Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
དམྱལ་བ་དང་། ཡི་དྭགས། ལྟ་ཚེ་རིང་པོ། ཡུལ་མཐའ་འཁོབ་ཏུ་སྐྱེས་པ །དབང་པོ་མཚང་པ །རྒྱལ་བའི་བཀའ་མེད་པའི་ཡུལ་དུ་སྐྱེས་པ །ལོག་ལྟ་ཅན་རྣམས་སོ། +
ཧ་ཅང་རིང་བ། ཧ་ཅང་ཉེ་བ། དབང་པོ་ཉམས་པ། ཡིད་དབང་ཉམས་པ། ཆ་ཕྲ་བ། སྒྲིབ་བྱེད་དང་བཅས་པ། ཟིལ་གྱིས་མནན་པ། ཡུལ་འདྲེས་པ་རྣམས་སོ། +
འདུལ་བ་ལུང་ལས། གཙང་དང་འཇམ་དང་ཡང་བ་དང་། དྭངས་དང་བསིལ་དང་རྙོག་པ་མེད། འཐུང་ན་ལྟོ་ལ་མི་གནོད་དང་། མགྲིན་པ་ལ་ཡང་བྱམས་པ་སྟེ། འདི་དག་ཡན་ལག་བརྒྱད་ལྡན་ཆུ་ཞེས་སོ། +
1. ཤར་ཏའུ་མེ། 2. ལྷོ་ན་ལང་ཏང་གི་མེ། 3. ནུབ་ན་མྱོས་བྱེད་ཀྱི་མེ། 4. བྱང་ན་སེང་ལྡང་གི་མེ། 5. ཤར་ལྷོ་ན་དུར་ཁྲོད་ཀྱི་མེ། 6. ལྷོ་ནུབ་ན་རྡོ་རྗེའི་མེ། 7. ནུབ་བྱང་ན་པ་ཏའི་མེ། 8. བྱང་ཤར་ན་སྣ་ཚོགས་ཀྱི་མེ། +
1. འགོག་པ་མེད་པ། 2. སྐྱེ་བ་མེད་པ། 3. ཆད་པ་མེད་པ། 4. རྟག་པ་མེད་པ། 5. འོང་བ་མེད་པ། 6. འགྲོ་བ་མེད་པ། 7. དོན་ཐ་དད་པ་མ་ཡིན་པ། 8. དོན་གཅིག་མ་ཡིན་པ། +
རིགས་ཀྱི་ས། བརྒྱད་པའི་ས། མཐོང་བའི་ས། སྲབ་བའི་ས། འདོད་ཆགས་དང་བྲལ་བའི་ས། བྱས་པ་རྟོགས་པའི་ས། ཉན་ཐོས་ཀྱི་ས། རང་རྒྱལ་ས་རྣམས་སོ། +
གསལ་བྱེད་ཙ་དང་ཧ་གཉིས། +
གསོ་དཔྱད་ཡན་ལག་བརྒྱད་དང་དོན་གཅིག +
ཤཱཀྱ་ཐུབ་པ། སྨན་གྱི་བླ་མ། མངོན་མཁྱེན་རྒྱལ་པོ། ཆོས་བསྒྲགས་རྒྱ་མཚོ། མྱ་ངན་མེད་མཆོག་དཔལ། གསེར་བཟང་དྲི་མེད། སྒྲ་དབྱངས་རྒྱལ་པོ། མཚན་ལེགས་ཡོངས་བསྒྲགས་དཔལ་རྣམས་སོ། +
ཡང་སོས། ཐིག་ནག བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་རྣམས་སོ། +
ཚ་བའི་དམྱལ་བ་བརྒྱད་དང་དོན་གཅིག། +
1. རྒྱུ་སྐར་མ་ཤར་བ། 2. མཚན་ཐུན་དང་པོ། 3. ཐུན་དང་པོའི་ཕྱེད། 4. གུང་ཐུན། 5. གུང་ཐུན་གྱི་ཕྱེད། 6. ཐུན་ཐ་མ། 7. ཐུན་ཐ་མའི་ཕྱེད། 8. སྐྱ་རེངས་མ་ཤར་བའི་ཞེས་གསུངས་སོ། +
1. ཤར་ཀང་ལའི་མཚོད་དཀར་མ། 2. ལྷོར་སིདྷི་མཚོ་སེར་པོ། 3. ནུབ་ཏུ་སིན་དྷུའི་མཚོ་དམར་སྐྱ། 4. བྱང་དུ་པ་ཤུའི་མཚོ་ལྗང་ཁུ། 5. ཤར་ལྷོར་རབ་འབྱམས་ཀྱི་མཚོ་སྔོན་པོ། 6.ལྷོ་ནུབ་ཏུ་ཀོ་ལའི་མཚོ་སྨུག་ནག 7. ནུབ་བྱང་དུ་ཟངས་མདོག་གི་མཚོ་ལྗང་ཁུ། 8. བྱང་ཤར་དུ་ལོ་རེའི་མཚོ་དཀར་པོ། +
1. སྐྱེས་པ་མེད་ཀྱང་ཉོན་མོངས་ཀྱི་དབང་དུ་མི་འགྲོ་བ། 2. ཁྱིམ་ཐབ་ལ་སྙིང་ཉེ་བ། 3. བུ་ཚ་མང་དུ་བཙའ་བ། 4. ལུས་ཚུགས་ཐུབ་པ། 5. སྨྲ་བ་མང་པོ་མེད་པ། 6. སེམས་དྲང་བ། 7. ཕྱི་ཐག་རིང་བ། 8. ལས་ལ་ཡང་ཞིང་ལག་འབྲས་གཙང་བ་སྟེ་བརྒྱད།མཛངས་མའི་ཡོན་ཏན་བརྒྱད་ཀྱང་ཟེར། +
