Property:Tibetan-Definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 20 pages using this property.
D
1. སྒོག་སྐྱ་སྲང་དོ། 2. ལབ་སོན་སྲང་དོ། 3. རྒྱམ་ཚྭ་སྲང་དོ། 4. རྒྱ་ཚྭ་སྲང་དོ། 5. རུ་རྟ་སྲང་དོ། 6. གླ་རྩི་དྲི་ཙམ། 7. ཤིང་ཀུན་དྲི་ཙམ། 8. ཨུག་ཆོས་འབྲས་བུ་སྲང་དོ།  +
གཞིས་པ་དང་འབྲོག་པ་གཉིས།  +
གཟུཊ་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཟུཊ་མེད་གཟུགས་ལ་ལྟ་བའི་རྣམ་ཐར། སྡུག་པའི་རྣམ་ཐར། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་ཐར། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་ཐར། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་ཐར། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམ་ཐར། འདུ་ཤེས་དང་ཚོར་བ་འགོག་བའི་རྣམ་ཐར་རོ།  +
དང་པོ། ངོ་བོ་ཙམ་སྟོན་པ། གཉིས་པ། ལས་སུ་བྱ་བ། གསུམ་པ། བྱེད་སྒྲ། བཞི་བ། དགོས་ཆེད། ལྔ་བ། འབྱུང་ཁུངས། དྲུག་པ། འབྲེལ་སྒྲ། བདུན་པ། གནས་གཞིའམ་རྟེན་གནས། བརྒྱད་པ། འབོད་པའི་སྒྲ་བཅས་ཡིན།  +
ཚེ་རིང་བ། ཁ་དོག་ཕུན་སུམ་ཚོགས་པ། རིགས་ཕུན་སུམ་ཚོགས་པ། དབང་ཕྱུག་ཕུན་སུམ་ཚོགས་པ། ཚིག་བཙུན་པ། དབང་ཆེ་བར་གྲགས་པ། སྐྱེས་པ་ཡིན་པ། སྟོབས་དང་ལྡན་པ་རྣམས་སོ།  +
མིག་གི་རྣམ་ཤེས་དང༌། རྣ་བའི་རྣམ་ཤེས། སྣའི་རྣམ་ཤེས། ལྕེའི་རྣམ་ཤེས། ལུས་ཀྱི་རྣམ་ཤེས། ཡིད་ཀྱི་རྣམ་ཤེས། ཉོན་མོངས་པ་ཅན་གྱི་ཡིད། ཀུན་གཞིའི་རྣམ་ཤེས་ཏེ་བརྒྱད།  +
རྣམ་ཤེས་བརྒྱད་དང་དོན་གཅིག  +
གྱོད་ཡ་ཕན་ཚུན་ཕྱོགས་གཉིས་ཀྱི་བདེན་དཔང་བཞི་བཞི་སྟེ་བརྒྱད།  +
ཧ་ཧ་སྡིག་པའི་གད་མོ། ཧི་ཧི་དགྱེས་པའི་གད་མོ། ཧེ་ཧེ་སྒེག་པའི་གད་མོ། ཧོ་ཧོ་ཟིལ་གྱིས་གནོན་པའི་གད་མོ་རྣམས་སོ།  +
1. གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། 2. ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། 3. གདུག་པ་ཅན་བསྲེག་ཡེ་ཤེས་མེའི་ཆས། 4. སྐྱེ་ཤི་རྩད་གཅོད་མཆེ་བ་ཟླ་ཚེས་ཆས། 5. ཁྱབ་མཛད་རེ་བསྐོང་རྡོ་རྗེའི་གཤེགས་པའི་ཆས། 6. མངའ་ཐང་ཡོངས་རྫོགས་རྡོ་རྗེ་སླག་པའི་ཆས། 7. སངས་རྒྱས་སར་བགྲོད་དབང་གི་བསེ་ཁྲབ་ཆས། 8. གནོད་གདུག་བཟློག་བྱེད་རྒྱ་བྱེའུ་ལྕགས་ཀྱི་ཆས་ཞེས་པའམ། ཡང་ན། 1. དབུ་སྐྲ་གྱེན་བརྫེས་འཁོར་བ་རུ་བཟློག་ཆས། 2. རྡོ་རྗེ་ཁྱུང་གཤོག་ཐབས་དང༌ཤེས་རབ་ཆས། 