Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
ཀུང་གསུམ་ནི། བློན་ཆེན་དང་ཐེ་ཝེ། ཡུས་ཧྲི་ཏའེ་ཧྥུ་བཅས་ཡིན། ཆིན་དགུ་ནི། ཧྥུན་ཁྲང་དང་། ལང་ཀྲུང་ལིང་། ཝེ་ཝེ། ཐེ་ཧྥུ། ཐིན་ཝེ། ཏེན་ཁེ། ཙུང་ཀྲིན། ཧྲེའོ་ཧྥུ། ཀྲི་སོའུ་ནེ་ཧྲི་བཅས་ཡིན། +
སླར་བསྡུའི་ཕྲད་བཅུ་གཅིག་གམ་ཟླ་སྡུད་ཀྱི་ཕྲད་བཅུ་གཅིག་གོ་ངོ་དོ་ནོ་དོ་བོ་མོ་འོ་རོ་ལོ་སོ། +
སླར་བསྡུའི་ཕྲད་བཅུ་གཅིགརྫོགས་ཚིག་གི་ཕྲད་བཅུ་གཅིག་གོ་ངོ་དོ་དོ་ནོ་བོ་མོ་ལོ་འོ་རོ་སོ། +
མིག་དང་། རྣ་བ། སྣ། ལྕེ། ལུས། གཟུགས། སྒྲ། དྲི། རོ། རེག་བྱ་སོགས། +
གསལ་བྱེད་སུམ་ཅུའི་ནང་ནས་ཀ་ཁ་ག་ད་པ་ཕ་བ་མ་ཤ་ས་ཧ་བཅུ་གཅིག་ནི་ར་བཏགས་ཅན་གྱི་ཡི་གེ་བཅུ་གཅིག་གོ +
ཀྲ། ཁྲ། གྲ། དྲ།པྲ། ཕྲ། བྲ། མྲ། སྲ། ཤྲ། ཧྲ་སྟེ་བཅུ་གཅིག་གོ +
ས་དང་། ཆུ། མེ། རླུང་། འཇམ་པ། རྩུབ་པ། ལྕི་བ། ཡང་བ། བཀྲེས་པ། སྐོམ་པ། གྲང་པ་རྣམས་སོ། +
གསལ་བྱེད་སུམ་ཅུའི་ནང་ནས་ཀ་ག་ང་ཉ་ཏ་ད་ན་པ་བ་མ་ཙ་བཅས་ནི་ས་མགོ་ཅན་བཅུ་གཅིག་གོ +
ཡུམ་སྲས་བཅུ་བདུན་ནང་གསེས་སྲས་བཅུ་གཅིག +
རྗེས་འཇུག་བཅུ་ལ་ན་རོ་སྦྱར་བས་གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་བཅས་བཅུ་དང་ཏོ་ཡིག་བཅས་བཅུ་གཅིག་གོ དེའི་མིང་ལ་རྫོགས་ཚིག་གམ་ཟླ་སྡུད་ཅེས་ཀྱང་ཟེར། +
རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ1073ལོར་ཇོ་བོ་ཨ་ཏི་ཤའི་དངོས་སློབ་རྔོག་ལོ་ཙྰ་བ་ལེགས་པའི་ཤེས་རབ་ཀྱིས་བཏབ་པའི་གསང་ཕུའི་ནང་གི་གྲྭ་ཚང་བཅུ་གཅིག་ནི། 1. སྤེལ་སེར། 2, ཉི་མ་ཐང་། 3. དྭགས་པོ་གྲྭ་ཚང་། 4. རྣམ་རྒྱལ་གསེར་ཁང་། 5. ཁུ་སྤེ། བཅས་གླིང་སྟོད་གྲྭ་ཚང་ལྔ་དང༌། 6. སྒྲོས་རྙིང་པ། 7. གཞི་བ། 8. ཉང་རོང་། 9. གནས་སྒོ་བ། 10. སྒྲོས་གསར་བ། 11. ར་བ་སྟོད་སྨད་བཅས་གླིང་སྨད་གྲྭ་ཚང་དྲུག་སྟེ་བཅུ་གཅིག་ཡོད། +
འདོགས་ཐམས་ཅད་ཀྱི་མ་གསུམ་སྟེ། གསལ་བྱེད་ར་ལ་ས་གསུམ་མོ། +
ཐང་ཡིག་ལས། 1. འགྲོ་འདུལ་དགོངས་མཛད་པད་མའི་ལྷུམས་ཞུགས་མཛད། 2. རབ་བྱུང་བལྟམས་མཛད། 3. རྒྱལ་སྲས་རོལ་རྩེད་མཛད། 4. རབ་ཏུ་བྱུང་མཛད། 5. དཀའ་ཐུབ་སྣ་ཚོགས་མཛད། 6. བདུད་དཔུང་བཅོམ་མཛད། 7. སངས་རྒྱས་བྱང་ཆུབ་མཛད། 8. ཆོས་འཁོར་བསྐོར་མཛད། 9. བརྟུལ་ཞུགས་སྤྱོད་པ་མཛད། 10. བསྟན་པ་རྒྱས་མཛད། 11. མི་ནུབ་གཏེར་སྦེད་མཛད། +
