Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
ཁ་དོག་དམར་བ། རེག་བྱ་ཚ་བ། ངོ་བོ་བདེ་བ། རང་བཞིན་གསལ་བའམ། ཨ་ཤད་སྐྱེར་ཚེར་བཅད་པ་ལྟ་བུ་སྟེ། ཨ་ཚེག་དྲག་ཅན་ལྟ་བུ་ནི་མ་ཡིན་ནོ། +
སྔར་རྒྱ་གར་དུ་བྱུང་བའི་གྲངས་ཅན་པ་དང་། དབང་ཕྱུག་པ། ཁྱབ་འཇུག་པ། གཅེར་བུ་པ་བཅས་བཞི་ལ་ཟེར། +
སྔོན་འཇུག་རྗེས་འཇུག་རྣམས་ཀྱི་འཇུག་ཚུལ་ཏེ་གང་ལ་འཇུག་པ་དང་། གང་གིས་འཇུག་པ། ཇི་ལྟར་འཇུག་པ། ཅི་ཕྱིར་འཇུག་པ་བཞིའོ། +
འཕེན་པའི་ཡན་ལག འཕངས་པའི་ཡན་ལག མངོན་པར་འགྲུབ་པར་བྱེད་པའི་ཡན་ལག མངོན་པར་གྲུབ་པའི་ཡན་ལག་གོ དང་པོ་ནི་མ་རིག་པ་དང་འདུ་བྱེད་དང་རྣམ་ཤེས་སོ། གཉིས་པ་ནི་མིང་གཟུགས་སྐྱེ་མཆེད་དྲུག་རེག་པ་ཚོར་བ་དང་བཞིའོ། གསུམ་པ་ནི་སྲེད་ལེན་སྲིད་པ་གསུམ་མོ། བཞི་བ་ནི་སྐྱེ་བ་དང་རྒ་ཤིའོ། +
ཤེས་བྱའི་སྒྲིབ་པ་དང༌། ཉོན་མོངས་པའི་སྒྲིབ་པ་གཉིས་ཏེ། དང་པོ་ནི་མི་ཤེས་པའི་རྨོངས་པ་བཞི་ལ་ཟེར་ཞིང༌། གཉིས་པ་ནི་རྩ་བའི་ཉོན་མོངས་དྲུག་དང་། ཉེ་ཉོན་ཉི་ཤུ་བཅས་ལ་ཟེར། ། +
དོན་ལ་རྟོན་པར་བྱ་བའི་ཚིག་འབྲུ་ལ་རྟོན་པར་མི་བྱ། ཆོས་ལ་རྟོན་པར་བྱ་བའི་གང་ཟག་ལ་རྟོན་པར་མི་བྱ། ཡེ་ཤེས་ལ་རྟོན་པར་བྱ་བའི་རྣམ་ཤེས་ལ་རྟོན་པར་མི་བྱ། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པར་བྱ་བའི་དྲང་བའི་དོན་གྱི་མདོ་སྡེ་ལ་རྟོན་པར་མི་བྱ། ཡང་ན་ཐེག་དམན་ཟིལ་གྱིས་གནོན་པས། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། སྤྱོད་པ་དང་ཆ་ལུགས་ཚུལ་མི་བར་ལམ་དུ་བྱེད་པའི་གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ལྟ་དགོངས་ཀྱི་ཕུལ་དུ་གྱུར་པས་ཚིག་དོན་ལ་མི་རྟོན་དོན་ལ་རྟོན། སེམས་དང་ཡེ་ཤེས་འབྱེད་པས་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་སྟེ། དེ་ལ་ཡེ་ཤེས་དང་རྣམ་ཤེས་ནི་འཇིག་རྟེན་ལས་འདས་དང་མ་འདས་པ། ཚིག་འབྲུ་ནི་སྒྲ་ཇི་བཞིན་པ། དོན་ནི་རིག་པས་གྲུབ་པ། གང་ཟག་ནི་གནས་བརྟན་རྒན་རབས། ཆོས་ནི་གསུང་རབ་ཅེས་ཨཱ་བྷ་ཀ་རས་བཤད་དོ། +
འདུས་བྱས་ཐམས་ཅད་མི་རྟག་་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་སྟེ་བཞིའོ། +
