Property:Tibetan-Definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 20 pages using this property.
D
འོད་ཟེར་ཅན། ཉི་མ། རྒྱུན་ཤེས། འོད་ཡངས། ལྷ་མིན་འཇོམས། མཆོད་སྦྱིན་ཅན། གནས་འཇོག་སྟེ་སྐར་མ་སྨེ་བདུན་གནས་པའི་དྲང་སྲོང་བདུན།  +
བཤགས་པ་དང་། ཡི་རང་བ། དོན་དམ་སེམས་བསྐྱེད་པ། སྐྱབས་འགྲོ། སྨོན་སེམས་བསྐྱེད་པ། འཇུག་སེམས་བསྐྱེད་པ། བསྔོ་བ་སྟེ་བདུན།  +
བདེ་བ་ཆེན་པོའི་སྐུ་ལ་ལྡན་པའི་བདེ་བ་ཆེན་པོའི་ཡན་ལག་བདུན་ནི། 1. ཟག་པ་མེད་པའི་བདེ་བ། 2. རང་བཞིན་ཅན་གྱི་བདེ་བ། 3. འདུ་བྱེད་ཀྱི་བདེ་བ། 4. གཉིས་སུ་མེད་པའི་བདེ་བ། 5. བསམ་གྱིས་མི་ཁྱབ་བའི་བདེ་བ། 6. རང་བཞིན་མེད་པའི་བདེ་བ། 7. ངོ་བོ་ཉིད་ཀྱི་བདེ་བ་སྟེ། དེ་ལྟར་ཡན་ལག་བདུན་དང་ལྡན་པས་ན། བདེ་བ་ཆེན་པོའི་སྐུ་ཞེས་བྱའོ།  +
རྒྱུད་བླ་མའི་བརྗོད་བྱ་རྡོ་རྗེའི་གནས་བདུན་ཏེ། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། ཡོན་ཏན་སངས་རྒྱས་འཕྲིན་ལས་ཐ་མ་སྟེ། བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྟན་ན། རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ། ཞེས་གསུངས་པ་ལྟར་རོ།  +
ཆོས་ཀྱི་གཙུག་ལག་དང་སྲིད་ཀྱི་གཙུག་ལག  +
འཕགས་པའི་ནོར་བདུན་དང་དོན་གཅིག  +
རྒྱལ་པོའི་རྣ་ཆ་དང་། བཙུན་མོའི་རྣ་ཆ། བློན་པོའི་རྣ་ཆ། བསེ་རུའི་རྭ། བྱུ་རུའི་སྡོང་པོ། གླིང་ཆེན་མཆེ་བ། ནོར་བུ་མིག་གསུམ་སྟེ་བདུན། (ཡང་ལྷའི་ནོར་བུ་འབར་བ། མིའི་ནོར་བུ་མིག་གསུམ། ཀླུའི་ནོར་བུ་མིག་གཅིག་དགའ་བ་འཁྱིལ་པའོ)།  +
སྔར་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ་མུ་ཁྲི་དང་། དིང་ཁྲི། སོ་ཁྲི། མེར་ཁྲི། གདགས་ཁྲི། སྲིབ་ཁྲི་བཅས་རྒྱལ་རབས་བདུན་པོ་ཤི་དུས་ནམ་མཁར་གཤེགས་སོ་སྐད་ཟེར་སྲོལ་འདུག་པས་གནམ་གྱི་ཁྲི་བདུན་ཞེས་པ་དང༌། མུ་ཁྲི་ནས་སྲིབ་ཁྲིའི་བར་སོ་སོའི་སྐྱེད་བྱེད་མའི་མིང་ལ་བརྟེན་ནས་མིང་བཏགས་པ་ཁོ་ན་ཡིན་འདུག  +
