Property:Tibetan-Definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 20 pages using this property.
D
1. གནས་ཁང་བསྐོ་བ། 2. ཟས་ལ་བསྐོ་བ། 3. ཁུག་པ་འགྲིམ་པ། 4. བག་ཅོས་ (བག་ཆོས)འགྲིམ་བ། 5. ཤིང་ཐོག་འགྲིམ་པ། 6. ཕྲན་ཚེགས་འགྲིམ་བ། 7. སྣོད་སྤྱད་འགྲུབ་པ། 8. སྣོད་སྤྱད་འགེད (འགྱེད) པ། 9. དབྱར་གྱི་རས་ཆེན་སྦེད་པ། 10. གོས་སྦེད་པ། 11. གོས་འགེད་པ། 12.དགེ་སྐོས།  +
འདི་ནི་ལྷག་པའི་དམ་ཚིག་གསུམ་གྱི་ནང་ཚན་གཅིག་སྟེ་དེ་ལ་བཅུ་གཉིས་ཏེ། དམ་ཉམས་པའི་མདོ་བཞི། མ་ཁྲེལ་བའི་ཚུལ་བཞི། མཐར་ཕྱིན་པའི་རྟགས་བཞིའོ།  +
བཤེས་སྤྲིངས་ལས། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་ལུས་ལ། ཕྱིན་ཅི་ལོག་པར་ལྟ་དང་ཐེ་ཚོམ་ཏེ། །ཀུན་ཏུ་སྦྱོར་བ་འདི་གསུམ་ཐར་པ་ཡི། །གྲོང་ཁྱེར་སྒོ་འ་གེགས་ལགས་པར་མཁྱེན་པར་བགྱི། ཞེས་པ་ལྟ་བུའོ།  +
1. ཤར་ཕྱོཊ་མཁྱེན་རབ་འཇམ་དཔལ་གླིང༌། 2. དེའི་གཡས་གཡོན་དུ་རྣམ་དག་ཁྲིམས་ཁང་གླིང་། 3. བརྡ་སྦྱོར་ཚང་མང་གླིང༌། 4. ལྷོ་ཕྱོགས་སུ་ཨཱརྱ་པ་ལོའི་གླིང(རྟ་མགྲིན་ཟངས་གླིང་ཡང་ཟེར) 5. དེའི་གཡས་གཡོན་དུ་བདུད་འདུལ་སྔགས་པ་གླིང་། 6. སྒྲ་འགྱུར་གླིང་། 7. ནུབ་ཕྱོགས་སུ་དགའ་ལྡན་བྱམས་པ་གླིང་། 8. དེའི་གཡས་གཡོན་དུ་དཔའ་བོ་བེེ་ཧར་གླིང་། 9. མི་གཡོ་བསམ་གཏན་གླིང་། 10. བྱང་ཕྱོགས་སུ་བྱང་ཆུབ་སེམས་བསྐྱེད་གླིང་། 11. དེའི་ གཡས་གཡོན་དུ་སྣ་ཚོགས་ལྕགས་དྲ་གླིང༌། 12.དཔེ་དཀར་དཀོར་མཛོད་གླིང་ངོ་།  +
དགའ་ལྡན་གྱི་གནས་ནས་འཕོ་བ་དང༌། ལྷུམས་སུ་ཞུགས་པ་དང༌། སྐུ་བལྟམས་པ་དང༌། བཙུན་མོའི་འཁོར་གྱིས་རོལ་བ་དང༌། བཟོ་ཡི་གནས་ལ་མཁས་པ་དང་། ཁྱིམ་ནས་མངོན་པར་བྱུང་བ་དང༌། དཀའ་བ་སྤྱད་པ་དང༌། བྱང་ཆུབ་སྙིང་པོར་གཤེགས་པ་དང༌། བདུད་སྡེ་བཅོམ་པ་དང༌། མངོན་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདས་པའི་མཛད་པ་རྣམས་སོ།  +
