Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
སྔ་དུས་བོད་རྗེ་སྲོང་བཙན་སྒམ་པོས་བོད་འབངས་ལ་ཁྲིམས་སུ་བཅས་པའི་ཆོས་ལུགས་ཀྱི་རྣམ་གྲངས་ཞིག +
1, ཝུ་རྒྱལ་རབས། རྒྱལ་ས་ནི་ཅང་སུའུ་ཞིང་ཆེན་གྱི་དབྱང་ཀྲོའུ། དེ་ལ་རྒྱལ་རབས་བཞི་བྱུང་བའི་རུས་མིང་ནི་དབྱང་ཡིན་ཞིང༌། སྤྱི་ལོ་ 902-937 བར་ལོ་ངོ་སོ་ལྔའི་རིང་སྲིད་དབང་བཟུང་། 2. མིན་རྒྱལ་རབས། རྒྱལ་ས་ནི་ཧྥུ་ཅིའན་ཞིང་ཆེན་གྱི་ཧྥུ་ཀྲོའུ། དེ་ལ་རྒྱལ་རབས་ལྔ་བྱུང་བའི་རུས་མིང་ནི་ཝང་ཡིན་ཞིང་། སྤྱི་ལོ་909-945བར་ལོ་ངོ་སོ་དྲུག་རིང་སྲིད་དབང་བཟུང༌། 3. ཝུ་གཡོད། རྒྱས་ས་ནི་ཀྲེ་ཅིའང་ཞིང་ཆེན་གྱི་ཧང་ཀྲོའུ། དེ་ལ་རྒྱལ་རབས་ལྔ་བྱུང་བའི་རུས་མིང་ནི་ཅིའན་ཡིན་ཞིང༌། སྤྱི་ལོ་907-978 བར་ལོ་ངོ་དོན་གཅིག་རིང་སྲིད་དབང་བཟུང་། 4. ཁྲུའུ་རྒྱལ་རབས། རྒྱལ་ས་ནི་ཧུའུ་ནན་ཞིང་ཆེན་གྱི་ཁྲང་ཧྲ་དེ་ལ་རྒྱལ་རབས་དྲུག་བྱུང་བའི་རུས་མིང་ནི་མཱ་ཡིན་ཞིང་། སྤྱི་ལོ་907-951བར་ལོ་ངོ་ཞེ་བཞིའི་རིང་སྲིད་དབང་བཟུང་། 5. ཆན་ཧྲིའུ (ཧྲིའུ་སྔོན་མ།) རྒྱས་ས་ནི་སི་ཁྲོན་ཞིང་ཆེན་གྱི་ཁྲེང་ཏུའུ། དེ་ལ་རྒྱལ་རབས་གཉིས་བྱུང་བའི་རུས་མིང་ནི་ཝང་ཡིན་ཞིང་། སྤྱི་ལོ་ 903-925 བར་ལོ་ངོ་ཉེར་གཉིས་རིང་སྲིད་དབང་བཟུང་། 6. ཅིང་ནན། རྒྱལ་ས་ནི་ཧོ་པེ་ཞིང་ཆེན་གྱི་ཅིའང་ཧྲན། དེ་ལ་རྒྱལ་རབས་ལྔ་བྱུང་བའི་རུས་མིང་ནི་ཀའོ་ཡིན་ཞིང་། སྤྱི་ལོ་924—963 བར་ལོ་ངོ་སོ་དགུའི་རིང་སྲིད་དབང་བཟུང་། 7. ནན་ཧན (ཧན་ལྷོ་མ)། རྒྱལ་ས་ནི་ཀོང་ཏུང་ཞིང་ཆེན་གྱི་ཀོང་ཀྲོའུ། དེ་ལ་རྒྱལ་རབས་བཞི་བྱུང་བའི་རུས་མིང་ནི་ལིའུ་ཡིན་ཞིང་། སྤྱི་ལོ་ 917-971 བར་ལོ་ངོ་ལྔ་བཅུ་ང་བཞིའི་རིང་སྲིད་དབང་བཟུང་། 8. ཧོའུ་ཧྲིའུ (ཧྲིའུ་རྗེས་མ)། རྒྱས་ས་ནི་སི་ཁྲོན་ཞིང་ཆེན་གྱི་ཁྲེང་ཏུ། དེ་ལ་རྒྱལ་རབས་གཉིས་བྱུང་བའི་རུས་མིང་ནི་མེང་ཡིན་ཞིང༌། སྤྱི་ལོ་ 