Property:Tibetan-Definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 20 pages using this property.
D
འདི་ལ་མངོན་པ་མཛོད་གནས་གསུམ་པའི་འཇིག་རྟེན་ཆགས་ཚུལ་གྱི་《མཆིམས་མཛོད་》《འགྲེལ་བ་མངོན་པའི་རྒྱན་》གྲངས་ 160.1 ནས་འདི་ལྟར། འཛམ་བུ་གླིང་འདི་ན་ཡུལ་ཆེན་པོ་བཅུ་དྲུག་དང་(དེའི་འོག་གི་མཆན་དུ་)མཐའ་འཁོབ་ཐོད་སྐོར་དུ། 1. རྒྱ་ཡུལ་དང༌། 2. ཧུ་ན་དང་། 3. ཕུ་ན་དང་། 4. ཀམ་པོ་རྩེ། 5. ཤ་ཁ། 6. སྦལ་ཁ། 7. ཁྱི་གདོང་། 8. ཝ་གདོང་། 9. ཀྲི་བ་ཤིའི་གདོང་། 10. གནམ་གདོང་། 11. ཕྱིར་ཕྱོགས་གདོང༌། 12. གཤོག་ཐོགས་དང༌། 13. གཅེར་བུ། 14. རྒྱུ་ཏེ་འགྲོ་བ། 15. སྣ་མེད། 16. གླག་ཀྲ་སྟེ་ཞེས་གསལ། ཡང་གསུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ་ཁ་པའི་ནང་གི་《གསུང་རབ་རྣམས་ལས་བཤད་པའི་གྲངས་འདྲེན་འགའ་ཞིག་བསྡུས་པ་མེ་ཏོག་ཕྲེང་སྤེལ་》གྲངས་ 30.2 ལས་ཡུལ་བཅུ་དྲུག་ནི། 1. ཨངྒ་། 2. མགྷ་དྷ། 3. ཀོ་ས་ལ། 4. ཀཱ་ཤི་ཀ 5. པྲི་ཛི། 6. མ་ལ་ཡ། 7. པུན་ཏ། 8. སྲེག་པ། 9. ཀ་མ། 10. ཨ་བནྟི། 11. ཀུ་རུ། 12. ལྔ་ལེན། 13. བ་ས་ཏ། 14. དཔལ་དྷེ། 15. ཡ་བ་ན། 16. ཀམ་བོ་ཞེས་གསལ་ཞིང་སྔ་མ་ནི་འཛམ་གླིང་སྤྱིའི་དབང་དུ་བྱས་པ་དང༌། ཕྱི་མ་ནི་རྒྱ་གར་ཁོ་ནའི་དབང་དུ་བྱས་པ་ཡིན་ནོ།  +
1. ཚད་མ་དང༌། 2. གཞལ་བྱ་དང་། 3. ཐེ་ཚོམ་དང་། 4. དགོས་པ་དང་། 5. དཔེ་དང་། 6. གྲུབ་པའི་མཐའ་དང༌། 7. ཡན་ལག་དང་། 8. རྟོག་གེ་དང་། 9. གཏན་ལ་དབབ་པ་དང༌། 10. རྩོད་པ་དང་། 11. སུན་འབྱིན་དང་། 12. ཕྱིར་དུ་རྒོལ་བ་དང༌། 13. གཏན་ཚིག་ལྟར་སྣང་བ་དང༌། 14. ཚིག་དང༌། 15. ཐག་ཆོད་དང་། 16. ཚར་བཅད་པའི་གནས་ཏེ་ཚིག་དོན་བཅུ་དྲུག་གོ  +
1. ནང་སྟོང་ཉིད། 2. ཕྱི་སྟོང་ཉིད། 3. ཕྱི་ནང་སྟོང་ཉིད། 4. སྟོང་པ་ཉིད་སྟོང་ཉིད། 5. ཆེན་པོ་སྟོང་ཉིད། 6. དོན་དམ་པ་སྟོང་ཉིད། 7. འདུས་བྱས་སྟོང་ཉིད། 8. འདུས་མ་བྱས་སྟོང་ཉིད། 9. མཐའ་ལས་འདས་པ་སྟོང་ཉིད། 10. ཐོག་མ་དང་ཐ་མ་མེད་པ་སྟོང་ཉིད། 11. དོར་བ་མེད་པ་སྟོང་ཉིད། 12. རང་བཞིན་སྟོང་ཉིད། 13, ཆོས་ཐམས་ཅད་སྟོང་ཉིད། 14. རང་གི་མཚན་ཉིད་སྟོང་ཉིད། 15. མི་དམིགས་པ་སྟོང་ཉིད། 16. དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ཉིད་དེ་བཅུ་དྲུག་གོ  +
