Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
1. ཧན་ཀོང་ཨུ་རྟི་ལིའུ་ཤིའུ། 2. ཧན་མིན་རྟི་ལིའུ་ཀྲོང་། 3. ཧན་ཀྲང་རྟི་ལིའུ་རྟཱ། 4. ཧན་ཧའོ་རྟི་ལིའུ་ཀྲའོ། 5. ཧན་ཧྲང་རྟི་ལིའུ་ལོང་། 6. ཧན་ཨན་རྟི་ལིའུ་ཧུ། 7. ཧན་ཧའོ་རྟི་ལིའུ་ཡིས། 8. ཧན་ཧྲུན་རྟི་ལིའུ་སྦའོ། 9. ཧན་ཁྲུང་རྟི་ལིའུ་པིང་། 10. ཧན་ཀྲི་རྟི་ལིའུ་ཙུའན། 11. ཧན་ཧུའན་རྟི་ལིའུ་ཀྲི 12. ཧན་ལིང་རྟི་ལིའུ་ཧོའང་། 13. ཧན་ཧྲའོ་རྟི་ལིའུ་པིའན། 14. ཧན་ཤན་རྟི་ལིའུ་ཞི་བཅས་ཀྱིས་སྤྱི་ལོ་25-220བར་ལོ་གྲངས་195རིང་སྲིད་དབང་བཟུང་། +
ཡང་ན་དཀར་ལས་གསུམ་དང་མཚུངས། +
ཧེ་རུ་ཀའི་ཆས་དྲུག་བཅུ་བཞིར་གྱུར་པ་ན། 1. ལུས་རྒྱན་ལ་རུས་པའི་རྒྱན་དྲུག་དང༌། 2. ཞག་གི་ཟོ་རིས་དང་། 3. ཐལ་ཆེན་གྱི་ཚོམ་བུ་དང་། 4. ཁྲག་གི་ཐིག་ལེ་སྟེ་བཞི། 5. བཏུང་བའི་སྣོད་ནི་ཐོད་པ་སྟེ་གཅིག 6. བཟུང་བའི་རྫས་ལ་ཁ་ཟྚྵ་ག་དང་། 7. གྲི་གུག་གཉིས་ལས། 8. རོལ་མོའི་ཆོ་ག་ལ་ཌ་མ་རུ་དང༌། 9. གསང༌བའི་རྔེའུ་ཆུང་། 10. དུང་ཆེན་གྱི་གླིང་བུ་སྟེ་གསུམ། 11. སྟན་ལ་མི་རོའི་སྟན་དང༌། 12. སྟག་ལྤགས་ཀྱི་སྟན་གཉིས། 13. གོས་ལ་མི་ལྤགས་ཀྱི་གཡང་གཞི་དང་། 14. སྟག་ལྤགས་ཀྱི་ཤམ་ཐབས་གཉིས་སུ་དབྱེ་བའོ། +
1. དགྲ་བཅོམ་པ། 2. ཟག་པ་ཟད་པ། ཉོན་མོངས་པ་མེད་པ། 3. དབང་དུ་གྱུར་པ། 4. སེམས་ཤིན་ཏུ་རྣམ་པར་གྲོལ་བ། 5. ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། 6. ཅང་ཤེས་པ། 7. གླང་པོ་ཆེན་པོ། 8. བྱ་བ་བྱས་པ། 9. བྱེད་པ་བྱས་པ། 10. ཁུར་བོར་བ། 11. བདག་གི་དོན་རྗེས་སུ་ཐོབ་པ། 12. སྲིད་པ་ཀུན་ཏུ་སྦྱོར་བ། 13. ཡོངས་སུ་ཟད་པ། 14. བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། 15. སེམས་ཀྱི་དབང་ཐམས་ཅད་ལ་ཕ་རོལ་དུ་ཕྱིན་པའི་མཆོག་ཐོབ་པ་དང་བཅོ་ལྔའོ། +
