Property:definition
Jump to navigation
Jump to search
This is a property of type Text.
D
ནག་པོ་ཆེ་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཅ་པར་བཞུགས། +
དགུ་མིག་རྣམ་ལྔའི་ཡ་གྱལ་ཞིག་སྟེ། བརྩི་བྱ་ཕོའི་བབས་སྤར་སྐྱེས་པའི་ནང་སྐོར་སྐོར་འགོ་ལི་དང་། མོའི་བབས་སྤར་བུད་མེད་ཀྱི་ནང་སྐོར་སྐོར་འགོ་ཁམ་གྱི་སྟེང་དུ་འགྲོ་བ་ལ་ཟེར་བ་ཡིན། དེ་འདྲའི་དགུ་མིག་ལ་ཚུད་པའི་དུས་དག་ནི་བརྩི་བྱ་དག་རང་ལོ་དགུ་དང་། བཅུ་བདུན། ཉེར་ལྔ། སོ་གསུམ། ཞེ་གཅིག ཞེ་དགུ། ལྔ་བདུན། རེ་ལྔ། དོན་གསུམ། གྱ་གཅིག གྱ་དགུ། གོ་བདུན་སོགས་ལ་སོན་དུས་ཡིན། +
ཁྲི་སྒོ་བཅུ་གཉིས་ཀྱི་ཡ་གྱལ་ཁྱིམ་གཞོམ་པའི་ནང་གསེས་ཤིག་སྟེ། བུ་མོ་བག་མར་འགྲོ་དུས་ཀྱི་བབས་སྤར་ལ་སྦྱར་བའི་ནང་གཟའི་ཁམས་ཀྱི་དགྲ་ཁམས་ཡིན་པའི་སྤར་ཁ་ཚེས་ལ་འཆར་དུས་ལ་ཟེར་ཞིང་། དུས་དེར་ཁ་སྒོ་དབྱེ་བ་སྟེ་བུ་མོ་བག་མར་བརྫངས་ན་བཟང་བར་བཤད། གལ་སྲིད་བུ་མོ་སུ་ཞིག་རང་ལོ་ཉེར་གཅིག་སྟེང་ནས་བག་མར་འགྲོ་བར་ཆ་བཞག་ན། ལོ་དེར་བབས་པའི་སྤར་ཁ་ལི་ཡིན་པས། དེར་སྦྱར་བའི་བར་གཟའ་མིག་དམར་གྱི་ཁམས་མེ་ཡི་དགྲ་ཆུ་ཁམས་ཡིན་པའི་ཁམ་འཆར་བའི་ཚེས་དག་སྤར་ཁའི་དགྲ་ཁྱིམ་གཞོམ་དུས་ཡིན་པ་ལྟ་བུ་ཡིན། +
སྤར་ཁ་བརྒྱད་ཀྱི་སྟེང་དུ་བསྐོར་པའི་དར་གུད་བཅུ་གཉིས་ལ་ཟེར་ཏེ། དེ་ཡང་བརྩི་བྱའི་སྲོག་ཁམས་ཤིང་ཡིན་ན་ཟིན་དང་། མེ་ཡིན་ན་ལི། ལྕགས་ཡིན་ན་དྭ། ས་ཆུ་ཡིན་ན་ཁམ་བཅས་ནི་དབུགས་ལེན་སའི་སྐོར་འགོ་ཡིན་ཞིང་། སྐོར་འགོ་དེ་ནས་དབུགས་བླངས་ཏེ་མངལ་གནས་སོགས་སྤར་ཁ་བརྒྱད་ཀྱི་སྟེང་དུ་གཡས་བསྐོར་ལ་བགྲངས་ན་རྩིས་བྱེད་ལོ་དེའི་སོ་སོའི་བབས་སྤར་སྟེང་དུ་འབབ་པའི་དར་གུད་ནི་བརྩི་བྱ་དེ་དག་གི་ལོ་དེའི་སྤར་ཁའི་དར་གུད་ཡིན། སྤར་ཁ་དང་དར་གུད་གྲངས་མཉམ་མིན་པས་སྐོར་འགོ་དག་ནས་བརྩིས་པའི་སྤར་ཁ་བཞི་བཞི་ལ་དར་གུད་ཉིས་བརྩེགས་འབབ་པས། སྲོག་ཁམས་ཤིང་ཡིན་པའི་བརྩི་བྱ་དག་གི་བབས་སྤར་ཟིན་ཡིན་ན་སྤར་ཁའི་དར་གུད