མཆོག་བརྒྱད་ནི། ཟབ་མོ་ལྟ་བའི་རྒྱན་གྱུར། 1. ཀླུ་སྒྲུབ་དང་།2. ཨཱརྱ་དེ་བ་ཡབ་སྲས། རྒྱ་ཆེན་སྤྱོད་པའི་རྒྱན་གྱུར།3. ཐོགས་མེད།4. དབྱིག་གཉེན་སྐུ་མཆེད། རྣམ་དག་རིག་པའི་རྒྱན་འགྱུར།5. ཕྱོགས་ཀྱི་གླང་པོ།6. ཆོས་ཀྱི་གྲགས་པ། འདུལ་བ་བདུད་རྩིའི་རྒྱན་གྱུར།7. ཡོན་ཏན་འོད་དང་།8. ཤཱཀྱ་འོད་དོ། རྒྱན་དྲུག་ནི།1. ཀླུ་སྒྲུབ།2. ཐོགས་མེད།3. དབྱིག་གཉེན།4. (ཁ་ཆེའི)(ཨུ་རྒྱན་མཁན་པོ) ཕྱོགས་གླང་།5. ཆོས་གྲགས།6. ཡོན་ཏན་འོད་ཅེས་ལུགས་གཅིག་ལ་སྣང་ངོ་། ཡང་ན།ཨཱརྱ་དེ་བ་དང་། དབྱིག་གཉེན། ཕྱོགས་གླང་། ཆོས་གྲགས། ཡོན་ཏན་འོད། ཤཱཀྱ་འོད། རྒྱན་དྲུག་གོ ཀླ་སྒྲུབ (ཀླུ་ཡུལ་ནས་འབུམ་གདན་དྲངས། ལྷ་ཡུལ་ནས་མདོ་སྡེ་ས་བཅུ་པ་གདན་དྲངས) དང་ཐོགས་མེད་རྣམ་གཉིས་མཆོག་གཉིས་སོ། དེ་ལ་མཆོག་བརྒྱད་ནི། དེ་རྣམས་ཀྱི་སྟེང་དུ་འཕགས་པ་ལྷ་དང་བཙུན་པ་ཟླ་བ། དཔའ་བོ་གསུམ་བསྣན་ནས་ཕྱོགས་གླང་འཕྲི་བའོ། +
གཞལ་ཡས་ཁང་གི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས་ན་སྐྱེས་པའི་ཤིང་བརྒྱད་ལ་སྐུ་རྒྱབ་བཏད་ནས་བཞུཊ་པའི་ཞིང་སྐྱོང་གི་མཁའ་འགྲོ་བརྒྱད་ནི། 1. ཤར་དུ་གནས་འཕྲོ་དཀར་པོ་གླང་གདོང་ཅན། 2. ལྷོར་ནག་པོ་མ་ཧེའི་གདོང་ཅན། 3. ནུབ་དུ་དྲེག་བྱེད་དམར་པོ་ཆུ་སྲིན་གྱི་གདོང་ཅན། 4. བྱང་དུ་དྲག་པོ་ལྗང་ཁུ་རྟའི་གདོང་ཅན། 5. ཤར་ལྷོར་ནག་པོ་རྩིབ་མདོག་ར་སྐྱེས་ཀྱི་གདོང་ཅན། 6. ལྷོ་ནུབ་ཏུ་མི་སྡུག་པ་སྔོན་པོ་མིའི་གདོང་ཅན། 7.ནུབ་བྱང་དུ་ལྟོ་འཕྱངས་ལྗང་ཁུ་ཤ་བའི་གདོང་ཅན། 8. བྱང་ཤར་དུ་ལོག་འདྲེན་དུད་ཁ་ཅེ་སྤྱང་གི་གདོང་ཅན་རྣམས་གྲི་ཐོད་འཛིན་ཅིང་རུས་པས་བརྒྱན་པ། སྐེད་པ་མན་ཆད་ཤིང་ལོའི་ནང་དུ་ནུབ་པའོ། +
རྒྱུན་ཞུགས་ཞུགས་པ། རྒྱུན་ཞུགས་འབྲས་གནས། ཕྱིར་འོང་ཞུགས་པ། ཕྱིར་འོང་འབྲས་གནས། ཕྱིར་མི་འོང་ཞུགས་པ། ཕྱིར་མི་འོང་འབྲས་གནས། དགྲ་བཅོམ་ཞུགས་པ། དགྲ་བཅོམ་འབྲས་གནས་རྣམས་སོ། +
རང་སངས་རྒྱས་དང་སངས་རྒྱས་གཉིས་སམ་རང་བྱང་ཆུབ་པ་དང་བྱང་ཆུབ་སེམས་དཔའ་གཉིས། +
1. ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་བོ་དང་ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་མཐོང་སྟེ་དེ་ལྟ་བུ་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། 2. ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོར་གྱུར་བའི་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་འདུ་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ་དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ། 3.