1. དབང་པོ། 2. མེ་ལྷ། 3. གཤིན་རྗེ། 4. སྲིན་པོ། 5. ཆུ་བདག 6. རླུང་ལྷ། 7. གནོད་སྦྱིན། 8. དབང་ལྡན། 9. ཚངས་སྦྱིན་པ། 10. སའི་ལྷ་མོ་དང་བཅུ། དེའི་སྟེང་དུ། 11. ཉེ་དབང་། 12. ཚོགས་བདག 13. ཉི་མ། 14. ཟླ་བ། 15. ཐགས་བཟང་རིས་བསྣན་པའོ། +
བྱ་སླ་བ་རྐང་པའི་དང་པོར་ཡོད་པའི་ཟུང་ལྡན་གྱི་ནང་གསེས་དང་པོ་བར་མ་ཆོད་པའི་ཟུང་ལྡན་གྱི་ནང་གསེས་རྣམ་གྲངས་བཅོ་ལྔ་ཡོད་པ་ནི། རྐང་པ་གཅིག་ལ་ཡོད་པ་ལ་ཡང་། 1. དང་པོའི་ཐོག་མ་ལ་ཡོད་པའི་ཟུང་ལྡན་དང་། 2. གཉིས་པའི་ཐོག་མ་ལ་ཡོད་པའི་ཟུང་ལྡན། 3. གསུམ་པའི་ཐོག་མ་ལ་ཡོད་པའི་ཟུང་ལྡན། 4. བཞི་བའི་ཐོག་མ་ལ་ཡོད་པའི་ཟུང་ལྡན་སྟེ་བཞི། རྐང་པ་གཉིས་ལ་ཡོད་པ་ལ། 5. རྐང་པ་དང་པོའི་གཉིས་ཀྱི་ཐོག་མ་ལ་ཡོད་པའི་ཟུང་ལྡན། 6. དང་པོ་དང་གསུམ་པའི་ཐོག་མ་ལ་ཡོད་པའི་ཟུང་ལྡན། 7. དང་པོ་དང་བཞི་བའི་ཐོག་མ་ལ་ཡོད་པའི་ཟུང་ལྡན། 8. གཉིས་པ་དང་གསུམ་པའི་ཐོག་མ་ལ་ཡོད་པའི་ཟུང་ལྡན། 9. གཉིས་པ་དང་བཞི་བའི་ཐོག་མ་ལ་ཡོད་པའི་ཟུང་ལྡན། 10. གསུམ་པ་དང་བཞི་བའི་ཐོག་མ་ལ་ཡོད་པའི་ཟུང་ལྡན་བཅས་དྲུག རྐང་པ་གསུམ་གྱི་ཐོག་མ་ལ་ཡོད་པའི་ཟུང་ལྡན་ལ་ཡང་། 11. རྐང་པ་སྔ་མ་གསུམ་གྱི་ཐོག་མ་ལ་ཡོད་པའི་ཟུང་ལྡན། 12. རྐང་པ་དང་པོ་གཉིས་དང་བཞི་བའི་ཐོག་མ་ལ་ཡོད་པའི་ཟུང་ལྡན། 13. རྐང་པ་དང་པོ་དང་ཕྱི་མ་གཉིས་ཀྱི་ཐོག་མ་ལ་ཡོད་པའི་ཟུང་ལྡན། 14. ཕྱི་མ་གསུམ་གྱི་ཐོག་མར་ཡོད་པའི་ཟུང་ལྡན་བཅས་བཞིའི་སྟེང་དུ། 15. གོང་གི་རྐང་པ་བཞི་ཀའི་ཐོག་མར་ཡོད་པའི་ཟུང་ལྡན་དེ་བསྣན་པས་བཅོ་ལྔའོ། +
