Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
རྒྱན་ཆས་བརྒྱད་ནི། 1. མེ་ཏོག་ཚོམ་བུའི་རྒྱན་དང་། 2. སྙན་ཆ། 3. དོ་ཤལ། 4. དབུ་རྒྱན། 5. སེ་མོ་དོ། 6. ཕྱག་གདུབ། 7. ཞབས་གདུབ་སྟེ་ཆས་རྣམས་སོ། +
དམ་ཅན་ཆོས་རྒྱལ་གྱི་འཁོར་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་ལས།གཤིན་རྗེ་ཕོ་བརྒྱད་ནི། 1. ཆོས་རྒྱལ་ནག་པོ། 2. ཡ་བ་ཏི་དཀར་པོ། 3. ཕྱ་སངས་སེར་ནག 4. རྨིག་པ་དམར་ནག 5. རལ་བ་ཚར་དགུ་སྔོ་ནག 6. ཏེལ་པ་དཀར་ནག 7. གླང་མགོ་སྔོ་ནག 8. མིག་དམར་དམར་ནག་བཅས་དང་། གཤིན་རྗེ་མོ་བརྒྱད་ནི། 1. ཕོ་ཉ་མོ། 2. མཆེ་བ་མ། 3. བེ་ཅོན་མ། 4. དུས་མཚན་མ། 5. དུས་ཀྱི་ཞགས་པ་མོ། 6. ལུ་གུ་རྒྱུད་མ། 7. འབེབས་མ། 8. ལྕགས་ཀྱུ་མ་སྟེ་ཐམས་ཅད་ནག་པོའོ། +
(སེམས་ལས་བྱུང་བའི་ཆོས་བརྒྱད) མིག་གི་རྣམ་ཤེས། རྣ་བའི་རྣམ་ཤེས། སྣའི་རྣམ་ཤེས། ལྕེའི་རྣམ་ཤེས། ལུས་ཀྱི་རྣམས་ཤེས། ཡིད་ཀྱི་རྣམས་ཤེས། ཉོན་མོངས་པ་ཅན་གྱི་ཡིད། ཀུན་གཞིའི་རྣམ་ཤེས་ཏེ་བརྒྱད། +
རྣམ་ཤེས་བརྒྱད་དང་དོན་གཅིག +
དགེ་སློང་ཕ་མ་གཉིས་ཀྱི་སྡོམ་པ། དགེ་སློང་མའི་སྡོམ་པ། དགེ་ཚུལ་ཕ་མ་གཉིས་ཀྱི་སྡོམ་པ། དགེ་བསྙེན་ཕ་མ་གཉིས་ཀྱི་སྡོམ་པ། བསྙེན་གནས་ཀྱི་སྡོམ་པ་སྟེ་བརྒྱད། +
འདོད་ལྷ་རིགས་དྲུག་དང་། གཟུགས་གཟུགས་མེད་ཀྱིས་ཕྱེ་བས་ལྷ་ལ་བརྒྱད་དེ། འདོད་ལྷ་རིགས་དྲུག་ནི་རྒྱལ་ཆེན་རིགས་བཞི་དང་། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་ཕྱུག་གོ +
ལུས་ཀྱི་དཔྱད། བྱིས་པའི་དཔྱད། གདོན་གྱི་དཔྱད། ལུས་སྟོད་ཀྱི་དཔྱད། མཚོན་གྱིས་ཕོག་པ་རྨའི་དཔྱད། མཆེ་བ་ཟུག་པའི་དཔྱད། རྒས་པའི་དཔྱད། རོ་ཙའི་དཔྱད་རྣམས་སོ། +
རྟོག་དཔྱོད་གཉིས། བདེ་སྡུག་གཉིས། ཡིད་བདེ་མི་བདེ་གཉིས། དབུགས་འབྱུང་རྔུབ་གཉིས་རྣམས་སོ། +
སྤྲིན་མེད་པ། བསོད་ནམས་སྐྱེས། འབྲས་བུ་ཆེ་བ། མི་ཚ་བ། མི་གདུང་བ། གྱ་ནོམ་སྣང་བ། ཤིན་ཏུ་མཐོང་བ། འོག་མིན་ཏེ་བརྒྱད་ལས་དང་པོ་གསུམ་ནི་སོ་སྐྱེའི་གནས་དང་། ཕྱི་མ་ལྔ་ནི་འཕགས་པ་ཁོ་ནའི་གནས་ཏེ་གནས་གཙང་ལྔ་ཞེས་གྲགས་སོ། +
སྲོག་གཅོད་དང་། མ་བྱིན་ལེན། ལོག་གཡེམ། རྫུན་སྨྲ། ཆང་འཐུང་བ། གར་ཕྲེང་། དུས་མ་ཡིན་པའི་ཁ་ཟས། མལ་སྟན་ཆེ་མཐོ་བཅས། +
ལུས་ཀྱི་རྩ་གཙོ་བོ་གསུམ་གྱི་དབུ་མའི་གཡོན་ལ་རྐྱང་མ་དང་གཡས་སུ་རོ་མ་ཡོད་པ་གཉིས། +
1. ལྷ། 2. ཀླུ། 3. གནོད་སྦྱིན། 4. དྲི་ཟ། 5.ལྷ་མ་ཡིན། 6. ནམ་མཁའ་ལྡིང་། 7. མིའམ་ཅི། 8. ལྟོ་འཕྱེ་ཆེན་པོ་སྟེ་བརྒྱད། +
ཤར་དུ་དབང་ཕྱུག་ཆེན་པོ། ལྷོར་བརྒྱད་བྱིན། ནུབ་ཏུ་ཚངས་པ། བྱང་དུ་ཁྱབ་འཇུག ཤར་ལྷོར་འདོད་པའི་དབང་ཕྱུག ལྷོ་ནུབ་ཏུ་ཚོགས་བདག་གླང་སྣ། ནུབ་བྱང་དུ་བྷྲཱྀདྒི་རི་དྷི། (འབྲིང་གི་རི་ཏི) བྱང་ཤར་དུ་གཞོན་ནུ་གདོང་དྲུག་གོ +
ལས་མྱུར་མགྱོགས་ཀྱི་ལྷ་སྲིན་སྡེ་བརྒྱད་ནི། ཕྱི་ནང་གསང་གསུམ་དང་སྦས་པ་དང་། བསྟན་སྐྱོང་དང་། དྲག་པོ་སྔགས་དང་། རྟགས་ཤིང་ཆགས་པ་དང་། ལས་མྱུར་མགོྱགས་ལ་སོགས་པར་ཕྱེ་བའི་ནང་ཚན་སྟེ། 1. གཤིན་རྗེ།2. མ་མོ། 3. བདུད། 4. བཙན། 5. རྒྱལ་པོ། 6. ཀླུ། 7. གནོད་སྦྱིན།། 8. གཟའ་རྣམས་སོ། +
1. ཕྱིའི་ལྷ་སྲིན་སྡེ་བརྒྱད་དང་། 2. ནང་གི་ལྷ་སྲིན་སྡེ་བརྒྱད། 3. གསང་བའི་ལྷ་སྲིན་སྡེ་བརྒྱད། 4.སྤས་པའི་ལྷ་སྲིན་སྡེ་བརྒྱད། 5. བསྟན་པ་སྐྱོང་བའི་ལྷ་སྲིན་སྡེ་བརྒྱད། 6. དྲག་པོ་སྔགས་ཀྱི་ལྷ་སྲིན་སྡེ་བརྒྱད། 7. བརྟགས་ཤིང་ཆགས་པའི་ལྷ་སྲིན་སྡེ་བརྒྱད། 8. ལས་མྱུར་མགྱོགས་ཀྱི་ལྷ་སྲིན་སྡེ་བརྒྱད། +
1. ཚིགས་སྔ་མ་མཚམས་སྦྱོར་བྱེད་པ་དང་། ཕྱི་མ་མཚམས་སྦྱོར་བྱར་བཟུང་ནས་དུས་སྔ་ཕྱིས་འཇུག་པའི་མཚམས་སྦྱོར་ལྷག་བཅས།2. ཚིག་དོན་སྔག་ཕྱི་གཉིས་ཀ་མཚམས་སྦྱོར་བྱར་བཟུང་ནས་དུས་རིམ་གྱིས་འཇུག་པའི་མཚམས་སྦྱོར་ལྷག་བཅས།3. ཚིག་དོན་སྔ་ཕྱི་གཉིས་ཀ་མཚམས་སྦྱོར་བྱར་བཟུང་ནས་དུས་ཅིག་ཅར་དུ་འཇུག་པའི་མཚམས་སྦྱོར་ལྷག་བཅས།4. དབྱེ་བ་འདྲེན་པའི་དམ་བ་བཅའ་ལྷག་བཅས།5. གཏན་ཚིགས་འདྲེན་པའི་དམ་བཅའ་ལྷག་བཅས་དང་།6. ངེས་ཚིག་འདྲེན་པའི་དམ་བཅའ་ལྷག་བཅས།7. རྒྱས་བཤད་འདྲེན་པའི་དམ་བཅའ་ལྷག་བཅས་བཞི་དང་། ལྷག་བཅས་བདུན་པོའི་སྟེང་དུ།8. ཚིག་དོན་སྔ་མ་ལས་གཞན་འདྲེན་པའི་གཞན་འདྲེན་ལྷག་བཅས་བསྣན་པས་བརྒྱད་དོ། +
འདུལ་བ་ལུང་ལས། 1. དྭངས་དང་། 2. བསིལ་དང་། 3. ཡང་དང་། 4. ཞིམ་དང་། 5. འཇམ་དང་། 6. དྲོ་དང་། 7. གཙང་བ་དང་། 8. བདེ། འདི་དག་དྲི་མེད་ལྷའི་ཆུ་ཡིད་འོང་ཡན་ལག་བརྒྱད་དུ་འདོད་ཅེས་སོ། +
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་བཅུ་བདུན་པ་དགའ་བའི་རྒྱན་ནི་ཁྱད་འཕགས་ཀྱི་ཉམས་ལྡན་སྒོ་ནས་ཡིད་འོང་གི་དགའ་བ་སྐྱེས་པར་སྟོན་པའི་རྒྱན་ཞིག་སྟེ། དེའི་ནང་གསེས་རྣམ་གྲངས་གཉིས་ནི་དངོས་ཐོབ་ཀྱི་དགའ་བ་དང་གཟུགས་བརྙན་གྱི་དགའ་བའོ། +
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་ཉེར་དྲུག་པ་མཚུངས་སྦྱོར་གྱི་རྒྱན་ནི། བརྗོད་འདོད་དཔེ་དང་དཔེ་ཅན་གཉིས་ངོ་བོའི་སྒོ་ནས་མི་མཚུངས་ཀྱང་མིང་ངམ། རྣམ་གྲངས་ཀྱི་སྒོ་ནས་ཕན་ཚུན་མཚུངས་པར་སྦྱོར་བའི་རྒྱན་ཞིག་སྟེ། དེའི་ནང་གསེས་རྣམ་གྲངས་གཉིས་ནི། བསྟོད་པའི་མཚུངས་སྦྱོར་དང་། སྨད་པའི་མཚུངས་སྦྱོར་རོ། +
ལྷ་ས་དང་ཞོལ་ཟེར་བའི་བསྡུས་མིང་། +