3. མཐིང་ནག་ཅོད་པན་དཔའ་རྟགས་ཟིལ་གནོན་ཆས། 4. སྤྱི་གཙུག་རྡོ་རྗེ་ལྷག་པ་རིག་པའི་ཆས། 5. དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། 6. གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། 7. གནོད་གདུག་བཟློག་བྱེད་རྒྱ་བྱེའུ་ལྕགས་ཀྱི་ཆས། 8. ཉོན་མོངས་ཅན་བསྲེག་རྡོ་རྗེ་མེ་ཡི་ཆས། དེ་རྣམས་དཔལ་གྱི་སྐུ་ལ་ཡེ་ནས་རྫོགས།  +
འབྱུང་རྩིས་སྐབས་ཀྱི་ལི་དང༌། ཁོན། དྭ། ཁེན། ཁམ། གིན། ཙིན། ཟོན་ཏེ་བརྒྱད།  +
1. ཤར་ཕྱོགས་མེའི་འཇིཊ་སྐྱོབས་མཛད། ཟླ་མདོག་ཞལ་གཅིག་ཕྱག་བཞི་པ། གཡས་པ་སྐྱབས་སྦྱིན་རྔ་ཡབ་འཛིན། གཡོན་པས་པདྨ་ཆུ་ཤེལ་འཛིན། 2. ཤར་ལྷོར་ཆུའི་འཇིགས་སྐྱོབས་མཛད། དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་པ་སྐྱབས་སྦྱིན་རིན་ཆེན་འཛིན། གཡོན་པས་པདྨ་འཁོར་ལོ་འཛིན། 3. ལྷོ་རུ་སེང་གེ་འཇིགས་སྐྱོབས་མཛད། གསེར་མདོག་ཞལ་གཅིག་ཕྱག་བཞི་པ། གཡས་པ་སྐྱབས་སྦྱིན་ནོར་བུ་འཛིན། གཡོན་པས་པདྨ་པོ་ཏི་འཛིན། 4. ལྷོ་ནུབ་གླང་པོའི་འཇིགས་སྐྱོབས་མཛད། དམར་གསལ་ཞལ་གཅིག་ཕྱག་བཞི་པ། གཡས་པ་སྐྱབས་སྦྱིན་ཨུཏྤལ་འཛིན། གཡོན་པས་པདྨ་མེ་ཤེལ་འཛིན། 5. ནུབ་ཏུ་རྒྱལ་པོའི་འཇིགས་སྐྱོབས་མཛད། དམར་གསལ་ཞལ་གཅིག་ཕྱག་བཞི་པ། གཡས་པ་སྐྱབས་སྦྱིན་ལྕགས་ཀྱུ་འཛིན། གཡོན་པས་པདྨ་ཞགས་པ་འཛིན། 6. ནུབ་བྱང་ཀླུའི་འཇིགས་སྐྱོབས་མཛད། དཀར་ཤའི་མདོག་ཅན་ཞལ་གཅིག་ཕྱག་བཞི་བ། གཡས་པ་སྐྱབས་སྦྱིན་རྒྱལ་མཚན་འཛིན། གཡོན་པ་པདྨ་གུ་དྷེ་བསྣམས། 7. བྱང་དུ་མཁའ་འགྲོའི་འཇིགས་སྐྱོབས་མཛད། སྔོན་པོ་ཞལ་གཅིག་ཕྱག་བཞི་པ། གཡས་པ་སྐྱབས་སྦྱིན་རྩེ་གསུམ་འཛིན། གཡོན་པ་པདྨ་བྷནྡ་འཛིན། 8. བྱང་ཤར་མི་རྒོད་འཇིགས་སྐྱོབས་མཛད། ཨནྟྲིའི་མདོག་ཅན་ཕྱག་བཞི་པ། གཡས་པ་སྐྱབས་སྦྱིན་རྡོ་རྗེ་འཛིན། གཡོན་པ་པདྨ་དྲིལ་བུ་འཛིན། ཀུན་ཀྱང་ཟླ་དཀྱིལ་ཞལ་འཛུམ་ལྡན། ཅུང་གྲོས་དར་དང་རིན་ཆེན་བརྒྱད། སྟག་ཤམ་དང་བཅས་སྐུ་ཡིད་ཙམ། བཟུང་ཞིང་ཞབས་གཉིས་སེམས་དཔའ་ཡི། ཕྱེད་སྐྱིལ་ཚུལ་དུ་བཞུགས་པའོ།  +
གསལ་བྱེད་སུམ་ཅུའི་ནང་གི་ད་ས་གཉིས།  +
དུར་ཁྲོད་ཆེན་པོ་བརྒྱད་ཀྱི་སྟེང་ན་ཡོད་པའི་སྤྲིན་ཆེན་བརྒྱད་པོར་མཆོད་མཁན་ལྷ་མོ་བརྒྱད་ནི། 1. ཤར་ན་ཁྲུས་ཆབ་མ། 2. ལྷོ་ན་ཡོན་ཆབ་མ། 3. ནུབ་ན་མེ་ཏོག་མ། 4. བྱང་ན་བདུག་སྤོས་མ། 5. ཤར་ལྷོར་སྣང་གསལ་མ། 6. ལྷོ་ནུབ་ན་དྲི་ཤུག་མ། 7. ནུབ་བྱང་ན་ཞལ་བསིལ་མ། 8. བྱང་ཤར་དུ་སིལ་སྙན་མ། སྤྲིན་གསེབ་ནས་ལུས་ཕྱེད་མ་ཐོན་པའོ།  +
