི་སེམས་ཤེས་པ། ཟད་པ་ཤེས་པ། མི་སྐྱེ་བ་ཤེས་པ་སྟེ་བཅུ། +
བྱང་སེམས་ས་བཅུ་སྟེ། 1. རབ་ཏུ་དགའ་བ། 2. དྲི་མ་མེད་པ། 3. འོད་བྱེད་པ། 4. འོད་འཕྲོ་བ་ཅན། 5. ཤིན་ཏུ་སྦྱང་དཀའ། 6. མངོན་དུ་གྱུར་པ། 7. རིང་དུ་སོང་བ། 8. མི་གཡོ་བ། 9. ལེགས་པའི་བློ་གྲོས། 10. ཆོས་ཀྱི་སྤྲིན། +
ཡུལ་གྱི་དགེ་བཅུ་དང་དོན་གཅིག +
ལྔ་བརྒྱ་པ་ཕྲག་དང་པོ་དགྲ་བཅོམ་པའི་ལེའུ། ལྔ་བརྒྱ་པ་ཕྲག་གཉིས་པ་ཕྱིར་མི་འོང་གི་ལེའུ། ལྔ་བརྒྱ་པ་ཕྲག་གསུམ་པ་རྒྱུན་ཞུགས་ཀྱི་ལེའུ་སྟེ་འདི་གསུམ་ལ་རིམ་པ་བཞིན་དགྲ་བཅོམ་པའི་འབྲས་བུ། ཕྱིར་མི་འོང་གི་འབྲས་བུ། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་མང་དུ་འབྱུང་བས་ན་དེ་སྐད་ཅེས་བརྗོད་ཅིང་ཁོང་དུ་ཆུད་པའི་ལེའུ་གསུམ་མོ། དེ་ནས་ལྔ་བརྒྱ་པ་ཕྲག་གསུམ་ནི་རིམ་པ་བཞིན་ལྷག་མཐོང་གི་ལེའུ། ཏིང་ངེ་འཛིན་གྱི་ལེའུ། ཚུལ་ཁྲིམས་ཀྱི་ལེའུ་སྟེ་རིམ་པ་བཞིན་དེ་གསུམ་དང་ལྡན་པ་མང་དུ་འབྱུང་བས་ན་དེ་སྐད་ཅེས་བརྗོད་ཅིང་སྒྲུབ་པའི་ལེའུ་གསུམ་མོ། དེ་ནས་ལྔ་བརྒྱ་པ་ཕྲག་གསུམ་ནི། མངོན་པའི་ལེའུ། མདོ་སྡེའི་ལེའུ། འདུལ་པའི་ལེའུ་སྟེ་རིམ་པ་བཞིན་དེ་གསུམ་ལ་མཁས་པ་མང་དུ་འབྱུང་བས་ན་དེ་སྐད་ཅེས་བརྗོད་ཅིང་ལུང་གི་ལེའུ་གསུམ་མོ། ལྔ་བརྒྱ་པ་ཐ་མ་ལ་ལྟ་སྤྱོད་རྣལ་མ་མེད་པར་རབ་བྱུང་གི་རྟགས་ཙམ་འཛིན་པས་རྟགས་ཙམ་འཛིན་པའི་ལེའུ་ཞེས་བཤད་དོ། +
1. དེ་བཞིན་གཤེགས་པ་དང༌། 2.དགྲ་བཅོམ་པ། 3. ཡང་དག་པར་རྫོགས་པ་སངས་རྒྱས། 4. རིག་པ་དང་ཞབས་སུ་ལྡན་པ། 5. བདེ་བར་གཤེགས་པ། 6.འཇིག་རྟེན་མཁྱེན་པ། 7. སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། 8. ལྷ་དང་མི་རྣམས་ཀྱི་སྟོན་པ། 9. སངས་རྒྱས། 10. བཅོམ་ལྡན་འདས་ཏེ་མཚན་བཅུ། +
1. དགེ་འདུན་བསྡུ་པའི་ཕྱིར། 2. དགེ་འདུན་ལེགས་པར་བྱ་བའི་ཕྱིར། 3. དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར། 4. གནོང་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར། 5. ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར། 6. མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར། 7. མངོན་པར་དད་པ་རྣམས་ཕྱིར་འཕེལ་བར་བྱ་བའི་ཕྱིར། 8. མཐོང་བའི་ཆོས་ཀྱིས་ཟག་པ་རྣམས་གདམ་པའི་ཕྱིར། 9. ཚེ་རབས་ཕྱི་མ་རྣམས་ཆུ་ལོན་གྱི་བཟློས་པའི་ཕྱིར། 10. ངའི་ཚངས་པར་སྦྱོད་པ་ལ་ཡུན་རིང་དུ་གནས་པར་འགྱུར། +
མོས་པ་སྤྱོད་པའི་ས་ལ་ཆོས་སྤྱོད་བཅུ་ཡོད་པ་སྟེ། 1. ཡི་གེ་འབྲི་བ། 2. མཆོད་པ་འབུལ་བ། 3. སྦྱིན་པ་གཏོང་བ། 4. ཆོས་ཉན་པ། 5. ཆོས་འཆད་པ། 6. རྩོམ་པ། 7. ཀློག་པ། 8. ཁ་ཏོན་བྱེད་པ། 9. ཆོས་དོན་སེམས་པ། 10. ཆོས་དོན་བསྒོམ་པ། +
ཀི་སྒྲ་བསོྭ་སྒྲ་ཧོ་སྒྲ་གསུམ་ནི་གྲི་འཕྱར་བའི་དཔའ་སྐད། +
གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང༌། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། ཚན་དོ་དང་ཉེ་བའི་ཚན་དོ། འདུ་བ་དང་ཉེ་བའི་འདུ་བའོ། +