མདོའི་སྡོམ་པ་དང་། ལུང་། ཁྲིད་གནང་བའི་བཀའ་དྲིན་གསུམ་ལྡན་ནམ།  +
བདེན་པ་མཐོང་བའི་ལམ་གྱི་བཟོད་པ་བརྒྱད་དང་ཤེས་པ་བརྒྱད།  +
1. མི་རྟག་པ། 2. སྡུག་བསྔལ་བ། 3. སྟོང་པ། 4. བདག་མེད་པ་སྟེ་སྡུག་བདེན་གྱི་རྣམ་པ་བཞི། 5. རྒྱུ། 6. ཀུན་འབྱུང་། 7.རབ་སྐྱེ། 8.རྐྱེན་ཏེ་ཀུན་འབྱུང་བདེན་པའི་རྣམ་པ་བཞི། 9. འགོག་པ། 10. ཞི་བ། 11. གྱ་ནོམ། 12. ངེས་འབྱུང་སྟེ་འགོག་བདེན་གྱི་རྣམ་པ་བཞི། 13. ལམ། 14. རིག་པ། 15. སྒྲུབ་པ། 16. ངེས་འབྱིན་ཏེ་ལམ་བདེན་གྱི་རྣམ་པ་བཞི་བཅས་བ་ཅུ་དྲུག་གོ  +
ཤཱཀྱ་ཐུབ་པས་བསྟན་པ་གཉེར་དུ་གཏད་པའི་དགྲ་བཅོམ་པ་བཅུ་དྲུག་སྟེ། 1. ཡན་ལག་འབྱུང་། 2. མ་ཕམ་པ། 3. ནགས་ན་གནས། 4. དུས་ལྡན། 5. རྡོ་རྗེ་མོའི་བུ། 6. བཟང་བོ། 7. གསེར་གྱི་བེའུ། 8. བྷ་ར་དྷ་ཛ་གསེར་ཅན། 9. བ་ཀུ་ལ། 10. སྒྲ་གཅན་འཛིན། 11. ལམ་ཕྲན་བསྟན། 12. བྷ་ར་དྷ་ཛ་བསོད་སྙོམས་ལེན། 13. ལམ་ཆེན་བསྟན། 14. ཀླུའི་སྡེ། 15. སྦེད་བྱེད། 16. མི་ཕྱེད་པ་སྟེ་བཅུ་དྲུག་གོ དེ་དག་གི་ལོ་རྒྱུས་རགས་ཙམ་བཤད་ན་ནི་འདི་ལྟར། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སྟོན་པ་སངས་རྒྱས་མྱ་ངན་ལས་འདས་ཁར་སྒྲ་གཅན་འཛིན་ལ་སོགས་པའི་དགྲ་བཅོམ་པ་བཅུ་དྲུག་ལ། འཛམ་བུའི་གླིང་དུ་ངའི་བསྟན་པ་མ་ནུབ་ཀྱི་བར་དུ་ཁྱེད་རྣམས་ཀྱང་མྱ་ངན་ལས་མི་འདའ་བར་ངའི་བསྟན་པ་སྐྱོང་དགོས་ཞེས་བཀའ་ཕབས་པ་ལྟར། ཁོང་རྣམས་ཀྱང་འཛམ་བུའི་གླིང་གི་གནས་མི་འདྲ་བ་བཅུ་དྲུག་ལ་བཞུགས་ནས་བསྟན་པ་དར་སྤེལ་མཛད་པ་ཡིན་ཞེས་བཤད་སྲོལ་དང་། གནས་བརྟན་གྱི་གྲས་སུ་ཡོད་པའི་ཧ་ཤང་དེ་ནི་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའི་ཙུང་གིས་རྒྱལ་ས་ཁྲང་ཨན་དུ་གནས་བརྟན་བཅུ་དྲུག་དངོས་སུ་གདན་དྲངས་སྐབས་གནས་བརྟན་རྣམས་ལ་སྣེ་ལེན་ཞུ་མཁན་དང་། རྒྱུན་དུ་གོང་མའི་མཆོད་གནས་དང་། གོང་མའི་སྲས་བརྒྱད་ཀྱི་དགེ་རྒན་དུ་བཞུགས་པ་དེ་ཡིན་པ་དང་། གནས་བརྟན་གྱི་གྲས་སུ་ཡོད་པའི་དགེ་བསྙེན་དྷརྨ་ཏཱ་ལ་ནི། དུས་རབས་བཅུ་གཅིག་པའི་མགོར་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