ནང་གཟུཊ་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུཊ་སྔོན་པོ་ཁ་དོག་སྔོན་པོ་ལྟ་བུར་མཐོང་བ་འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་སྟེ་དཔེར་ན་ཟར་མའི་མེ་ཏོག་གམ་ཡུལ་བ་ར་ཎ་སའི་རས་ཕུན་སུམ་ཚོགས་པ་ཁ་དོག་སྔོན་པོ་ལྟ་བུར་མཐོང་བ་འོད་སྔོན་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་མཐོང་བ་འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ། 4. ནང་གཟུགས་མེད་པའི་འདུ་ཤེས་པའི་ཕྱི་རོལ་གྱི་གཟུགས་སེར་པོ་ཁ་དོག་སེར་པོ་སེར་པོ་ལྟ་བུ་མཐོང་བ་འོད་སེར་པོ་འབྱུང་བ་རྣམས་ལ་ལྟ་སྟེ་དཔེར་ན་དོ་ཀའི་མེ་ཏོག་གམ་ཡུལ་ཝ་ར་ཎ་སའི་རས་ཕུན་སུམ་ཚོགས་པ་སེར་པོ་ཁ་དོག་སེར་པོ་སེར་པོ་ལྟ་བུ་མཐོང་བ་འོད་སེར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པའི་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་ཁ་དོག་སེར་པོ་ལྟ་བུར་མཐོང་བ་འོད་སེར་པོ་འབྱུང་བ་རྣམས་ལ་ལྟ་སྟེ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་བའོ། 5. ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ་ཁ་དོག་དམར་པོ་དམར་པོ་ལྟ་བུར་མཐོང་བ་འོད་དམར་པོ་འབྱུང་བ་རྣམས་ལ་ལྟ་སྟེ་དཔེར་ན་བན་ནྟུ་ཛི་བ་ཀའི་མེ་ཏོག་གམ་ཡུལ་བ་ར་ཎ་སའི་རས་ཕུན་སུམ་ཚོགས་པ་དམར་པོ་ཁ་དོག་དམར་པོ་དམར་པོ་ལྟ་བུར་མཐོང་བབ (སྟོན་པ) འོད་དམར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པའི་འདུ་ཤེས་པའི་ཕྱི་རོལ་གྱི་གཟུགས་དམར་པོ་ཁ་དོག་དམར་པོ་དམར་པོ་ལྟ་བུར་མཐོང་བ་ (སྟོན་པ) འོད་དམར་པོ་འབྱུང་བ་རྣམ་ལ་ལྟ་སྟེ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པོའོ། 6. ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་ལ་གྱི་གཟུགས་དཀར་པོ་ཁ་དོག་དཀར་པོ་དཀར་པོ་ལྟ་བུ་ལྟ་བུར་མཐོང་བ (སྟོན་པ) འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་སྟེ་དཔེར་ན་སྐར་མ་པ་སངས་ཀྱི་ཁ་དོག་གམ་ཡུལ་བ་ར་ཎ་སའི་རས་ཕུན་སུམ་ཚོགས་པ་དཀར་པོ་ཁ་དོག་དཀར་པོ་དཀར་པོ་ལྟ་བུར་སྟོན་པ་འོད་དཀར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པའི་འདུ་ཤེས་ཀྱིས་ཕྱི་རོལ་གྱི་གཟུགས་དཀར་པོ་ཁ་དོག་དཀར་པོ་དཀར་པོ་ལྟ་བུར་མཐོང་བ་ (སྟོན་པ) འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་སྟེ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ། 7. དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཐོག་མའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཤེས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པའོ། 8. དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཡང་དག་པར་འདས་ཏེ་རྣམས་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་བར་བྱས་ཏེ་གནས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པའོ།
ཤར་དུ་པ་སངས། ལྷོར་ཕུར་བུ། ནུབ་ཏུ་ཟླ་བ། བྱང་དུ་ལྷག་པ། ཤར་ལྷོར་མིག་དམར། ལྷོ་ནུབ་ཏུ་སྒྲ་གཅན། ནུབ་བྱང་དུ་ཉི་མ། བྱང་ཤར་དུ་སྤེན་པའོ། +