་དབུགས་ལེན་དང་གུད་པ། ཟོན་ཡིན་ན་མངལ་གནས་དང་ན་བ། ལི་ཡིན་ན་ལུས་རྫོགས་དང་ཤི་བ། ཁོན་ཡིན་ན་བཙས་པ་དང་དུར་ཞུགས། དྭ་ཡིན་ན་ཁྲུས་བྱེད། ཁེན་ཡིན་ན་གོས་གྱོན། ཁམ་ཡིན་ན་ལས་བྱེད། གིན་ཡིན་ན་དར་བ་བཅས་ཡིན། དེ་བཞིན་དུ་སྲོག་ཁམས་མེ་ཡིན་པའི་བརྩི་བྱ་དག་གི་བབས་སྤར་ལི་དང་། ལྕགས་ཡིན་པ་དག་གི་བབས་སྤར་དྭ། ས་ཆུ་ཡིན་པ་དག་གི་བབས་སྤར་ཁམ་བཅས་ཡིན་ན་སྤར་ཁའི་དར་གུད་དབུགས་ལེན་དང་གུད་པ། གོང་དུ་སྔ་ཕྱིའི་རིམ་པ་ལྟར་བབས་སྤར་ཁོན་དང་། ཁེན། གིན་བཅས་ཡིན་ན་སྤར་ཁའི་དར་གུད་མངལ་གནས་དང་ན་བ། བབས་སྤར་དྭ་དང་། ཁམ། ཟིན་བཅས་ཡིན་ན་སྤར་ཁའི་དར་གུད་ལུས་རྫོགས་དང་ཤི་བ། བབས་སྤར་ཁེན་དང་། གིན། ཟོན་བཅས་ཡིན་སྤར་ཁའི་དར་གུད་བཙས་པ་དང་དུར་ཞུགས། བབས་སྤར་ཁམ་དང་། ཟིན། ལི་བཅས་ཡིན་ན་སྤར་ཁའི་དར་གུད་ཁྲུས་བྱེད། བབས་སྤར་གིན་དང་། ཟོན། ཁོན་བཅས་ཡིན་ན་སྤར་ཁའི་དར་གུད་གོས་གྱོན། བབས་སྤར་ཟིན་དང་། ལི། དྭ་བཅས་ཡིན་ན་སྤར་ཁའི་དར་གུད་ལས་བྱེད། བབས་སྤར་ཟོན་དང་། ཁོན། ཁེན་བཅས་ཡིན་ན་སྤར་ཁའི་དར་གུད་དར་བ་བཅས་ཡིན་ཞིང་། འབྲས་བུའི་སྐབས་སུ་ལྡབ་པ་དག་ལས་དར་གུད་ཕྱི་མ་གཙོ་ཆེར་འཛིན་དགོས། སྤར་ཁའི་དར་གུད་བསྐོར་ལུགས་གཞན་ཞིག་ལ་བརྩི་བྱ་ཕོ་ཡིན་ན་མཚམས་སྤར་བཞིའི་སྟེང་དུ་དར་གུད་རེ་རེ་དང་། ཕྱོགས་སྤར་བཞིའི་སྟེང་དུ་དར་གུད་ཉིས་བརྩེགས་སམ་ལྡབ་ནས་བགྲངས་དགོས། བརྩི་བྱ་མོ་ཡིན་ན་དེ་ལས་ལྡོག་སྟེ་ཕྱོགས་སྤར་བཞིའི་སྟེང་དུ་དར་གུད་རེ་རེ་དང་། མཚམས་སྤར་བཞིའི་སྟེང་དུ་དར་གུད་ཉིས་བརྩེགས་སམ་ལྡབ་ནས་བགྲངས་དགོས། དེ་བས་བབས་སྤར་གང་གི་སྟེང་དུ་དར་གུད་ལྡབ་དགོས་བྱུང་ཚེ་བརྩི་བྱ་དེ་ཉིད་ཀྱི་ལོ་དེའི་སྤར་ཁའི་དར་གུད་ནི་ཕྱི་མ་དེ་ཡིན། བསྐོར་ལུགས་དེ་ལྟར་ན་སྲོག་ཁམས་ཤིང་ཡིན་པའི་བརྩི་བྱ་སྐྱེས་པ་དག་གི་བབས་སྤར་དྭ་ཡིན་པར་ཆ་བཞག་ན། སྐོར་འགོ་ཟིན་གྱི་སྟེང་དུ་དབུགས་ལེན་དང་མངལ་གནས། ཟོན་གྱི་སྟེང་དུ་ལུས་རྫོགས། ལིའི་སྟེང་དུ་བཙས་པ་དང་ཁྲུས་བྱེད། ཁོན་གྱི་སྟེང་དུ་གོས་གྱོན། དྭའི་སྟེང་དུ་ལས་བྱེད་དང་དར་བ་བཅས་ཡིན་པས། ལོ་དེའི་སྤར་ཁའི་དར་གུད་ནི་བབས་སྤར་དྭའི་སྟེང་དུ་ལྡབ་པའི་ཕྱི་མ་ཁྲུས་བྱེད་ཡིན་པ་ལྟ་བུ་ཡིན། ཡང་སྲོག་ཁམས་ཤིང་ཡིན་པའི་བརྩི་བྱ་བུད་མེད་དག་གི་བབས་སྤར་དྭ་ཡིན་པར་ཆ་བཞག་ན། སྐོར་འགོ་ཟིན་གྱི་སྟེང་དུ་དབུགས་ལེན་དང་། ཟོན་གྱི་སྟེང་དུ་མངལ་གནས་དང་ལུས་རྫོགས། ལིའི་སྟེང་དུ་བཙས་པ། ཁོན་གྱི་སྟེང་དུ་ཁྲུས་བྱེད་དང་གོས་གྱོན། དྭའི་སྟེང་དུ་ལས་བྱེད་བཅས་ཡིན་པས། ལོ་དེའི་སྤར་ཁའི་དར་གུད་ནི་བབས་སྤར་དྭའི་སྟེང་དུ་ཁེལ་བའི་ལས་བྱེད་ཡིན་པ་ལྟ་བུ་ཡིན།
དུར་མིག་རྣམ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། བརྩི་བྱ་དག་གི་བབས་སྤར་རང་ལོའི་སྲོག་ཁམས་ཀྱི་དུར་སྤར་སྟེང་དུ་འབབ་པ་ལ་ཟེར་བ་ཡིན། ནང་སྐོར་སྤར་ཁའི་དུར་མིག་དེ་ལ་ཚུད་དུས་ནི་རང་ལོ་སྟག་ཡོས་ཡིན་པའི་བརྩི་བྱའི་བབས་སྤར་ཁོན་དང་། རྟ་སྦྲུལ་ཡིན་པའི་བརྩི་བྱའི་བབས་སྤར་ཁེན། བྱ་སྤྲེལ་ཡིན་པའི་བརྩི་བྱ་བྱའི་བབས་སྤར་གིན། གཤེད་བཞི་བྱི་ཕག་ཡིན་པའི་བརྩི་བྱའི་བབས་སྤར་ཟོན་བཅས་ལ་འབབ་དུས་ཡིན་ཞིང་། ཀེག་དུས་དེ་དག་ཏུ་དུར་མིག་ནས་འདོན་དུར་མཚུན་གསོལ་ཞིང་དུར་ཁ་རྒྱས་འདེབས་རུས་གསུམ་གཏོ་དང་། དུར་ཁ་ཚེ་བཟློག་ཅེས་བྱ་བའི་འཆི་བསླུ་ཆེན་མོའི་ཆོ་ག་བཅས་ལ་འབད་དགོས། +
སྤར་ཁའི་ཕྱི་སྐོར་གྱི་སྐོར་འགོ་ནི་བརྩི་བྱ་སོ་སོའི་སྤར་ཁའི་རང་རྒྱུད་ཡིན་པས། སྐོར་འགོ་དེ་ནས་བཟུང་སྟེ་སྐྱེས་པ་ཡིན་ན་གཡས་ཕྱོགས་དང་། བུད་མེད་ཡིན་ན་གཡོན་ཕྱོགས་སུ་སྐབས་དེར་རང་ཉིད་དུ་ལ་བུད་པའི་ལོ་གྲངས་ཀྱིས་ལོན་ཚད་བསྐོར་བ་ལ་ཟེར་བ་ཡིན། འདི་ལྟར་ལོ་གྲངས་ཀྱིས་སྤར་སྟེང་དུ་གཡས་སམ་གཡོན་དུ་བསྐོར་ན་གང་ལ་བབས་པ་དེས་གནམ་ལོའི་སྤར་ཁར་འཐབ་རྡེལ་དཀར་ན་བཟང་ཞིང་ནག་ན་ཀེག་དུས་ཡིན་པས། བཅོས་སུ་གདུགས་དཀར་དང་། རྣམ་འཇོམས། བསྐང་གསོ། བཙན་མདོས་བཅས་ཀྱི་རིམ་གྲོ་བྱ་དགོས། གལ་སྲིད་ལུག་གནམ་ལོར་ཤར་དུས་བརྩི་བྱ་སུ་ཞིག་རང་ལོ་བཅུ་གསུམ་ཡིན་པར་ཆ་བཞག་ན། བུ་མོ་ཡིན་ན་སྤར་ཁའི་རང་རྒྱུད་ལི་ཡིན་པས། ལི་ནས་གཡོན་དུ་རང་ལོ་བཅུ་གསུམ་གྱིས་བསྐོར་ན་ཁམ་དང་། ཁམ་གྱི་ཁམས་ཆུས་གནམ་ལོའི་སྤར་ཁ་ཁོན་གྱི་ཁམས་སར་འཐབ་པའི་འཐབ་རྡེལ་དགྲ་འཕྲད་ནག་པོ་ཡིན་པ་ལྟ་བུ་དང་། བུ་ཡིན་ན་སྤར་ཁའི་རང་རྒྱུད་དྭ་ཡིན་པས། དྭ་ནས་གཡས་སུ་རང་ལོ་བཅུ་གསུམ་གྱིས་བསྐོར་ན་ཟིན་དང་། ཟིན་གྱི་ཁམས་ཤིང་གིས་གནམ་ལོའི་སྤར་ཁ་ཁོན་གྱི་ཁམས་སར་འཐབ་པའི་འཐབ་རྡེལ་གྲོགས་འཕྲད་དཀར་པོ་ཡིན་པ་ལྟ་བུ་ཡིན། ཡང་སྟག་གནམ་ལོར་ཤར་དུས་བརྩི་བྱ་སུ་ཞིག་རང་ལོ་དོན་བརྒྱད་ཡིན་པར་ཆ་བཞག་ན། རྒད་པོ་ཡིན་ན་སྤར་ཁའི་རང་རྒྱུད་ཁེན་ཡིན་པས། ཁེན་ནས་གཡས་བསྐོར་གྱིས་རང་ལོ་དོན་བརྒྱད་བགྲངས་ན་ལི་དང་། ལིའི་ཁམས་མེ་ཡིས་གནམ་ལོའི་སྤར་ཁ་ཟིན་གྱི་ཁམས་ཤིང་ལ་འཐབ་ན་འཐབ་རྡེལ་མ་འཕྲད་དཀར་པོ་ཡིན་པ་ལྟ་བུ་དང་། རྒན་མོ་ཡིན་ན་སྤར་ཁའི་རང་རྒྱུད་ཁོན་ཡིན་པས། ཁོན་ནས་གཡོན་བསྐོར་གྱིས་རང་ལོ་དོན་བརྒྱད་བགྲངས་ན་ཁམ་དང་། ཁམས་གྱི་ཁམས་ཆུས་གནམ་ལོའི་སྤར་ཁ་ཟིན་གྱི་ཁམས་ཤིང་ལ་འཐབ་པའི་འཐབ་རྡེལ་བུ་འཕྲད་ནག་པོ་ཡིན་པ་ལྟ་བུ་ཡིན། +
སྤར་ཁ་མེ་ཡིན་གནམ་སྨན་ཆུ། །སྤར་ཁ་ཆུ་ཡིན་གནམ་སྨན་མེ། །ཀུན་ལ་འགྲེས་སོ་གསམ་ས་གཉིས། །ལྕགས་རི་གཉིས་དང་རླུང་ཞིང་གཉིས། །ཕན་ཚུན་གནམ་སྨན་རབ་ཀྱི་རབ། །ཤིང་མེ་གཉིས་དང་སླུང་ཆུ་གཉིས། །གནམ་དང་ལྕགས་གཉིས་ས་རི་གཉིས། །ཕན་ཚུན་སྲོག་འཚོ་རབ་ཀྱི་འབྲིང་། །རླུང་མེ་ས་ལྕགས་རི་གནམ་དང་། །ཆུ་ཤིང་དཔལ་བསྐྱེད་རབ་ཀྱི་མཐའ། །ཕྱྭ་ལོན་རང་རང་ཕྱོགས་ནས་འབྱེད། །རབ་མཐའ་ཡིན་ཏེ་བཟང་བཞིའོ། །མི་རི་རླུང་གནམ་ལྕགས་ཆུ་དང་། །ཤིང་ས་ཕན་ཚུན་གནོད་པ་ཡོད། །གནམ་ཤིང་རི་ཆུ་ས་རླུང་དང་། །ལྕགས་མེ་འདྲེ་ལྔ་ཐ་མའི་རབ། །ལི་ཁེན་དྭ་ཟིན་ཁོན་ཁམ་དང་། །གིན་ཟོན་བདུད་གཅོད་ཐ་མའི་འབྲིང་། །ཤིང་རི་གནམ་ཆུ་རླུང་ལྕགས་དང་། །མེ་ས་ཕན་ཚུན་ལུས་ཆད་པ། །ཐ་མའི་ཐ་སྟེ་ངན་བཞིའོ། །བཟང་པོའི་ཕྱོགས་ལ་ཞུགས་པ་དང་། །ངན་པའི་ཕྱོགས་རྣམས་སྤངས་དགོས་ཕྱིར། །སྤང་བླང་མ་འདྲེས་ཤེས་པ་གནད། ། +