ཤར་ནས་དུ་བ་མཇུག་རིང༌། ལྷོ་ནས་སྟག་མགོ་མེ་འབར། ནུབ་ནས་གཡག་མགོ་རླུང་འཚུབས། བྱང་ནས་ཆུ་རི་སྔོན་མོ། +
མི་ཤེས་པ། མ་གུས་པ། བག་མེད་པ། ཉོན་མོངས་མང་བའོ། +
སྟོང་བ། ཤིན་ཏུ་སྟོང་བ། སྟོང་བ་ཆེན་པོ།། ཐམས་ཅད་སྟོང་བའོ། དེ་བཞི་ནི། རིམ་པ་བཞིན། སྣང་བ། མཆེད་པ། ཉེར་ཐོབ། འོད་གསལ་དང་སྦྱར་རོ། +
རྟེན་གྱི་སྟོབས་ནི། སྐྱབས་འགྲོ་དང་སེམས་བསྐྱེད་གཉིས། རྣམ་པར་སུན་འབྱིན་པའི་སྟོབས་ནི། སྔར་སྡིག་པ་བྱས་པ་ལ་འགྱོད་སེམས་སྐྱེས་པ། ཉེས་པ་ལས་སླར་ལྡོག་པའི་སྟོབས་ནི། ཕྱིན་ཆད་སྡིག་པ་མི་བྱེད་པའི་དམ་བཅའ་བ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྡིག་པ་དག་པའི་ཆེད་དུ་དགེ་བ་བྱས་ཚད་ཐམས་ཅད། +
དུས་མཉམ་པའི་རྫས་ཐ་དད་པ་དང༌། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ། དོན་གཅིག་ལ་མིང་གི་རྣམ་གྲངས་ཐ་དད་པ། གཅིག་པ་བཀག་པའི་ཐ་དད་པ་སྟེ་བཞི། +
རྒྱལ་མེ་ཏོག་ཐང་། ཨ་མདོའམ་ཁམས་ཀྱི་གཡེར་མོ་ཐང་། ལྕགས་རྩེ་གྲི་བུ་ཐང༌། ཁམས་ཀྱི་པདྨ་ཐང་། +
མཁས་པའི་རྣ་རྒྱན་ལས་དཔུང་དང་མཐུ་བརྗིད་ལྡན་པའི་ཐབས། བང་མཛོད་ནོར་གྱིས་གང་བའི་ཐབས། དབྱེན་བསྡུམ་བྱེད་ཐབས་བསྡུམས་པ་ན། ངོ་བསྲུང་ཐབས་ཏེ་རྣམ་པ་བཞི། +
རིག་གནས་ཆེ་བ་ལྔའི་ནང་ནས་ནང་རིག་པ་ཕུད་པའི་ཕྱི་ནང་ཐུན་མོང་གི་བསླབ་བྱ་སྟེ་བཟོ་རིག་པ་དང་གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པའོ། +
སྒྲོ་འདོགས་དང་སྐུར་འདེབས་གཉིས། +
སྒྲོལ་མདོས། བརྒྱ་བཞི་ཆོ་ག སྡོང་རྒྱན་ཆུ་མདོས། གཏོ་ཆེན་ཁ་འབར་མ། +
ཇིང་གེར་ཧན་གྱི་བཙུན་མོ་ཆེ་བ་ལ་བུ་བཞི་བྱུང་བའི་བཞི་པ་ཐོ་ལོས་ལ་བུ་བཞི་སྟེ། མོང་གོལ་ཧན། ཧུ་པི་ལེ། ཧུ་ལའི་ཧུ། ཨ་རི་བྷོ་ག་བཅས་ཡིན། +
ལག་མཐིལ་གཡོན་དུ་ཤར་མདོ་ཁམས་གློང་ཐང་སྒྲོལ་མ། ལག་མཐིལ་གཡས་སུ་ལྷོར་བུམ་ཐང་སྐྱེར་ཆུ། རྐང་མཐིལ་གཡས་སུ་ནུབ་དཔེ་ལ་ཁ་ཆེའི་ཡུལ་དུ་ཚལ་རིགས་ཤེས་རབ་སྒྲོལ་མའི་ལྷ་ཁང་ཞེས་མང་ཡུལ་བྱམས་སྤྲིན། རྐང་མཐིལ་གཡོན་དུ་བྱང་ཕྱོགས་ཚངས་པ་རླུང་གནོན་གྱི་ལྷ་ཁང་ཞེས་སྤ་གྲོ་སྐྱེ་ཆུའི་ལྷ་ཁང་སྟེ་མཐའ་འདུལ་གྱི་ལྷ་ཁང་བཞིའོ། +
སྐྱེས་མཐའ་འཆི་བ ། འདུས་མཐའ་བྲལ་བ། བསགས་མཐའ་འཛད་པ། མཐོ་མཐའ་ལྷུང་བ་སྟེ་བཞིའོ། +