1. རྐང་པ་སྐྱིལ་ཀྲུང་། 2. ལག་པ་མཉམ་བཞག 3. སྐེད་པ་དྲང་པོར་བསྲང་། 4. ལྕེ་རྩེ་རྐན་ལ་སྦྱར། 5. མགོ་བོ་མ་ཡོ་བ། 6. མིག་སྣ་རྩེར་ཕབ་པ། 7. དཔུང་པ་ཐད་ཀར་བརྐྱངས་པ།  +
རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་བཞག སྒལ་ཚིགས་དྲང་པོར་བསྲང་བ། མགྲིན་པ་ཅུང་ཟད་གུག་པ། དཔུང་པ་རྒོད་གཤོག་ལྟར་བརྐྱངས་པ། མིག་སྣ་རྩེར་ཕབ་པ། ལྕེ་རྩེ་ཡ་རྐན་ལ་སྦྱར་བ་སྟེ་བདུན་ནོ།  +
ངོ་བོ་བརྗོད་པ། ལས་སུ་བྱ་བ། བྱེད་པ་པོ། དགོས་ཆེད། འབྱུང་ཁུངས། འབྲེལ་བ། གནས་གཞི་རྣམས་སོ།  +
རྒྱ་གར་ཤར་ཕྱོགས་བམ་གྷ་ལར་བཱ་ལའི་རིགས་ཀྱི་རྒྱལ་པོ་སྔ་རྗེས་བསྡོམས་པས་བཅུ་བཞི་བྱུང་ཞིང་དེ་རྣམས་ཀྱི་ནང་ནས། དང་བོ་གོོ་བཱ་ལ། གཉིས་པ་དེ་ཝ་བཱ་ལ། བཞི་བ་དྷརྨ་བྰ་ལ། དྲུག་པ་མ་ཧི་པཱ་ལ། བདུན་པ་མ་ཧཱ་བཱ་ལ། བཅུ་བ་ནེརྱ་བཱ་ལ།་ བཅུ་གསུམ་པ་ར་མ་བཱ་ལ། བཅས་བདུན་པོ་དེ་ནི་སྲིད་དབང་བཟུང་ཡུན་རིང་ཞིང་སངས་རྒྱས་ཆོས་ལུགས་ལ་བྱས་རྗེས་ཆེ་བས་བཱ་ལ་རྒྱལ་པོ་བདུན་ཟེར།  +
མིང་རྒྱས་པ་ལ་འཕྱོངས་རྒྱས་བཀྲ་ཤིས་ཞོལ་པ་སྦས་སྣ་སྤུན་བདུན་ལ་ཟེར་བ་འདི་ནི་སྡར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བོད་ཀྱི་ཆུ་ཆེན་རྣམས་ལ་ལྕགས་ཟམ་འཛུགས་བཞད་ཀྱི་མཐུན་རྐྱེན་སློང་མོ་འཆོལ་བའི་ཐབས་སུ་ལྷོ་ཁ་ཀྲོན་ཆུས་ཁོངས་འཕྱོངས་རྒྱས་ཤན་ཁུལ་སྦས་སྣ་ཟེར་བ་ཁྱིམ་ཚང་གཅིག་ལ་བུ་མོ་སྤུན་བདུན་ཡོད་པ་དེ་དག་ལ་བསྐུལ་ཏེ་མི་གཉིས་ཀྱིས་རྔོན་པ། གཉིས་ཀྱིས་རྒྱ་ལུ། གཉིས་ཀྱིས་ལྷ་མོ། གཅིག་གིས་སིལ་དཀྲོལ། ཐང་སྟོང་རང་གིས་རྔ་རྡུང་གནང་སྟེ་ཟློས་གར་སྒོ་ནས་སློང་མོ་མཛད་ཅིང་། དེ་ནས་བཟུང་བོད་ཀྱི་ཟློས་གར་ལྷ་མོ་འཁྲབ་སྲོལ་རིམ་བཞིན་དར་སྐད།  +