ཕྱོགས་བཞིའི་སྤར་ཁ་སྟེ། དེ་ནི་མ་མོའི་བདུད་སྒོ་ལི། བཙན་གྱི་བདུད་སྒོ་དྭ། མཚོ་སྨན་གྱི་བདུད་སྒོ་ཁམ། ས་བདག་གི་བདུད་སྒོ་ཟིན་བཅས་ཡིན། +
ལོ་ཡི་དབང་ལས་བཏགས་པ་སྟེ། དེ་ནི་ལི་དང་ཁམ་ལྟ་བུ་ཐད་ཀ་ཐད་ཀའི་སྤར་ཁ་ལ་ཟེར་གྱི་སྤར་ཁ་རང་ནས་བགྲངས་པའི་བདུན་པ་མིན། +
སྤར་ཁའི་བཟང་བཞི་ངན་བཞི་ནི། །སོ་སོའི་ངོས་འཛིན་གཞུང་དུ་གསལ། །ཕྱོགས་ཀྱི་སྤང་བླང་འདི་ལྟར་བརྩི། །གནམ་སྨན་ཕྱོགས་ནས་ཟས་ནོར་སྨན། །བཙལ་ཞིང་དོན་གཉེར་སྲོག་འཚོའི་སར། །བགྲོད་འགྲོས་གཉེན་ཉེ་སྔས་བསྟན་བཟང་། །དཔལ་སྐྱེད་ལྷ་གསོལ་གཡང་ལོན་དང་། །བགྲོད་འགྲོས་གཉེན་ཉེ་དོན་གཉེར་བཟང་། །ཕྱྭ་གཡང་བགྲོད་འགྲོས་ཉེ་གཉེན་དང་། །འབྲུ་སྤེལ་གཡང་ལེན་བླ་མཆོད་འགུག། གནོད་པ་ཡོད་ཕྱོགས་དོན་གཉེར་དང་། །གཡུ་ཉོ་བག་མའི་ལས་སོགས་སྤང་། །འདྲེ་ལྔར་དོན་གཉེར་རིམ་གྲོ་འགུག། ལས་རྣམས་སྤྱི་དང་སྔས་བསྟན་སྤང་། །བདུད་གཅོད་ཕོ་མོ་གང་ཕྱིན་ཀྱང་། །ནད་དང་མྱ་ངན་འོང་བས་འཛེམ། །འོན་ཀྱང་འདི་ལོར་ཉེས་མེད་ཀྱང་། །ཕྱི་མའི་ལོ་དེར་ཉེས་པ་འབྱུང་། །ལུས་ཆད་ཕྱོགས་ཕྱིན་ནད་དགྲས་སྡང་། །སྲིད་བརླག་ནོར་སྟོར་འོངས་བས་འཛེམ། ། +
སྤར་ཁའི་བར་རམ་གསང་སྐོར་གྱི་སྐོར་འགོ་ནི་བརྩི་བྱ་དག་གི་རང་ལོ་དང་གནས་ཕྱོགས་གཅིག་པའི་སྤར་ཁ་ཡིན་པས། སྐོར་འགོ་དེ་ནས་བཟུང་སྟེ་སྐྱེས་པ་ཡིན་ན་གཡས་ཕྱོགས་དང་། བུད་མེད་ཡིན་ན་གཡོན་ཕྱོགས་སུ་རང་ལོས་ལོན་ཚད་བསྐོར་བ་ལ་ཟེར་ཞིང་། འདི་ལྟར་ལོ་གྲངས་ཀྱིས་སྤར་སྟེང་ནས་གཡས་སམ་གཡོན་དུ་བསྐོར་ན་གང་ལ་འབབ་པ་དེས་གནམ་ལོའི་སྤར་ཁར་འཐབ་སྟེ་རྡེའུ་དཀར་ནག་འཇོག་དགོས། འཐབ་རྡེལ་དཀར་ན་བཟང་ཞིང་ནག་ན་ཀེག་དུས་ཡིན་པས། བཅོས་སུ་གདུགས་དཀར་དང་། རྣམ་འཇོམས། བསྐང་གསོ། བཙན་མདོས་བཅས་ཀྱི་རིམ་གྲོ་བྱ་དགོས། གལ་སྲིད་རང་ལོ་བཅོ་ལྔར་སོན་པའི་བརྩི་བྱའི་རང་ལོ་སྟག་ཡིན་པར་ཆ་བཞག་ན། སྟག་དང་གནས་ཕྱོགས་གཅིག་པའི་སྤར་ཁ་ཟིན་ཡིན་པས། ཕོ་ཡིན་ན་ཟིན་གྱི་སྟེང་ནས་གཡས་འདེད་ཀྱིས་རང་ལོ་བཅོ་ལྔས་བསྐོར་ན་ཁམ་དང་། མོ་ཡིན་ན་ཟིན་གྱི་སྟེང་ནས་གཡོན་འདེད་ཀྱིས་རང་ལོ་བཅོ་ལྔས་བསྐོར་ན་ལིར་འབབ་པས། གནམ་ལོ་འབྲུག་གི་སྤར་ཁ་ཟོན་གྱི་ཁམས་ས་ལ་བབས་སྤར་དེ་གཉིས་ཀྱི་ཁམས་ཆུ་དང་མེ་ཡིས་འཐབ་སྟེ་རྡེའུ་དཀར་ནག་འཇོག་དགོས་པ་ལྟ་བུ་ཡིན། +
ཡུལ་རང་ངོས་ནས་བདེན་པར་མ་གྲུབ་པ། +
སྤར་ཁ་བརྒྱད་ལས་འཐབ་བྲལ་ཞེས་པ་ལྷོ་ནུབ་མཚམས་སུ་གནས་པའི་ཁོན་དང་། རླུང་ཞེས་པ་ནུབ་བྱང་མཚམས་སུ་གནས་པའི་ཁེན། དབང་ལྡན་ཞེས་པ་བྱང་ཤར་མཚམས་སུ་གནས་པའི་གིན། མེ་ཞེས་པ་ཤར་ལྷོ་མཚམས་སུ་གནས་པའི་ཟོན་བཅས་མཚམས་སྤར་བཞི་ཡིན་ཞིང་། འདི་བཞི་ལ་བརྡུང་རྭ་བཞི་དང་བོན་བཞི་ཡང་ཟེར་བ་ཡིན། གལ་སྲིད་བརྩི་བྱ་སུ་ཞིག་གི་སྐྱེས་སྤར་འདི་བཞིར་གཏོགས་ཚེ་ནང་མི་ཡ་གྲངས་འབྱུང་བར་བཤད། +
གཤིན་པོ་གང་ཞིག་རང་གི་བབས་སྤར་བབས་ཉེས་ཀྱི་ཆ་ནས་ཚེ་ཟད་ལས་ཀྱིས་ཤི་བའི་དུས་ཏེ། གཤིན་ལོ་སྟག་ཡོས་ཡིན་ན་དྭ་ལྟ་བུ་རང་ལོའི་སྲོག་གི་དགྲ་སྤར་རམ། ཡང་ན་ཟིན་ལྟ་བུ་རང་ལོའི་སྲོག་གི་དབང་སྤར། སྤར་ཁའི་བདུད་སྒོ་བཞི། རང་སྐྱེས་སྤར་ཁ་བཅས་ཀྱི་སྟེང་དུ་བབས་སྤར་འབབ་དུས་བཅས་ལ་ཟེར་ཞིང་། དེ་མིན་འཕུང་ཆགས་ཞེས་པ་གསོན་གཤིན་གཉིས་ཀྱི་བབས་སྤར་སྤར་ཁ་གཅིག་གི་སྟེང་དུ་སྤུངས་དུས་ཤི་ཡང་སྤར་ཁའི་འཆི་དུས་ཡིན། +
མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ནག་རྩིས་ལས་བྱུང་བ་སྟེ། ལི་ལ་ཧོམ་སྤང་ལྕགས་བཞུ་བཟང་། །རོ་ལས་བག་མ་རྐུ་ཇག་ངན། །ཁོན་ལ་ཤིང་གཅོད་མནན་པ་བཟང་། །རྨིང་འདིང་རོ་སྦེད་མདུན་ཁྲུས་ངན། །དྭ་ལ་རོ་སྲེག་དམག་འདྲེན་ངན། །ཤར་དུ་དོན་གཉེར་ཤིང་གཅོད་བཟང་། །ཁེན་ལ་དགེ་ལས་རྒྱལ་མདོས་བཟང་། །མཁར་རྨིང་ཐོག་འབུབ་ཁྱི་ཉོ་ངན། །ཁམ་ལ་ཆུ་བརྒལ་ས་ཡུར་མནའ། །ངན་ཅིང་ཀླུ་མཆོད་བཟློག་པ་བཟང་། །གིན་ལ་ལྷ་ཆོས་བཟློག་མནན་བཟང་། །ཆོས་འདོན་ཆེ་འདོན་ཉོ་ཚོང་ངན། །ཟིན་ལ་ལྷ་གསོལ་རྨིང་འཛུགས་བཟང་། །ཤིང་གཅོད་མནའ་སྐྱེལ་དཀར་ཆོས་བཟང་། །ཟོན་ལ་བཟླས་བཟློག་དྲག་ལས་བཟང་། །ཞེས་གསུངས། +