སྟོང་ཆེན་རབ་འཇོམས་ལས། 1. འཇམ་པ་པོ་ནི་བ་ལང་གཟུགས། 2. རི་དྭགས་རྒྱལ་པོ་རི་དྭགས་གཟུགས། 3. སྐེམ་བྱེད་པ་ནི་གཞོན་ནུ་གཟུགས། 4. རྗོད་བྱེད་པ་ནི་ཝ་འདྲའོ། 5. ཁུ་ཚུར་ཅན་ནི་བྱ་རོག་གཟུགས། 6. མ་མོ་མི་ཡི་གཟུགས་སུ་སྣང་། 7. ཛ་མི་ཀ་ནི་རྟ་ཡི་གཟུགས། 8. འདོད་པ་ཅན་ནི་རྡོ་རྗེ་གཟུགས། 9. ནམ་གྲུ་ཁྱིའི་གཟུགས་སུ་སྣང་། 10. སྲུལ་པོ་ཕག་གི་གཟུགས་སུ་སྣང་། 11. མ་དགའ་བྱེད་པ་བྱི་ལའི་གཟུགས། 12. བྱ་ནི་འདབ་ཆགས་བྱའི་གཟུགས། 13. གཉའ་ལག་ཅན་ནི་བྱ་གག་གཟུགས། 14. བཞིན་བརྒྱད་པ་ནི་འུག་པའི་གཟུགས། 15. མིག་འཕྱང་པོ་ནི་ཕ་ཝང་གཟུགས་རྣམས་སོ། +
1. ལྡོང་རོང་ཞོ་ལྔ། 2.རྒྱ་མཚོ་ལྦུ་བ་ (ཤུན་པ་འདོར)སྲང་བདུན། 3. སྤང་སྤོས་སྲང་བདུན། ། 4. དུང་དཀར་སྲང་བདུན། 5. གླ་རྩི་དྲི་ཙམ། 6. ཨུད་པལ་སྔོན་པོ་སྲང་བདུན། 7. སུག་སྨེལ་སྲང་བདུན། 8. སྐྱེར་བའི་ཁཎྜ་སྲང་གསུམ། 9. ཙན་དན་དཀར་པོ་སྲང་བདུན། 10. ཀུར་གུམ་སྲང་གསུམ་ཞོ་དྲུག 11. རྒྱམ་ཚྭ་སྲང་ལྔ་། 12. བཅའ་སྒ་སྲང་བདུན། 13. པི་པི་ལིང་སྲང་བདུན། 14. ཕོ་བ་རིས་དཀར་པོ་སྲང་བདུན། 15. སྦྲང་རྩི་(ཚ་ཚེ་བ་ལ་ཀ་ར་དཀར་པོ།)རྒྱ་མ་གང་དང་སྲང་དྲུག +
1. འབྲུ་མང་པོའི་ཚིག་སྡུད་ཡོད་པ། 2. (དེ)ལ་འགྲན་པ། 3.(དེ་)ལས་རྒྱལ་བ། 4. (དེ་)ལ་སྡང་བ། 5. (དེ་)ལ་འཁུ་བ། 6. (དེ་)དང་མི་མཐུན་སྒྲོགས་པ། 7. (དེ་)ལ་འཐབ་པ། 8. (དེ་)ལ་འཕྱ་པ། 9. སྨ་འབེབས་བྱེད་པ། 10. (དེ་)ལ་སྨོད་པ། 11. (དེ་)ལ་ཅོ་འདྲི་བ། 12. (དེ་) ལ་འགོག་པ། 13. (དེ་) ལ་རྒོད་པ། 14. (དེ་)ལ་ཕྲག་དོག་པ། 15. (དེ་)ལ་མི་བཟོད་པ། +
སྡེ་སྲིད་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ལ་དབང་སྒྱུར་བྱེད་སྐབས། ཞལ་ལྕེ་བཅུ་དྲུག་ནས་ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ་དོར་ནས་ཞལ་ལྕེ་བཅོ་ལྔར་གཏན་ལ་ཕབ་པའི་ཁྲིམས་ལུགས་དོན་ཚན་བཅོ་ལྔའོ། +
