Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
རྒྱས་པ་འབུམ་ཕྲག་བརྒྱ་པ་ལྷའི་དབང་པོའི་གནས་ན་ཡོད། འབྲིང་བ་སྟོང་ཕྲག་བརྒྱ་པ་ཀླུའི་ཡུལ་ན་ཚང་བར་ཡོད་དེ། དེ་ལ་ཡུམ་བར་མ་ཟེར། བསྡུས་པ་ཤེས་རབ་ཁྲི་པ་ལྷ་མ་ཡིན་གྱི་ཡུལ་ན་ཡོད་དེ། ལྟ་བ་ཀློང་ཡངས་ལས། རྒྱས་པ་སྟོང་ཕྲག་རེ་རེ་ལ། འབྲིང་ནི་འབུམ་ཕྲག་བརྒྱད་པ་དང༌། ཐ་མ་ཤེས་རབ་ཁྲི་པ་དང་། ཅེས་གསུངས་སོ། བོད་ཡུལ་ན་ས་སྐྱའི་མཁས་པ་གཡག་ཕྲུག་སངས་རྒྱས་དཔལ་ལ་སོགས། ཡུམ་རྒྱས་པ་སྟོང་ཕྲག་བརྒྱ་པ། འབྲིང་པོ་ཉི་ཁྲི། བསྡུས་པ་བརྒྱད་སྟོང་པ་ལ་བཞེད་དོ། པཎ་གྲུབ་རྣམས་ཀྱི་ལུང་དྲངས་པ་ལ་དཔག་ན། ཡུམ་བར་མ་ཅེས་པ་སྟོང་ཕྲག་བརྒྱ་པ་ལ་བཞེད་པ་འདྲའོ། ཁ་ཅིག་གིས་རྒྱལ་བའི་ཡུམ་རྒྱས་པ་བྱེ་བ་ཕྲག་ལྔ་པ་དྲི་ཟའི་རྒྱལ་པོ་རྣམ་པར་རྒྱལ་བའི་གནས་ན་ཡོད། འབྲིང་པོ་འབུམ་ཕྲག་བརྒྱ་པ་ལྷའི་གནས་ན་ཡོད། བསྡུས་པ་འབུམ་ཀླུའི་ཡུལ་ན་ཚང་མར་བཞུགས་ཞེས་གསུངས་སོ། +
དང་པོ་ཡིད་ཀྱི་ཡུལ་དུ་གསལ། གཉིས་པ་དབང་པོའི་ཡུལ་དུ་གསལ། དེ་ནས་ལུས་ཀྱི་ཡུལ་དུ་གསལ་བའོ། +
དགེ་བའི་རྩ་བ་ཡོངས་སུ་དག་པ་དང༌། སྨོན་ལམ་ཡོངས་སུ་དག་པ་དང༌། ལྟ་བ་ཡོངས་སུ་དག་པ་སྟེ་གསུམ། +
རྡུལ་གྱི་ཡོན་ཏན། མུན་པའི་ཡོན་ཏན། སྟོབས་ཀྱི་ཡོན་ཏན་རྣམས་སོ། རྣ་རྒྱན་ལས། གཙོ་བོ་རང་བཞིན་ཁྱད་པར་དང༌། དུས་བྱུང་གནས་སྐབས་ཡོན་ཏན་ཏེ། སྐྱེ་བ་གནས་པ་ཐིམ་པ་ཡི། སྙིང་སྟོབས་རྡུལ་མུན་ཡོན་ཏན་གསུམ། ཞེས་པ་ལྟར་རོ། +
བཅོས་པའི་ཤེས་པ་གསུམ་སྟེ་སྐྱོན་སྦེད་པ་ནི་གཡོ་དང༌། ཡོན་ཏན་ངོམ་པ་ནི་སྒྱུ། ཧམ་པའམ་རྫུན་གཏམ་བཤད་པ་ནི་ཁྲམ་སྟེ་གསུམ། +
སློབ་དཔོན་ཡེ་ཤེས་སྙིང་པོས་དབུ་མ་བདེན་གཉིས་དང་། ཞི་བ་འཚོས་དབུ་མ་རྒྱན། ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་མཛད་པ། +
སློབ་དཔོན་ཞི་བ་འཚོ། སློབ་དཔོན་ཡེ་ཤེས་སྙིང་པོ། སློབ་དཔོན་ཀ་མ་ལ་ཤཱི་ལ། +
ཀུན་བརྟགས་རང་བཞིན། གཞན་གྱི་དབང་གི་རང་བཞིན། ཡོངས་སུ་གྲུབ་པའི་རང་བཞིན། +