བྱ་སླ་བ་ཐོག་མའི་ཟུང་ལྡན་དྲུག་གི་ནང་གསེས་བཞི་བ་ཀུན་ཏུ་ཟུང་ལྡན་ལ་ནང་གསེས་ཀྱི་དབྱེ་བ་བཅུ་གཉིས་ཡོད་པ་ནི། 1. ཚིགས་བཅད་ཀྱི་ཚིག་རྐང་དང་པོ་གསུམ་པ་དང་། གཉིས་པ་བཞི་བར་བཟླས་པ། 2. དང་པོ་གཉིས་པ་དང་། གསུམ་པ་བཞི་བར་བཟླས་པ། 3. ཚིག་རྐང་དང་པོ་བཞི་བར་བཟླས་པ། 4. ཚིག་རྐང་གཉིས་པ་གསུམ་པར་བཟླས་པ། 5. ཚིག་རྐང་གཉིས་པ་བཞི་བར་བཟླས་པ། 6. ཚིག་རྐང་གསུམ་པ་བཞི་བར་བཟླས་པ་སྟེ་ལན་གཅིག་བཟླས་པའི་ཟུང་ལྡན་དྲུག 7. རྐང་པ་དང་པོ་གཉིས་པ་དང་གསུམ་པ་བཞི་བར་ཡང་བཟླས་པ། 8. ཚིག་རྐང་དང༌པོ་ཉིད་གསུམ་པར་ཡང་བཟླས་པ། 9. ཚིག་རྐང་གཉིས་པ་ཉིད་གསུམ་པ་དང༌བཞི་བར་ཡང་བཟླས་པ་སྟེ་ལན་གཉིས་བསླས་པའི་ཀུན་ཏུ་ཟུང་ལྡན་གསུམ། ། 10. ཚིགས་བཅད་དང་བོ་ཉིད་ལན་གསུམ་དུ་བཟླས་པ་གཅིག་རེ་བསྡོམས་པས་བཅུ་ཡོད་དོ། དེ་བཞིན་དུ། 11. ཚིགས་བཅད་གཅིག་ལན་གཉིས་སུ་བཟླས་པ་དང༌། 12. ཚིགས་བཅད་གཅིག་གི་ནང་དུ་ཚིག་རྐང་འདྲ་བ་ལན་བརྒྱད་དུ་བཟླས་པའི་ཟུང་ལྡན་ཆེན་པོ་གཅིག་ཏེ་འདི་རྣམས་ནི་ཀུན་ཏུ་ཟུང་ལྡན་ཡིན་ནོ། +
ན་རོས་ཏི་ལོ་བསྩལ་བའི་ཚེ། དཀའ་བ་བཅུ་གཉིས་སྤྱད་པ་ནི། 1. དང་པོ་མཁར་གྱི་རྩེ་ནས་མཆོང་། 2. གཉིས་པ་མཁལ་ཁུང་ཐུར་མ་བརྒྱབ། 3. གསུམ་པ་མེ་དཔུང་ནང་དུ་མཆོང་། 4. བཞི་བ་མི་གཙང་འདམ་རྫབ་ཟོས། 5. ལྔ་པ་འབྲས་ཆེན་སྟོན་མོ་རྐུས། 6. དྲུག་པ་རྒྱལ་པོའི་བག་མ་འཕྲོག 7. བདུན་པ་བློན་པོའི་ཆུང་མ་རྐུས། 8. བརྒྱད་པ་རང་གིས་ཆུང་མ་བླང༌། 9. དགུ་པ་རྡོ་རྗེ་ཐོ་བས་བརྡུང་། 10. བཅུ་པ་ཆུང་མ་རྗེ་ལ་ཕུལ། 11. བཅུ་གཅིག་པད་འདམ་ཟམ་པ་བྱས། 12. བཅུ་གཉིས་ཐང་ཆེན་མཎྜལ་ཕུལ། བླ་མ་ཏི་ལོ་ཤེར་བཟང་དྲུང་། ན་རོས་དཀའ་བ་བཅུ་གཉིས་སྤྱད། དངོས་གྲུབ་བརྩོལ་མེད་ལྷུན་གྱིས་གྲུབ་ཅེས་གསུངས་སོ། དེ་ནི་པཎ་ཆེན་ན་རོ་པས་རང་གི་བླ་མ་ཏི་ལོ་པའི་བཀའ་ལྟར་སྲོག་ལ་ཐུག་པའི་དཀའ་བ་ཆེན་པོ་བཅུ་གཉིས་སྤྱད་པ། 1. ཐོག་བརྩེགས་བཅུ་གསུམ་ཡོད་པའི་ཁང་པའི་སྟེང་ནས་མཆོངས་པ། ། 2. སྨྱུག་མའི་ཐུར་མ་ཟིང་ཟིང་བ་མང་པོས་ལུས་ཀྱི་མཁལ་ཁུང་ཕན་ཚུན་ནས་ཕུག་པ། 3. སྲིན་བུ་པད་བས་གང་བའི་འདམ་ལ་རང་ལུས་ཀྱིས་ཟམ་པ་འཛུགས་སུ་འཇུག་པ་སོགས་ཞིབ་པར《ཆོས་འབྱུང་མཁས་པའི་དགའ་སྟོན》གྱི་ལེ་ཚན <ན> པའི་གྲངས་ 15བ་4—17ན་2བར་གསལ། +
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། གཙོ་བོ་དམག་ཟོར་མ། མ་ཅིག་དཔལ་གྱི་ལྷ་མོ། མ་ཅིག་རྡོ་རྗེ་རབ་བརྟན་མ། ལྷ་མོ་དུད་སོལ་མ། ལྷ་མོ་ཕྱག་བཞི་མ། ལྷ་མོ་དུས་མཚན་མ། རང་བྱུང་རྒྱལ་མོ། ལྷ་མོ་ནམ་མཁའི་གོས་ཅན། ལྷ་མོ་ནམ་གྲུ་མ། ལྷ་མོ་ཙནྟྲིཀ ལྷ་མོ་ཨེ་ཀ་ཛ་ཏི་དང་བཅུ་གཅིག བཅུ་གཉིས་པ་དེར་མི་གསལ་བས། ཁ་ཅིག་མ་ཅིག་རྡོ་རྗེ་གཤོག་རྒོད་མ་ཡིན་ཟེར། ཁ་ཅིག་ལ་སྟོད་ཨ་ཕྱི་ཆོས་ཀྱི་སྒྲོལ་མ་ཡིན་ཟེར། གོང་གི་དེ་རྣམས་ངོས་འཛིན་མཛད་པ་ཨེ་ཝཾ་ལས་འབྱུང་ངོ༌།བཀའ་གདམས་པ་རང་གིས་མཚན་གསོལ་བ་ནི། གསེར་མཚོ་མ། འོད་མཚོ་མ། བསྟན་སྐྱོང་མ། ཡིད་འཛིན་མ། སྟོབས་པོ་ཆེ། དྲག་ཤུལ་ཅན། ཁྲག་མདོག་མ། དུད་ཁ་མ། ཐོགས་མེད་མ། ཤུགས་ཅན་མ། དབང་སྡུད་མ། ལས་འཇོམས་མ་དང་བཅུ་གཉིས་ཟེར་རོ། +
མིག་གི་སྐྱེ་མཆེད། རྣ་བའི་སྐྱེ་མཆེད། སྣའི་སྐྱེ་མཆེད། ལྕེའི་སྐྱེ་མཆེད། ལུས་ཀྱི་སྐྱེ་མཆེད། ཡིད་ཀྱི་སྐྱེ་མཆེད་དེ་དབང་བོ་སྟེ་ཡུལ་ཅན་དྲུག གཟུགས་ཀྱི་སྐྱེ་མཆེད། སྒྲའི་སྐྱེ་མཆེད། དྲིའི་སྐྱེ་མཆེད། རོའི་སྐྱེ་མཆེད། རེག་བྱའི་སྐྱེ་མཆེད། ཆོས་ཀྱི་སྐྱེ་མཆེད་དེ་རྣམ་ཤེས་ཏེ་ཡུལ་གྱི་སྐྱེ་མཆེད་དྲུག་གོ +
གཟུཊ་ཁམས་གནམ་རིགས་བཅུ་བདུན་ནང་གི་སྐྱེ་བོ་གནས་བཅུ་གཉིས་ནི། ཚངས་རིས་ཚངས་པའི་མདུན་ན་འདོན། ཚངས་ཆེན་འོད་ཆུང་འོད་གསལ་དང༌། ཚད་མེད་འོད་དང་དགེ་ཆུང་དང༌། ཚད་མེད་དགེ་དང་དགེ་རྒྱས་དང་། སྤྲིན་མེད་བསོད་སྐྱེས་འབྲས་ཆེ་དང་བཅུ་གཉིས་སོ། +
ཉི་མའི་ཁྱིམ་བཅུ་གཉིས་ཀྱི་ངེས་ཚིག་དང་མཚུངས། +
དུས་འཁོར་ལས་བཤད་པའི་འཁྲུལ་འཁོར་བཅུ་གཉིས་ནི། སྒྱོགས་ཀྱི་འཁྲུལ་འཁོར། གླུ། གྲི་གུག གུར། ལྕགས་མདའ། རལ་གྲི། མེའི་འཁྲུལ་འཁོར། རླུང་གི་འཁྲུལ་འཁོར། ཤིང་རྟའི་ཚད། ཁང་བཟང་། ཁྱོགས་ཀྱི་མཚན་ཉིད། ཆུ་གྱེན་དུ་འདྲེན་པའི་འཁྲུལ་འཁོར་རྣམས་སོ། +