503

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:40, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀྱི་ལྕེ་ནག་པོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བའི་ཕྱི་པགས་རྫ་མདོག་ནང་སེར་ནག་ལ་རྩ་ཕྲན་མང་པོ་མཉམ་དུ་སྒྲིམ་པ་ལྟར་ལ་རིང་ཞིང་རུལ་བའི་རྣམ་པར་འབྱར་རྩི་དཀར་པོ་ཚི་རིང་པོ་ཡོད་པ་དང་། ལོ་མ་སྔོ་ལྗང་མདུང་རྩེ་རྣོ་བ་མཐའ་མཉམ་པ་ཆུན་པོར་སྐྱེ་ཞིང་། ཆུན་པོའི་ལོ་མ་རྣམས་ཀྱི་དབུས་ནས་མེ་ཏོག་གི་སྡོང་རྐང་ཁ་ཤས་དོན་ཡོད་པའི་རྩེར་མེ་ཏོག་མཐིང་ནག་དབྱིབས་སྤང་རྒྱན་མེ་ཏོག་འདྲ་བ་མང་པོ་འཆར་བ་སྟེ། བོད་ཀྱི་སྐམ་ཤས་ཆེ་བའི་རི་ལྡེབས་ཀྱི་སྤང་དང་བྲག་གསེབ་ཏུ་སྐྱེ་བ་མང་། མེ་ཏོག་བཏུ་བའི་སྡེ་ཡིན་ཡང་སྨན་དུ་རྩ་བ་དགོས་པས་བོད་ཟླ་བདུན་པའི་ནང་བཏུས་རྗེས་གཙང་མ་བཀྲུས་ཐོག་ཁཎྜ་བཟོ་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་གཉན་རིགས་ཀྱིས་ཡན་ལག་སོགས་སྐྲངས་ཤིང་གཟེར་བ་དང་། གག་པའི་ནད་གྲེ་བར་བབས་པ་དང་། ཤ་པགས་པ་དང་རུས་ཚིགས་བར་ལ་ཆུ་སེར་རྒྱས་ནས་ཟ་འཕྲུག་ལངས་པ། རྙོགས་ཚད་སོགས་ལ་ཕན་པ་ཡིན།

{{#arraymap:ཀྱི་ལྕེ་ནག་པོ་

|; |@@@ | | }}