1. ད་ལི་ཐལ་བ་སྲང་བཞི། 2. ཤིང་ཚ་སྲང་དོ། 3. སུག་སྨེལ་སྲང་དོ། 4. ཀ་ཀོ་ལ་སྲང་དོ། 5. ཟི་ར་ནག་པོ་སྲང་དོ། 6. པི་པི་ལིང་སྲང་དོ། 7. ན་ལེ་ཤམ་སྲང་དོ།  +
རྐང་བ་སྐྱིལ་ཀྲུང་། ལག་པ་མཉམ་བཞག སྐེད་པ་དྲང་མོར་བསྲང་བ། ལྕེ་རྩེ་རྐན་ལ་སྦྱར་བ། མགོ་བོ་མ་ཡོ་བ། མིག་སྣ་རྩེར་ཕབ་པ། དཔུང་བ་ཐད་ཀར་བརྐྱངས་བ།  +
སྒོ་ང་དང་འདབ་ཆགས་ཀྱི་ལུས་གཉིས་དང༌། ཤ་འབུ་དང་ཤ་སྦྲང་གི་ལུས་གཉིས་ལྟ་བུ།  +
1. དད་པའི་ནོར་ནི། དཀོན་མཆོག་གསུམ་ལ་དད་པ་དང༌། བླ་མ་ལ་དད་པ་སོགས། 2. ཚུལ་ཁྲིམས་ཀྱི་ནོར་ནི། ཉེས་སྤྱོད་མི་དགེ་བ་བཅུ་སྤོང་བའི་ཚུལ་ཁྲིམས་སོ། 3. ཐོས་པའི་ནོར་ནི། ཡུལ་མང་པོ་ལས་ཐོས་པ། གཞུང་མང་པོ་ཐོས་པ། གྲོགས་མང་པོ་ལས་ཐོས་པ་བཅས་ཐོས་པ་ཕུན་སུམ་ཚོགས་པ་གསུམ་ལྡན་ཞིག་གོ 4. གཏོང་བའི་ནོར་ནི། ལོངས་སྤྱོད་ལ་ཆགས་ཞེན་མེད་པར་གཞན་ལ་སྙིང་ཐག་པ་ནས་གཏོང་ཕོད་པའོ། 5. ངོ་ཚ་ཤེས་པའི་ནོར་ནི། རང་གིས་ཉེས་སྤྱོད་འདི་འདྲ་བྱས་ན་གཞན་ལ་གདོང་སྟོན་མི་ཕོད་པར་ངོ་ཚ་བའི་བསམ་པ། 6. ཁྲེལ་ཡོད་ཀྱི་ནོར་ནི། རང་གིས་བྱ་བ་ངན་པ་བྱས་པ་གཞན་གྱིས་མཐོང་ན་ཞེ་ཁྲེལ་བ་ཡོད་པའི་བསམ་པའོ། 7. ཤེས་རབ་ཀྱི་ནོར་ནི། བླང་དོར་གྱི་ཆ་སོ་སོ་ནས་མ་འདྲེས་པར་སོ་སོར་གསལ་པོར་འབྱེད་ནུས་ཤིང་དེ་ཡང་གཞན་ལ་ལྟོས་མི་དགོས་པར་རང་སྟོབས་ཀྱིས་འབྱེད་ཐུབ་པའོ།  +
འཕགས་པའི་ནོར་བདུན་པོ་དང་དོན་གཅིག  +
པུ་དེ་གུང་རྒྱལ་སྐབས་ཀྱི་རུ་ལས་སྐྱེས་དང་། ཨེ་ཤོ་ལེགས་སྐབས་ཀྱི་ལྷ་བུ་མགོ་དཀར། སྟག་རི་གཉན་གཟིགས་སྐབས་ཀྱི་ངོར་སྣང་བཙན་མང་། སྲོང་བཙན་སྒམ་པོ་སྐབས་ཀྱི་ཐུ་མི་སམ་བྷོ་ཊ་དང་། བཟང་ཡང་སྟོན་སྙགས། ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་མགོས་ཁྲི་བཟང་ཡབ་ལྷག་དང་། སྟག་བཙན་གདོང་གཟིགས་བཅས་བློན་པོ་བདུན་གྱི་མིང་།  +
1. འོ་མ། 2. ཆུ། 3. བུམ་པ།། 4. གཟུངས་ཐག 5. རྡོ་རྗེ། 6. ཁ་རྒྱན། 7. མགུལ་ཆིངས་གཟུངས་ཐག་སྲོག་ཚོན་སྐུད་བདུན་ནོ།  +