སྒྱུ་མ་དང༌། ཆུ་ཟླ། མིག་ཡོར། སྨིག་རྒྱུ། རྨི་ལམ། སྒྲ་བསྙན། དྲི་ཟའི་གྲོང་ཁྱེར། མིག་འཕྲུལ། འཇའ་ཚོན། གློག ཆུ་བུར། མེ་ལོང་ནང་གི་གཟུགས་བརྙན་རྣམས་སོ།  +
མགོ་ཟླ་བ། རྒྱལ་ཟླ་བ། མཆུ་ཟླ་བ། དབོ་ཟླ་བ། ནག་པ་ཟླ་བ། ས་ག་ཟླ་བ། སྣྲོན་ཟླ་བ། ཆུ་སྟོད་ཟླ་བ། གྲོ་ཞུན་ཟླ་བ། ཁྲུམས་སྟོད་ཟླ་བ། ཐ་སྐར་ཟླ་བ། སྨིན་དྲུག་ཟླ་བ་རྣམས་སོ།  +
འདོད་འཇོ་ལས། དབང་པོ་བྱེད་པོ་ལམ་པ་དང་། ཆར་འབབ་བསྟོད་བྱེད་སྔོན་མིང་འཕགས། མིག་གཟུགས་ཁྱབ་འཇུག་འོད་ཅན་དང་། ཆུ་བདག་བཤེས་གཉེན་ཉིད་ཀྱང་ངོ་། ཞེས་བ་ལྟར་རོ།  +
1. ལུག་གུ་རློག་པས་ལུག་གི་ཁྱིམ། 2. དུད་འགྲོ་ཆགས་པ་སྤྱོད་པས་འཁྲིག་པའི་ཁྱིམ། 3. གླང་རྩ་ལྡངས་པས་གླང་གི་ཁྱིམ། 4. ཆུ་སྲིན་གྲང་བས་ཉིན་ནས་ཕྱིར་ཐོན་ནས་ཉི་མ་བསྲོ་པས་ཆུ་སྲིན་གྱི་ཁྱིམ། 5. ཉ་རྣམས་ཉལ་བ་ལྒངས་པས་ཉའི་ཁྱིམ། 6. བུམ་པའི་ཆུ་ཞུ་བས་བུམ་པའི་ཁྱིམ། 7. གཞུ་སྲ་བའི་དུས་དེ་གཞུའི་ཁྱིམ། 8. སྲོག་ཆགས་སྡིག་པ་འོག་ཏུ་ཡིབ་པས་སྡིག་པའི་ཁྱིམ། 9. ཤེ་མ་སྲང་ལ་གཞལ་བས་སྲང་གི་ཁྱིམ། 10. སེང་གེས་བསིལ་གྲིབ་པས་སེང་གེའི་ཁྱིམ། 11. སྦལ་པས་སྐད་འདོན་པས་ཀརྐཊའི་ཁྱིམ། 12.བུ་མོ་ན་ཆུང་རྣམས་ཁམས་རྒྱས་བཞིན་གསལ་རྒྱང་གླུ་འཚེར་བས་བུ་མོའི་ཁྱིམ།  +
ནམ་ལངས། ཉི་ཤར། དྲོས་ཆེན། ཉིན་ཕྱེད། ཕྱེད་ཡོལ། དགུང་ཁ། ཉི་ནུབ། སྲོད། སྲོད་ཡོལ། ནམ་ཕྱེད། ཕྱེད་ཡོལ། ཐོ་རངས་དང་བཅུ་གཉིས་སོ།  +
ཡན་ལག་དང་པོ་མ་རིག་པ། གཉིས་པ་འདུ་བྱེད། གསུམ་པ་རྣམ་ཤེས། བཞི་བ་མིང་གཟུགས། ལྔ་བ་སྐྱེ་མཆེད་དྲུག དྲུག་པ་རེག་པ། བདུན་པ་ཚོར་བ། བརྒྱད་པ་སྲེད་པ། དགུ་བ་ལེན་པ། བཅུ་བ་སྲིད་པ། བཅུ་གཅིག་པ་སྐྱེ་པ། བཅུ་གཉིས་པ་རྒ་ཤི་རྣམས་སོ།  +