ཉན་ཐོས་ཀྱི་ལམ་ལྔ། རང་སངས་རྒྱས་ཀྱི་ལམ་ལྔ། ཐེག་ཆེན་གྱི་ལམ་ལྔའོ། +
1. ལྟོགས་ཏེ་འགུམ་པ་དང༌། 2.མཚོན་དང་ལྕགས་དབྱུག་གི་འོག་ཏུ་འགུམ་པ་དང་། 3. དགྲ་ཤ་བླངས་པས་འགུམ་པ་དང་། 4. དམག་གི་གཡུལ་དུ་འགུམ་པ། 5. སྟག་དང་སྤྱང་ཀི་སོགས་གཅན་གཟན་གྱིས་འགུམ་པ་དང༌། 6. སྦྲུལ་གདུག་པས་འགུམ་པ་དང༌། 7. ཆབ་ཀྱིས་འཚལ་ཏེ་འགུམ་པ་དང༌། 8. ཞུགས་ཀྱིས་འགུམ་པ་དང་། 9. དུག་གིས་འགུམ་པ་དང་། 10. མཁའ་འགྲོ་དང་མཁའ་འགྲོ་མས་འགུམ་པ་དང་། 11. སེམས་སྟོར་ཞིང་མྱོས་པས་འགུམ་པ། 12. རིའམ་བྲག་གམ་ཤིང་ངམ་གད་གཡང་ལ་ལྷུང་ནས་འགུམ་པ། 13. བྱད་སྟེམས་ཀྱིས་འགུམ་པ། 14. ལྷ་སྲིན་སྡེ་བརྒྱད་སོགས་འདྲེ་གདོན་གྱིས་འགུམ་པ། 15. རིམས་ནད་ཀྱིས་འགུམ་པའོ། +
སངས་རྒྱས་དང༌། ཆོས། དགེ་འདུན་ཏེ་གསུམ། +
ཐུན་མོང་པའི་རྒྱན་རྣམ་པ་གསུམ་གྱི་ནང་གསེས་གསུམ་པ་གབ་ཚིག་གི་རྒྱན་ལ་རྣམ་པ་བཅུ་དྲུག་སྟེ། 1. ཀུན་ཏུ་ཚོགས་པའི་གབ་ཚིག་གི་རྒྱན་དང་། 2. སླུ་བྱེད་ཀྱི་རྒྱན། 3. རིམ་པ་བྲལ་བའི་རྒྱན། 4. རབ་བཅོམ་གྱི་རྒྱན། 5. མཐུན་གཟུགས་ཀྱི་རྒྱན། 6. རྩུབ་མོའི་རྒྱན། 7. གྲངས་ཀྱི་རྒྱན། 8. རབ་བཏགས་ཀྱི་རྒྱན། 9. མིང་དུ་འདུས་པའི་རྒྱན། 10. བསྒྲིབས་པའི་རྒྱན། 11. མཐུན་སྒྲའི་རྒྱན། 12. རྨོངས་པའི་རྒྱན། 13. ཡོངས་སུ་འཕྲོག་པའི་རྒྱན། 14. གཅིག་སྒྲིབ་ཀྱི་རྒྱན། 15. གཉིས་ཀ་བསྒྲིབས་པའི་རྒྱན། 16. ཡོངས་སུ་འདྲེས་པའི་གབ་ཚིག་གི་རྒྱན། +
ཡུལ་ཆེན་བཅུ་དྲུག་གི་རྒྱལ་པོའམ་མི་བདག་བཅུ་དྲུག་གོ +