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་བཅུ་གཉིས་པ་རབ་རྟོག་གི་རྒྱན་ནི་སེམས་ལྡན་ནམ་སེམས་མེད་ཀྱི་དངོས་པོའི་གནས་ལུགས་རང་བཞིན་ཇི་ལྟར་གནས་པ་དེ་ཉིད་དགོས་དབང་གི་འདོད་པས་རྣམ་པ་གཞན་ཞིག་ཏུ་སྒྲོ་བཏགས་ནས་བརྗོད་པའི་རྒྱན་ཞིག་སྟེ་དེའི་ནང་གསེས་རྣམ་གྲངས་གསུམ་ནི། སེམས་ལྡན་རབ་རྟོག་དང༌། སེམས་མེད་རབ་རྟོག ཏིང་ངེ་འཛིན་གྱི་རབ་རྟོག་བཅས་སོ། +
འཕངས་ན་ཕོག་པས་ཁྱབ་པ། ཕོག་ན་འཆི་བས་ཁྱབ་པ། ཤི་ན་མཐོ་རིས་སུ་འགྲོ་བས་ཁྱབ་པ་དང་གསུམ། +
རབ་བྱུང་གི་མཁན་པོ་དང་བསྙེན་རྫོགས་ཀྱི་མཁན་པོ། +
རྫས་ཀྱི་རིག་འཛིན། ལོངས་སྤྱོད་ཀྱི་རིག་འཛིན། ལུས་ཀྱི་རིག་འཛིན་གསུམ་ཟེར་རོ། རྫས་ཀྱི་རིག་འཛིན་ནི་མིག་སྨན་དང་རྫས་ཀྱིས་ཐུན་མོང་གི་དངོས་གྲུབ་ཐོབ་པ་ལྟ་བུའོ། ལོངས་སྤྱོད་ཀྱི་རིག་འཛིན་ནི་རང་སྣང་དུ་འཁོར་བསྒྱུར་གྱི་ལོངས་སྤྱོད་ཐོབ་པ་ལྟ་བུ་ལ་ཟེར་རོ། ལུས་ཀྱི་རིག་འཛིན་ནི་མི་ལུས་མ་སྤངས་པར་འདོད་པའི་ལྷ་དང་སྐལ་བ་མཉམ་པའི་འཇའ་ལུས་ཐོབ་པ་ལྟ་བུ་ལ་ཟེར་རོ། +
སྔོན་གྱི་གནས་རིག་པ་དང་། འཆི་འཕོ་དང་སྐྱེ་བ་རིག་པ། ཟག་པ་ཟད་པ་རིག་པ་ཞེས་བྱ་བ་མཚོ་ཊཱིཀ་གསུངས། +
སྔོན་གྱི་མཐའ་རིག་པ། ཕྱི་མའི་མཐའ་རིག་པ། ཟག་པ་ཟད་པ་རིག་པ། +
སྲིད་སྲུང་མ་གཏོགས་མཆོད་སྦྱིན་དང་། ངེས་བརྗོད། སྙན་ཚིག (སྙན་ངག་གི་རིག་བྱེད)སྟེ་གསུམ་པོ་རྣ་རྒྱན་ལས་གསུངས་སོ། +
ཉན་ཐོས་ཀྱི་རིགས་ཅན་དང༌། རང་རྒྱལ་གྱི་རིགས་ཅན། ཐེག་ཆེན་གྱི་རིགས་ཅན་ཏེ་གསུམ། +
དེ་བཞིན་གཤེགས་པའི་རིགས། རྡོ་རྗེའི་རིགས། པདྨའི་རིགས་ཏེ་སྔགས་ལུགས་ཀྱི་རིགས་གསུམ། +
ཉན་ཐོས་ཀྱི་རིགས། རང་རྒྱལ་གྱི་རིགས། ཐེག་ཆེན་གྱི་རིགས་ཏེ་མདོ་ལུགས་ཀྱི་རིགས་གསུམ། +
ཡོན་ཏན་ཐམས་ཅད་དང་ལྡན་པ། འཁོར་བ་ལས་འཕགས་ཟིན་ལ་མཆོག་ལྟ་བུ་ཡིན་ཙམ་འཕགས་མཆོག་ཅེས་རིགས་གསུམ་ནི། འཇམ་དཔལ་དབྱངས། དེ་བཞིན་གཤེགས་པའི་རིགས། སྤྱན་རས་གཟིགས། པད་མའི་རིགས། ཕྱག་ན་རྡོ་རྗེ། རྡོ་རྗེའི་རིགས། རིགས་གསུམ་པོ་སོ་སོའི་ལྷ་མང་དུ་ཡོད་པའི་ནང་གི་གཙོ་བོ་ཡིན་པས་ན་རིགས་གསུམ་མགོན་པོ་ཟེར། +
ཆོས་སྐུའི་རིང་བསྲེལ། སྐྲ་བལ་གྱི་རིང་བསྲེལ། སྐུ་གདུང་གི་རིང་བསྲེལ་ལོ། དང་པོ་ནི་གཟུགས་ཀྱི་རིགས། གཉིས་པ་ནི་དབུ་སྐྲ་དང་ཕྱག་སེན་སོགས་སོ། གསུམ་པ་ནི་སྐུ་གདུང་གི་རིང་བསྲེལ་དངོས་སོ། +