ཆོས་དང་འཇིག་རྟེན་གཉིས་ཀ་སྐྱོང་བའི་དཀར་ཕྱོཊ་ཀྱི་ལྷ་སྲུང་མོ་རིཊ་ཞི་དྲག་བཅུ་གཉིས་སྡེ་ཚན་གཉིས། བསྟན་མ་ནི་འོག་གི་ཕྱོགས་སྐྱོང་ངམ་སའི་ལྷ་མོའང་ཟེར། 1. རྡོ་རྗེ་ཀུན་གྲགས་མ། 2. རྡོ་རྗེ་གཡའ་མ་སྐྱོང་། 3. རྡོ་རྗེ་ཀུན་བཟང༌། 4. རྡོ་རྗེ་བགེགས་ཀྱི་གཙོ་སྟེ་འདི་བཞི་བདུད་མོའོ། 5. རྡོ་རྗེ་སྤྱན་གཅིག་མ། 6. ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། 7. རྡོ་རྗེ་ཀླུ་མོ། 8. རྨ་རི་རབ་འབྱམས་རྡོ་རྗེ་གྲགས་མོ་རྒྱལ་ཏེ་འདི་བཞི་གནོད་སྦྱིན་མོའོ། 9. ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། 10. བཙན་ལ་ལོ་རོ་རྡོ་རྗེ་སྨན་གཙིག་མ། 11. སྨན་བཙུན་རྡོ་རྗེ་གཡའ་མོ་སེལ། 12. རྡོ་རྗེ་གཡུ་སྒྲོན་མ་སྟེ་འདི་བཞི་ནི་སྨན་མོ་ཡིན་ནོ།  +
ཉིན་མཚན་ཕྲུག་གཅིག་དུས་ཚོད་བཅུ་གཉིས་སུ་ཕྱེ་བ་དེ་དག་མཚན་གྱི་ཆུ་ཚོད་བཅུ་གཅིག་པ་ནས་དང་པོའི་བར་དང་པོ་དང༌། དང་པོ་ནས་གསུམ་པའི་བར་གཉིས་པ། གསུམ་པ་ནས་ལྔ་པའི་བར་གསུམ་པ་སོགས་ཆུ་ཚོད་གཉིས་གཉིས་ཀྱིས་རིགས་འགྲེ་བཏང་སྟེ་མཚན་གྱི་དགུ་པ་ནས་བཅུ་གཅིག་པའི་བར་བཅུ་གཉིས་པ་སོ་སོར་བགོས་ནས་རིམ་བཞིན་དུ་ནམ་ཕྱེད་བྱི་བ་དང་། ནམ་ཕྱེད་ཡོལ་གླང་། ཐོ་རངས་སྟག ནམ་ལངས་ཡོས། ཉི་ཤར་འབྲུག ཉི་དྲོས་སྦྲུལ། ཉི་ཕྱེད་རྟ། ཉི་ཕྱེད་ཡོལ་ལུག ཉི་མྱུར་སྤྲེལ། ཉི་ནུ་བ་བྱ། ས་སྲོས་ཁྱི། སྲོད་འཁོར་ཕག་གི་མིང་འདོགས་སྲོལ་ཡོད།  +
ཀེར་ཀེང་མི་དང༌། ལེབ་ལེབ་ས། སྒུར་སྒུར་ཕྱུགས་ཏེ་སྔར་བོད་ས་གནས་སྲིད་གཞུང་སྐབས་ཁྲལ་འུལ་འགེལ་སའི་ཡུལ་གསུམ།  +
ཧེ་རུ་ཀའི་གནས་བཅུའི་སྟེང་དུ་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་གཉིས་བསྣན་པའོ།  +
རྩེ་གཅིག་ཆེ་འབྲིང་ཆུང་གསུམ། སྤྲོས་བྲལ་ཆེ་འབྲིང་ཆུང་གསུམ། རོ་གཅིག་ཆེ་འབྲིང་ཆུང་གསུམ། བསྒོམ་མེད་ཆེ་འབྲིང་ཆུང་གསུམ་མོ།  +
བོད་ཡུལ་སྲིན་མོ་གན་རྐྱལ་དུ་འགྱེལ་བ་ལྟ་བུའི་སྙིང་ཀར་ར་ས་འཕྲུལ་སྣང་། ཡན་ལག་དང་ཉིང་ལག་གནོན་པར་བྱེད་པ་ལ། མི་འགྱུར་བའི་གཟེར་བཅུ་གཉིས་བཏབ་སྟེ། 1. དཔུང་པ་གཡས་པའི་སྟེང་དུ་དབུ་རུ་ན་བཀའ་ཚལ་གཙུག་ལག་ཁང་། དེའི་འོག་ཏུ་གསེར་ཤ་གྷིརྟི་ལྷ་ཁང་བཏབ། 2.