སྤར་ཁ་བརྒྱད་ལས་ལྷོར་གནས་པའི་ལི་དང་། ནུབ་ཏུ་གནས་པའི་དྭ། བྱང་དུ་གནས་པའི་ཁམ། ཤར་ཏུ་གནས་པའི་ཟིན་བཅས་ཕྱོགས་སྤར་བཞི་ཡིན་ཞིང་། འདི་བཞི་ལ་བལྟ་བའི་མིག་བཞི་དང་བན་བཞི་ཡང་ཟེར་བ་ཡིན། གལ་སྲིད་བརྩི་བྱ་སུ་ཞིག་གི་སྐྱེས་སྤར་འདི་བཞིར་གཏོགས་ཚེ་དེ་ལ་ནང་མི་ཆ་གྲངས་འབྱུང་བར་བཤད། +
སྤར་ཁའི་ཕྱི་སྐོར་གྱི་སྐོར་འགོ་བཞི་སྟེ། བུ་མོའི་རང་རྒྱུད་ལི་དང་། རྒན་པའི་རང་རྒྱུད་ཁེན། བྱིས་པའི་རང་རྒྱུད་དྭ། རྒན་མོའི་རང་རྒྱུད་ཁོན་བཅས་ཡིན། དེ་དག་ལོ་གྲངས་སྟེང་དུ་བཞག་ན་རང་ལོ་བཅུ་གསུམ་མམ་བཅུ་གསུམ་མན་གྱི་བརྩི་བྱ་ཕོའི་རང་རྒྱུད་དྭ་དང་མོའི་རང་རྒྱུད་ལི། རང་ལོ་བཅུ་བཞིའམ་བཅུ་བཞིའི་ཡན་གྱི་བརྩི་བྱ་ཕོའི་རང་རྒྱུད་ཁེན་དང་མོའི་རང་རྒྱུད་ཁོན་ཡིན་པར་གསུངས་འདུག +
གཤིན་གྱི་བབས་སྤར་ལ་བརྟེན་པའི་ཕུང་པོ་འདྲེན་རུང་སའི་ཕྱོགས་གང་ཡིན་ལ་ཟེར་བ་ཡིན། ཕྱོགས་དེ་ནི་སྤར་ཁའི་བཟང་ཕྱོགས་བཞི་དང་མ་ཕྱོགས་ཡིན་པས། གལ་སྲིད་གཤིན་གྱི་བབས་སྤར་ཁམས་ཡིན་པར་ཆ་བཞག་ན། གནམ་སྨན་གྱི་ཕྱོགས་ལྷོ་དང་། སྲོག་འཚོའི་ཕྱོགས་མེ། དཔལ་བསྐྱེད་ཀྱི་ཕྱོགས་ཤར། ཕྱྭ་ལོན་གྱི་ཕྱོགས་བྱང་། སྤར་ཁམས་ཀྱི་མའི་ཕྱོགས་ནུབ་བཅས་ཡིན་པས། ཕྱོགས་བཟང་དེ་དག་ནི་གཤིན་ཕུང་དེ་འདྲེན་རུང་བའི་སྤར་ཁའི་རོ་ལམ་ཡིན་པ་ལྟ་བུ་དང་། དེ་ལས་ལྡོག་སྟེ་གཤིན་ཕུང་འདྲེན་མི་རུང་སའི་ཕྱོགས་ནི་སྤར་ཁའི་ངན་ཕྱོགས་བཞི་དང་། དགྲ་ཕྱོགས། སྲོག་ལུས་དབང་ཀླུང་གི་དགྲའི་སྤར་ཕྱོགས་བཅས་ཡིན་པས། གལ་སྲིད་གཤིན་གྱི་བབས་སྤར་ལི་ཡིན་པར་ཆ་བཞག་ན། གནོད་པའི་ཕྱོགས་དབང་ལྡན་དང་། འདྲེ་ལྔའི་ཕྱོགས་ནུབ། བདུད་གཅོད་ཀྱི་ཕྱོགས་རླུང་། ལུས་ཆད་ཀྱི་ཕྱོགས་བདེན་བྲལ། སྤར་ཁམས་ཀྱི་དགྲ་ཕྱོགས་བྱང་བཅས་ཡིན་པས། ཕྱོགས་ངན་དེ་དག་གཤིན་དེའི་ཕུང་པོ་འདྲེན་མི་རུང་བའི་ཕྱོགས་ཡིན་པ་ལྟ་བུ་ཡིན། ཡང་གཤིན་པོའི་ལོ་ཁམས་ཤིང་ཁྱི་ཡིན་པར་ཆ་བཞག་ན། སྲོག་ཁམས་སའི་དགྲ་སྤར་ཟིན་ཕྱོགས་ཤར་དང་། ལུས་ཁམས་ཤིང་གི་དགྲ་སྤར་ལི་ཕྱོགས་ལྷོ། དབང་ཁམས་ཤིང་གི་དགྲ་སྤར་དྭ་ཕྱོགས་ནུབ། ཀླུང་ཁམས་ལྕགས་ཀྱི་དགྲ་སྤར་ལི་ཕྱོགས་ལྷོ་བཅས་ཀྱང་གཤིན་ཕུང་དེ་འདྲེན་མི་རུང་བའི་ཕྱོགས་ཡིན་པ་ལྟ་བུ་ཡིན། དེ་མིན་རོ་ཁུར་མཁན་ལ་ལོ་དེར་བབས་པའི་བབས་སྤར་གྱི་བདུད་གཅོད་ཕྱོགས་སུའང་ཕུང་པོ་འདོན་མི་རུང་བར་འཛེམ་དགོས་ཤིང་། གཤིན་པོ་སུ་ཞིག་གནམ་ལོར་གཏུགས་པའི་སྲོག་གི་དར་གུད་ན་བའི་སྟེང་དུ་འདས་ན་དྭ་ཐོག་ནུབ་ཏུ་ཕུང་པོ་འདྲེན་མི་རུང་། གལ་ཏེ་དྲངས་ན་ནད་ཡམས་འབབ་པ་ཡིན། ཤི་བའི་སྟེང་དུ་འདས་ན་ཁེན་ཐོག་ནུབ་བྱང་མཚམས་སུ་ཕུང་པོ་འདྲེན་མི་རུང་། གལ་སྲིད་དྲངས་ན་རོ་རྗེས་འོང་བ་ཡིན། དུར་ཞུགས་སྟེང་དུ་འདས་ན་ཁམ་ཐོག་བྱང་དུ་ཕུང་པོ་འདྲེན་མི་རུང་། གལ་སྲིད་དྲངས་ན་བྱིས་པར་ངན་པ་ཡིན། +
རྭ་བསེ་རོ་ཟློས་ཀྱི་ནང་གསེས་ཟློས་པ་ཡོད་པའི་སྤར་ཁ་སྟེ། གཤིན་པོའི་རང་ལོ་སྟག་ཡིན་ན། འཆི་འཕོ་སྐབས་ཀྱི་བབས་སྤར་ནི་དྭ་ལྟ་བུ་སྲོག་གི་དགྲ་སྤར་དང་། ཁོན་ལྟ་བུ་སྲོག་གི་དུར་སྤར། ཕོ་ལི་མོ་ཁམ་བཅས་ཡིན་པ་ལ་ཟེར་ཞིང་། དེ་དག་ལས་གང་གི་སྟེང་དུ་ཤི་ཡང་སྤར་ཁའི་རྭ་བསེའི་རྡེའུ་ནག་ཅིང་རོ་ཟློས་འབྱུང་བར་བཤད། +
སྤར་ཁའི་ས་སྒོ་ལ་སྤྱི་དང་བྱེ་བྲག་གཉིས་ཡོད་དེ། བརྩི་བྱ་སྤྱིའི་ས་སྒོ་ནི་ཁོན་དང་། བྱེ་བྲག་གི་ས་སྒོ་ནི་བརྩི་བྱ་རང་རང་གི་སྲོག་ཁམས་ཀྱི་བུ་ཁམས་ཡིན་པའི་སྤར་ཁ་དག་ཡིན། དེ་ལྟར་ལགས་པས་སྟག་ཡོས་གཉིས་ལ་མཚོན་ན་སྲོག་ཁམས་ཤིང་ཡིན་པས། ཤིང་བུ་མེ་ཁམས་ཡིན་པའི་སྤར་ཁ་ལི་ནི་སྲོག་ཁམས་དེ་ལྡན་གྱི་བརྩི་བྱའི་བྱེ་བྲག་གི་སྤར་ཁའི་ས་སྒོ་ཡིན་པ་ཇི་བཞིན་དུ། སྲོག་ཁམས་མེ་ཡིན་པའི་བརྩི་བྱ་རྟ་སྦྲུལ་གཉིས་ལ་མཚོན་ན་ཁོན་ནམ་མཚམས་སྤར་བཞི་དང་། སྲོག་ཁམས་ལྕགས་ཡིན་པའི་བརྩི་བྱ་བྱ་སྤྲེལ་གཉིས་ལ་མཚོན་ན་ཁམ། སྲོག་ཁམས་ཆུ་ཡིན་པའི་བརྩི་བྱ་བྱི་ཕག་གཉིས་ལ་མཚོན་ན་ཟིན། སྲོག་ཁམས་ས་ཡིན་པའི་བརྩི་བྱ་གླང་ལུག་ཁྱི་འབྲུག་བཞི་ལ་མཚོན་ན་དྭ་བཅས་ནི་སོ་སོའི་བྱེ་བྲག་གི་སྤར་ཁའི་ས་སྒོ་ཡིན། +