་ཕེབས་ནས་བྲག་ཡེར་པར་བཞུགས་སྐབས་ཉིན་གཅིག་གནས་བརྟན་བཅུ་དྲུག་དངོས་སུ་ཕེབས་ཏེ་འབྲོམ་སྟོན་པས་གནས་བརྟན་རྣམས་ལ་གསོལ་སྟོན་གྱི་བྱིན་ལེན་ཞུ་མཁན་མཛད་པ་དེ་ཡིན་ཞེས་བཤད་སྲོལ། བོད་ཀྱི་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་བྲིས་ཐང་དང་། འཇིམ་སྐུ་ནི། ཐོག་མར་དུས་རབས་བཅུ་པའི་མཇུག་ཏུ་བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་མ་ཀླུ་མེས་འབྲོམ་ཆུང་གིས་ཁྲང་ཨན་རྒྱལ་སར་ཕེབས་ནས། གོང་མ་ཐང་ཐའི་ཙུང་གིས་གནས་བརྟན་དངོས་སུ་སྤྱན་དྲངས་སྐབས་བཞེངས་པའི་འདྲ་འབག་ལ་དཔེ་བཤུས་མཛད་དེ་ལྷ་སར་ཕེབས། དེ་ལ་མ་དཔེ་བྱས་ཏེ་བྲག་ཡེར་པའི་གནས་བཅུ་ལྷ་ཁང་གི་ནང་དུ་བཞུགས་པའི་གནས་བརྟན་བཅུ་དྲུག་གི་འདྲ་འབག་བཞེངས་པར་མཛད་པ་ནས། བོད་ས་གནས་ཀྱི་གཙུག་ལག་ཁང་མང་པོར་འཕེལ་རྒྱས་བྱུང་ཞིང༌། གནས་བརྟན་བཅུ་དྲུག་པོ་ཚང་མ་རྒྱ་གར་གྱི་དགྲ་བཅོམ་པ་ཤ་སྟག་ཡིན་ཀྱང༌། བོད་ཀྱི་རི་མོའི་ལག་རྒྱུན་དུ་ཚང་མ་རྒྱ་ནག་གི་ཧཱ་ཤང་དང་འདྲ་བར་ན་བཟའ་ཕུ་ཐུང་ཅན་ཤ་སྟག་བྲིས་སྲོལ་ཡོད་པའི་རྒྱུ་མཚན་ཡང་དེ་ཡིན། གནས་བརྟན་བཅུ་དྲུག་པོ་སོ་སོའི་ལོ་རྒྱུས་ཞིབ་པ་ཚེ་ཆོག་གླིང་བླ་མ་ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་《གནས་བརྟན་བཅུ་དྲུག་གི་རྟོགས་བརྗོད་》གསུང་འབུམ་ ༼ཐ༽ པའི་ནང་ཡོད།  
1. ཧར་གདོང་། 2. བསམ་བློ། 3. ཀླུ་འབུམ། 4. བྱ་བྲལ། 5. བྲ་ཉེ། 6. གཞུང་པ། 7. ཟུང་ཆུ། 8. ཐེ་བོ། 9. འཆད་པ། 10. རྟ་འོན། 11. མངའ་རིས་སྟག་མོ། 12. རེབ་རྩ། 13. ཆུ་བཟང་། 14. གང་རུ། 15. སྦ་ཏི། 16. འགའ་ཤིང་བཅས་བཅུ་དྲུག་གོ  +
སྡུག་བསྔལ་ལ། 1. མི་རྟག་པ། 2. སྟོང་བ། 3.བདག་མེད་པ། ཀུན་འབྱུང་ལ། 4. རབ་ཏུ་སྐྱེ་བ། 5.རྒྱུ། 6. རྐྱེན། འགོག་པ་ལ། 7. ཞི་བ། 8. གྱ་ནོམ་པ། 9. ཉེ་བར་འབྱུང་བ། ལམ་ལ། 10. རིགས་པ། 11. སྒྲུབ་པ། 12. ཉེ་བར་འབྱིན་པ། 13. བར་ཆད་མེད་པའི་ལམ། 14. རྣམ་པར་གྲོལ་བའི་ལམ། 15. མངོན་པར་རྟོགས་པའི་ལམ་མཐའ་ལས་འབྱུང་བའི་དགེ་བའི་རྩ་བ་མངོན་པར་རྟོགས་པའི་འཇུག་པ་ལས་འབྱུང་བའི་དགེ་བའི་རྩ་བ། 16. ཟད་པ་ཤེས་པ་ཐོབ་པའི་དགེ་བའི་རྩ་བ་བཅས་སོ།  +
ཀ་ག་ང་ད་ཏ་ན་པ་བ་མ་ཅ་ཇ་ཉ་ཙ་ཛ་ལ་ཧ།  +