སྲིན་མོའི་དཔུང་པ་གཡོན་དུ་གཡོ་རུ་ཁྲ་འབྲུག་བཀྲ་ཤིས་བྱམས་པ་མི་འགྱུར་བའི་གཙུག་ལག་ཁང་། དེའི་འོ་ག་ཏུ་བཙན་ཐང་ལྷ་ཁང་། 3. དཔྱི་གཡས་སུ་གཡས་རུ་གཙང་འཕྲང་གཙུག་ལག་ཁང་། དེའི་འོག་ཏུ་དགེ་དྲུང་གི་ལྷ་ཁང་། 4. དཔྱི་གཡོན་དུ་ཁྲོམ་གྱི་རྒྱང་ཞུ་རུ་ལག་གྲུམ་པ་རྒྱང་དྲི་མེད་རྣམ་དག་གི་གཙུག་ལག་ཁང་། དེའི་འོག་ཏུ་འབྲེའི་ལྟ་ཁང་སྟེ་རུ་གནོན་བཞིའོ། 5. གྲུ་མོ་གཡས་ཤར་སྟག་སྐྱ་བོའི་མགོར་ཀོང་པོ་བུ་ཆུ་མཐར་ལེགས་ལྟ་ཁང་། 6. གྲུ་མོ་གཡོན་ལྷོ་འབྲུག་གི་ཟེ་བའི་སྟེང་དུ་ལྟོ་བྲག་མཁོ་མཐིང་ལྷ་ཁང༌། 7. པུས་མོ་གཡོན་ནུབ་བྱང་དམར་མོའི་སྒལ་སྟེང་དུ་མོན་བུ་དགེ་གནས་ཀྱི་གཙུག་ལག་ཁང༌། 8. པུས་མོ་གཡས་བྱང་རུས་སྦལ་གྱི་སྟེང་དུ་པྲ་དུམ་རྩེའི་གཙུག་ལག་ཁང་སྟེ་ཡང་འདུལ་བཞིའོ། 9. ལག་མཐིལ་གཡོན་དུ་ཤར་མདོ་ཁམས་གློང་ཐང་སྒྲོལ་མ། 10. ལག་མཐིལ་གཡས་སུ་ལྷོར་བུམ་ཐང་སྐྱེ་ཆུ། 11. རྐང་མཐིལ་གཡས་སུ་ནུབ་དཔེ་ལ་ཁ་ཆེའི་ཡུལ་དུ་ཚལ་རིགས་ཤེས་རབ་སྒྲོལ་མའི་ལྷ་ཁང་ཞེས་མང་ཡུལ་བྱམས་སྤྲིན། 12. རྐང་མཐིལ་གཡོན་དུ་བྱང་ཕྱོགས་ཚངས་པ་རླུང་གནོན་གྱི་ལྷ་ཁང་ཞེས་སྤ་གྲོ་སྐྱེ་ཆུའི་ལྷ་ཁང་སྟེ་མཐའ་འདུལ་གྱི་ལྷ་ཁང་བཞིའོ། གཞན་ཡང་ཤར་དུ་ཀ་ཆུ་གླིང་ཆུ་གཉིས། ཉི་ཟླ་གཟའ་སྐར་གཏན་ལ་འབེབ་ཕྱིར་བཞེངས། ལྷོ་རུ་སྙལ་སྣང་གྲོ་ལྷ་ཁང་། གླིང་ཐང་གཉིས་མེད་ལྷའི་ཁ་གནོན་དུ་བཞེངས། ནུབ་ཏུ་གུ་ལང་ཤིང་ཀུན་གཉིས་ཆུའི་ཁ་གནོན་དུ་བཞེངས། བྱང་དུ་དགེ་དང་དཔལ་རི་གཉིས་རླུང་གི་ཁ་གནོན་དུ་བཞེངས་སོ། གཞན་ཡང་ས་གནོན་འདི་རྣམས་བཞེངས་སོ། མང་ཡུལ་བྱམས་སྤྲིན་ལྷ་ཁང་། རྒྱང་རོར་པ་ཆད་ལྷ་ཁང་། སྤུ་བོར་འདོང་ཆུ་ལྷ་ཁང་། སྟོད་ལུང་སྣང་རྩེའི་(འདི་ལ་སྐྱོ་འདུན་ཕྱེ་ཟེར་བ་འདྲ) སྐྱོའི་ལྷ་ཁང་ (བློན་པོ་མགར་གྱི་ལྷ་ཁང)འཕན་ཡུལ་བྱེ་རེའི་གཙུག་ལག་ཁང་། ཁྱད་པར་ར་ས་འཕྲུལ་སྣང་བལ་བཟས་བཞེངས། རྒྱ་སྟག་ར་མོ་ཆེ་རྒྱ་མོས་བཞེངས། དེའི་བར་ལ་མཐའ་འདུལ་ཡང་འདུལ་ལ་སོགས་སྤྲུལ་པའི་རྒྱལ་པོས་དེ་ཡང་ཀུན་གྱི་སྔོན་དུ་ཁྲ་འབྲུག་བཞེངས་སོ། དེ་ལྟར་སྤྲུལ་པའི་རྒྱལ་པོ་འདིས་སྐུ་ལུས་ཀྱི་སྤྲུལ་པ་ལྔ་སྟོང་འགྱེད་ནས་མཐའ་འདུལ་དང་རྒྱལ་པོས་དགུང་ལོ་བཅུ་གསུམ་བཞེས་ནས་མདོ་ཁམས་སུ་ཡོངས་རྫོགས་རབ་སྒང་གི་ལྷ་ཁང་བཞེངས་པ་ལ་སོགས་མཐའ་འདུལ་གྱིས་གཙུག་ལག་ཁང་སྟོང་རྩ་གཉིས་བཞེངས་པའོ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དབུ་རྩེ་རི་རིམ་གསུམ་རི་རབ་ཀྱི་ཚུལ་དུ་བཞེངས་ཏེ། འོག་ཁང་བོད་ལུག་པ་འདག་པའི་འདེར་སོ། བར་ཁང་རྒྱ་ནག་ལུགས་ཀོ་བའི་ལྷ། སྟེང་ཁང་རྒྱ་གར་ལུགས་ཤོག་འདག་དང་རིས་འདག་གི་ལྷའོ།  
བྱ་སླ་བ་ཐོག་མའི་ཟུང་ལྡན་གྱི་ནང་གསེས་གཉིས་པ་བྱ་དཀའ་བ་གནས་གཞན་ན་ཡོད་པའི་ཟུང་ལྡན་ལ་དབྱེ་བ་བཅུ་གཉིས་ཡོད་པ་ནི། 1. རྐང་བ་བཞིའི་དབུས་ན་ཡོད་པ་དང༌། 2. མཐའ་ན་ཡོད་པ། 3. བར་མཐའ་གཉིས་ཀར་ཡོད་པ་བཅས་གསུམ་ལ། 4. ཆོད་ཅིང་། 5.མ་ཆོད་པ་དང་། 6. ཆོད་པ་རེ་སྟེ་དྲུག 7. རྐང་བཞིའི་ཐོག་བར་གྱིས་ཆོད་པ་དང༌། 8. རྐང་པ་དང་པོ་དང་གསུམ་པའི་ཐོག་མཐའ་དང་གཉིས་པའི་ཐོག་བར་གྱིས་ཆོད་ཅིང་མ་ཆོད་པ་སྟེ་ཐོག་བར་ན་ཡོད་པ་གཉིས། 9. རྐང་བཞིའི་ཐོག་མཐར་ཆོད་ཅིང་མ་ཆོད་པ། 10. ཐོག་མཐར་མ་ཆོད་ཅིང་ཆོད་པ་སྟེ་ཐོག་མཐའ་ན་ཡོད་པ་གཉིས། 11.རྐང་བ་བཞི་ཀའི་གནས་གསུམ་དུ་ཆོད་ཅིང་མ་ཆོད་པ་དང་།12. བཞི་ཀའི་གནས་གསུམ་དུ་མ་ཆོད་ཅིང་ཆོད་པ་སྟེ་གནས་གསུམ་ཀར་མཉམ་པར་ཡོད་པ་གཉིས་བཅས་བཅུ་གཉིས་སོ།  +
1. དབང་བསྐུར་ལྡན། 2. ཡེ་ཤེས་ལྡན། 3. སྒྲ་དབྱངས་རྣམ་པར་དག་པ། 4. མི་ཟད་པའི་ཟ་མ་ཏོག 5. འཁྱིལ་བ་མཐའ་ཡས། 6. རྒྱ་མཚོའི་ཕྱག་རྒྱ། 7. པད་མའི་བཀོད་པ། 8. ཆགས་པ་མེད་པའི་སྒོར་འཇུག་པ། 9. སོ་སོའི་ཡང་དག་པར་རིག་པ་ངེས་ལ། 10. སངས་རྒྱས་རྒྱན་བྱིན་གྱིས་བརླབས་པ། 11. ཁ་དོག་མཐའ་ཡས་པ། 12. སངས་རྒྱས་ཀྱི་སྐུའི་ཁ་དོག་ཡོངས་སུ་རྫོགས་པ་མངོན་པར་སྒྲུབ་པ།  +
རྗེ་ཡི་མགུར་ལྷ་བཅུ་གསུམ་གྱི་ནང་ནས་འོ་དེ་གུང་རྒྱལ་མ་གཏོགས་གཞན་རྣམས་ཀྱི་འཁོར་པོ་རེ་རེས་བསྡུས་པའི་བློན་པོ་བཅུ་གཉིས་ལགས།  +