Property:definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 20 pages using this property.
D
སྤུ་རིགས་མཁྲེགས་པོས་བཟོས་པའི་གདན་སོགས་འདྲད་བྱེད་ཀྱི་ཡོ་བྱད།  +
ཡུད་ཙམ་མམ་དུས་ཡུན་འཁྱུག་ཙམ།  +
ངང་ཚུལ་མི་བརྟན་པའམ། རང་བཞིན་ཚུགས་ཐུབ་པོ་མེད་པའི་རྣམ་པ།  +
ཁོང་ཁྲོ་ལངས་སླ་བའམ། སྤྲོ་ཐུང་ཐུང་གི་རྣམ་པ།  +
རྨས་མ་མིན་པའི་རི་དྭགས་ཤ་ཁྱིས་ཁུག་ཀྱོག་ཏུ་བཅུག་པའམ་མཐའ་ལ་བཀར་བ།  +
བལ་དང་རྩིད་པ་སོགས་སྤུ་རིགས་ཀྱི་སྐུད་པ།  +
མདོ། ཕར་ཕྱིན། རང་རྒྱུད་པ། སྐབས་འདིར་རྣལ་འབྱོར་གྱི་ས་གསུམ་བཤད་པའི་ནང་གསེས་གཉིས་པ་སྟེ་རང་རྒྱལ་གྱི་རྟོགས་རིགས་སུ་གནས་པའི་ཤེས་རབ་ཅིག་ལ་འཇོག དེའི་མཚན་ཉིད་ནི། པཎ་ཆེན་གྱི་ཕར་ཕྱིན་མཐའ་དཔྱོད་ལས། རང་ལུགས། རང་རྒྱལ་གྱི་ཤེས་རབ་ཀྱི་རྟོགས་རིགས་སུ་གནས་པའི་གཉིས་སྟོང་རྟོགས་པའི་ལམ་ཞུགས་ཀྱི་མཁྱེན་པ། འདིར་བསྟན་རྣལ་འབྱོར་གྱི་ས་གཉིས་པའི་མཚན་ཉིད། ཅེས་གསུངས།  +
བོད་ཀྱི་སྟོད་མངའ་རིས་ཀྱི་ལྷོ་རྒྱུད་དུ་ཡོད་པའི་ས་ཆ་ཞིག་གི་མིང་།  +
ཆབ་རོམ་ལོ་སྟོང་ལོན་པ་ན་གོང་བུར་ཆགས་པའི་རིན་པོ་ཆེ་ཞིག་གི་མིང་སྟེ། ངག་སྒྲོན་གྱི་འགྲེལ་པ་ལས། སྤུག་ནི་རིན་པོ་ཆེ་ཞིག་སྟེ་ཆབ་རོམ་ལོ་སྟོང་ལོན་ན་སྤུག་ཏུ་འགྱུར་བར་བཤད་ཅེས་གསུངས།  +
དངོས་རྫས་མང་པོ་མཉམ་དུ་ཕུང་པོར་བྱས་པའི་དོན།  +
དངོས་རྫས་སོགས་གཞི་གཅིག་ཏུ་ཕུང་པོར་སྤུངས་པའམ་སྡུད་པའི་རྣམ་པ།  +
དངོས་རྫས་སོགས་དུ་མ་ཕུང་པོར་སྤུངས་རྣམ་པ།  +
མདོ་ཁམས་ཆུ་དམར་ལེབ་ཡུལ་གྱི་རི་བོ་ཞིག  +
གནས་ཡུལ་དང་འབྲེལ་ནས་མིང་བཏགས་པ་ཞིག་ཡིན། དེའི་སྒྲ་བཤད་ནི་སྐྱེས་བུའི་རྩོལ་བས་ཆེད་དུ་སྤུང་པ་ལྟ་བུ་ངོས་གཟར་ལ་དཔངས་མཐོ་བ་རི་བོ་གཞན་ལས་འབུར་དུ་ཐོན་པ་དང་། སྐྱེ་བོ་ཕལ་གྱི་བགྲོད་ལམ་དང་བྲལ་བས་ན་དེ་ལྟར་བརྗོད། སྤུང་རི་དགོན་འདི་འདེབས་པ་པོ་ནི་ཀརྨ་སྐུ་ཕྲེང་གཉིས་པ་ཀརྨ་པཀྵི་པས་རབ་བྱུང་བཞི་པའི་དཀྱིལ་དུ་བཏབ། ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་བར་དུ་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས། ལྷག་པར་དུ་རབ་བྱུང་ལྔ་པའི་ཆུ་ཡོས་ལོར་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་རོང་བཙན་ཁ་བ་དཀར་པོ་དང་ཀམ་པོ་གནས་ནང་དུ་ཕེབས་སྐབས་གནས་འདིར་ཞབས་ཀྱིས་བཅགས། ཕྱིས་སུ་མཆོད་ཡོན་མཉམ་བསྒྲིལ་གྱིས་སྔར་གྱི་ཕོ་བྲང་གི་ཤུལ་ལ་འདུ་ཁང་རྟེན་དང་བརྟེན་པ་གསར་བཞེངས་བྱས། དབྱར་གནས་དང་སྒྲུབ་མཆོད་མང་དུ་ཡོད།  +
དབང་པོ།  +
བོན། ཞང་སྐད། གཅོད་བྱེད།  +
བོན། ཞང་སྐད། དབང་པོ་དྲུག དེ་དྲུག་ནི། བཅོད་པའི་དབང་པོ་དང་། སྲོག་གི་དབང་པོ། རྟོགས་པའི་དབང་པོ། ཤེས་པའི་དབང་པོ། རིག་པའི་དབང་པོ། གསལ་བའི་དབང་པོ་དང་དྲུག་གོ ། རྒྱས་པ་དབང་པོ་དྲུག་གི་སྐབས་སུ་གསལ་ལོ། །  +
སྤུང་གི་འདས་པ་དང་སྐུལ་ཚིག  +
མདོ། ཕར་ཕྱིན། བག་ཆགས་ཀྱི་དབང་གིས་གཟུང་འཛིན་ཐ་དད་དུ་སྣང་བ་ཙམ་ཡིན་ནོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །ཀུན་མཁྱེན་གོ་རམས་པས། མངོན་ཞེན་མེད་པར་གཟུང་འཛིན་གཉིས་སུ་སྣང་བ་ཙམ་སྟེ། སོ་སྐྱེའི་རྒྱུད་ཀྱི་རྟོག་མེད་ཤེས་པ་ཐམས་ཅད་དང། ཐེག་ཆེན་སློབ་པ་དང། ཐེག་དམན་སློབ་མི་སློབ་ཀྱི་རྒྱུད་ཀྱི་རྗེས་ཐོབ་ཀྱི་ཤེས་པ་ཐམས་ཅད་དོ། །ཞེས་ཡུམ་དོན་རབ་གསལ་ལས་གསུངས།  +
བོན། ཞང་སྐད། སྟོན་པ།  +