933-965 བར་ལོ་ངོ་སུམ་ཅུ་སོ་གཉིས་རིང་སྲིད་དབང་བཟུང་། 9. ནན་ཐང་(ཐང་ལྷོ་མ)། རྒྱལ་ས་ནི་ཅང་སུའུ་ཞིང་ཆེན་གྱི་ནན་ཅིང་། དེ་ལ་རྒྱལ་རབས་གསུམ་བྱུང་བའི་རུས་མིང་ནི་ལི་ཡིན་ཞིང་། སྤྱི་ལོ་ 937-975 བར་ལོ་ངོ་སུམ་ཅུ་སོ་བརྒྱད་རིང་སྲིད་དབང་བཟུང་། 10. པེ་ཧན (ཧན་བྱང་མ)། རྒྱལ་ས་ནི་ཧྲན་ཤིས་ཞིང་ཆེན་གྱི་ཐའི་ཡོན་ཡིན། དེ་ལ་རྒྱལ་རབས་བཞི་བྱུང་བའི་རུས་མིང་ནི་ལིའུ་ཡིན་ཞིང་། སྤྱི་ལོ་ 951-979 བར་ལོ་ངོ་ཉི་ཤུ་རྩ་བརྒྱད་རིང་སྲིད་དབང་བཟུང་། +
གནོད་མཛེས། གཤིན་རྗེ་གཤེད། གཞན་གྱིས་མི་ཐུབ་པ། རྟ་མགྲིན། བདུད་རྩིའི་འཁྱིལ་བ། འདོད་རྒྱལ། དབྱུག་སྔོན་ཅན། སྟོབས་པོ་ཆེ། མི་གཡོ་བ། གཙུག་ཏོར་འཁོར་བསྒྱུར། རྡོ་རྗེ་ས་འོག་རྣམས་སོ། +
མཁའ་འགྲོ་ཤུགས་འགྲོས་བཅུ། གསེབ་ལམ་མཁའ་འགྲོ་དང་བཅུ་གཅིག་གོ +
མིང་གཞིའི་ཕོ་ཡིག་ཅ་ཏ་ཙ་གསུམ་དང་། མོ་ཡིག་ཉ་ད་ན་ཞ་ཟ་ཡ་ཤ་ས་བརྒྱད་བསྡོམས་པས་བཅུ་གཅིག་གོ +
མིང་གཞིའི་མ་ནིང་ཁ་ཆ་ཐ་ཚ་བཞི་དང་། མོ་ཡིག་ག་ཇ་ད་ཛ་བཞི། ཤིན་ཏུ་མོ་ང་ཉ་ན་བཅས་གསུམ་ལ་རྐྱང་པའི་སྒོ་ནས་འཇུག་པ་དང༌། ཁ་ག་གཉིས་ལ་འདོགས་འཕུལ་གྱི་སྒོ་ནས་ཀྱང་འཇུག་པ་ཁྱོན་སྡོམ་བྱས་ན་མིང་གཞིའི་ཡི་གེ་བཅུ་གཅིག་ལ་འཇུག་གོ +
1. སེ་འབྲུ་སྲང་དྲུག 2. ཤིང་ཀུན་དྲི་ཙམ། 3. བཅའ་སྒ་སྲང་གང་ཞོ་ལྔ། 4. ཁ་རུ་ཚྭ་སྲང་གང་། 5. སྟར་བུའི་ཁཎྜ་སྲང་བཞི། 6. ཛ་ཏི་སྲང་གང་། 7. ཤིང་ཚ་སྲང་གང་། 8. ལི་ཤི(ཡང་ན་སུག་སྨེལ) སྲང་གང་། 9. སྨན་ཆེན་ཞོ་ལྔ། 10. སྒོག་པའི་ཐལ་བ་སྲང་གང་། 11. སྙིང་ཞོ་ཤ་སྲང་གང་། +
