4
< Dictionaries | Monlam Grand
Jump to navigation
Jump to search
Part of speech | འཇལ་ཚིག |
---|---|
Definition | གནའ་རབས་རྒྱ་གར་གྱི་གསེར་དངུལ་ལྗིད་ཚད་འཇལ་བྱེད་ཀྱི་ཚད་གཞི་ཞིག་སྟེ། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི་དྲིས་ལན་གྱི་ཚིག་རྒྱལ་དབང་ལྔ་པ་ཆེན་པོས་འདུལ་བའི་ལས་ཆོག་ཏུ་དྲངས་པ་ལས། ཀ་ཀ་ནི་ཞེས་པ་ནི། ཀུཉྫ་ཞེས་འབོད་པ་དམར་རུ་མགོ་ནག་གི་མིང་ཡིན། ཀ་ཀ་ནི་བཞི་ལ་མ་ཤ་ཀ་ཞེས་བྱ་བ་གསེར་སེ་བ་དོ་ཡིན་ཞེས་སོགས་དྲངས་ཡོད། དམར་རུ་མགོ་ནག་ནི་དབྱིབས་སྲན་རིལ་ལྟར་འཇོང་རིལ་ཡིན་པ་ལ། ཕྱེད་ཀ་ནག་པོ་དང་ཕྱེད་ཀ་དམར་པོ་ཡིན་པ་ཞིག་སྟེ། དེ་སྔ་བོད་དུ་མནྜལ་གྱི་ནང་བླུགས་ཀྱི་ཡོད་པ་དེ་ཡིན་ཞིང༌། སྨན་གཞུང་ལས་ལྡུམ་བུ་མདའ་རྒྱུ་ཞེས་འབོད་སྲོལ་ཡོད། དམར་རུ་མགོ་ནག་གམ་ཀ་ཀ་ནི་བཞི་ལ་མ་ཤ་ཀ་ཞེས་གསེར་སེ་བ་དོ་ཡི་ལྗིད་ཚད་ཡིན་པ་དང་དེའི་ཕྱེད་དེ་ཀ་ཀ་ནི་གཉིས་ལ་གསེར་སེ་བ་གང་གི་ལྗིད་ཚད་ཡིན་ཞིང༌། གསེར་སེ་བ་ཉི་ཤུ་ཐམ་པ་ལ་རྒྱ་གར་གྱི་གསེར་ཞོ་གང་དང་བོད་ཀྱི་གསེར་ཞོ་དོ་སྟེ་གསེར་སེ་བ་བརྒྱད་ཅུ་ཐམ་པ་ཡོད། རྒྱ་གར་གྱི་གསེར་ཞོ་བརྒྱ་ལ་གསེར་སྲང་གང༌། དེ་ལ་བོད་ཀྱི་གསེར་སྲང་གང་དང་ཞོ་དྲུག་བརྩིས་པ་ནི་བརྒྱད་ཞོ་ཞེས་རྒྱལ་པོ་ཁྲི་རལ་པ་ཅན་གྱི་དུས་ནས་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་ཕྱི་ལོ་ ༡༧༩༡ བར་བརྒྱད་ཞོ་དང་བརྒྱད་སྲང་གི་ལུགས་དེ་བེད་སྤྱོད་བྱས་པ་ད་ཡོད་བོད་ཀྱི་ཁྲིམས་ཡིག་ཁག་གི་ནང་གསལ། |
Foreign | རྒྱ་གར། |
{{#arraymap:ཀ་ཀ་ནི་
|; |@@@ | | }}