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་བཅུ་གསུམ་པ་རྒྱུ་ཡི་རྒྱན་ནི་དངོས་པོ་འབྱུང་བར་བྱེད་པའི་རྒྱུའམ་བྱེད་པ་པོ་དང་། ཤེས་བྱེད་ཀྱི་རྒྱུ་སྟེ་རྒྱུ་དངོས་དང་བཏགས་པ་བ་ཅི་རིགས་གཅོ་བོར་སྟོན་པའི་རྒྱན་ཞིག་སྟེ། དེའི་ནང་གསེས་རྣམ་གྲངས་བཅུ་དྲུག་ནི། རྩ་བའི་དབྱེ་བ་གསུམ་དང་དེ་གསུམ་ལ་ནང་གསེས་ཀྱི་དབྱེ་བ་བཅུ་དྲུག་ཏུ་ཕྱེ་ཡོད། རྩ་བའི་དབྱེ་བ་གསུམ་ནི་དངོས་པོའི་རྒྱུ་དང་དངོས་མེད་ཀྱི་རྒྱུ། མཚར་བའི་རྒྱུ་རྣམས་སོ། དངོས་པོ་རྒྱུ་ལ་ནང་གསེས་ཀྱི་དབྱེ་བ་དྲུག་སྟེ། 1. སྐྱེད་བྱེད་ཀྱི་རྒྱུའམ་འགྲུབ་བྱེད་འོས་པའི་རྒྱུ་དང་། 2. ཉམས་བྱེད་ཀྱི་རྒྱུའམ་འགྲུབ་བྱེད་མི་འོས་པའི་རྒྱུ། 3. རྣམ་འགྱུར་གྱི་རྒྱུ། 4. འཐོབ་བྱེད་ཀྱི་རྒྱུ། 5. ཕྱི་ཤེས་བྱེད་ཀྱི་རྒྱུ། 6. ནང་ཤེས་བྱེད་ཀྱི་རྒྱུའོ། དངོས་མེད་ཀྱི་རྒྱུ་ལ་དབྱེ་བ་རྣམ་པ་ལྔ་སྟེ། 7. སྔར་ན་མེད་པའི་བྱེད་རྒྱུ། 8. ཞིག་ནས་མེད་པའི་བྱེད་རྒྱུ། 9. ཕན་ཚུན་མེད་པའི་བྱེད་རྒྱུ། 10. སྤངས་ནས་མེད་པའི་བྱེད་རྒྱུ་སྟེ་རྒྱུ་དངོས་མེད་ལས་འབྲས་བུ་ཡོད་པ་བསྐྱེད་པ་བཞི་དང༌། 11. རྒྱུ་དངོས་མེད་ལས་འབྲས་བུ་དངོས་མེད་བསྐྱེད་པ་གཅིག་བཅས་སོ། མཚར་བའི་རྒྱུ་ལ་ནང་གསེས་ཀྱི་དབྱེ་བ་ལྔ་སྟེ། 12. རང་འབྲས་ཀྱི་རྒྱུ། 13. རྒྱུ་འབྲས་ལྷན་གཅིག་པ། 14. རྒྱུ་ལས་འབྲས་བུ་སྔ་པ། 15. རིགས་མིན་གྱི་རྒྱུའམ་མི་འོས་པའི་རྒྱུ། 16. རིགས་པའི་རྒྱུའམ་འོས་པའི་རྒྱུ་བཅས་བཅུ་དྲུག་གོ +
སྔོན་འཇུག་བ་ཡིག་གསལ་བྱེད་སུམ་ཅུའི་ནང་ནས་ཀ་ཅ་ཏ་ཙ་ག་ང་ཇ་ཉ་ད་ན་ཛ་ཞ་ཟ་ར་ཤ་ས་བཅས་མིང་གཞིའི་ཡི་གེ་བ་ཅུ་དྲུག་པོར་འཇུག +
ཅིན་ཤར་མའི་རྒྱལ་རབས་ཀྱིས་སྲིད་དབང་བཟུང་བའི་རིང་འབྲི་ཆུ་བྱང་རྒྱུད་རྨ་ཆུ་འབབ་ཡུལ་དུ་བྱུང་བའི་ཁ་འཐོར་རྒྱལ་ཁབ་བཅུ་དྲུག 1. ཧན(ཆན་ཀྲའོའམ་ཀྲའོ་སྔོན་མ)། 2. ཧོའུ་ཀྲའོ(ཀྲུའོ་རྗེས་མ)། 3. ཆན་ཡན(ཡན་སྔོན་མ) 4. ཆན་ཆིན(ཆིན་སྔོན་མ)། 5. ཧོའུ་ཡན(ཡན་རྗེས་མ)། 6. ནན་ཡན(ཡན་ལྷོ་མ)། 7. པེ་ཡན (ཡན་བྱང་མ) 8. ཧོའུ་ཆིན (ཆིན་རྗེས་མ) 9. ཤིས་ཆིན(ཆིན་ནུབ་མ) ། 10. ཞྭ། 11. ཧོའུ་ལིའང (ལིའང་རྗེས་མ)། 12. ནན་ལིའང་(ལིའང་ལྷོ་མ)། 13. པེ་ལིའང (ལིའང་བྱང་མ)། 14. ཤིས་ལིའང (ལིའང་ནུབ་མ)། 15. ཆན་ལིའང་(ལིའང་སྔོན་མ)། 16. ཁྲེང་ཧན་བཅས་སོ། +
ཤར་དུ་པི་ཝང་མ། གླིང་བུ་མ། རྔ་ཟླུམ་མ། རྫ་རྔ་མ། ལྷོར་བཞེད་པ་མ། སྒེག་མོ་མ། གླུ་མ། གར་མ། ནུབ་ཏུ་མེ་ཏོག་མ། བདུད་སྤོས་མ། མར་མེ་མ། དྲི་ཆབ་མ། བྱང་དུ་གཟུགས་རྡོ་རྗེ་མ། རོ་རྡོ་རྗེ་མ། རེག་རྡོ་རྗེ་མ། ཆོས་དབྱིངས་ཀྱི་རྡོ་རྗེ་མ་དང་བཅུ་དྲུག་གོ +
1. རྒྱལ་པོའི་ཆད་པའི་འཇིཊ་པ། 2. ལྷའི་འཇིགས་པ། 3. ས་བདག་གི་ནད་ཀྱི་འཇིགས་པ། 4. རིམས་ནད་ཀྱི་འཇིགས་པ། 5. མུ་གེའི་འཇིགས་པ། 6. དམག་གི་འཇིགས་པ། 7. དྲང་སྲོང་གི་གནོད་པའི་འཇིགས་པ། 8. གདོན་འདྲེ་འབྱུང་པོའི་འཇིགས་པ། 9. ཐོག་གི་འཇིགས་པ། 10. སད་དང་སེར་བའི་འཇིགས་པ། 11. ས་གཡོ་བའི་འཇིགས་པ། 12. མེའི་འཇིགས་པ། 13. ཆུའི་འཇིགས་པ། 14. སྐར་མདའ་ལྷུང་བའི་འཇིགས་པ། 15. ནམ་མཁའ་ལྡིང་གི་འཇིགས་པ། 16. རྨི་ལམ་ངན་པའི་འཇིགས་པ། བཅས་བསྡོམས་པས་བཅུ་དྲུག ཡང་དུས་འཁོར་ལས། དགྲ་བོ་སེང་གེ་གླང་པོའི་དབང་པོ་མེ་དང་བྲང་འགྲོའི་དབང་པོ་ཆོམ་རྐུན་ཞགས་པས་བཅིངས་པ་རྒྱ་མཚོ་འཁྲུག་དང་ཤ་ཟ་དང་ནི་འཆི་འཇིགས་བྱེད་པའི་ནད་དང་དབང་བོས་ངེས་པར་འཚེ། འཕོངས་པ་དང་ནི་བུད་མེད་བྲལ་དང་རྒྱལ་པོ་འཁྲུགས་པས་འཇིགས་དང་ལྷ་འདྲེ་འབབས་པ་དང་ནི་ནོར་ཉམས་དང་ཅེས་གསུངས་སོ། +