1. ཅིན་ཡོན་རྟི་སི་མཱ་རུའི། 2. ཅིན་མིང་རྟི་སི་མཱ་ཧྲའོ། 3. ཅིན་ཁྲེང་ཏི་སི་མཱ་ཡན། 4. ཅིན་ཁང་རྟི་སི་མཱ་གཡོག་ 5. ཅིན་མུ་རྟི་སི་མཱ་ཏན། 6. ཅིན་ཨེད་ཏི་སི་མཱ་ཕི། 7. ཅིན་ཧྥེ་ཏི་ཧེ་ཤིས་ཀུང་དབྱི། 8. ཅིན་ཅིའན་ཝེན་རྟི་སི་མཱ་ཡུས། 9. ཅིན་ཤའོ་ཝུ་རྟི་སི་མཱ་གཡའོ། 10. ཅིན་ཨན་རྟི་ཏེ་ཙུང་། 11. ཅིན་ཀུང་རྟི་ཏེ་ཝེན་བཅས་ཀྱིས་སྤྱི་ལོ་317-420བར་ལོ་ངོ་བརྒྱ་དང་བཞིའི་རིང་སྲིད་དབང་བཟུང་། +
རྣལ་འབྱོར་སྤྱོད་པའི་ས། གསུང་རབ་རབ་ཏུ་འབྱེད་པ། མངོན་རྟོགས་རྒྱན། ཚད་མ་ཀུན་ལས་བཏུས་པ། ས་བཅུ་པའི་རྣམ་བཤད། དམིགས་བྱའི་རྐྱེན་བརྟགས་པ། ཉི་ཤུ་པ། དབུས་དང་མཐའ་རྣམ་བར་འབྱེད་པའི་འགྲེལ་བ། ཆོས་མངོན་པར་ཀུན་ལས་བཏུས་པ། ཐེག་པ་ཆེན་པོ་བསྡུས་པ། རྣལ་འབྱོར་བསྟན་པ། +
ཀུང་གསུམ་ནི་བློན་ཆེན། ཐེ་ཝེ། ཡུས་ཧྲི་ཏའི་ཧྥུ་བཅས་ཡིན། བློན་ཆེན་ལ་གཡས་བློན་དང་གཡོན་བློན་གཉིས་ཡོད་པ་དེས་གོང་མ་ལ་རམ་འདེགས་བྱས་ནས་ལས་དོན་ཐག་གཅོད་བྱེད་པ། ཐེ་ཝེ་ནི། དམག་དོན་གྱི་སྤྱི་ཁྱབ་དཔོན་ཆེན་ཡིན། དེས་གོང་མ་ལ་རམ་འདེགས་བྱས་ནས་དམག་དོན་ཐུག་གཅོད་བྱེད་པ། ཡུས་ཧྲི་ཏའེ་ཧྥུ་ནི། བློན་ཆེན་གཞོན་པ་ཡིན་ཅིང་། དེས་སྲིད་འཛིན་དཔོན་རིགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱེད་པ། +
ར་ཀོ་ཤའི་འགྲེལ་པ་འདོད་འཇོ་ལས། 1. མ་སྐྱེས་རྐང་གཅིག 2. འཕེལ་དང༌། 3. བསྟོད། 4. དྲག་པོ་དང་ནི། 5. བརྩོན་འགྲུས་ལྡན། 6. འཕྲོག་བྱེད་དང་ནི། 7. བདེ་འབྱུང་དང༌། 8. སྤྱན་གསུམ། 9. གཞན་ལས་རྒྱལ་བ་དག 10. དབང་ལྡན་དང་ནི། 11. ས་གསུམ་པ། དྲག་པོ་བཅུ་གཅིག་ཤེས་པར་བྱ། ། ཞེས་པ་ལྟར་རོ། +
དྲག་པོ་བཅུ་གཅིག་དང་དོན་གཅིག +
དྲག་པོ་བཅུ་གཅིག་དང་དོན་གཅིག +
ཆུ། ཅོད་པན། རྡོ་རྗེ། དྲིལ་བུ། མིང་དབང་སྟེ་སློབ་མའི་དབང་ལྔ། རྡོ་རྗེ་སློབ་དཔོན་གྱི་དབང་། སྔགས་ཀྱི་དབང་། ལུང་བསྟན་དང་དབུགས་དབྱུང་གཉིས་གཅིག་ཏུ་མཛད་པའི་དབང་། རྡོ་རྗེའི་བརྟུལ་ཞུགས་ཀྱི་དབང་། སྤྱོད་པའི་བརྟུལ་ཞུགས་ཀྱི་དབང་། རྗེས་གནང་རྣམས་སོ། +