དུར་ཁྲོད་ཆེན་པོ་བརྒྱད་ཀྱི་སྟེང་ན་ཡོད་པའི་སྤྲིན་ཆེན་པོ་བརྒྱད་ནི། 1. ཤར་ན་སྒྲོགས་པ་སྔོན་པོ། 2. ལྷོ་ན་འཁྲིག་པ་སེར་པོ། 3. ནུབ་ན་དྲག་པོ་དཀར་པོ། 4. བྱང་ན་སྨུག་པོ་དཀར་པོ། 5. ཤར་ལྷོ་ན་གདུང་བྱེད་དམར་པོ། 6. ལྷོ་ནུབ་ན་གང་བ་སེར་པོ། 7. ནུབ་བྱང་ན་ཆར་འབེབ་ལྗང་ཁུ། 8. བྱང་ཤར་ན་གཏུམ་དྲག་ལྗང་ཁུའོ།  +
1. བློ་མ་སྦྱངས་པ་ལ་སྟོང་ཉིད་སྟོན་པ༌དང༌། 2. ཐེག་ཆེན་ལ་ཞུགས་པ་ཕྱིར་བཟློག་པ་དང་། 3. སོ་སོར་ཐར་པ་སྤངས་ཏེ་ཐེག་ཆེན་ལ་སྦྱོར་བ་དང་། 4. ཉན་རང་གི་ཐེག་པ་འཛིན་ཞིང་འཛིན་དུ་འཇུག་པ་དང༌། 5. བསྙེན་བཀུར་གྱི་ཕྱིར་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང༌། 6. རང་གི་ཟབ་མོ་བཟོད་པར་སྨྲ་བ་དང༌། 7. དཀོན་མཆོག་གསུམ་གྱི་དཀོར་སྨོན་ཞིང་ལེན་པ་དང༌། 8. ཞེ་ནས་ངའི་ནོར་ཁ་ཏོན་པ་ལ་སྦྱིན་པའོ།  +
1. འཁོར་ལོ་ཆེན་པོ་དབང་གི་ཆེ་བ། 2. གོས་སྔོན་ཅན་ཆོས་སྐྱོང་གི་ཆེ་བ། 3. འབྱུང་འདུལ་མེ་དམིགས་ཀྱི་ཆེ་བ། 4. རྣམ་འཇོམས་ཁྲུས་ཀྱི་ཆེ་བ། 5. ཨུ་ཙརྱ་དྲག་སྔགས་ཀྱི་ཆེ་བ། 6. གཏུམ་པོ་ཁྱུང་གི་ཆེ་བ། 7. ཕྱག་རྡོར་མདོ་ལུགས་མཛེ་གསོས་ཀྱི་ཆེ་བ། 8. བྷ་བ་མ་གདམས་ངག་གི་ཆེ་བ་རྣམས་སོ།  +
ཐང་ཡིག་ལས། ཡོངས་སུ་འཛིན་པ་དགེ་བའི་བཤེས་གཉེན་དབང་། ཕྱི་ཡི་ཆས་བརྒྱད་སྤྲུལ་པའི་སྐུ་རུ་བསྐུར་ཞེས་པས་དེ་ལ། 1. ཐང་གོས། 2. སྣམ་སྦྱར། 3. ཤམ་ཐབས། 4. ལྷུང་བཟེད། 5. འཁར་གསིལ། 6. པོ་ཏི། 7. གདིང་བ། 8. ཆུ་ཚགས་དང་བརྒྱད་དོ།  +
རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན་ཞེས་པ་འདི་ལ་གསུམ་སྟེ་དང་པོ་ཕྱིའི་རྩ་བརྒྱད་ནི། ཤིང་ཙན་དན་སྦྲུལ་གྱི་སྙིང་པོ་ལ་ཚང་སྟེ། 1. རྩ་བ་མུ་ལ་བྷ་ཏྲ། 2. སྡོང་པོ་ཙན་དན་སྨུག་པོ། 3. ཤུན་པ་ཤིང་ཚྭ། 4. ལོ་མ་གྷན་དྷ་བྷ་ཏྲ་(འདི་གོ་ཡུ་ཡིན་པར་བཤད་མོད་ཀྱང་། དོན་ལ་རྒྱ་ཤུག་གི་ལོ་མ་ཡིན་པར་རྒོད་ཚང་སྤྲུལ་སྐུའི་གསུངས་སོ། )5. ཡུ་བ་ལི་ཤི། 6. མེ་ཏོག་གུར་གུམ། 7. འབྲས་བུ་ཛ་ཏི། 8. ཐང་ཆུ་ག་བུར་སྟེ་བརྒྱད་དོ། དེ་དག་ཤིང་ཙན་དན་སྦྲུལ་གྱི་སྙིང་བོ་ལ་ཚང་ངོ༌།  +
1. དབང་པོ་བརྒྱ་བྱིན། 2. ཐགས་བཟང་རིས། 3. ཀླུའི་རྒྱལ་པོ་དགའ་བོ། 4. བྱ་རོག་མགོ་བརྩེགས། 5. ཚངས་པ། 6. སྲིན་པོ་ལང་ཀ་མགྲིན་བཅུ། 7. བདུད་ཀྱི་རྒྱལ་པོ། 8. དམུ་རྗེ་བཙན་པོ་སྟེ་བརྒྱད་ཀྱིས་བཅོམ་ལྡན་འདས་ཀྱི་ཞལ་གཟིགས་སོ།  +