སྔར་བོད་རྒྱལ་སྲོང་བཙན་སྒམ་པོས་གཏན་འབེབས་བྱས་པའི་ཁྲིམས་སྲོལ་དོན་ཚན་བཅུ་དྲུག་སྟེ། 1. ལྷ་དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ། 2. དམ་པའི་ཆོས་བཙལ་ཞིང་བསྒྲུབ་པ། 3. ཕ་མ་ལ་དྲིན་ལན་འཇལ་བ། 4. ཡོན་ཏན་ཅན་ལ་ཞེ་མཐོང་ཡོད་པ། 5. རིགས་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ། 6. ཡུལ་མི་ཁྱིམ་མཚེས་ལ་ཕན་གདགས་པ། 7. བཀའ་དྲང་ཞིང་སེམས་ཆུང་བ། 8. ཉེ་དུ་མཛའ་བ ཤེས་ལ་གཞུང་རིང་བ། 9. ཡ་རབས་ཀྱི་རྗེས་བསྙེག་ཅིང་ཕྱི་ཐག་རིང་བ། 10. ཟས་ནོར་ལ་ཚོད་འཛིན་པ། 11. སྔར་དྲིན་ཅན་གྱི་མི་རྩད་གཅད་པ། ། 12. བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་མེད་པ། 13. ཀུན་ལ་ཕྲག་དོག་ཆུང་བ། 14, ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ། 15. ངག་འཇམ་ཞིང་སྨྲ་བ་ཉུང་བ། 16. ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་བཅས་སོ།  +
མི་ཆོས་གཙང་མ་བཅུ་དྲུག་དང་དོན་གཅིག  +
སྔར་གཙང་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོས་བོད་ལ་དབང་སྒྱུར་བྱེད་སྐབས་སྤེལ་སེར་བ་ལ་སྒྲིག་ཏུ་བཅུག་པའི་ཁྲིམས་ཡིག་ནང་གསལ། ཁྲིམས་ཀྱི་དོན་ཚན་བཅུ་དྲུག་ནི། དང་པོ་དཔའ་བོ་སྟག་གི་ཞལ་ལྕེ། གཉིས་པ་སྡར་མ་ཝའི་ཞལ་ལྕེ། གསུམ་པ་སྣེ་མོ་ལས་འཛིན་གྱི་ཞལ་ལྕེ། བཞི་པ་ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ། ལྔ་པ་བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ། དྲུག་པ་ནག་ཆེན་ཁྲག་སྦྱོར་གྱི་ཞལ་ལྕེ། བདུན་པ་དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ། བརྒྱད་པ་ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། དགུ་པ་བསད་པ་སྟོང་གི་ཞལ་ལྕེ། བཅུ་པ་རྨས་པ་ཁྲག་གི་ཞལ་ལྕེ། བཅུ་གཅིག་པ་བསྙོན་ཧམ་མནའ་དག་གི་ཞལ་ལྕེ། བཅུ་གཉིས་པ་བརྐུས་པ་འཇལ་གྱི་ཞལ་ལྕེ། བཅུ་གསུམ་པ་ཉེ་འབྲེལ་འབྲལ་འདུམ་གྱི་ཞལ་ལྕེ། བཅུ་བཞི་པ་བྱི་བྱས་བྱི་རིན་གྱི་ཞལ་ལྕེ། བཅོ་ལྔ་པ་ནམ་ཕར་ཚུར་གྱི་ཞལ་ལྕེ། བཅུ་དྲུག་པ་ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ་རྣམས་སོ།  +
