615

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:40, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀར་ཤ་པ་ན་ (1)
Part of speech མིང་ཚིག
Definition པཎ་ཆེན་བསོད་གྲགས་ཀྱི་འདུལ་འགྲེལ་ལས། རྒྱུ་དངུལ་ལས་བྱས་པ་དབྱིབས་དོང་རྩེའི་རྣམ་པ་ལྟ་བུ་ལ་རྒྱལ་པོའི་རི་མོ་འབྱར་བ་ཞིག་ལ་བྱེད་པའི་ཕྱིར་ཏེ། ཞུ་བའི་འགྲེལ་པ་ལས། ཀར་ཤ་པ་ན་ནི་ཟོང་གི་ཁྱད་པར་ཏེ་རྒྱུ་དངུལ་ལས་བྱས་པ། གཟུགས་དོད་པ། བཙོང་དུ་རུང་བའོ། །ཞེས་དང་། གཞི་འགྲེལ་ལས། ཀར་ཤ་པ་ན་ནི་པ་ནའི་བྱེ༌བྲག་སྟེ་མངོན་ཚན་ཅན་ཡིན་ན་དངུལ་ལས་བྱས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྒྱུ་གསེར་ལས་བྱས་པ་ཡང་ཡོད་པར་མངོན་ཏེ། རྣམ་འབྱེད་འགྲེལ་པར། དབྱིག་ཅེས་བྱ་བ་ནི་གསེར་རམ་དངུལ་ལས་མངོན་ཚན་ཅན་དུ་བྱས་པའི་རྫས་སོ། །ཞེས་གསུངས།