502
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཅུང་སྦོམ་ལ་རིང་བ། གཞི་རྩ་ནས་སྐྱེས་པའི་ལོ་མ་ལྗང་སེར་མཐུག་ཅིང་སྣུམ་པར་འོད་མདངས་རྒྱས་པ། ཞེང་ཆེ་ལ་དཀྱུས་རིང་བ་མདུང་རྩེའི་དབྱིབས་འདྲ་བ། རིང་ཐུང་སྐྱེ་གནས་དབང་གིས་ངེས་པ་མེད་ཅིང་། སྡོང་པོར་སྐྱེས་པའི་ལོ་མ་ཅུང་ཆུང་བ་ཁ་སྤྲོད་དུ་སྐྱེ་བའི་སྨད་ཆས་སྡོང་པོ་བཏུམ་པ། སྡོང་པོ་དང་ལོ་མའི་མཚམས་ནས་ཡལ་ག་གྱེས་པ། མེ་ཏོག་དཀར་ལ་དམར་སེར་གྱི་མདངས་ཅུང་ཡོད་པ་དབྱིབས་ཀྱང་སྤང་རྒྱན་མེ་ཏོག་འདྲ་བ། སྡོང་པོ་དང་ཡལ་གའི་རྩེའམ་ལོ་མའི་མཚམས་ནས་རིམ་པས་བསྐོར་ནས་འཆར་ཞིང་། འབྲས་བུ་ཆུང་ལ་ནར་དབྱིབས་ནང་དུ་འབྲུ་གུ་སེར་ཞིབ་མང་པོ་ཡོད་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་ན་གཤོངས་དང་། ཆུ་ཡུར་གྱི་ཉེ་འགྲམ་སོགས་བཞའ་ཚན་ཆེ་ཙམ་ཡོད་པའི་སར་སྐྱེ་བ་མང་། མེ་ཏོག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྩུབ་པས་སྣོད་ཀྱི་ཚད་པ་དང་། གཉན་ཚད་རྒྱས་པ། དྲེག་གྲུམ་དང་ཆུ་སེར་ནད་ཀྱི་རུས་ཚིགས་སྐྲངས་པ། མཛེ་ནད། དུག་ཚད་རྒྱས་པ། ལྷོག་པའི་ནད་སོགས་ལ་ཕན་པ་ཡིན། |
{{#arraymap:ཀྱི་ལྕེ་དཀར་པོ་
|; |@@@ | | }}