སྔགས་ཀྱི་དབང་བསྐུར་བ་དང༌། རྒྱུད་བཤད་པ། མན་ངག་གནང་བའི་བཀའ་དྲིན་གསུམ་ལྡན་གྱི་བླ་མ།  +
ཡུམ་རྒྱས་འབྲིང་བསྡུས་གསུམ།  +
1. ཨངྒ་དང་། 2. མ་ག་དྷ། 3. ཀོ་སཱ་ལ། 4. ཀཱ་ཤི་ཀ 5. པྲི་ཛི། 6. མ་ལ་ཡ། 7. པུནྟ། ། 8. སྲེག་པ། 9. ཀཱ་མ། 10. ཨ་བནྟི། 11. ཀུ་རུ། 12. ལྔ་ལེན། 13. པ་ས་ཏ། 14. དཔ་ལ་དྷེ། 15. ཡ་བ་ན། 16. ཀསྦོ་སྟེ་ཡུལ་ཆེན་བཅུ་དྲུག  +
ཨ་ཨཱ ཨི་ཨཱི ཨུ་ཨཱུ རི་རཱིལི་ལཱི ཨེ་ཨཻ ཨོ་ཨོ ཨཾ་ཨ༔  +
1. ཨམདོ་གཞུང་པ། 2. སྤོ་འབོར། 3. ཡེར་པ། 4. རོང་པོ། 5. ཚ་རྡོར། 6. ཚ་བ། 7. ཀོང་པོ། 8. དམར་ཉུང་། 9. ཨ་མདོ་ཨ་ར། 10. ཐེ་བོ། 11. རྒྱལ་རོང་། 12. རྟ་དབོན། 13. མི་ཉག 14. སྤོ་བོ། 15. གུང་རུ། 16. གཙང་པ་བཅས་བཅུ་དྲུག  +
1. སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ། 2. སྡུག་བསྔལ་ལ་ཆོས་ཤེས་པ། 3. སྡུག་བསྔལ་ལ་རྗེས་སུ་རྟོཊ་པར་ཤེས་པའི་བཟོད་པ། 4. སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པ། 5. ཀུན་འབྱུང་བ་ལ་ཆོས་ཤེས་པའི་བཟོད་པ། 6. ཀུན་འབྱུང་བ་ལ་ཆོས་ཤེས་པ། 7. ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ། 8. ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་ཤེས་པ། 9. འགོག་པ་ལ་ཆོས་ཤེས་པའི་བཟོད་པ། 10. འགོག་པ་ལ་ཆོས་ཤེས་པ། 11. འགོག་པ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ། 12. འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པ། 13. ལམ་ལ་ཆོས་ཤེས་པའི་བཟོད་པ། 14. ལམ་ལ་ཆོས་ཤེས་པ། 15. ལམ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ། 16. ལམ་ལ་རྗེས་སུ་རྟོགས་པའི་ཤེས་བའོ།  +
1. ར་མཉེ་སྲང་དོ། 2. ཉེ་ཤིང་སྲང་དོ། 3. ལྕ་བ་སྲང་དོ། 4. བ་སྤུ་སྲང་དོ། 5. གཟེར་མ་ར་མགོ་(ཤུན་པ་དང་ཚེར་མ་དོར་ཞིང་རྔོ་བ) སྲང་དོ། 6. རྒྱ་སྐྱེགས་སྲང་གང་། 7. ཞུ་མཁན་ལོ་མ་སྲང་གང༌། 8. བཙོད་སྲང་གང་། 9. སྲན་ཆུང་མེ་ཏོག་སྲང་གང༌། 10. དོམ་མཁྲིས་དྲི་ཙམ། 11. ཐང་མ་སྒྲོན་ཤིང་སྲང་གང་། 12. མཚལ་སྲང་གང་། 13. ཛ་ཏི་སྲང་གང་། 14. རྒྱམ་ཚྭ་སྲང་གང་། 15. ལྷ་སྐུ་སྲང་གང་། 16. པི་པི་ལིང་སྲང་གང་། 17. བ་ཤ་ཀ་སྲང་གང་།  +