ཐང་ཡིག་ལས། བཻ་རོ་ཙ་ནའི་ཡང་དག་བཅུ་གཅིག་ནི། 1. སྐྱེ་བ་སྔ་ཕྱི་ཤེས་ཤིང་སེམས་ཅན་དོན་ལ་བརྩོན། ཐུཊ་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཡིན་ཡང་དག 2. བསྩལ་གྱིས་མི་རྙེད་པའི་མན་ངག་ལྷག་མ་མེད་པར་རྙེད་པས། སྤྲུལ་པའི་སྐུ་ཡིན་ཡང་དག 3. ལོ་བཅོ་ལྔ་ལས་མ་ལོན་པར་བོད་ནས་རྒྱ་གར་དུ་ལམ་རྒྱུས་མེད་པར་ཕྱིན་པས། ལྷའི་སྤྱན་དང་ལྡན་པ་ཡིན་ཡང་དག 4. བར་གྱི་ལམ་ཕྲང་ལ་མི་རྒོད་དང༌གཅན་གཟན་གདུག་པ་ཅན་ལ་སོགས་གང་གིས་ཀྱང་མ་ཚུགས་པས། འཁོར་བ་མི་ལྡོག་པའི་རྟགས་ཡིན་ཡང་དག 5.རྒྱ་གར་ནས་བོད་ཀྱི་བར་ལ་ཟླ་དྲུག་གི་ལམ་ལ་ཉིན་ལམ་གསུམ་གྱིས་སླེབས་པས། (སྐྱེས་རབས་ལས། རྒྱ་བོད་ལམ་ཞག་ཟླ་བ་བཅུ་གསུམ་ལས། ཟླ་བ་ཕྱེད་ཀྱིས་ཆོད་པའི་རྐང་མགྱོགས་འགྲུབ་ཅེས་གསུངས། རྡོ་རྗེ་གདན་ནས་ས་སྐྱའི་བར་དཔག་ཚད་བརྒྱའོ)རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ཡང་དག 6. སྦལ་དོང་ཤིག་དོང་དུ་བསྐྱུར་ཀྱང་ཟོས་ཤིང་ཉམས་པ་མེད་པས། ། བཟོད་པའི་བརྩོན་འགྲུས་ཐོབ་པ་ཡིན་ཡང་དག 7. མན་ངག་གི་ཆོས་ཐོས་པ་ཙམ་གྱིས་མཁྱེན་ཅིང་རྟོགས་པས། ཆོས་ཉིད་ཀྱི་བདེན་པ་མཐོང་བ་ཡིན་ཡང་དག 8. མཐའ་བཞི་བརྒྱུད་ནས་སྒྲ་བསྒྱུར་ལ་མཁས་པས། སྒྲིབ་གཉིས་བྱང་བ་ཡིན་ཡང་དག 9. རྒྱ་གར་མཁས་པ་ཀུན་གྱི་མན་ངག་གཙོས་དགུ་ཐོས་པས། བདེ་བར་གཤེགས་པའི་དངོས་གྲུབ་ཐོབ་པ་ཡིན་ཡང་དག་ 10. སངས་རྒྱས་ཀྱི་མཚན་བརྟགས་ནས་ཐེག་པ་ཐམས་ཅད་མཁྱེན་པས། སྟོན་པའི་ཞལ་སྐྱིན་ཡིན་ཡང་དག 11. རྫུ་འཕྲུལ་གྱི་སྟོབས་བཞི་དང་ལྡན་པས། ས་བཅུའི་བྱང་ཆུབ་སེམས་དཔའ་ཡིན་ཡང་དག ཅེས་གསུངས་སོ། བཻ་རོ་ཙ་ན་རྒྱ་གར་དུ་བྱོན་པའི་ལམ་དུ་ཁང་པ་དིབ་པ་མཚོན་ཟུག་མེ་ཆུ་སོགས་ཀྱི་དོ་ཤི་དོ་ཆད་ལྔ་བཅུ་རྩ་བདུན་བྱས་སོ། +
ཨོ་རྒྱན་པདྨའི་བོད་དུ་གྲགས་པ་མཛད་པ་བཅུ་གཅིག་ནི། འགྲོ་དྲུག་དོན་མཛད་བརྒྱད་ལྔ་ཆེ་བ་མཛད། ལྷ་འདྲེ་བཏུལ་མཛད་གཙུག་ལག་ཁང་བཞེངས་མཛད། མདོ་རྒྱུད་བསྒྱུར་མཛད་འཕྲིན་ལས་རྣམ་བཞི་མཛད། སྦྱོར་སྒྲོལ་གཉིས་མཛད་མནན་བསྲེག་འཕང་གསུམ་མཛད། དུས་བཞི་མཁྱེན་མཛད་བསྟན་ཞབས་གཏེར་སྐྱོང་མཛད། རྒྱ་བོད་དྲིན་ཆེན་གང་ལ་གང་འདུལ་མཛད། ཨོ་རྒྱན་རྣམ་ཐར་མདོར་བསྡུས་མཛད་པ་འདི། སུས་བྲིས་པ་དང་མཐོང་ཐོས་གཞན་ལ་སྟོན། དེ་དག་འཇིག་རྟེན་བདེ་བ་ཅན་དུ་སྐྱེ་ཞེས་གསུངས་སོ། +
བྱ་བ་བྱེད་པ་དང་སྡུག་བསྔལ་གྱི་གྲོགས་ཀྱི་དོན་བྱེད་པ། ཐབས་ལ་རྨོངས་པའི་དོན་བྱེད་པ། ཕན་འདོགས་པའི་དོན་བྱེད་པ། འཇིགས་པས་ཉེན་པའི་དོན་བྱེད་པ། མྱ་ངན་གྱིས་གཟིར་བའི་དོན་བྱེད་པ། ཡོ་བྱད་ཀྱིས་འཕོངས་པའི་དོན་བྱེད་པ། གནས་འཆའ་བར་བྱེད་པའི་དོན་བྱེད་པ། བློ་མཐུན་པར་འདོད་པའི་དོན་བྱེད་པ། ཡང་དག་པར་ཞུགས་པའི་དོན་བྱེད་པ། ལོག་པར་ཞུགས་པའི་དོན་བྱེད་པ། རྫུ་འཕྲུལ་གྱི་སྒོ་ནས་གདུལ་བྱའི་དོན་བྱེད་པ་རྣམས་སོ། +
དྲག་པོ་བཅུ་གཅིག་དང་དོན་གཅིག +
རྗེས་འཇུག་བཅུ་བོ་མིང་གཞིར་བྱས་ནས་སོ་སོར་མ་ཡིག་སྦྱར་བས་གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་བཅས་བཅུ་དང༌། མིང་གཞི་ཏ་ཡིག་ལ་མ་ཡིག་སྦྱར་བས་ཏམ་དང་བཅས་པའི་བཅུ་གཅིག་པོའོ། +
འབྲེལ་གཞི་དང་འབྲེལ་ཆོས་གཉིས་ཀྱི་འབྲེལ་བའི་ཚིག་ཕྲད་གྲུབ་སྟངས་གཅོ་བོ་བཅུ་གཅིག་ནི། 1. བདག་པོ་དང་ཡུལ་གྱི་འབྲེལ་བ། 2. རྒྱུ་དང་འབྲས་བུའི་འབྲེལ་བ། 3. བདག་ཉིད་གཅིག་པའི་འབྲེལ་བ། 4. ཁྱད་གཞི་དང་ཁྱད་ཆོས་གཉིས་ཀྱི་འབྲེལ་བ། 5. གཞི་མཐུན་གྱི་འབྲེལ་བ། 6. རྟེན་གནས་ཀྱི་འབྲེལ་བ། 7. ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ། 8. བྱེད་པ་པོ་དང་མཚན་མཚོན་གྱི་འབྲེལ་བ། 9. མཚན་མཚོན་གྱི་འབྲེལ་བ། 10. ཡུལ་དང་ཡུལ་ཅན་གྱི་འབྲེལ་བ། 11. དབྱེ་གཞི་དང་དབྱེ་ཆོས་ཀྱི་འབྲེལ་བ་རྣམས་སོ། +