497

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:40, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀྱི་ (1)
Part of speech ཕྲད་ཚིག
Definition རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་ཕྲད་ཀྱི་ཡ་གྱལ་ཏེ། ཚིག་སྔ་ཕྱིའི་མཚམས་སུ་ཀྱི་སྒྲ་བཞག་པས། སྦྲེལ་བྱ་མིང་སྔ་ཕྱི་དང་། ཚིག་སྔ་ཕྱིའི་འབྲེལ་བ་ཅི་རིགས་སྟོན་པར་བྱེད་ཅིང་། སྦྱོར་ཚུལ་རྗེས་འཇུག་ད་བ་ས་གསུམ་དང་ད་དྲག་གི་རྗེས་སུ་ཀྱི་སྦྱོར་དགོས། འོན་ཀྱང་། དེང་སང་ཡོངས་གྲགས་འབྲི་ལུགས་ལྟར་ན། ཡང་འཇུག་ད་དྲག་གི་རྗེས་སུ་ཀྱི་མི་འབྲི།
Keyword True
Example བོད་ཀྱི་ལོ་རྒྱུས། རྒྱལ་ཁབ་ཀྱི་བཟོ་ལས། ལུགས་ཀྱི་བསྟན་བཅོས། ཡུལ་དབུས་ཀྱི་གདན་ས་ཁག་ལྟ་བུ།
ཀྱི་ (2)
Part of speech ཕྲད་ཚིག
Definition ཚིག་སྔ་ཕྱི་མི་མཐུན་པའི་དོན་ལ་སྦྱོར་བ་ནི།
Keyword True
Example ཤེས་རབ་ཅན་གྱིས་རྟོགས་ཀྱི་བླུན་པོས་མིན་ལྟ་བུ།